CLOSE WINDOW

N4: dge slong ma'i so sor thar pa'i mdo
Wyliee-texts produced with BDRC’s OCR application

།རྒྱུ་གར་སྐད་དུ།བྷཱིཀྵཱ་ཎཱི་པཱ་ཏི་མོཀྵ་སཱུ་ཏཱ།བོད་སྐད་དུ།དགེ་སློང་མ། ་སོ་སོར་ཐུར་པའི་མདོ།།བམ་པོ་དང་པོ།།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལོ།།སངས ་རྒྱས་འགྲོ་མགོན་གཅིག་དང་དམ་ཆོས་དང་།།འཕགས་ཚོགས་དཀོན་མཆོག་རྣམས་ལ ་ཕྱག་འཚལ་ཏེ།།བདག་གིས་སྡུག་བསྔལ་རྣམ་པར་ཐར་པའི་རྒྱུ།།སོ་སོ་ཐར་པ ་བཤད་ཀྱིས་འབད་པས་དེ་ཉོན་ཅིག།སྙན་པའི་བདན་འཇིག་རྟེན་གསུམ་དུ་གྲགས།།དམཔ ་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ།།ཐམས་ཅད་མཁྱེན་པ་དཀོན་མཆོག་མཛད་བརྙེས་པ།།ཞབས་ལ་ཆིངས ་དབང་གིགཙུག་གི་ནོར་བུས་གཏུགས།།སྡུག་བསྔལ་རྒྱ་མཆོག་ཏིང་མཐའ་མྱེད་རྒལ་བ།།འགྲོ་བྱའི་གཙོ་ལ་སྤྱི ་དེས་ཕྱུག་འཚལ་ཏེ།།ཐམས་ཅད་མཁྱེན་པའི་མྦྷི་གན་།། མཆོག་།གས་པའི་ཚུགས་ཀྱི ་དབྱེ་བར་བྱ།།སངས་རྒྱས་འདུལ་བ་གང་ས་ཆེན་མཚོ།།གཏིང་མཐའ་མེད་པ་ཐམས་ཅད་ཀྱི།གནས་པའི་སྙིང་དང་སྙིང་པོ་ནི།། ་སོ་སོར་ཐར་པ་འདི་ཡིན་ནོ།།འདི་ནི་དམ་ཆོས་རྒྱལ་པོ་ཡི།།ཆོས་ཀུན་གྱི་ནི་འདྲེནྡ་པའི་མཆོག།འདི་ནི་དགེ་སློང་ཆེང་ཚོགས་ཀྱི། ་བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན།།ཚུལ་ཁྲིམས་འཆལྔ་པས་ཟིན་རྣམས་ཀྱི།།གདུག་པ་རྣམས་སེལ་སྨིན་འདི་ཡིན།།འདྲི་ནི།། ་ལྗང་འཚོ་རྣམ་འཁྲུལ་བའི།།རླུང་གཉིས་གི་སྒྲེ་ནུའི་ལྕགས་ཀྱུ་ཡིན།།འཚོ་བས་ཟབ་པའི་འཁོར་བྱ་ཡིས།།སྒྲོལ་བའི་རྒལ་ཐབས་འདྲི། ་ཡིན་ཏེ།།འདི་ནི་བཟུང་འགྲོར་འགྲོ་བ་ཡི།།ངེས་པའི་ཆུ་ལོ་ནི་ཟབ་པ་ཡིན།།འདི་ནི་ཉོན་མོངསུ་ཕ་མ་བྱེད་ལམ།།རྒྱལ་པོ་ཡཱི་ནཱི ་འདྲེན་པ་མཆོག།འདི་ནི་ཐར་པའི་གླིང་འཇུག་པའི།།ཐེམ་སྐས་བཞི་དང་འདྲ་བར་གནས།།ང་ནི་མྱ་ངན་འདས་གྱུར་ནོ།།འདི་ནི ་ཁྱོད་ཀྱི་སྟོན་པའོ་ཞེས།།རང་བྱུང་ཉིད་ཀྱིས་གུས་བཅས་པས།།ནན་ཏན་དགེ་སློང་ཚོགས་དུ་ན་བསྟོང་།།སངས་རྒྱས་ཤེས ་བྱཱ་སྟེ་འདི་ཡང་།།འཇིག་རྟེནཱ་དག་ན་རབ་ཏུ་དཀོན།།མི་ཉིད་རྙེད་པ་ཤིནྡ་ཏུ་དཀོན།།རབ་ཏུ་འབྱུང་བ ་ཤིན་ཏུ་དཀོན།།དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི།།ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དཀོན།།ཚུལ་ཁྲིམས་ཡོངསུ་དག་གྱུར་ཀྱང་།། ་གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ།།འཇིག་རྟེནི་སངས་རྒྱས་འབྱུང་བ་དང་།།མི་དང་རབ་ཏུ་འབྱུང་བ་དང་།།ཚུལ་ཁྲིམས་ཕུན ་སུམ་ཚོགས་པ་དང་།།གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས།།མཁས་པ་བདག་ལ་ལེགས་འདོད་ཅིང་།།དེ་དག་འབྲས་བཅས་བྱེད ་འདོད་པས།།སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར།།མཉན་པའི་ཕྱིར་ནི་འབད་པར་བྱ།།དགེ་སློང་དབང་འདུལ་ཀུན་དབང་པོ།།སངས ་རྒྱས་མི་འགྱུར་རེབ་བྱུང་བ།།ངེས་པར་ཐར་པ་འདོད་རྣམས་ཀྱིས།།སོ་སོར་ཟེར་པོ་རྟག་ཏུ་སྦྱངས།།བསྐལ་པ་བྱེ་བ་རྣམསུ་ཡང་།། ་སོ་སོར་ཐར་པ་ཐོས་པ་དང་།།གཟུང་དང་འཛིན་པ་རྙེད་དཀའ་ཞིང་།།སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ།།སངས་རྒྱས་རྣམས་ནི་འབྱུང་བ་བདེ།།ཆོས་བསྟན་པ ་ཡང་བདེ་བ་ཡིན།།དགེ་འདུན་འཐུན་པ་བདེ་བ་སྟེ།།འཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།།འཕགས་པ་རྣམས་ནི་མཐོང་བ་བདེ།།དམ་པ་དག་དང་འགྲོགས ་པ་བདེ།།བྱིས་པ་རྣམས་ནི་མ་མཐོང་ན།།རྟག་ཏུ་བདེ་བ་ཉིད་དུ་འགྱུར།།ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།།མང་དུ་ཐོས་པ་མཐོང་བ་བདེ།།ཡང་སྲིད ་རྣམ་པར་གྲོལ་པོའི་བདེ།།དགྲ་བཅོམ་པ་དག་མཐོང་བ་བདེ།།འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ།།ཆོས་ལ་གོམས་པའི་སྐྱེ་བོ་བདེ།།ཤེས་རབ་ཐོབ་པར་གྱུར ་པ་བདེ།།དྲའོ་ང་རྒྱལ་ཟད་པ་བདེ།།ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག།དགོན་པ་ཞི་བ་རྣམས་སུ་རྐུས་གྱུར་དང་།།མང་དུ་ཐོས་པ་ནགས་ཀྱི་ནང་དག ་ཏུ།།ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ།།འཕགས་མ་དག་སོ་ག་རྣམས་ཀྱི་འདས་པ་དང་ལྷག་མེ་ཇི་ཙམ་པ་དེ་ཙམ་མོ།།འཕགས་མ་དག་རྒ་བ་དང ་ན་བ་དང་།འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར།ཆོས་ཀྱི་རི་རབ་ཀྱང་འཇིག་པར་འགྱུར།ཆོས་ཀྱི་ཤིང་ལྗོན་པ ་འང་འཆག་པར་འགྱུར།ཆོས་ཁ་པ་དང་ཉམས་པར་འགྱུར།ས།ན་མའང་འཚོ་བར་འགྱུར། ་ཀྱི་རྒྱུ་མཚོ་འང་སེམས་པར་འགྱུར་ལ།མ་རིག་པའི་མུན་གནག་ནི་མཐུ་ཆེ་བར་འགྱུར།སྒྲུབ་པར་བྱེད་པ་ནི་མྱོ་སུ་ཉམས་པར་འགྱུརསྨྲ ་པོདྨོ་དག་མེདུན་ལྡན་རིང་བར་འཇིག་རྟེན་འདིན་སྣང་བ་མེད་པར་འགྱུར་བ་སི་དྷི་ཥྚི།ལགས་མདོག་བག་ཡོད་པས་རྣལ་འབྱོར་དུ་། ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ཕྱིར་རྫོགས་པ་སྣངས་རྒྱས་རྣམས་ཀྱི་སྤྱོ་ཆུ་བྱུང།གཞན་ཡང་གང་དག་དེ་ལྟ་བུ་དཔོ་དུན་དྲོའི་དགེ་བ ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་དག་ཡོད་པས་འཐོབ་བོ།།བཅོམ་ལྡན་འདས་སོ་ཉན་ཐོས་ཀྱི་དབྱེ་འདུན་ནི་དོནི་ཉུང་དུ་བྱེ་ཤིང་བ་ཡིན་པས་དགེ ་འདུ་ན་ཐོབ་མོར་བྱ་ཅི་ཡོད།འཕགས་མ་དག་མ་ལྷགས་པ་རྣམས་ལ་འདྲེན་པ་དང་ཡོངས་སུ་དག་པ་དྲིས་གདྲིསནས་ཀྱང་བརྗོད་པར་བྱར ་ཤཱཀྱ་སིང་གི་དེ་ནི།།སོར་མོ་བཅུ་ཡིས་ཐལ་སྦྱར་ནས།།སོ་སོར་ཐར་པ་གདོན་པར་བྱ།གདུལ་བའི་དོན་དུང་ལས་ཉོན།།ཐིས་ནས་དྲོང་སྲོང ་ཆེན་པ་མོས།།ཛ་དང་སསུ་བཞོན་བསྒྲུ་བྱ་ནང་།།ཁ་ན་མ་དྷཱརྣམས་པ།།ཅན་ད་པ་ཉིད་དུམྦྷས།།རྟག་ཏུ་འདུད་བས་བངའབ་ཡི།།སེམས ་རྟ་ཁ་བླན་དཀའ་བ་ལ།།འཐུན་པའི་གཟེར་རྣཾ་ད་རྒྱབ་པ་ཡི།།སྲང་ནི་སོ་སོར་ཐུར་འདི་ཡིན།།ཆོ་བ་གང་དང་།ངག་ཙམ་གྱིས།།ལྡོག་ནི་མཚམས་ལས་མི་འདའ་ག ་དེ་དག་མི་རྟ་བཟང་པོ་སྟེ།།ཉོན་མོངས་གཡུལ་ལསངས་རྒྱས་འགྱུར།།སུ་ལ་སྲབ་འདི་མེད་པ་དང་།།ནམ་དུའང་འདོད་པར་མི་འགྱུར་བ།།དེ་དག་ཉོན་མོངས་གཡུལ་གྱིས ་དཀྲུགས།།འཇོག་འབྲལ་རྣམ་པར་འཁྱམས་པར་འགྱུར།།དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ།དང་དགེ་འདུན་གྱི་གསོ་སྦྱོང་བཅུ་པ་འམ་བཅོ་ལྔ་པ་ལགས་ཏེ།གལ ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན།དགེ་འདུན་གྱིས་གནང་བར་མཛོད་དང་།དེང་དགེ་འདུན་གྱི་གསོ་སྦྱོང་མཛད།སོ་སོར་ཐོར་པའི་མདོ་གདྲོན་པ་གདོན་ཏོ།།འདི་ནི ་གསོལ་བའོ།།འཕགས་མ་དག་བདག་ཅག་གསོ་སྦྱོང་བྱས་ཏེ།བདག་གིས་སོ་སོར་ཐར་པའི་མདོ་གདོན་གྱིས་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་གྱིས་ཤིག་དང་བདག་གིས་ཁྱེད་ལ ་བཤད།།ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་འཐོལ་ཅིག།ལྟུང་བ་མེད་ན་ཅང་མ་སྨྲ་ཞིག།ཅིང་མི་སྨ་ར་བདག་གིས་འཕགས་མ་དག་ཡོ་སུ་དག་པར་རིག་པར་བྱའོ།། ་ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་མས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་མའི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ ་ཡིན་ནོ།།ཡང་དགེ་སློང་མ་གང་དགེ་སློང་མའོ་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་འཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ ་ཡིན་ནོ།།འཕགས་མ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོ་སུ་གསུང་སོ།།དེ་བས་ན་དགེ་སློང་མ་ལྷུང་བ་བྱུང་བ་རྣམ་པར་དག་པར ་འདོད་པས་ལྷུང་བ་ཡོད་ལ་དྲན་བཞིན་དུ་མཐོང་བ་མཐིལ་བར་བྱའོ།།མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ།།མ་འཐོལ་མ་བཤགས་ན་མི་འགྱུར་རོ།།འཕགས་མ་དག ་བདག་གིས་སོ་སོར་ཐར་པའི་མདོག་དྲིན་པའི་གླེང་བཞི་བཏོན་ཟིན་ཏོ།།དེ་ལ་བདག་གིས་འཕགས་མ་དག་ཅི་འདི་ལ་ཁྱེད་ཡོངསུ་དག་གྲམ་དྲིའོ།།ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས ་ལན་གཉིས་ལན་གསུམ་དུ་དྲིའོ།།འདི་ལ་འཕགས་མ་དག་ཡེངསུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།།སྡོམ་ལ།མི་ཚངས་སྤྱོད་དང་རྐུ་བ་དང་།།མི་གསོད་བརྫུན་དུ ་སྨྲ་བ་དང་།།པ་གིའི་བུ་དང་སྤོས་འཚོང་ཁྱེའུ།།མཛའ་མོ་དང་ནི་གྲེ་སྐྱེས་པའོ།།འཕགས་མ་དག་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་འདི་དག་ནི་ཟླ་བ་ཕྱེད་བྱེད་ཅིང་སོ་སོར་ཐར་པའི་མེད ་གདོད་པ་ལས་འབྱུང་ངོ་།།ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསྒྲུབ་པ་མ་ཕུལ་བསླབ་པ་ཉམས་པར་མི་ཚངས་པར་སྤྱོད་པ་འཁྲིགས ་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནསུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ།དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།ཡང་དགེ་སློང་མ་གང་གཞན་དག་གི ་གྲོང་ན་འདུག་པ་དང་དགོན་པ་ན་འདུག་པོ་མ་བྱིན་པོར་ལེན་པ་རྐུ་བའི་གྲངསུ་གཏོགས་པ་བླངས་ནཱ་ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོ་འམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ་ཀྱེ་དུད་མེད་ཁྱོད་ནི་རྐུན་མའོ།།བྱིས་པའོ།།བློན་མོའོ།།སླུ་བའི།ཞེས་ཟེར་ཞིང་གསོད་དམ།འཚོང་ངམ།སྤྱོག་ཀྱང་རུང་སྟེ།དགེ་སློང་མ་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་མ་དེ་ཡང་ཕམ་པར ་འགྱུར་བ་ཡིན་གྱིས་གནས་པར་མི་བྱའོ།།ཡང་དགེ་སློང་མ་གང་མི་འམ་མིར་འཆགས་པ་ལ་བསམས་བཞིན་དུ་རང་གིས་ལ་གེ་དར་ཏེ་སྲོག་བཅད་དམ།དེ་ལ་མཚན་བྱིན་ནམ།དེ་ལས་ཚེན ་ཐོགས་པ་གཉེར་ཏམ།དེ་ལ་འཚོར་བཅུག་གམ།དེ་ལ་འཆི་བའི་བསྒྲགས་པ་བརྗོད་ཀྱང་རུང་སྟེ།།དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འོདྲེས་ཅི་ཞིག་བྱ། ་ཀྱེ་མི་ཁྱེད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་།སེམས་ཀྱི་འདོད་པ་དང་སེམས་ཀྱི་ཀུན་ཏུ་རྟོགས་པ་དག་གིས་རྣམ་གྲངས་དུ་མོས་དེ་འཆིར་བཅུག་གམ།དེ་ལ་འཆི་ལའི་སྔགས་པ་བརྗོད་དེ ་དེ་ཡང་རྩོན་པ་དེས་དུས་བྱས་ན།དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།ཡང་དགེ་སློང་མ་གང་མངོན་པར་མི་ཤེས་ཤིང་ཡོངས ་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང་འཕགས་པ་དང་བྱེ་བྲག་ཐོབ་པ་དང་ཤེས་པ་དང་མཐོང་བ་དང་རེག་པར་སྤྱོད་པ་མེད་ལ།།མེད་བཞིན་དུ་འདི་ཤེས་འདི་མཐོང་ངོ་ཞེས་ཁས་འཆེས ་པ་ལས་དེ་ལྷུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་དུས་གཞན་ཞིག་ནུ་དྲིས་ཀྱང་རུང་།མ་དྲིས་ཀྱང་རུང་འདི་སྐད་ཅེས་འཕགས་མ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས།། ་མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་གསོག་གསོབ་བརྫུན་དུ་སྨྲསོ་ཞེས་ཐར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ་དགེ་སློང་མ་དེ་ཡང་ཕན་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ་ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་མིག་མན་ཆད་པུས་མོ་ཡན་ཆད་ཀྱི་བར་དུ་ནོམ་པ་དང་ཉུག་པ་བདག་གིར་བྱེད་ན་དགེ་སློང་མ་དེ ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་གཞོགས་སྟེགས་དང་།འཕྱར་གཡེང་དང་། ་ཙབ་ཧྲལ་དང་།ཡུལ་ཕྱོགས་དང་།བརྡ་དང་།མཚན་མ་དང་།སྐྱེས་པ་འོང་བ་དང་འགྲོ་བ་བདག་གིར་བྱེད་པ་དང་།གང་དུ་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགསུ ་ལུས་བཀན་པ་གཞི་བརྒྱད་པོའི་གནས་འདི་ལྟ་བུ་དགེ་སློང་མས་བྱས་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།ཡང་དགེ་སློང་མ་གང་དགེ་སློང་མ་ཞིག ་ལ་ཕམ་པར་འགྱུར་བ་བྱུང་བར་ཤེས་བཞིན་དུ་འཆབ་པར་བྱེད་ཅིང་གླང་གི་ཚེ་དེ་ཉམས་སམ།ཤི་འམ།འཁྱམས་སམ།ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་པ ་དེའི་ཚེ་འདི་སྐད་ཅེས།འཕགས་མ་དག་བདག་གིས་དགེ་སློང་མོ་དེ་ལ་ཇི་ལྟར་ཕམ་པར་གྱུར་བ་བྱུང་བར་སྔ་ནས་ཤེསོ་ཞེས་ཟེར་ན།དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས ་པར་མི་བྱའོ།།ཡང་དགེ་སློང་མ་གང་དགེ་སློང་གི་དགེ་འདུན་འཐུན་པས་དགེ་སློང་གྲང་ལ་གནས་ནས་དབྱུང་བའི་ལས་བྱས་ཏེ་དགེ་སློང་མའི་དགེ་འདུན་འཐུན་པས་ཕྱག་བྱ་བའི་འོས་མ ་ཡིན་པའི་སྡོམ་པ་བྱིན།སྐྲ་འགྲེང་བར་གྱུར།སྐྲ་འཕྱར་བར་གྱུར་ཅིང་།དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད།།འབྱུང་བར་བསྐྱོད་མཚུངས་པ་ཉེ་བར་སྟེན་ལ།མཚོམས་ཀྱི་ནང་དུ ་འདུག་སྟེ་བཟོད་པ་གསོལ་བར་ཤེས་བཞིན་དུ་དེ་ལ་འདི་སྐད་ཅེས།འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར།སྐྲ་འཕྱར་བར་གྱུར་ཅིང་།དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། ་འབྱུང་བར་མ་སྐྱོད་ཅིག།མཚུངས་པ་ཉེ་བར་མི་སྟོན་ཅིག།མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་མ་བྱེད་ཅིག།བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་།ཆོས ་བློས་དང་།དྲ་བ་དང་།བོར་བུ་དང་།སྐུ་རགས་དང་།ཀླག་པ་དང་།ཁ་ཏོན་བྱ་བ་དང་།རྣལ་འབྱུར་དང་།ཡད་ལ་བྱ་བ་དང་།འཕགས་པ་ལ་ཅི་དང་ཅི་བྲེལ་བདེ་དང་དེས ་མི་བྲེལ་བར་བསྙེན་དཀུར་བྱའོ་ཞེས་ཟེར་ན་དགེ་སློང་མ་ད་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕྲོགས་མ་ཁྱོད་དགེ་སློང་གི་དགེ་འདུན་འཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང ་བའི་ཕྲིན་ལས་མཛད་དེ།དགེ་སྦྱོང་མའི་དགེ་འདུན་འཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ།སྐྲ་འགྲེང་བར་འགྱུར།སྐྲ་འཕྱར་བར་གྱུར་ཅིང་།དགེ་སློང་གི་དགེ་འདུན་ལ་སྤུ ་སྩོལ་བར་བྱེད།འབྱུང་བར་བསྐྱོད།མཚུངས་པ་ཉེ་བར་སྟོན་ལོ།།མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་དར་ཤེས་བཞིན་དུ་དེ་ལོ་འདི་སྐད་ཅེས་འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར ་སྐྲ་འཕྱར་བར་གྱུར་ཅིང་།དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག།འབྱུང་བར་མ་བསྐྱོད་ཅིག།མཚུངས་པ་ཉེ་བར་མ་སྟོན་ཅིག།མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ ་བེར་མོ་བྱེད་ཅིག།བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་།ཚོས་གོས་དང་།དྲ་བ་དང་།བོར་བུ་དང་།སྐ་རིགས་དང་།ཀླག་པ་དང་།ཁ་ཏོན་བྱ་བ་དང་།རྣལ་འབྱོར་དང་།ཡིད་ལ་བྱ་བ་དང ་འཕགས་པ་ལ་ཅི་དང་ཅིས་བྲེལ་བར་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་དེ་སྐད་མ་ཟེར་ཅིག།འཕགས་མ་ཁྱོད་གནས་ནས་དབྱུང་བའི་རྗེསུ་ཕྱོགས་པའི་གཞི་འོད་ལྟ་བུ་ཐོང་ཤིག་ཅེས ་སྤྲོ་བར་བྱའོ།།དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བསྒོ་བ་ནཱ་གལ་ཏེ་གཏོང་ན་དེ་ལྟ་ན་ལགས།གལ་ཏེ་མི་གཏང་ན་གཞི་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ།། ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ།།ལན་གཉིས།།ན་གསུམ་གྱི་བར་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན་གཞི་དེ་ལ་གཏོང་ན་དེ་ལྟ་ན་ལེགས།། ་གལ་ཏེ་མི་གཏོང་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།འཕགས་མ་དག་བདག་གིས་ཕམ་པར་འགྱུར་བའི་ཆོས་བརྒྱད་བདག་བསྟན་ཟིན་ཏོ།།དགེ་སློང་མས་དེ ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བ་ཕྱིས་ཀྱང་དེ་བཞིན་དུ་ཕམ་པར་འགྱུར་བ་ཡིན་ཏེ།དགེ་སློང་མ་རྣམས་དང་ལྷན་ཅིག་གནས་པ་དང་།ལོང་སྤྱད་དུ་མི་དབང་གིས ་གནས་པར་མི་བྱའོ།།དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱད་ཡོང་སུ་དག་གམ་ཞེས་དྲིའོ།།ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དེའོ།།འདི་ལ་འཕགས ་མ་དག་ཡོངསུ་དག་ན་འདི་ལྟར་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།།སྡོ་མོ་ལ།སྨྱན་བྱེད་པ་དང་གཞི་མེད་དང་།།གསུམ་པ་བག་ཙམ་ཆ་ལ་སཱ་ལེན།།བཞི་པ་ཅི་ཡང་རུང་བར་བྱ།།ལྔ་པ་ཆགས་པ ་མེད་པ་དེ།།མཚན་མོ་ཉིན་མོ་ལ་མི་འགྲོ་དང་།།ཆུ་ཀླུང་ཕ་རོལ་ཡིད་འཐུན་ནོ།།འཕགས་མ་དག་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་འདི་དག་ནི་ཟླ་བབྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན ་པ་ལས་འབྱུང་ངོ་།།ཡང་དགེ་སློང་མ་གང་བུད་མེད་ལ་སྐྱེས་པའི་ཚིགས་དང་།སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨན་བྱེད་ན་ཐ་ན ་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ།ཆོས་འདི་ནི་དང་པོར་ལྟུང་བར་འགྱུར་བ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཙོ་ནས་ཀྱང ་འདི་ཚངས་པར་སྤྱོད་པ་དང་བྲལ་ལོ་སྙམ་ནས་དགེ་སློང་མ་དག་ལྟུང་བ་མེངས་ལྔ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ནི་དྲིས་ཀྱང་རུང་།མ་དྲིས་ཀྱང ་རུང་ཅོད་པ་དེ་ཡང་གཞི་མེད་པ་ཡིན་ལ་དགེ་སློང་མ་ཡང་ཞེ་སྡང་ལ་གནས་ཤིང་ཞེ་སྡང་གིས་སྨྲསོ་ཞེ་ན་ཆོས་འདི་ཡང་དང་པོར་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་སྙམ་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལས་གཞན ་གྱིས་མ་ཡིན་པ་དང་འཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མི་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་འཐུན ་པས་བག་ཙམ་ལས་བསམས་པ་ཙམ་གྱིས་བླངས་པར་གྱུར་ལ།དགེ་སློང་མ་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན།ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར ་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ་སྨྱོས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་པོར་བྱེད་ན་ཆོས་འདི་ཡང་དང ་ངོས་བྱུང་བར་འགྱུར་ལ་འབྱུང་བ་དང་དེ་ཅེས་པ་སྟེ་དགེ་འདུན་ལྷགེ་མའོ།།ཡང་དགེ་སྦྱོང་མ་གང་དགེ་སློང་མ་ཞིག་ལ་འདི་སྐད་ཅེས་ཀྱེ་ཁྱོད་ཆགས་པར་མ་གྱུར་ན་ཆགས་པ་མེད་པས ་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱར་རུང་ངོ་ཞེས་ཟེར་ན།ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།། ་ཡོང་དགེ་སློང་མ་གང་གཅིག་པུ་མཚན་མོ་དབྱ་བ་དང་ནས་འབྲལ་བར་བྱེད་ན།ཆོས་འདི་ཡང་དང་པོས་ལྟུང་བ་དེ་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང ་དགེ་སློང་མ་གང་གཅིག་པུ་ཉིན་པར་དབྱར་ཁང་ནས་འབྲལ་བར་བྱེད་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བེཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གླང ་གཅིག་པུ་ལམ་དུ་ཞུགས་ཤིང་འགྲོ་ནོ།།ཆོས་འདི་ཡང་དང་པོསོ་ལྟུང་བར་འགྱུར་ལ་འབྱུང་བར་དང་བཅས་པ་སྟེ།དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་གི ་ཕ་རོལ་ཏུ་རྒལ་ན་ཆེས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་བུད་མེད་གང་ཞིག་ཚོགས་པ་ཡིད་འཐུན་པ་བདག ་བོས་ཡོངསུ་གཏང་བ་རྒྱལ་པོས་རྗེསུ་གནང་བར་ཤེས་བཞིན་དུ་རབ་ཏུ་འབྱིན་མ་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ།འབྱུང་བ་དང་བཅས་པ་སྟེ།དགེ་འདུན ་ལྷག་མའོ།།སྡོམ་ལ།ཤི་བའི་ནོར་རྫས་ལེན་པ་དང་།དགེ་སློང་མ་ལ་བཟོད་བྱེད་དང་།སྤོས་དང་འཐབ་ཀྲོལ་བྱེད་པ་དང་།སྟེན་དང་སྟེན་དུ་འཇུག་པ་དང་།།དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས།། ་སུན་འབྱིན་བཀའ་བློ་མི་བདེ་བའོ།།ཡང་དགེ་སློང་མ་གང་ཤི་བའི་ནོར་རྫས་ཚོགས་རྒྱ་དེད་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང ་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་དགེ་སློང་མའི་དགེ་འདུན་འཐུན་པས་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་དེ་མཚམས་ཀྱི་ཕྱི་རོལ་དུ་ཁྲིད་དེ་བཟོད་པ་གསོལ་དུ་བཅུག ་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་འདི་སྐད་ཅེས་སངས་རྒྱས ་གཏོང་ངོ་།།ཆོས་གཏོང་ངོ་།།དགེ་འདུན་གཏོང་ངོ་།།ཤཱཀྱའི་བུ་དགེ་སློང་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ།།ཡོན་ཏན་དང་ལྡན་པ།དེས་པ།དགེ་བའི་ཆོས་ཅན་མ་ཡིན་གྱི།དགེ་སྦྱོང་དང་བྲམ ་ཟེ་ཚུལ་ཁྲིམས་དང་ལྡན་པ།ཡོན་ཏན་དང་ལྡན་པདེ་དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱིས་དེ་དག་ལས་ཚངས་པར་སྨོད་པ་སྤྱད་དོ་ཞེས་ཟེར་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས ་འཕགས་མ་ཁྱོད་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་ནི་རངས་ནས་འདི་སྐད་ཅེས་སངས་རྒྱས་གཏོང་ངོ་།།ཆོས་གཏོང་ངོ་།།དགེ་འདུན་གཏོང་ངོ་།།ཤཱཀྱའི་བུའི་དགེ་སྦྱོང་འབའ་ཞིག་ཚུལ་ཁྲིམས ་དང་ལྡན་པ།ཡོན་ཏན་དང་ལྡན་པ།དེས་པ།དགེ་བའི་ཆོས་ཅན་མ་ཡིན་གྱི།དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ།ཡོན་ཏན་དང་ལྡན་པ།དེས་པ།དགེ་བའི་ཆོས་ཅན་གཞན་དག་ཀྱང ་ཡོད་ཀྱིས་དེ་དག་ལས་ཚངས་པར་སྤྱད་པ་སྤྱོད་ཞེས་མ་ཟེར་ཅིག།འཕགས་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤཱག་ཅེས་བསྒོ་བར་བྱའོ།།དགེ་སློང་མ་དེ་ལ་དགེ་སློང ་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང ་དག་པར་བསྟན་པར་བྱའོ།།ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན།གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་ཆོས་འདི་ནི་ལན ་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་འཐབ་ཀྲོལ་བྱེད་ཅིང་གནས་པ་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ་ཁྱོད ་འཐབ་ཀྲོལ་མ་བྱེད་ཅིག།མཚང་མ་འདྲུ་ཤིག།མ་རྩོད་ཅིག།མི་འགྱེད་ཅིག་ཅེས་དེ་སྐད་བསྒོ་སྟེ་དེ་ལྟར་བཟློག་ན་འདི་སྐད་ཅེས་འདི་ནི་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡོང་གིས ་འགྲོ་ག་གཏི་མུག་གིས་འགྲོ་བ།འཇིགས་པས་འགྲོ་བ་དག་ཡིན་ཏེ།འདི་ལྟར་དགེ་སློང་མ་འཐབ་ཀྲོལ་བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད།ཁ་ཅིག་ནི་སྐྲོང ་པར་མི་བྱེད་དོ་ཞེས་ཟེར་ན།དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་དུ་ཕུ་ནུ་མོ་ཁྱོད་དགེ་སློང་མ་རྣམས་ཀྱི་འཐའ་ཀྲོལ་མོ་བྱེད་ཅིག།འཚང་མ་འདྲུ་ཤིག།མཆོད་ཅིག། ་མ་འགྱོད་ཅིག་ཅེས་དེ་སྐད་ཅེས་བསྒོ་སྟེ་དེ་ལྟར་བཟློག་པ་ནི།འདི་སྐད་རྗེས།འདི་ནི་དགེ་སློང་མི་ཁྭ་ཅིག་འདུན་པས་འགྲོ་བ།ཞེ་སྡང་གིས་འགྲོ་བ།གཏི་མུག་གིས་འབྲུ་བ།འཇིགས ་པས་འགྲོ་བ་དག་ཡན་ཏེ།འདི་ལྟར་དགེ་སློང་འཐབ་ཀྲལ་བྱེད་པ་ཁ་ཅིག་ནི་སྐྲོད་པར་བྱེད་ལ་ཁ་ཅིག་ནི་སྤྱོད་པར་མི་བྱེད་དོ་ཞེས་མཟེར་ཅིག།ཕུ་ནུ་མོ་ཁྱོད་འདུན་པས་འགྲོ་བའི་ཚིག ་གི་ལམ་དང་།ཞེ་སྡང་གིས་འགྲོ་བ།གཏི་མུག་གིས་འགྲོ་བ།འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལ་མ་འོད་ལྟ་བུ་འདི་ཐོང་ཤིག་རྗེས་བསྒོ་བར་བྱ་སྟེ།དགེ་སློང་མ ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན།གཞི་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་འདི་ཡང་དག ་པར་བསྒོ་བར་བྱའོ།།ཡང་དག་པར་བསྟེན་པར་བྱའོ།།ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པོ་ན་གལ་ཉེ་གཞི་དེ་གཏོང་ན་དེ་ལྟར་ན་ལེགས ་གལ་ཏོ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་བུད་མེད་དང་གཞོག ་སྟེགས་དང་།འཕྱར་གླ་ཡེང་དང་།ཙབ་ཧྲལ་གྱི་རྒྱུར་གྱུར་པ་དག་གིས་སྡེ་ཞིང་གནས་པར་བྱེད་ལ།དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་བུད་མེད་དང་སྡེ་ཞིང་གནས ་པར་མ་བྱེད་ཅིག་སྡེ་ཞིང་གནས་ནས་གཞོག་སྟེགས་དང་།འཕྱར་གཱཡེང་དང་།ཙ་བ་ཧཱ་ལ་དག་མ་བྱེད་ཅིག།དགེ་སློང་མ་ཁྱེད་ཐ་དད་དུ་གྱིས་ཤོག།ཁྱོད་ཐ་དད་དུ་གནས་ན་དགེ་བའི ་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའོ།།འགྲིབ་པར་ནི་མ་ཡིན་ནོ་ཞེས་བསྒོ་བར་བྱའོ།།དགེ་སློང་མ་ད་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ནི།གལ་ཏེ་གཞི་ད་གཏོང ་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གནི་དེ་གཅོ་ཕྱོའི་ཕྱིར་ལེན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྐྲུན་པར་བྱའོ།།ལན་གཉིས་ལན་གསུམ་དུ་ཡང་དག་པར ་ཡང་དག་པར་བསྟན་པ་ན།གལ་ཏེ་གན་དུ་གཏོང་ན་དེ་ལྡན་ལེགས་གལ་ཏེ་མྱི་གཏོང་ན་ཆོས་འདི་ལ་ངོ་ལན་གསུམ་གྱི་བར་མིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ།དགྲོ ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་འཐུན་པའི་དགེ་སློང་མ་གང་དག་ཐ་དད་དུ་གནས་པར་བསྒོ་བ་སྡེ་ཞིང་གནས་པ་དེ་བསྟང་སྟེ་ཐ་དད་དུ་གནས་པར་ཤེས་བཞིན་དུ། ་དེ་གཉིས་ཀྱི་ཀུན་དུ་སོང་སྟེ།འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་ཐ་དད་དུ་གནས་པར་མ་བྱེད་ཅིག་ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འགྲོ་བ་ཉིད་དུ་ཤེས་པར ་བྱའི་འཕེལ་བར་ནི་མ་ཡིན་ནོ།།ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག།ཁྱོད་གཉིས་སྡེ་ཞིང་གནས་ནོས་དགེ་བའི་ཆོས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མེ་ལཱིན་ནི་ཞེས་ཟེར་ན ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་དགེ་སློང་མ་གང་དག་སྡེ་ཞིང་གནས་ནས་གཞོག་སྟེགས་དང་།འཕྱར་གཡེང་དང་།ཙ་བ་ཧྲལ་བྱེད་པ་ལས་དེ་གཉིས་ཐ ་དང་དུ་གནས་པར་བྱ།ཤེས་བཞིན་དུ་འདི་སྐད་ཅེས་ཕུ་ནུ་མོ་ཁྱེད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག།ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི ་འཕེལ་བར་ནི་མ་ཡིན་ནོ།།ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག།ཁྱེད་གཉིས་སྡེ་ཞིང་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འགྲི་བར་ནི་མ་ཡིན་ནོ་ཞེས་མོ་ཟེར ་ཅིག།ཕུ་ནུ་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཟོང་ཤོག་ཅེས་བསྒོ་བར་བྱའོ།།དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན།གལ་ཏེ་གཞི་དེ་གཏོང་ན ་དེ་ལྟ་ན་ལེགས།།གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒྲེ་བར་བྱ།ཡང་དག་པར་བསྟེན་པར་བྱའོ།།ལན་གཉིས་ལན ་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མ་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས། ་པ་སྟེ་དགེ་འདུན་ལྷག་མའོ།།ཡང་དགེ་སློང་མ་གང་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེ་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན་དགེ ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་རྟུལ་བོར་མ་བྱེད་ཅིག།དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ ་ཏུ་བཟུང་སྟེ་མ་འདུག་ཤིག།དགེ་འདུན་འཐུན་པར་གྱིས་ཤིག།དགེ་འདུན་འཐུན་མི་ཕྱེད།ཀུན་ཏུ་དགའ་མི་རྒོད།མཆོག་གཙོག་འདོན་པ་གཅིག།ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར ་གྱུར་ལ།སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་གནས་པར་འགྱུར་གྱིས་འཕགས་མ་ཁྱེད་དགེ་འདུན་འབྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།།དགེ་སློང་མ ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ནི་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར ་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ།།ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།།ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་ཆོས་འདི ་ཡང་ལན་གསུམ་གྱིས་ལྟུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྐྱེ་དགེ་འདུན་ལྷག་མའོ།།དགེ་སློང་མ་དེའི་གྲོགས་བྱེད་པའི་དགེ་སློང་མ་མི་མཐུན་པར་སྨྲ་བ ་ཉིད་ཀྱིས་རྗེ་སུ་ཕྱོགས་པ་གཅིག་གམ་གཉིས་ས་མི་མང་པོ་དག་ཡོད་ཅིང་།གྲལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས།འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཅར་རུང་། ་དགེ་སློང་མ་འདི་ལ་ཅི་ཡང་མ་སྨྲ་ཤིག།དེ་ཅིའི་ཕྱིར་ཞེ་ན།འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ།འདུལ་བ་སྨྲ་བ།དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས ་ནས་རབ་ཏུ་བཟུང་སྟེ་རྗེ་སུ་ཐ་སྙད་འདོགས་པར་བྱེད་པ།དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི།མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ།དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ནི།དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགསོ་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་མ་འདི་ལ་ཅི ་ཡང་མ་སྨྲ་ཤིག།དེ་ཅིའི་ཕྱིར་ཞེ་ན།འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་སྨྲ་བ།འདུལ་བ་སྨྲ་བ།དགེ་སློང་མ་འདྲེ་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེསུ་ཐ་སྙད་འདོགས ་པར་བྱེད་པ།དགེ་སློང་མ་འདི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ།དགེ་སློང་མ་འདི་གང་འདོད་ཅིང་བཟོད་པ་དེ་ཡི་བདག་ཅག་ཀྱང་འདོད་ཅིང་བཟོད་དོ།།ཞེས་མི་ཟེར་ཅིག།དེ་ཅིའི ་བྱོར་ཞེ་ན།འཕགས་མ་དག་དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེ་སུ་ཐ་སྙད་འདོག་པར་བྱེད་པ།དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ ་སྨྲའི་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ།དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་འཕགས་མ་དག་བཟོད་པར་མི་བྱེད་ཅིག།འཕགས་མ་དག་ཁྱད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར ་འཕགས་མ་དག་དགེ་འདུན་འཐུན་པ་དག་ཉིད་དུ་འདོད་པར་གྱིས་ཤིག།འཕགས་མ་དག་དགེ་འདུན་འཐུན་པར་གྱིས་ཤིག།དགེ་འདུན་འཐུན་མི་ཕྱེད།ཀུན་ཏུ་དགེའ་མི་རྩོད།མཆོག་གཅིག་འདོན ་པ་གཅིག།ཆུ་དང་འོ་མ་འདྲེས་པ་ལྟ་བུར་གྱུར་ལ།སྟོན་པའི་བསྟན་པ་གསལ་བར་བྱེད་ན་དདེ་བ་ལ་རེག་པར་གནས་པར་འགྱུར་གྱིས།།འཕགས་མ་དག་དགེ་འདུན་འབྱེད་པའི་རྗེསུ་ཕྱོགས་ཤིང་མི་མཐུན ་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།།དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལགས།གལ་ཏེ་མི་གཏོང་ན་གཞི་དེ་གཏོང ་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་ངར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ།།ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན ་དེལྟ་ན་ལེགས།གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱིས་བར་གྱིས་ལྟུང་བར་འགྱུར་ལོ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།།དགེ་སློང་མ་རབ་ཏུ་མང་པོ་དག་གྲོང་ངམ་གྲོང ་ང་ལ་ཞིག་ན་ཉེ་བར་རྟེན་ཅིང་གནས་པར་གྱུར་ལ་དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་གྱུར་ཅིང་དེ་དག་གིས་ཁྱིམ་དག་སུན་འབྱིན་པར་མཐོང་ངམ ་ཟོཐོས་སམ་རབ་ཏུ་ཤེས་སམ།།དེ་དག་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ངམ།ཐོས་སམ།རབ་ཏུ་ཤེས་ན།དགེ་སློང་མ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་དོག་ཁྱེད་ཁྱིམ་སུན ་འབྱིན་པ།སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ།ཁྱེད་ཀྱིས་ཁྱིམ་དགྲ་སུན་ཕྱུང་བར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས།ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། ་འཕགས་མ་དག་ཁྱེད་འདི་ན་གནས་པས་ཆོག་གིས་གནས་འདི་ནས་ཀྱང་དང་ཤིག་ཅེས་བསྒོ་བར་བྱའོ།།གལ་ཏེ་དེ་དག་དགེ་སློང་མ་རྣམས་ལ་འོད་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ ་ཅིག་འདུན་པས་འགྲོ་བ།ཞེ་སྡང་གིས་འགྲོ་བ།གཏི་མུག་གིས་འགྲོ་བ།འཇིགས་པས་འགྲོ་བ་དག་ཡིན་ཏེ།འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས།དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད།ཁ་ཅིག་ནི་སྐྲོད ་པར་མི་བྱེད་དོ་ཞེས་ཟེར་ན་དགེ་སློང་མ་དེ་དག་ལ་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱེད་དེ་སྐད་ཅེས་འཕགས་མ་དག་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ།། ་ཞེ་སྡང་གིས་འགྲོ་བ།གཏི་མུག་གིས་འགྲོ་བ།འཇིགས་པས་འགྲོ་བ་དག་ཡིན་ཏེ།འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལ་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག།དེ་ཅིའི་ཕྱིར་ཞེ་ན།དགེ ་སློང་མ་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན།ཞེ་སྡང་གིས་འགྲོ་བ་མ་ཡིན།གཏི་མུག་གིས་འགྲོ་བ་མ་ཡིན།འཇིགས་པས་འགྲོ་བ་མ་ཡིན་གྱི།འདི་ལྟར་འཕགས་མ་དག་ཉིད་ཁྱིམ་སུན་འབྱིན་པ ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ།ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ།འཕགས ་མ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གིསི་ལམ་དང་།ཞེ་སྡང་གིས་འགྲོ་བ།གཏི་མུག་གིས་འགྲོ་བ།འཇིགས་པས་འཕྲོ་བོ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས ་བསྒོ་བར་བྱའོ།།དགེ་སློང་མ་དེ་དོག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན།གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས ་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ།།ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་ཇི་ལྟ་ན་ལགས།། ་གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྷུང་བར་འགྱུར་ལ།འབྱུང་བ་དང་བཅས་པས་དགེ་འདུན་ལྷག་མའོ།།འདི་ན་དགེ་སློང་མ་འགའ་ཞིག་འགའ་བློ་མི་འད་བའི་རང ་བཞིན་ཅན་དུ་གྱུར་ལ།དེ་ལ་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་འཐུན་པ་དང ་འདུལ་བ་དང་འཐུན་པར་སྨྲ་བ་ན།འཕགས་མ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག།བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང ་འཕགས་མ་དག་ལ་ཅི་ཡང་མི་སྨྲའོ།།འཕགས་མ་དག་གིས་བདག་ལ་ཚི་གོས་གི་ལམ་ཐོང་ཤིག།ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ ་ཡིན་པར་བྱེད་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་དགེ་སློང་མ་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་།བདེ་བར ་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་འཐུན་པ་དང་འདུལ་བ་དང་འཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་འཕགས་མས་བདག་ཉིད་བརྗོད་པར ་བྱ་བ་ཁོ་ནར་གྱིས་ཤིག།དགེ་སློང་མ་རྣམས་ཀྱིས་འཕགས་མ་ལ་ཆོས་དང་འཐུན་པ་དང་།འདུལ་བ་དང་འཐུན་པར་སྨྲས་པ་ན་འཕགས་མ་ཡང་དགེ་སློང་མ་རྣམས་ལ་ཆོས་དང་འཐུན་པ་དང་།། ་འདུལ་བ་དང་འཐུན་པར་སྨྲོས་ཤིག།འདི་ལྟ་སྟེ།ཅིག་ལ་ཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་།ཅིག་ལ་ཅིག་འདོམས་ཤིང་རྗེ་སུ་སྟོན་པ་དང་།ཅིག་ལ་ཅིག་ལྟུང་བ་ལས་སློང་བ་ཉིད་དེ ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས།འཕགས་མ་ཁྱོད་བདག་ཉིད་བརྗོད ་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།།དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།། ་གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ།།ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།།ཡང་དག ་བར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ནི་ལགསོ།གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ལྷུང་བར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ།འཕགས ་མ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་དག་པ་ཏོན་ཟིན་ཏོ།།དེ་དག་ལས་བཅུ་གཉིས་ནི་ལྟུང་བ་དང་པོ་ཉིད་ཀྱིས།།བརྒྱན་ནི་ལན་གསུམ་གྱི་བར་གྱིསོ།།དགེ་སློང་མས་དེ་དག་ལས ་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ་དེ་མི་འདོད་བཞིན་དུ་སྤོ་བ་བྱའོ།།དགེ་སློང་མས་མི་འདོད་བཞིན་དུ་སྤོ་བ་བྱས་ནས་དེའི་འོག་ཏུ་ཟླ་བ་ཕྱེད་ཀྱི ་བར་དུ་གཉི་གའི་དགེ་འདུན་མགུ་བར་བྱ་བ་སྤྱད་པར་བྱའོ།།དགེ་སློང་མསཽ་མགུ་བར་བྱ་བ་སྤྱད་ནས་དབྱུང་བ་ལ་ཐོགས་ཏེ།ཆོས་དང་འཐུན་པར་བྱས་ལ་གཉི་གཱའི་སེམས་མགུ་བར་བྱས་ནས ་གང་ན་གཉི་གའི་དགེ་འདུན་བཞི་ཅུའི་ཚོགས་ཡོད་པ་དེར་དགེ་སློང་མ་དབྱུང་བར་བྱའོ།།གཉི་གའི་དགེ་འདུན་བཞི་བཅུར་གཅིག་གིས་མཆིང་བའི་ཚིགས་ཀྱིས་དགེ་སློང་མ་དེ་འབྱིན་པར་བྱེད་ན ་དགེ་སློང་མ་དེ་ཡང་མ་ཕྱིན་ལ།གཉི་གའི་དགེ་འདུན་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ།དེ་ལ་དེ་ནི་ཆོ་ག་ཡིནོ།།དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད ་ཡོངསུ་དག་གམ་ཞེས་དྲི་བར་བྱའོ།།ཅི་འདི་ལྀ་ཁྱེད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།།འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན ་དུ་འཛིན་ཏོ།།སྡོམ་ལ།འཆང་བ་འབྲལ་བ་འཇོག་པ་དང་།།འཁྲུ་བ་དང་ནི་ལེན་པ་དང་།།སློང་དང་སྟོད་གཡོགས་སྨད་གཡོགས་བཅས།།རིན་ཐང་སོ་སོར་སྐུར་བའོ།།འཕགས་མ་དག ་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་རྩ་གསུམ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།།དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་ཞག་བཅུའི ་བར་དུ་གོས་ལྷོག་པ་རུང་བ་མ་བྱས་པ་བཅང་བར་བྱའོ།།དེ་ལས་ལྷོག་པར་འཆིང་ན་སྐྲང་བའི་ལྟུང་བྱེད་དོ།།དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས ་ལྔ་ལས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་འདྲང་བར་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ།།དགེ་སློང་མས་ཆོས་གོས་ཟིན་པ་སྲ་བརྐྱང་ཕྱུང་ནས་དུས ་མ་ཡིན་པའི་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་མ་དེས་གོས་བླང་བར་བྱའོ།།བླངས་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནར་གོས་བྱས་ཏེ་བཅང་བར་བྱའོ།།གལ་ཏེ་མི་ལངས་ན་ཁ་མ་ལངས་པ ་ཁ་སྐྱོང་བའི་གོས་ལ་རེ་བ་ཡོད་ན་དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐར་བཞག་པར་བྱའོ།།དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད།།ཡང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན ་པའི་གོས་རྙིང་པ་འཁྲུ་འམ།འཚེད་དམ།འཆགས་ན་སྤང་བའི་ལྟུང་བྱེད།།ཡང་དགེ་སློང་མོ་གང་དགེ་སློང་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན་བརྫི་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད།།ཡང་དགེ ་སློང་མ་གང་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་གོས་སློང་ན་དུས་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ།།དེ་ལ་དུས་ནི་འདི་ཡིན་ཏེ།དགེ་སློང་མ་གོས་ཕྲོགས་སམ ་གོས་བརླག་གམ།གོས་ཚིག་གོམ།གོས་རླུང་གིས་ཁྱེར་རམ།གོས་ཆུས་ཁྱེར་ན་དེ་ནི་དུས་ཡིན་ནོ།།དགེ་སློང་མ་གོས་ཕྲོགས་སམ།གོས་ཚིག་གམ།གོས་རླུང་གིས་ཁྱེར་རམ།ཆོས་གོས་ཆུས ་ཁྱེར་ན།ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ་བླང་བར་བྱའོ།།གལ་ཏེ་དེ་ལ་བྲམ་ཟེ་འམ།ཁྱིམ་བདག་དད་པ་ཅན་ཞིག་གིས་མང་པོ་སྟོབས་ལ་འདོད་ན་དགེ ་སློང་མ་དྲོས་དེ་ལས་གྲོས་སྟོད་གཡོགས་དང་སྨད་གཡོགས་བཅས་པའི་མཐར་ཐུགས་པ་བླང་བར་བྱའོ།།དེ་ལས་ལྷགས་པར་ལེན་ན་སྤང་བའི་ལྟུང་བྱེད།།དགེ་སློང་མའི་ཕྱིར་ཁྱིམ་བདག ་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་འདི་དག་སྤགས་ནས་བདག་གིས་གོས་ཀྱི་རིནི་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ།དགེ་སློང་མ་མིང་འདི་ཞེས་བྱ ་བ་འོངས་པ་དང་།དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་དེ་ནས་གལ་ཏེ་དགེ་སློང་མ་དེ་ལས་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ ་བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉི་དུ་མ་ཡིན་པའི་གན་དུ་སོང་ནས་འདི་སྐད་ཅེས།ཚེ་དང་ལྡན་པས་བདག་གི་ཕྱིར།གོས་ཀྱི་རིན་དག་སྤྲུགས་པའི་གོས ་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་བདག་ལ་གོས་རུང་བ་དུསུ་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤྱང་བའི་ལྟུང་བྱེད་དོ།།དགེ་སློང་མའི་རྒྱུར་ཁྱིམ ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་ན་སོ་སོར་དག་སྤགས་ནས་བདག་ཅག་གཉིས་ཀྱིས་གོས་ཀྱི་ངན་སོ་སོ་བ་འདི་དག་གིས་འདི་དང་འདི་ལྟ་བུ་སོ་སོ་བ་འདི ་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་།བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུ་སུ་བསྐོན་སྙམ་པ་ལས།དེ་ལ་གལ་ཏེ་དགེ་སློང་མ་དེ་ལ་སྔར་མ་བསྟབས ་པར་རྣམ་པར་རྟོག་འགའ་ཞིང་བྱུང་སྟེ།བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མཉེད་མ་ཡིན་པའི་གན་དུ་སོང་ནས་འདི་སྐད་ཅེས་ཚེ་དང་ལྡན་དག་གིས་བདག་གི་ཕྱིར་གོས ་ཀྱིར་ན་སོ་སོ་བ་གང་དག་སྔགས་པའི་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་ཚེ་དང་སྡོད་བདག་གིས་འདི་དང་འདི་ལྟ་བུ་སོ་ས་པ་དག་ཉོས་ལ།གཉིག་འདུས་ཏེ་བདག་ལ་གོས་རུང་བཙོག་དུས ་ལེགས་པར་སྐན་ཅག་ཅེས་སྨྲས་ཏགས་གྲུབ་ན་སྤྱད་པའི་ལྟུང་བྱེད་དོ།།དགེ་སློང་མའི་ཕྱིར་རྒྱལ་པོ་འམ།བློན་པོ་ཆེན་པོ་འམ།བྲམ་ཟེ་འམ།ཁྱིམ་བདག་གམ།གྲོང་རྡལ་གྱི་མ་འམ།ཡུམ་རྒྱ ་མི་འམ།ནོར་ཅན་ནམ།ཚོང་དཔོན་ནམ།དེད་དཔོན་གྱིས་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དོག་བསྐུར་བར་གྱུར་ལ།དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་མ་ག་ལ་བ་དེར་སོང་སྟེ།དགེ ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་མཁྱེན་པར་མཛོད་ཅིག།ཁྱོད་ལ་རྒྱལ་པོ་འམ།བློན་པོ་ཆེན་པོ་འམ།བྲམ་ཟེ་འམ།ཁྱིམ་བདག་ག་མཽ།གྲོང་རྡལ་གྱི་མི་འམ།ཡུལ་གྱི་མི་འམ།ནོར ་ཅན་ནམ།ཚོང་དཔོན་ནམ།དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས་འཕགས་མ་ཐུགས་བརྩེ་བའི་སླད་དུ་དེ་དག་བཞེས་ཤིག་ཅེས་ཟེར་ན།དགེ་སློང་མ་དེས་ཕོ་ཉ་དེ་ལ་འདི་སྐད ་ཅེས་ཚེ་དང་ལྡན་པ་པོ་ཉ་དགེ་སློང་མ་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ།བདག་ཅག་གོས་རུང་བ་དུ་སུ་རྙེད་ན་ལེན་ཏོ་ཞེས་བརྗོད་པར་བྱའོ།།གལ་ཏེ་ཕོ་ཉ་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས ་འཕགས་མ་རྣམས་ཀྱི་ཞལ་ཏེ་བགྱིད་པ་འཕགས་མ་རྣམས་ཀྱི་ཞལ་ཏ་ཉམ་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན།དགེ་སློང་མ་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་མ ་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ།འདི་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་ཉམ་སུ་ལེན་པའོ་ཞེས་ཀུན་དགའ་ར་བ་འམ།དགེ་བསྙེན་ཞལ་ཏ་བྱེད་པར་བསྟན་པར་བྱའོ།།དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དག ་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག།ཁྱེད་ཀྱིས་གོས་ཀྱི་རིན ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པོ་དང་དེ་ལ་གོས་རུང་བ་དུསུ་སྐོན་ཅིག་ཅེས་བརྗོད་པར་བྱའོ།།དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ ་ལེགས་པར་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས།དགེ་སློང་མ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས།འཕགས་མས་ཞལ་ཏེ་བགྱིད་པ་བསྟན་པ ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་དེའི་གན་དུ་བཞུད་ཅིག་དང་།དེས་ཁྱོད་ལ་གོས་རུང་བ་དུསུ་སྐོན་པར་འགྱུར་ཞེས་བརྗོད་པར་བྱའོ།།དགེ་སློང་མ་གོས་འདོད་པས ་ཞལ་ཏ་བྱེད་པའི་གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད།།ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ།དྲན་པར ་བྱའོ།།ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པོར་བྱས་པ་ན་གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས།གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགསུ་ཅང་མཽ་སྨྲ་བར་བསྡད ་པར་བྱའོ།།ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགསོ་ཅང་མི་སྨྲ་བར་བསྡད་པ་ན་གལ་ཏོ་གོས་གྲུབ་ན་དེ་ལྟ་ན་ལེགས།གལ་ཏེ་མ་གྲུབ་ནི་ད་ནི་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར།རྩལ ་ཏེཏོགོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།།གལ་ཏེ་མ་གྲུབ་ན་ཕྱོགས་གང་ན་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ།།ཡང་ན་ཡོད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་མ ་ཆེ་དགེ་མོའི་ཕྱིར་གོས་ཀྱི་རིན་བསྐུར་བ་དེ་དག་ནི་དགེ་སློང་མ་དེའི་དོན་ཅི་ཡང་མ་གྲུབ་ཀྱི་ཤེས་པར་གྱིས་ཤིག།ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གསན་ཅིག་ཅེས་སྤྲིད་པར་བྱ་སྟེ།དེ་ལ་དེ་ནི་ཚེ ་ག་ཡིན་ནོ།།སྡོམ་ལ།གསེར་དངུལ་མངོན་ཆེན་ཉོ་ཚོང་དང་།ཚོང་དང་འཐག་པ་སྐྱེད་པ་དང་།བྱིན་ཕྲོགས་བསྔོས་དང་བསོག་འཇོག་དང་།འཆང་དང་བྱིན་གྱིས་མི་རློབ་པའོ།།ཡང་དགེ་སློང་མ་གང་རང ་གི་ལག་གིས་གསེར་དང་དངུལ་ལེན་ཏམ་ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་མངོན་མཚན་ཅན་གྱི་སྤྱོད་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང ་ཉོ་ཚེང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་གསར་པ་གཞན་ཚོལ ་ཞིང་གྲུབ་ན་སྤྲད་པའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་དེས་ལྷུང་བཟེད་དེ་དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ།།དགེ་སློང་མ་འཁོར་དེར་ལྷུང་བཟེད་མཐར་གྱུར་པ་གང་ཡིན་པ་དེ་དགེ་སློང་མ་དེ་ལ ་དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་བྱ།བཏང་བར་མི་བྱ།གཞན་ལ་སྦྱིན་པར་མི་བྱ་བར་ཆགས་པའི་མཐར་ཐུག་པའི་བར་དུ་ཁད་ཀྱིས་དལ་བུས་དལ་བུས་སྤྱད་པར་བྱའོ ་ཞེས་སྦྱིན་པར་བྱ་སྟེ།དེ་ལ་དེ་ནི་ཆོ་ག་ཡིན་ནོ།།ཡང་དགེ་སློང་མ་གང་རང་གིས་བླངས་པའི་དོག་པ་ཐ་ག་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ན་གོས་གྲུབ་ན་སྤང་བའི ་ལྟུང་བྱེད།།དགེ་སློང་མའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་པ་ལས།དེ་ན་གལ་ཏེ་དགེ་སློང་མ་དེ་ལ་སྦྱར་མ ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་ན་ཐི་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ།འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག།གོས་འདི་ཁོ་མོའི་ཕྱིར་འཐག་གིས ་ཚེ་དང་ལྡན་པ་ཐེག་བ་གོས་འདི་ནིང་ཆེ་བ་དང་།།བླུན་རིང་བ་དང་།ཐར་གྱིས་ཞག་པ་དང་།ཐག་རིན་བཟང་པོ་ལེགས་པར་གྱིས་ཤིག།ཚེ་དང་ལྡན་པ་ཐག་པ་ཁོ་མོས་གླ་དོན་འདི་ས ་བཟའ་བ་འམ།བཅའ་བ་འམ།བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས་དེ་ལ་གལ་ཏེ་དགེ་སློང་མ་དེས་གོས་སྒྲུབ་པའི་ཕྱིར་གླུ་རྔན་འདི་ལྟ་སྟེ།བཅའ་བ་འམ།བཟའ་བ་དང་།བཟའ ་རྒྱུ་ཅུང་ཟད་ཅིག་བྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དེ།།ཡང་དགེ་སློང་མ་གང་དགེ་སློང་མ་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ།ཡི་མ་རངས་ནས་འཕྲོག ་གོམ་འཕྲོག་དུ་འཇུག་ཅིང་།དེ་ལ་འདི་སྐད་ཅེས་དགེ་སློང་མ་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཙོས་ཟེར་ན།དགེ་སློང་མེ་དེ་ལ་ལྷག་མ་ཡོད་ན་དེ་ལ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན ་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་ལྔ་རྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།།བཅོམ་ལྡན་འདས་ཀྱིས་དགེ་སློང ་མན་པ་རྣམས་ལ་ཕན་པ་སོ་སོར་བསྟན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ།ཞུན་མར་དང་།འབྲི་མར་དང་།བུ་རམ་དང་།སྦྲང་རྩི་དང་།བུ་རམ་གྱི་དབུ་བ་དེ་དག་ལས་དགེ་སློང་མ ་ན་བས་འདོད་ན་རང་གིས་ཞག་བདུན་གྱི་བར་བྱིན་གྱིས་བརླབས་ཏེ་གསོག་འཛག་གིས་ཡོངསུ་སྤྱད་པས་ཡོངསུ་ལོངས་སྤྱོད་པར་བྱའོ།།དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤྱང་པའི ་ལྟུང་བྱེད་དོ།།དགེ་སློང་མས་ལྷུང་བཟེད་ལྷོག་པ་ཞག་གཅིག་གི་བར་དུ་བཅང་བར་བྱའོ།།དེ་ལས་འདས་པར་འཚང་ན་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཆོས་གོས་བྱིན་གྱིས ་བརླ་དུ་རུང་བ་ཉི་མ་དང་པོ་ལ་འམ་ཟླ་བའི་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་ན་སྤང་བའི་ལྟུང་བྱེད་དོ།།སྡོམ་ལ།འབྱིན་དང་མི་འབྱིན་སློང་པོ་དང་།གོས་དང་གོས་རྒྱུ་མ་ལ་ཆ་རྒྱུ།དབྱར་ཁང་རྒྱུ ་དང་སྐྱེ་བོ་དང་།།དགེ་འདུན་བཅིངས་བཀྲོལ་ལྕི་ཡང་ངོ་།།ཡང་དགེ་སློང་མ་གང་དུས་མ་ཡིན་པར་སྲ་བེརྐྱང་འབྱོན་ན་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དུསུ་སྲ་བརྐྱང་མིའི་བྱིན་ནོ ་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བདག་གི་ཕྱིར་མངོན་མཚན་སློང་ནི་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གཞན་གྱི་ཆེད་དུ་རྙེད་པའི་གོས་ཟསུ་བྱས་ཏེ་བཟའ་བའི་ཕྱིར ་འཇོག་ན་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གོས་ཀྱི་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟསུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་སྤང་བའི་ལྟུང་བྱེད་དོ།།ཡང་དགེ ་སློང་མ་གང་མལ་ཚྭའི་ཆེད་དུ་རྙེད་པ་གང་ཡང་རུང་བ་ཟསུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ནི་སྤྱད་པའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ད་བྱར་ཁང་གི་ཆེད་དུ་རྙེད་པ་གོང་ཡང་རུང་བ་ཟསུ ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་སྤང་པའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གོང་དགེ་སློང་མའི་སྐྱེ་བོ་མང་པོའི་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པོ་གང་ཟག་ལ་ཡོངསུ་སྦྱར་ན་སྤང་བའི་ལྟུང་བྱེ།། ་ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་གྱི་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་གང་ཟག་དག་ལ་ཡོངསུ་སྒྱུར་ན་སྤོང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཆགོས་པར་གྱུར་པས་ཐིམ ་པོ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་བཅུག་ནོ་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གོས་ལྷོད་དང་རིན་ཐང་ལྕི་བ་འཆང་ན་སྤང་བའི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ལྕིང ་ཡང་བ་རིན་ཐང་ལྕི་བ་འཆུང་ན་སྤང་བའི་ལྟུང་བྱེད་དོ།།སྡོམ་ལ།སྲིན་བལ་འབའ་ཞིག་ཆ་གཉིས་དང་།།དྲུག་དང་མཐོ་གང་ལམ་དང་ནི།།འཁྲུ་དང་འཚོང་དང་རྟ་དང་དགོན།།རས་ཆེན ་མ་གཏོགས་ལྷག་མ་ཡིན།།འཕགས་མདོག་བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་རྩ་གསུམ་པོ་དག་བཏོན་ཟིན་ཏོ།།དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདིལ ་བྱེད་ཡོངསུ་དག་གམ་ཞེས་དྲིའོ།། འདི་ལ་ཁྱེད་ཡོངསུ་དག་གི་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།།འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་བཞིན་དུ་འཛིན་ཏོ།། ་དགེ་སློང་མའི་སོ་སོར་ཐར་པའི་མདོ།།།བམ་པོ་གཉིས་པ་སྟེ་ཐ་མའོ།།སྤྱི་སྡོམ་ལ།བརྫུན་དང་ས་བོན་འདུག་གནས་དང་།།སྲོག་ཆགས་བདེ་དང་དུད་འགྲོ་དང་།།རྐུ་བ་དང་ནི ་ཟས་བཅས་པ།།དེ་དག་ཐུན་མོང་ཡིན་པར་འདོད།།སྡོམ་ལ།བརྫུན་སྐྱོན་དགེ་སློང་ཕྲ་མ་དང་།།སྐྱོ་སྔགས་བྱེད་དང་སྟོན་པ་དང་།།འདོན་དང་གནས་ངན་ལེན་དང་ཆོས།།བཤེས་ངོར་བྱེད་དང་ཁྱད ་དུ་གསོད་།།འཕགས་མ་དག་ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།།ཤེས་བཞིན་དུ་བརྫུན་དུ་སྨྲ་ན་ལྟུང་བྱེད་དོ།།མི་ཡི་སྐྱོན ་ནས་སྨྲ་ན་ལྟུང་བྱེད་དོ།།དགེ་སློང་མོ་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་འདུན་འཐུན་པས་ཆོས་བཞིན་དུ་རྩོད་པ་སྤངས་པ་ཤེས་བཞིན་དུ་ཡང་ལས་ཀྱིས་སྒོ་སོགས་བྱེད་ན་ལྟུང ་བྱེད་དོ།།ཡང་དགེ་སློང་མ་གང་སྐྱེས་པའི་ཡུལ་ལ་ཚིག་ལྷོའམ།།དྲུག་ལས་ལྷག་པར་ཆོས་སྟོན་ན་རིགས་པའི་བུད་མེད་མ་གཏོགསོ་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གོང་ཟག་བསྙེན་པར ་མ་རྫོགས་པ་དང་།།ཚིགས་གིས་ཆོས་འདོན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལནི་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོག ་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་སྔར་ལེགས་པར་རུང་བར ་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་འཕགས་མ་དག་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལོ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་ན་འདི་སྐད་ཅེས་འཕགས་མ་དག་གང་དག་གིས་དགེ་སློང་མ་རྣམས་འགྱོད་པ་དང་།ཡིད་ལ་གཅགས་པ་དང་།གནོད་པར་འགྱུར ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱིར་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད ་ལྟུང་བྱེད་དོ།།སྡོམ་ལ།ས་བོན་འཕྱ་བ་བསྒོ་བ་དང་།།ཁྱུ་དང་གདོང་དང་ཕྱིས་གནོན་དང་།།འབྱུང་བ་དང་ནི་འདེབས་པ་དང་།།རིམ་པ་གཉི་སུ་རྩིག་པའོ།།ས་བོན་གྱི་ཚོགས་སམ་འབྱུང་པོ ་གནས་འཇིག་ཏུ་འཇུག་ན་ལྟུང་བྱེད་དོ།།འཕྱ་འམ་གཞོག་འཕྱས་བྱེད་ནི་ལྟུང་བྱེད་དོ།།བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲི་འམ།ཁྲིའུ་འམ།སྟན ་ནང་ཚངས་ཅན་ནམ།ལ་བ་འམ།སྔས་སམོ།གོར་བུ་གླ་གབ་མེད་པོར་བཏིང་ངམོ་འདིང་དུ་བཅུག་ནས་མ་སྡུས་སམ།སྡུད་དུ་མ་བཅུག་གམ།དགེ་སློང་མ་འཁོད་པ་ལ་ཡང་མ་བཅོལ་བར ་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་དུཛྷཾའི་གདིང་པོའམ།ལོ་མའི་གདིང་བ་བཏིང་ངམ།འདིང་དུ་བཅུག་ནས་མ་བསྡུས ་སམ།སྡུད་དུ་མ་བཅུག་གམ།དགེ་སློང་མ་འཁོད་པ་ལ་མི་བཅོལ་བར་དེ་ནས་སོང་ནས་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་ཁང་ནས ་དགེ་སློང་མ་སྔ་ནས་འཁོད་པར་ཤེས་བཞིན་དུ་ཕྱིས་འོས་ན་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱི་ས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ནི་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩེ་བ་འབྱུང་བར་ཤེས་བཞིན་དུ་ལྗིད་ཀྱིས་ཕབོ་སྟེ་འདུག་གམ།ཉལ་ན་ལྟུང་བྱེད་དོ།།ཡང་དགེ ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགོས་དང་བཅས་པའི་ཆུས་རྩའམ།ལྕི་བ་འམ།ས་ལ་འདེབས་སམ།འདེབ་སུ་འཇུག་ན་ལྟུང་བྱེད་དོ།།དགེ་སློང་མས་དབྱར་ཁང་ཆེན་པོ་ཞིག་རྩིག་གམ་རྩིག ་ཏུ་འཇུག་ན་སྒོའི་སྦུབས་དང་།རྟེན་པ་དང་།སྣང་བའི་གནས་ཅི་ཙམ་པའི་འདུ་ཤེས་ཀྱིས་བཏག་པ་ནས་བཟུང་སྟེ།ཕ་གུ་རིམ་པ་གཉིས་སམ་གསུམ་བརྩིགོ་པར་བྱའོ།།དེ་ལས་ལྷག་པར་རྩིག ་པར་རྩིག་ན་ལྟུང་བྱེད་དོ།།སྡོམ་ལ།འདུག་གནས་གཅིག་དང་ཕྱེ་དང་ནི།།བཅའ་བ་དང་ནི་སྟོབས་པ་དང་།།འདུས་པ་དང་ནི་དུས་མིན་དང་།གསོག་འཇོག་དང་ནི་ཁ་ནས་མིད།དགེ་སློང་མ ་གང་འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མ་གང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ།།དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ།།དགེ་སློང་མ ་ར་ཏུ་མང་པོ་དག་ཁྱིམ་རྣམསུ་དོང་བ་ལ་གལ་ཏེ་དེ་དག་ལས་བྲམ་ཟེ་འམ་ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་ཁུར་བ་དག་དུས་ཀྱིས་སྟོབས་པར་གྱུར་ལ་འདོད་ན་དགེ་སློང་མ་དེ་དག་གིས ་ལྷུང་བཟེད་གང་བ་གཉིས་སམ་གསུམ་དུ་བླང་བར་བྱའོ།།དེ་ལས་ལྷག་པ་ལེན་ན་ལྟུང་བྱེད་དོ།།ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ་དགེ་སློང ་མེམི་འཁོད་པ་རྣམས་ལ་ཡང་བགོ་བ་ཤའི་བྱེ།བདོག་ཅག་ཀྱང་བཟའ་བར་བྱ་སྟེ།དེ་ལོ་དེ་ནི་ཆོ་ག་ཡིན་ནོ།།ཡང་དགེ་སྦྱོང་མ་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར ་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གོང་ཤེས་བཞིན་དུ་དགེ་སློང་མ་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཅིང་ཅི་ནས་ཀྱང་དགེ་སློང་མ་འདི་ཉེས ་བ་དབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས་འཕགས་མ་འདི་འཚོ་ཤིག།འདི་ཟོས་ཤོག་ཅེས་ལྷག་པོར་མ་བྱས་པའི་བཟའ་བ་དང་།བཅའ་བ་དུས་ཀྱིས་སྟོབས་པར་བྱེད་ན་ལྟུང ་བྱེད་དེ།།འདུས་ཏེ་ཟིན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ།།དེ་ལ་དུས་ནི་འདི་ཡིན་ཏེ།ན་བ་དུ་སོ་ལས་དུས་སོ།།ལམ་དུསོ།།གྲུར་ཞུགས་པ་དང་།འདུས་པ་ཆེན་པོ་དང་།དགེ་སྦྱོང་གི་ཟས་དུས་ཏེ།། ་དེ་ལ་དེ་ནི་དུས་ཡིན་ནོ།།ཡང་དགེ་སློང་མ་བྱ་དུས་མ་ཡིན་པར་བཅའ་བ་འམ།བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བཅའ་བ་འམ་བཟའ་བ་གསོག་འཇོག་བྱས་པ་ཟ་བ ་འམ་འཆའ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བྱིན་ལེན་མ་བྱས་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དེང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ།།སྡེ་མ་ལ།སྲོག་ཆགས་བཅས་དང་གཅེར་བུ་དང་། ་དམག་ལ་ལྷ་དང་ཞག་གཉིས་དང་།།བཤམས་པ་འཁྲུགས་དང་སྡིག་པ་དང་།།བཟས་པ་དང་ནི་གནས་ངན་ལེན།།ཡང་དགེ་སློང་མེ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན།། ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གཅེར་བུ་མོ་འམ།།ཀུན་ཏུ་རྒྱུའམ།ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ན་བཟའ་བ་དང་།།བཅའ་བ་བྱིན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དམག་ཆས་པ་ལ་ལྟོར ་འགྲོ་ན་ལྟུང་བྱེད་དོ།།དགེ་སློང་མ་དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་འགའ་ཞིག་བྱུང་ན་དགེ་སློང་མ་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ།།དེ་ལས་ལྷག ་པར་གནས་ནི་ལྟུང་བྱེད་དོ།།དགེ་སློང་མ་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ཡང་གལ་ཏེ་བཤམས་པའི་ཁྲུག་ཏུ་འགྲོ་འམ།རྒྱལ་མཚན་གྱི་ཚོགས་མཆོག་གམ།།དཔུང་གི ་ཚེགས་སམ།གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམསུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་མ་རྡེག་ན་ལྟུང་བྱེད།།། ་ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་ལ་སྡིག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ།།ཡང་དགེ་སློང ་མ་གང་ཤེས་བཞིན་དུ་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་འཆབ་ནི་ལྟུང་བྱེད་དོ།།སྡོམ་ལ།བདེ་དང་མེ་དང་འདྲེན་པ་དང་།བསྙེན་པར་མ་རྫོགས་ཆོས་དང་སྨྲ།དགེ་ཚུལ་ཁ་དོག ་བསྒྱུར་བ་དང་།རིན་པོ་ཆེ་དང་ཚ་བའི་དུས།ཡང་དགེ་སློང་མ་གོང་ཀླན་ཀ་ཚོལ་ཞིང་ཙི་ནས་ཀྱང་དགེ་སློང་མ་ལས་ཀླན་ཀ་བཙལ་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ།དགེ་སློང་མ་འདི ་འདི་སྐད་ཅེས་འཕགས་མ་ཚུར་ཤོག།ཁྱོད་ཁྱིམ་དག་ཏུ་འདོང་དང་།དེར་ཁྱོད་ལ་བཅའ་བ་དང་བཅའ་བ་བསོད་པ་ཇི་ཙམ་འདོད་པོ་སྦྱིན་དུ་གཞུག་གོ་ཞེས་སྨོས་ནས་དེས་དེ་ལ་སྦྱིན་དུ་མ ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་འཕགས་མ་ཁོ་མོ་ལ་ཁྱོད་དང་ལན་ཅིག་སྐྱ་འམ་འདུག་པ་བདེ་བ་མ་ཡིན་གྱི།འདི་ལྟར་ཁོ་མོ་གཅིག་པུ་ཁོ་ན་སྒྲ་འམ་འདུག་ན་བདེར་སྲོ་ཁྱོད་སོང ་ཤིག་ཅེས་ཟེར་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་མིན་པོར་བདག་ཉིད་ཀྱིས་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་འདུན་གྱི་བ་ང་ཆོས ་དང་ལྡན་པ་ལ་དགེ་སློང་མོ་དུན་པ་ཕུལ་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པོར་གྱུར་ཏེ་ཡིད་མ་རངས་ནས་སྤོང་བའི་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་མ་འདུན་པ་ཕྱེར་སྤྱོན་ཅིག། ་ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོ་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།དེ་ལྟར་བཅོམ ་ལྡན་འདས་ཀྱིས་ཆོས་བསྟན་པས་དག་གིས་ཤེསོ་ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་དག་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས ་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེསོ་ཞེས་དེ་སྐད་མ་ཟེར་ཅིག།བཅོམ་ལྡན ་འདས་ལ་སྐུར་པ་མ་འདེབས་ཤིག།བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ།།བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་།།འཕགས་མ་བར་དུ་གཅོད་པའི་ཆོས་རྣམས་ནི་བར ་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ།དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས།འཕགས་མ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།།དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན།གལ་གཞི་གཏོང་ན་དེ་ལྟ་ན་ལེགས།གེལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར ་རྒྱུབྷ་བའི་ཕྱིར་ལན་གཉིས་ལན་གསམ་དུ་ཡང་དག་པར་བསྐྱོ་བར་བྱ།ཡང་དྲུག་པར་བསྟན་པར་བྱའོ།།ལན་གཉིས་ལན་གསུམ་དུ་སྣང་དག་པར་རྒྱུ ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆས་བཞིན་དུ་མ་བས་པའི ་བཅན་གྱི་ལྟ་བའི་རྣམ་པ་དེ་དག་མ་སྤངས་པ་དང་།གཏམ་འདྲེ་བར་བྱེད།ཕེབས་པར་སྨྲ་བར་བྱེད།ཀུན་ཏུ་གནས་པར་བྱེད།ཀུན་ཏུ་ལོངས་སྤྱོད་པར་བྱེད་ཅིང་དེ་དག་དང་ལྷན་ཅིག་གན་རྒྱས ་ཉེལ་ན་ལྟུང་བྱེད།།དགེ་ཚུལ་མ་ཞིག་ཀྱང་འདི་སྐད་ཅེས།འདི་ལྟར་བཅོམ་ལྡན་འདས་ཀྱིས་འདོང་པོ་རྣམས་ནི་བོར་དུ་གཅོད་པའོ་ཞེས་གསུངས་པ་གསུང་པོ་གང་དག་ཡིན་པ་དེ་དག་བསྟན་ཀྱང ་བར་གཏོད་པར་མི་འགྱུར་ཏེ།དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་ཞེས་ཟེར་ན།དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་དགེ་ཚུལ་མ་ཁྱོད ་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཙད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།དེ་ལྟར་བཅོམ་འདས་ཀྱིས་ཆེས་བསྟན ་བཾ་བདག་གིས་ཤེས་སོ་ཞེས་མ་ཟེར་ཅིག།བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག།བཅོམ་ལྡན་འདས་ལ་སྐུར་བས་ལེགས་པོར་མི་འགྱུར་རོ།།བཅོམ་ལྡན་འདས་ནི་དེ་སྐད ་གས་ད་།།དགེ་རྡུལ་མ་འདོད་པ་སྨྲ་བར་དུ་གཅོད་པ་དག་ནོ་དུག་དུ་བརྩོད་དུ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་དྲངས་དུ་མ་གསངས་ཏེ།དེ་དག་བསྟོན་ན་བར་དུ་གཙུད་བར་འགྱུར། ་ཀྱིས་དགེ་ཚུལམ་ཁྱུ་སྡུག་ན་གྱི་སྐྱེ་བའི་རྣམ་པ་འདི་མྦྷ་ཟླ་དི་ཐ~ཾང་ཤིག་ཅེས་པ་སྒྲ་པར་བྱའོ།།དགེ་ཚུལ་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསླ་བ་ནི་གལ་ཏུ་གཞི་དེ་གཏོང་ན་། ་ན་ལེགས།གལ་ཏི་མི་གཏོང་ནགནི་གཏོང་བར་བྱ་བ་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྔོ་བར་བྱ།ཡང་དག་པར་བསྟན་པར་བྱའོ།།ལན་གཉིས་ལན་གསུམ་དུ་ལ ་དག་པར་བསྒོ།ཡང་དག་པར་བསྟན་པ་ནགནི་དེ་གཏོང་ན་དེ་ལྡན་ལེགས།གལ་ཏེ་མི་གཏོང་བ་དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་བྱིན་ཆོད་དགེ་ཚུལ་མ་ཁྱོད་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཐོར་ཅིག།ཚངས་པ་ཆུངས་པར་སྤྱོད་པ་མཁོས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི ་ཕྱེ་བཞིན་དུ་ཡང་མ་འགྲོ་ཤིག།དགེ་སློང་མ་རྣམས་དང་དགེ་ཚུལ་མ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་རྔུ་ཉལ་དུ་དབང་བ་གང་ཡིན་པ་དེང་ཚུན་ཆད་ཁྱོད་ལ་མེ་དེ་བུད་མྱེད་ག ་སྲོག་ཅན་བྱེད་བསྐྱིལ་གྱིས་གཞན་དུས་ཤིག་ཅེས་བསྒྲེ་བར་བྱའོ།།ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་ལྟར་བསྒྲིལ་པོའི་དགེ་ཚུལ་མཉེ་བར་འཛེག་པར་བྱེད་དམ།ཉེ་བར་སྦྱིན་པར། ་བྱེད་དམ།ཀུན་ཏུ་ལོང་སྤྱོད་པར་བྱེད་དམ།ཀུན་ཏུ་གནས་པར་བྱེད་དམ།དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གོས་སར་བ ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་འམོ།དམར་པོའམ།བུར་སྨྲིག་ལས་གང་ཡང་རུང་བར་ཁ་བསྒྱུར་བར་བྱའོ།།གལ་ཏེ་དགེ་སློང་མས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན ་བོའམ།དམར་པོ་འམ།ངུར་སྨྲིག་ལྔས་གང་ཡང་རུང་བ་ཁ་མ་བསྒྱུར་བར་ཀུན་ཏུ་ལོང་སྤྱོད་པར་བྱེད།ཀུན་ཏུ་གནས་པར་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མོ་གང་རིན་པོ་ཆེའམ ་རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ་ལེན་དུ་འཇུག་ན།ཀུན་དགའ་ར་བར་གཽཏོགས་པ་ན་འདུག་གམ་གནས་ཁང་དུ་གཏོགས་པོ་ནི་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ།། ་དགེ་སློང་མས་ཀུན་དགའ་ར་བར་གཏོགས་པ་ན་རིན་པོ་ཆེའམ།རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། ་དེ་ལ་དེ་ནི་ཆོ་ག་ཡིན་ནོ།།བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་དུས་མ་ཡིན་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ།།དེ་ལ་དུས་ནི་འདི་ཡིན ་ཏེ།སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས།དབྱར་རྣམས་ཀྱི་དང་པོ་དང་ཟླ་བ་ཕྱེད་དང་གསུམ་པོ་འདི་ནི་ཚ་བའི་དུས་སོ།།ལྷག་མ་ནིན་པའི་དུས།།ལོས་དུསོ།།ལམདུས།རླུང་དུསོ།། ་ཆར་དུས་སོ།།རྫི་ཆར་དུས་ཏེ།།དེ་ལ་དེ་ནི་དུས་ཡིན་ནོ།།སྡོམ་ལ།དུད་འགྲོ་འགྱོད་པ་སོར་མོ་དང་།།རྩ་དང་ལྷན་ཅིག་དངངས་བྱེད་དང་།།སྦེད་པ་དང་ནི་གཞི་མེད་དང་།།བུད་མེད་མེད་པར ་ལམ་འགྲོ་བའོ།།ཡང་དགེ་སློང་མ་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ།།ཡང་དགེ་སྦྱོང་མ་གང་བས་མྦྷ་བཞིན་དུ་ཅི་ནས་ཀྱང ་དགེ་སློང་མ་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པོ་དེ་ཉིད་རྐྱེན་དུས་བྱས་ཏེ།དགེ་སློང་མ་ལ་འགྱོད་པ་སྤྱོད་ན་ལྟུང་བྱེད་དོ།།སོར་མོས་ག་ག་ཚོལ་བྱེད་ན་ལྟུང་བྱེད་དོ།།རྨ ་ལ་རྩེ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་སྐྱེས་པའི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་སློང་མ་ལ་དངངས་པར་བྱེད་དམ་དངངོས་པར ་བྱེད་དུ་འཇུག་ནི་ཐ་ན་གཞད་གང་བྱ་བར་བསམོས་ཀྱང་རུང་སྟེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་སློང་མ་འམ།དགེ་སློབ་མ་འམ།དགེ་ཚུལ་མའི་ལྷུང་བཟེད་དམ།ཆོས་གོས་སམ།། ་དྲ་བ་འམ།ཕོར་བུ་འམ།སྐ་རགོས་སམ།དགེ་སྦྱོང་གི་འཚོ་བའི་ཡོ་བྱང་གང་ཡང་རུང་བ་སྦེད་དམ་སྦེད་དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང ་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་དགེ་སློང་མ་དག་པོ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་སྐུར་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བུད་མེད་མེད་པར་སྐྱེས་པ་དང་འགྲོན ་ལམ་དུ་འགྲོ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།།སྡོམ་ལ།རྐུ་བ་དང་ནི་རྐོ་བ་དང་།།འགྲོན་དུ་ངོས་དང་བསླབ་པ་དང་།།འཐབ་དང་མི་སྒྱུ་འགྲོ་བ་དང་།།མི་གུས ་ཆང་འཐུང་དུས་མིན་པའོ།།ཡང་དགེ་སློང་མ་གང་དོན་འཐུན་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན།།ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རང་གི་ལག་པས ་ས་རྐོའམ།།རྐོར་འཇུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མས་ཟླ་བ་བཞིར་འགྲོན་དུ་བོས་པ་བདག་གིར་བྱའོ།།དེ་ལས་ལྷག་པར་བདག་གོརི་བྱེད་ན་ལྟུང་བྱེད་དོ།།སོ་སོར་འགྲོན་དུ་བོས་པ་དང་། ་ཡང་ཡང་འགྲོན་དུ་བོས་པ་དང་།དུས་ཀྱིས་འགྲོན་དུ་བོས་པ་དང་།རྟག་ཏུ་འགྲོན་དུ་བོས་པ་ནི་མ་གཏོགས་ཏེ།དེ་ལ་དེ་ནི་དུས་ཡིན་ནོ།།ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ཀྱིས ་འཕགས་མ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས་བདག་དགེ་སློང་མ་མདོ་སྡེ་འཛིན་པ་དང་།འདུལ་བ་འཛིན་པ་དང་།མ་མོ་འཛིན་པ ་རྣམས་ལ་འདྲི་བའི་བར་དུ་བྱིས་པ་རྨོངས་པ།མི་གསོལ་བ།མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ་ཞེས་ཟེར་ན་ལྟུང་བྱེད་དོ།།དགེ་སློང་མ་ཀུན་ཤེས་པར ་འདོད་པས་བསླབ་པ་དེ་ལ་བསླབ་པར་བྱའོ།།དགེ་སློང་མ་མདོ་སྡེ་འཛིན་པ་དང་།འདུལ་བ་འཛིན་པ་དང་།མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ།དེ་ལ་དེ་ནི་ཆོ་ག་ཡིན་ནོ།།ཡང ་དགེ་སློང་མ་གང་དགེ་སློང་མ་རྣམས་དང་འཐབ་པར་གྱུར།འཆང་འདྲུ་བར་གྱུར།མི་མཐུན་པར་གྱུར།རྩོད་པར་གྱུར་ཞིང་འཁོད་པ་ལ།དགེ་སློང་མ་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན ་ཏེ།དེ་ལྟ་དེ་ལྟར་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཉན་ནས་འདུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་འདུན་གྱིས་ཆོས་དང་འཐུན་པའི་གཏམ་རྣམ ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཤིང་འགྲོ་ན།དགེ་སློང་མི་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།།གུས་པར་མི་བྱེད་ན་ལྟུང་བྱེད་དོ།།འབྲུའི ་ཆང་དང་།བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དུས་མ་ཡིན་པར་གྲོང་བུ་འགྲོ་ཞིང་དགེ་སློང་མ་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མོ་གཏོགས་ཏེ ་ལྟུང་བྱེད་དོ།།སྡོམ་ལེ།ཟས་བཅས་སྐྱ་རེང་ད་གདོད་དང་།།ཁབ་རལ་དང་ནི་ཁྲི་རྐང་དང་།།བདལ་དང་གདིང་དང་གཡན་པ་དང་།།བདེ་བར་གཤེགས་པའི་ཆོས་གསོ་སོ།།ཡང་དགེ་སློང་མ་གང་ཟས ་དེང་བཅས་པའི་ཁྱིམ་དུ་འགྲོན་དུ་བོསོ་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྨྱ་ཞིང་ཁྱིམ་པ་འདུག་པ་ལ་མི་སྒོ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ནམ་མ་ལངས ་སྐ་རེང་མ་ཤར་པོར་རིན་པོ་ཆེ་དག་གམ་རིན་པོ་ཆེར་སྨོས་པོ་དག་མ་བསུམ་བར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམེ་སྒོ་གཽགཏན་གྱི་ཉེ་འཁོར་ལས་འདས་ན་དེ་འདྲ་བའི་རྐྱེན ་མ་གཏོགས་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པ་རེ་མདོ་གདོན་པ་འདོན་པའི་ཚེ།འདི་སྐད་ཅེས།འཕགས་མ་དག་འདི་ལྟར་ཆོས ་འདི་ཡང་མདོའི་ནང་དུ་གཏོགས་མདོའོ་ནང་དུ་འདུས་པར་བདག་གིས་གདོད་ཤསཽ་ཞེས་ཟེར་ལ།དེ་ལ་གལ་ཏེ་དགེ་སློང་མ་རྣམས་ཀྱི་ཀྱང་དགེ་སློང་མ་འདི་སྔོན་གསོ་སྦྱོང་གིས་ལས ་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ལ་ན་མང་དུ་ལྟ་ཅི་སྨོས་ན།དགེ་སློང་མ་དེ་མི་ཤེས་པས་མི་འགྲོ་ལ་དས་དེ་ལྷུང་བ་གང་བྱུང་བ་ཆོས་བཞིན་དུ་བྱེད་དུ་གཞུག་གི།སྟེང་དུ་ཁྱོད་ཟླ ་བཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད།བླ་མར་བྱས་ཏེ་མི་བྱེད།རུ་ཤིང་ལྟར་བྱས་ཏེ་མི་བྱེད།ཡིད་ལ་བྱས་ཏེ་མི་བྱེད།།སེམས ་རྩེ་གཅིག་ཏུ་མི་བྱེད།རྣ་བྲགས་ཏེ་མི་བྱེད།སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས།དགེ་སློང་མ་ཁྱོད་ཀྱིས་མ་རྙེད་པ་རྙེད་དོ་རྙེད་པ་མ་ཡིན་ཞིང་ཉེས་པོ་རྙེད་དེ ་ལེགས་པ་རྙེད་པོ་མ་ཡིན་ནོ།ཞེས་འགྱོད་པར་བྱའོ།།དགེ་སློང་མ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མི་གང་བ་སོའམ།རུས་པ་འམ།རཱ་ལས་ཁབར་བྱེད་དུ ་འཇུག་ན་བཅག་ནས་ལྟུང་བྱེད་དོ།།དགེ་སློང་མས་དགེ་འདུན་གྱི་ཁྲི་འམ་ཁྲིའུ་བྱིང་དུ་འཇུག་ན་རྩ་བོ་བུ་ཁར་འཇུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚོད་བྱེད ་དུགཞུག་པར་བྱའོ།།དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།།ཡང་དག་སློང་མ་གུང་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་ཤིང་དམ་ཤིང་བལ་འདུལ་ལམ་འདུལ་དུ་འཇུག ་ན་བསྡུས་ནས་ལྟུང་བྱེད་དོ།།དགེ་སློང་མས་གདིང་བ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག།དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ།སྲིད་དུ་བདེ་བར ་གཤེགས་པའི་མཐོའི་མདོ་དང་།ཞེང་དུ་མཐོ་ཕྱེད་དོང་ངོ་།།སྲིད་མཐོ་གང་གིས་སྲིངས་ཤིང་།དེ་ལས་ལྷག་པར་བྱད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།།ཡང་དགེ་སློང་མས་གཡན་པ ་དགབ་པ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག།དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ།སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི།ཞིང་དུ་མཐོ་དྲོའོ།།དེ་ལས ་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྷུང་བྱེད་དེ།།ཡང་དགེ་སློང་མེ་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ།བདེ་བར་གཤེགས་པའི་ཆོས ་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྷུང་བྱེད་དོ།།དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ།སྲིད་དུ་བོང་བར་གཤེགས་པའི་མཐོའི་མཐེ་བཅུ།ཞེང་དུ་མཐ ་དྲུག་སྟེ།དེ་ལ་དེ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ།།དེ་ལྟར་བདུན་ཅུ་རྩ་གཉིས་པོ་དེ་དག་ནི་དགེ་སློང་དང་ཐུན་མོང་ཡིན་པར་འདོད་དོ།།དགེ་སློང་མ་རྣམས་ཀྱི་བརྒྱ ་བརྐྱང་ནི་འོག་ནས་འབྱུང་སྟེ།སྤྱི་སྡོམ་ལ།མ་ལོན་འདྲིད་དང་ནད་གཡོག་དང་།ཉན་དང་ཁྲི་གཅིག་པུ་ཤེལ་ཅི།མཆིལ་ལྷམ་སྒྲོག་སྐྱ་ཆོས་དང་ནི།།འདུན ་དང་མི་འགྲོ་ཐ་མ་ཡིན།།སྡོམ་ལ།མ་ལེན་འཁོར་དང་འཁོར་མང་པོ།།བཅུ་གཉིས་ཉི་ཤུ་ཁྱིམ་སོ་གཉིས།།མ་བསླབས་པ་དང་བསླབས་པ་དང་།།ཆོས་འཚོང་སྡེ་ཚན་བསྡུས་པ ་ཡིན།།ཡང་དགེ་སློང་མ་གང་བདག་ཉིད་བསྙེན་པར་རྫོགས་ནས་ལོ་གཉིས་མ་ལོན་པར་གཞན་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ ་གང་འཁོར་ཉེ་བར་འཇོག་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་འཁོར་མང་པོ་ཉེ་བར་འཇོག་ན།དགེ་འདུན་གྱིས་གནང་བ་མ་གཏོག ་ཏེ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ ་གང་ཤོས་བཞིན་དུ་བུད་མེད་ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བུད་མོད་ཁྱིམ་སོ་མ་བཟུང་བ་ལོ་བཅུ་གཉིས ་ལོན་ཀྱང་ལོ་གཉིས་སུ་ཆོས་དྲུག་དང་རྗེ་སུ་འཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་མ་བྱིན་པར་བསྙོན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་དང་བུད་མེད་ཁྱ ་སོམ་བཟུང་བ་ལ་ཉི་ཤུ་ལོན་ཡང་ལོ་གཉིསུ་ཆོས་དྲུག་དང་རྗེ་སུ་འཐུན་པའི་ཆོས་དྲུག་ལ་བསླབ་པའོ་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དུད ་མེད་ལོ་གཉི་སུ་ཆོས་དྲུག་དང་རྗེ་སུ་འཐུན་པའི་ཆོས་དྲུག་ལ་མ་བརླབས་པ་བསྙེན་པར་རྫོགས་པར་བྱེད་ནི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ལོ་གཉིས་ཆོས་དྲུག་དང་རྗེ་སུ་འཐུན་པའི་ཆོས ་དྲུག་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བུད་མེདོ་བསྙེན་པར་རྫོགས་པར་འདོད་པ་ལ་འདི་སྐད་ཅེས་གལ་ཏེ་ཁོ་མོ་ལ་གོས་སྦྱིན་པ་ལྟ་ན།དེའི ་ཕྱིར་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ནི་ལྟུང་བྱེད་དོ།།སྡོམ་ལ།འདྲ་དང་ལོ་རེ་མ་གནང་དང་།།འཁྲུལ་སྐམ་མྱ་ངན་རྩ་བ་ཀྲོལ་དང་།།ཕན་མི་འདོགས་དང་མི་འདྲེན་དང་།།བསླངས ་པོ་དག་ལ་མི་སློབ་པའོ།།ཡང་དགེ་སློང་མ་གང་ཁྱིམ་བདོག་མོ་ལ་འདི་སྐད་ཅེས་ཁྱོད་ཁྱིམ་སོ་ཐོང་ཤིག་དང་ཕྱིས་རབ་ཏུའིབྱུང་བ་མི་དགའོ་ཞེས་སྨྲ་བ་དེའི་འོག་ཏུ་རབ་ཏུ་འབྱིན་ནི་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ལོ་རེ་རེ་ཞིང་རབ་ཏུ་འབྱིན་ནོ་ལྟུང་བྱེད་དོ།།ཡང་དགེ་སློང་མོ་གང་ཤེས་བཞིན་དུ་བུད་མེད་བདག་པོས་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང ་ཤེས་བཞིན་དུ་བུད་མེད་འཁྲུལ་པ་མོ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཤེས་བཞིན ་དུ་བུད་མེད་མྱ་ངན་གྱིས་གཟིར་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་ཅེབ་ཀྲོལ་ཅན་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།།ཡང་དགེ ་སློང་མ་གང་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་ནས་ཕ་ན་མི་འདོགས་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པོར་བྱས་པ་དག་ལ་བར་ཆད ་མཐོང་བ་མི་འདྲེན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གོང་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་ནས་བསླབ་པ་དག་ལ་སློབ་ཏུ་མི་འཇུག་ན་ལྟུང་བྱེད་དོ།།སྡོམ་ལ།ནད་གཡོག་རྒྱ ་སྐྱེགས་སོར་མོ་དང་།།ཐལ་མོ་སྤུ་དང་དབེན་གཉི་དང་།།བླ་གབ་མེད་པ་གཉིས་དང་ནི།།རྣ་བར་བ་ཤུབ་ཅིང་སྨྲ་བའོ།།ཡང་དགེ་སློང་མ་གང་ལྷན་ཅིག་གནས་པ་དང་།།ཉེ་གནས་ན་བ་དག་ལ ་ནོད་གཡོག་མི་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རང་གི་བསྟེན་པར་བྱ་བའི་ནང་དུ་རྒྱ་སྐྱེགས་ཀྱི་ཚང་བུ་བཅུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བསྟེན་པར་བྱ་བའི་ནང་དུ ་སོར་མོའི་ཚིགས་གཉིས་བཟླས་ཏེ་འཁྲུ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གོང་བསྟེན་པར་བྱ་བོ་ལ་ཐལ་མོས་སྡིག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གསང་བའི་ཕྱོགས་ཀྱི་སྤུ ་འཇོག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མོ་གང་ཁྱིམ་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་ན་འགྲེང་ན་ལྟུང་བྱེད་དེ།།ཡོང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས ་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཁྱིམ་པ་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་ན ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཁྱིམ་པའི་རྣ་དར་བྲྀ་ཤུབ་ཅིང་སྨ་ན་ལྟུང་བྱེད་དོ།།སྡོམ་ལ།ཉན་དང་དགེ་སློང་རྣམ་གཉིས་དང་།།རིག་པ་གཉིས་དང་རྨ་འགྲོལ་དང་།།བུ་དང་ཁྱིམ་དང་མ ་རྟགས་དང་།།མཚན་མོ་གཅིག་པ་ཉལ་བའོ།།ཡང་དགེ་སློང་མ་གང་ཁྱིམ་པོ་ལས་རྣ་རེ་བ་ཤུབ་ཅིང་སྨྲ་བ་ཉན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་སློང་གི་རྣར་བ་ཤུབ་ཅིང་སྨ་ན་ལྟུང ་བྱེད་དོ།།ཡང་དགེ་སློང་མ་དགེ་སློང་གི་རྣར་བེ་ཤུབ་ཅིང་སྨྲ་བ་ཉན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཁྱིམ་པི་ལས་རིག་པ་ལེན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཁྱིམ་པ་ལས་རིག་པ ་ཀློག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་སླར་ཐབས་ཀྱིས་རྨ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བུ་འཚོང་ན་ལྟུང་བྱེད་དོ།།ཡང་དགྲ ་སློང་མ་གང་ཁྱི་མི་བདག་ལ་མ་དྲིས་པར་ཁྱིམོ་གཞན་དུ་མཚན་མོ་ཉལ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་མི་རྟོགས་པར་མཚན་མོ་སྐྱབས་ཡོད་པར་ཉལ་ནི་ལྟུང་བྱེད་དོ།།ཡང་དགེ ་སློང་མ་གང་དགེ་སློང་མ་གཞན་མེད་པར་གོནས་ཁང་དུ་མཚན་མོ་ཉ་བ་ན་ལྟུང་བྱེད་དོ།།སྡོམ་ལ།ཁྲི་གཅིག་ལ་ནི་ཉལ་བ་དང་།།དྲིལ་ཕྱི་པྱོད་པ་རྣམ་ལྔ་དང་།།བཀྲུ་བཤོལ་བྱེད་དང་དྲི་ཞིམ ་དང་།།འབྲུ་མར་དང་ནི་ཆུ་ཁྲུ་སོ།།ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་དུ་ཉལ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རང་གི་ལུས་ལ ་དགེ་སློང་མ་དྲིལ་ཕྱི་བྱེད་དུ་འཇུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རང་གི་ལུས་ལ་དགེ་སློབ་མ་དྲིལ་ཕྱི་བྱེད་དུ་བཅུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རང་གི་ལུས་ལ་ཁྱིམ་པ་མོ ་དྲིལ་ཕྱི་བྱེད་དུ་བཙུག་ནི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རང་གི་ལུས་ལ་ཀུན་ཏུ་རྒྱ་མོ་དྲིལ་ཕྱི་བྱེད་དུ་བཅུག་ནི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རང་གི་ལུས་ལ་བུད་མེད་བཀྲུ་བ་ཤལ་བྱེད ་དུ་བཅུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རང་གི་ལུས་ལ་རྫས་དྲི་ཞིམ་པོ་སྐུད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མོ་གང་རང་གི་ལུས་ལ་འབྲུ་མར་གྱི་ཚིགས་མ་སྐུད་ན་ལྟུང་བྱེད་དོ།།ཡོང ་དགེ་སློང་མ་གང་ལག་པ་སྦྲེལ་ཏེ་ཆུར་ཁྲས་བྱེད་ན་ལྟུང་བྱེད་དོ།།སྡོམ་ལ།པུ་ཤོལ་ཅི་དང་སོ་མངས་དང་།།སྨིག་ཤད་གསུམ་དང་སྐྲ་བསྙེན་དང་།།རྒྱན་དང་བྲོ་རྡང་གླུ་ལེན་དང་།།རོལ་མོ ་བྱེད་དང་གདུགས་ཐོགས་པའོ།།ཡང་དགེ་སློང་མ་གུང་པོ་ཤེལ་ཅིས་སྐྲ་འཆད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་སོ་མངས་ཀྱིས་སྐྲ་འཆད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ ་གང་སྨྱིག་ཤད་ཀྱིས་སྒྲ་འཆད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་པུ་ཤེལ་ཅི་དང་སོ་མངས་དང་སྨིག་ཤང་དང་གསུམ་ཅར་གྱིས་སྐྲ་འཆང་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་སྒྲ་བརྙན ་ཐོགས་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཁྱིམ་པ་མོའི་རྒྱན་ཐོགས་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བྲོ་རྡུང་ན་ལྡང་བྱེད་དོ།།ཡང་དགེ་སློང་མ་གང་གླུ་ལེན་ན་ལྟུང་བྱེད་དོ།།ཡང་དགེ་སློང ་མ་གང་རོལ་མ་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བདུག་ཐོགས་ན་ལྟུང་བྱེད་དོ།།སྡོམ་ལ།མཆིལ་ལྷམ་ཁྲེའུ་ཕྱིས་གྲནོན་དང་།།སྤྱན་དང་སྐུད་པ་ཁྱིམ་ལས་དང་།།རྗེན་པ་འཚད་དང ་གོས་དང་ནི།།ཟས་འཆིང་པོ་དང་ལྷོ་མདུན་ནོ།།ཡང་དགེ་སློང་མ་གང་མཆིལ་ལྷོམ་གྱོན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གོང་ཁྲིལ་འདུག་པའི་བསྙེན་བཀུར་ཉམ་སུ་ལེན་པར་བྱེད་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཁྱིམ་གཞན་དུ་མ་བསྒོ་བར་སྟན་ལ་ཕྱིས་གནོན་བྱས་ཏེ་འདུག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཆོས་སྟོན་པ་ན་ཁྱིམ་པའི་སྟེན་སྤྱད་པ་མ་གཏད་པར་འགྲེན་ལྟུང་བྱེད་དེ།། ་ཡང་དགེ་སློང་མ་གང་སྐྲོད་པ་འཁལ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གོང་ཁྱིམ་གྱི་ལས་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རྗེན་པོ་འཚད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་སློང ་མའི་ཚོགས་ཀྱི་གོས་བདག་གིར་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཟོས་འཚོང་ན་ལྟུང་བྱེད་དེ།།ཡང་དགེ་སློང་མ་གང་ལྟོ་མདུན་གྱི་ཟས་ཟོས་ནས་སྐྱོན་ལས་ལངས་ཏེ་ཡང་ཟ་ན་ལྟུང་བྱེའོ།།། ་སྡོམ་ལ།སྒོག་སྒྲ་སྨྲེ་གབ་ཚུགས་དང་།།ལོ་བྲུར་འཇུག་པ་དང་དགེ་སྦྱོང་གོས།།རྗེ་དང་བསྔགས་པ་ཁྱིམ་དང་ནི།།གནས་དང་རྙེད་པའི་སར་སྣའོ།།ཡང་དགེ་སློང་མས་སྒོག་སྐྱ་ཟོས་ན་ལྟུང་བྱེད་དེ ་ཡང་དགེ་སློང་མ་གང་སྟུག་པ་མི་འཆང་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཆུ་གོས་མི་འཆང་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བཅུ་བ་ཤམ་པན ་གས་འཁྱུར་འཚལ་ན་སྲུང་བྱེད་དོ།།ཡང་དགེ་སྦྱོང་མ་གང་དགེ་སྦྱོང་གི་གིས་ཁྱིམ་པ་ལ་དགེ་ཕྱིར་སྦྱི་ནི་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་འཁོར་གན་པ་ལ་ཆོས་གིས་སྣུམ་སྟ།རྣས ་ནུ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་བསྔགས་པ་ལ་སར་སྣ་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཁྱིམ་པོ་ལྔ་སེར་སྣ་བྱུང་ན་ལྟུང་བྱེད་དོ།།གང་དགེ་སློང་མ་གང་གནས་ལ་སར་སྟེ ་བྱེ་ནི་མྱོང་བྱེད་དོ།།ཡང་དགེ་སློང་མ་གང་རྙེད་པ་ལ་སེར་སྐུ་བྱེད་ནོ་ལྟུང་བྱེད་དོ།།སྣུམ་ལ།ཆོས་དང་སྐྱེད་པོ་རྣམ་གཉིས་དང་།།གླིང་དང་མནོའ་འདིར་རྡེག་པ་དང་།།བསྐུས་ཟངས་སྤྱོང་རྗེ ་འཛེར་དང་།།འཁྲུག་ལང་ཡལ་བར་འདོར་བའོ།།ཡང་དགེ་སློང་མ་གང་ཚིས་ལ་སིར་སྣ་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་འོདམ་རངས་ནས་དཔྱ ་འང་ས་དགེ་སློང་མ་དྷཱད་ན་ལྟ་བྱེད་པ།།ང་དགེ་སློང་མ་གང་ཁྱིམ་གཞན་ན་དགེ་སློང་མོ་སྟནས་གནས་པར་ཤེས་བཞིན་དུ་བྱིས་འོངས་ཏེ་སྤྱོད་པར་བྱེད་ན་ལུང་བྱེད་དོ།།ཡང་དགེ་སྒྱུང ་རང་ལེགས་པར་མཐོང་བ་ག།།ཐོས་པ་དང་།དགས་པ་མེད་པ་དགེ་སློང་མའི་ལྟུང་བ་གླེང་ནི་ལྷུང་བྱེད་དོ།།ཡང་དགེ་སློང་མགོ་མནའ་འང་ནི་ལྟུང་བྱེད་།།སོང་དགེ་སློང་མ་གང་ཁྲིས ་འཁྲུགས་རྔམ་པར་གྱུར་ཏོ་ཡིད་མ་རངས་ནས།།བདག་ཉིད་ལ་རྡེག་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ་སློང་མའི་ཚོགས་ལ་བསྡུས་ཐབས་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དགེ ་སློང་མའི་ཚོགས་ལ་སྤྱོད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་འཁོར་ག་ཙོ་བ་ལ་ཆུ་འཐུར་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་མཐུ་ཡོད་བཞིན་དུ་དགེ་སློང་མོ་རྣམས་ཀྱི་འཁྲུག་ལོང་ཡལ་བར ་འདོར་ན་ལྟུང་བྱེད་དོ།།སྡོམ་ལཾ།འདུན་པ་གདམ་དག་དབྱར་གནས་དང་།དྲགག་དབྱེ་གས་སྐྱེང་སྲ་བརྐྱང་དང་།།དབྱུང་དང་གོས་འགྱེད་དབྱར་ཁང་དང་།།དབྱར་གྱི་ནང་དུ་ལྗོངས་སྨྲ་བའོ།། ་ཡང་དགེ་སློང་མ་གང་ཞིག་ལོན་པའི་འདུན་པ་འབུལ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མོ་གང་ཟླ་བ་ཕྱེད་བྱེད་ཅིང་དགེ་སློང་ལ་གདམ་ངག་དང་རྗེསུ་བསྟན་པ་མི་ཉན་ན་ལྟུང་བྱེད་དོ།།ཡང་དགེ ་སློང་མ་གང་དགེ་སློང་མེད་པའི་གནསུ་དབྱར་གནས་པར་ཁོས་ལེན་ན་ལྟུང་བྱེད་དོ།།ཡང་དགེ་སློང་མི་གོང་དབྱར་གནས་པས་གཉིས་ཀའི་དགེ་འདུན་ལ་མཐོང་བ་དང་།ཐོས་པ་དང་།དོགས ་པའི་གནས་གསུམ་གྱིས་དགག་དཔེ་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མོ་གང་དགེ་སློང་མེད་པར་གསོ་སྦྱོང་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དབུལ་པོ་སྒྲ་བསྐྱང་སྦྱོར་དུ་འཇུག་ན ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་སྲོ་བརྐྱང་དཔྱོང་བའི་ཐངས་བག་ཡང་སུ་བྱ་བའི་ཚོགས་པ་ཀྱི་སྦྱིན་ན་སུ་བྱེད་དོ།།ཡང་དགེ་སློང་མ་གང་གོས་འགྱེད་པའི་ཕྱིར་འོག་ཡོང་སུ་བྱ་རྨི ་ཕྱིར་ཚོགས་པ་སྦྱིན་པར་མི་བྱེད་ན་ལྟུང་བྱེད་དོ།།ཡང་དགེ་སྦྱོང་མ་གང་དབྱར་ཁང་མ་གཏད་པར་དེ་ནས་གཞན་དུ་འགྲོ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་དབྱར་གྱི ་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ།།སྡོམ་ལོ།མི་འགྲོ་དོགས་པ་མི་མཐུན་དང་།།འཐབ་ཀྲོལ་བྱེད་དང་འདྲི་བ་དང་།།གཅིག་པུ་སྡེ་དང་མེ་བལྟས་པའི།།སྡེ་ཚན་ཐ་མར་བྱས་པ་ཡིནི།།5 ་དགེ་སློང་མ་གང་དབྱར་གནས་དེའི་འོག་རོལ་ཏུ་རྒྱང་གྲགས་ཀྱི་མཐར་མི་འགྲོན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་ཡུལ་འཁོར་དོགས་པ་དང་བཟླས་པར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང ་བྱེད་དོ།།ཡང་དགེ་སློང་མ་གང་ཡུལ་འཁོར་མི་མཐུན་པ་དང་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་གནས་གཞན་དུ་འཐབ་ཀྲོལ་བྱེད་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་སྐབས་མ་ཕྱེ་བར་འདྲི་ན་ལྟུང་བྱེད་དོ།།ཡང་དགེ་སློང་མ་གོང་གཅིག་པུ་ཕྱི་སོར་འགྲོ་འ་ལྟུང་བྱེད་དོ།།ཡང་དགེ་སློང་མ་གང་རྩཝ་སྔོན་པོའི་སྟོང་དུ་བཤང་ག་ཅི ་འདོར་ན་ལྡང་བྱེད་དོ།།ཡང་དགེ་སློང་མ་གང་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་གཅི་འདོར་རོ་ལྟུང་བྱེད་དོ།།བཻ་ར་སྡོམ་ལ།ཐུན་མོངས་མིན་པ་བ་རྒྱ་སྡེ་བརྒྱད།།དགེ་སློང་མཐུན་མོང ་བདུན་ཅུ་གཉིས།།བརྒྱ་དང་བརྒྱད་ཅུར་གནས་པ་དག།ལྟུང་བྱེད་འབའ་ཞིག་གྱུར་པ་ཡིན།།སྐྲོད་དང་མོ་བསྐོས་ཉི་ནུབ་དང་།།ཟོས་དང་ཆོས་གོས་གཉིས་དག་དང་།།དོན་འཐུན་གྲུ་དང ་དབེན་པ་གཉིས།།སྦྱོར་བཅུག་ཡང་ཡང་བསད་པ་དང་།།ཉལ་སར་འདུག་དང་འགྲང་བ་དང་།།རྡེང་དང་ཉི་ཤུ་མཱ་ལན་དང་།།རས་ཆེན་ལྟུང་བ་བཅཝ་བརྒྱད་པོ་དག་བསྐོལ་བའི་ལྷག་མ་འདང ་འདོད་དེ།།འཕགས་མ་དག་བདག་གིས་ལྟུང་བྱེད་ཀྱི་ཆོས་བརྒྱ་བརྒྱད་ཅུ་པ་དག་གཏོན་ཟིན་ཏོ།།དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།།ཅི་འདི ་ལ་ཁྱེད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།།འདི་ལ་འཕགས་མ་དག་ཡང་སུ་དག་ན་འདི་ལྟར་ཅང་མི་སླངས་དེ་དེ་བཞིན་དུ་འཛིན་ཏེ།།སྡོམ་ལ།ཧོ་མ་ཞོ་དང་མར་དང་ནི།། ་ཞུན་མར་འབྲུ་མར་སྦྲང་རྩི་དང་།།དབུ་པ་ཉ་ཤ་ཤ་དང་ནི།།ཤ་སྐུམ་བསླབ་སྡོམ་བྱིན་པའོ།།འཕགས་མ་དག་སོ་སོར་བཤེགས་པར་བྱ་བའི་ཆོས་བཅུ་གཅིག་པོ་འདི་དག་ནི་ཟླ་བ་ཕྱེད ་སྤྱོད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལྔ་འབྱུང་ངོ་།།ཡང་དགེ་སློང་མ་གང་མིན་པར་གཞན་གྱི་ཁྱིམ་ནས་བདག་གིས་དོན་དུ་འོམ་བརླངས་ཏེ་འཐུང་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁོང་དུ ་སོང་སྟེ།དགེ་སློང་མ་རྣམས་ལ་འཕགས་མ་དགེ་བདག་ལ་སྨད་པར་བྱ་བླའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་པར་བྱ་སྟེ།ཆོས་འདི་ནི་སོ་སོར ་བཤེགས་པར་བྱ་བའོ།།ཡང་དགེ་སློང་མ་གང་མི་ན་བར་གཞིན་གྱི་ཁྱིམ་ནས་བདག་གི་དོན་དུ་ཞོ་དང་།མར་དང་།ཞུ་མར་དང་།འབྲུ་མར་དང་།སྦྲང་རྩི་དང་།བུ་རམ་ཀྱི་དབུ་བ་དང་།ཉ་ཤ་དང་། ་ཤ་དང་།ཤ་སྐམ་མ་བླངས་ཏེ་འཐུངས་སམ་ཟོས་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ།དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྤྲད ་པའི་གནས་མི་རིགས་པ་སོ་སོར་བཤེགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགསོ་ཞེས་སོ་སོར་བཤགས་པར་བྱ་སྟེ།ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ།།སློབ་པ ་དག་གི་ཁྱིམ་གང་དག་ན་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་པ་ལ་དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས ་པ་དེ་ལྟ་བུ་དག་ཏུ་སྔར་འགྲོན་དུ་མ་བོས་པར་སོང་སྟེ།རང་གི་ལག་གིས་བཅའ་བ་དང་།བཟའ་བ་བླངས་ནས་འཆའ་འམོ་ཟན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ།དགེ ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་འདི་ཡང་སོ་སོར་ཆགསོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ་ཆེས་འདི་ཡང་སོ་སོར་བཤགས་པར་བྱ་བའོ།།འཕགས་མ་དག་བདག་གིས་སོ་སོར་བཤགས་པར་བྱེ་བའི་ཆོས་བཅུ་གཅིག་པོ་འདི་དག་བཏོན་ཟིན་ཏོ།།དེ་ལ་བདག་གིས་འཕག ་མ་དག་ལ་ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།།ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།།འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅང ་ནམས་རྣ་པནན་དུ་འ་ཏེ།།རྣམས།ཤེས་བླངས་ས་ན་དང་།རླུང་ག་གས་ས་ནམ་གསུས་བ། མམ་མ་ཐོགས་བདུ།མག་ག་ནགས་སུ་གས་མ ་གས་མ་པྤུ་།། སོགས་པ་མི་པ་ཧཱུ~ཾ།།ན་བརྒྱུ་། ན་ཤྠ་ཀྱྀད་རྣམ།འག་མ་དག་གས་པར་མ ་དྲིཀུན་རློ་བྱེད་གི་སྣོར་བྱེར་པའི་འོད་ལྡདུན་པ་ལས་གྱུ་།མ་གྲུ་རྒྱུམ་པོའི་སྐྱེ་བར་ཅཝས་པ་གྶ།བརྫས་པམ་ཡིན་པ་དང་། འཇམ་པ་མ་ཡིན ་།།ཀླུང་པོ་ཚོའི་སྣ་སྦྱོར་མ་ཡིན་པ་དང་།ཏ་ལ་འི་ལི་མ་ལྟར་མ་ཡིན་པ་དང་།།འགྱུ་རྒྱུ་མི་སྟེར་མ་ཡིན་པ་དང་།།སྦྲུལ་མིགའི་གནས་ཀ་མ་ཡིན་པ་དང་།།ཤམ་ཐཔས་མྱེད་པ་སྣང་། ་མི་དག་པར་སྒྲུབ་པར་བྱའོ།།ཆོས་གོས་ཟླུམ་པར་བགོ་བར་བསླབ་པར་བྱའོ།།ཆ་མི་གསོ་ཧ་ཙང་བརྫེས་པ་མ་ཡིན་པ་དང་།།ཧ་ཅང་འཛེམ་པ་མཾ་ཡིན་པར་བསྒོ་བར་བསླབ་པར་བྱའོ།།ཤིན་ཏུ ་བསྡམས་པ་དང་།ལེགས་པར་བ་ཤོས་པ་དང་།སྒྲ་སྣང་བ་དང་།མིག་གོ་ཡེང་བར་མི་བྱ་བ་དང་།གྷནའ་ཤིང་ག་ཙམ་སྟེ་ཞིང་འགྲོ་བ་དང་།ཆགས་པར་གྱུར་ཅིང་ཁྱིམ་གཞོན་དུ་མི་སྒྲ ་འརེ་ཟབ་པར་བྱའོ།།མག་མ་གཅིག་པ་དང།མི་རྗེ་བ་ད་།མིག་བ་དང་།གཏ་གྲོ་མ་སྩོལ་བ་དང་།ལྷག་པར་མི་བསྣོལ་པ་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། ་མི་འཕྱོང་བ་དང་།མི་བསྐྱང་བ་དང་།ཅོག་པུ་མ་ཡིན་པ་དང་།བྲང་བས་མ་ཡིན་པ་དང་།དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།།ལུས་མི ་བསྒྱུར་བ་དང་།ལག་པ་མི་དཀྱིག་པ་དང་།མགོ་མི་བསྒྱུར་བ་དང་།ཕྲག་པ་མི་སྤྱད་པ་དང་།ལག་པ་མེ་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།།སྟན་ལ་མོ་བརྟགས་པ་དང ་ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་མི་དབབ་པ་དང་།རྐང་པ་མི་བསྣོལ་བ་དང་།བརླ་མི་བསྣོལ་བ་དང་།ལོང་བུའི་སྟེང་དུ་ལང་པུ་མི་གཞག་པ་རྐང་པ་མི་འགུག་པ་དང་།རྐང་པ་མི་གདང་བ་དང་། ་འདྲོ་མས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ།།ལེགས་པར་ཟས་བླང་བར་བསླབ་པར་བྱའོ།།མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང་།ཚེད་མ་དང་མཉམ་པར་མ ་ཡིན་པ་དང་ཐར་ཆགས་དང་།ལྟུང་པ་བྲེད་ལ་ལྔ་བ་དང་།བཅའ་བ་དང་།བབྲའ་བ་མ་འོངས་པར་ལྷུང་བབྲེད་མི་བཟད་པ་དང་།ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཆོད་མ་མི་དགབ་པ ་དང་།ཆོད་མས་འབྲས་ཆན་མི་དགབ་པ་དང་།བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་བཟོད་པར་བསླབ་པར་བྱའོ།།སྡོམ་ལ།ཟས་ལོ་ལེགས་པར་བྱ་བ་དྲུག།ཙུག་ཙུག་ལ ་སོགས་རྣམ་པ་ལྔ།།འབྲུ་ནས་ཐ་དང་བྱེད་པ་ལྔ།ལག་པ་ལྡག་ལ་སོགས་པ་ལྔ།ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ།།ཧ་ཅང་ཁམ་ཆུང་བ་འམཽ།ཧ་ཅང་ཁམ་ཆེ་བ་མ་ཡིན ་བ་དང་།ཁམ་རན་པ་དང་།ཁམ་མ་གཟས་པར་ཁ་མོ་གདང་བ་དང་།ཁ་ཁམས་ཀྱིས་བཀང་སྟེམ་སྨྲ་བར་བསླབ་པར་བྱའོ།།དྲུག་དྲུག་མི་བྱ་བ་དང་།ལྷག་བལྟ་ག་མི་བྱ་བ་དང་།ཧུ་དུ་མོ་བྱ་བ ་དང་།ཕུ་ཕུ་མི་བྱ་བ་དང་།ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ།།འབྲུ་ནས་ཐ་དད་དུ་མི་བྱ་བ་དང་།འཕྱས་མི་གདགས་པ་དང་།འཁུར་བ་མི་སྤོ་བ་དང་།དོཀན་མི་ཏོག་པ་དང་།། ་ཁམས་ཕྲོར་མཽ་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ།།ལག་པ་མི་བལྡག་པ་དང་།ལྷུང་པོ་ཟེད་མི་བྱོག་པོ་དང་།ལག་པ་མི་སྐྲག་པ་དང་།ལྷུང་བཟེད་མི་སྐྱམ་པ་དང་།མཆོད་རྟེན ་འདྲ་བར་བཅོས་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ།།སྡོམ་ལ།འཕྱ་ལ་སོགས་པ་རྣམས་པ་བཞི།།ལྷུང་བཟེད་ལ་ཡང་རྣམ་པ་བཅུ།།འགྲེང་བར་བྱེད་ལ་སོགས་པ་ལྔ།།མགོ་གཡོགས ་ལ་སོགས་རྣམ་པ་ལྔ།།དོ་ཀེར་ཅན་ལ་སོགས་པོ་ལྔ།།གླང་ཚེན་ལ་སོགས་བཞོན་པ་ལྔ།།ལག་ནཱ་འཁོར་བ་ལ་སོགས་དྲུག།ན་བ་རྣམ་པ་གསུམ་རྣམསོ།།དྲུང་ན་འདུག་པའི་དགེ་སློང ་མའི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱའོ།།ལག་པ་ཟས་དང་འབིགས་པས་ཆུ་སྣོད་ལ་མི་བཟུང་བར་བསླབ་པར་བྱའོ།།དྲུང་ན་འདུག་པའི་དགེ་སློང་མཱ་ལ་ཟླ་དང ་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱའོ།།ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུབ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པོར་བྱའོ།།ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱིས ་ལྷག་མ་བླུགས་ཏེ་མི་དབོ་བར་བསླབ་པར་བྱའོ།།འོག་གཞི་མེད་པའི་ས་ཕྱོགསསུ་ལྷུང་བཟེད་མི་བཞག་པར་བསླབ་པར་བྱའོ།།གང་ཁ་མ་ཡིན་པ་དང་།ག་ཡང་ཁ ་མ་ཡིན་པ་དང་།དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཞག་པར་བསླབ་པར་བྱའོ།།འགྲོང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱའོ།།གང་ཁ་མ་ཡིན་པ་དང་།གཱ་ཡང་ཁ་མ ་ཡིན་པ་དང་།དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱའོ།།འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་པར་བསླབ་པར་བྱའོ།།མི་ན་པར་འདུག ་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ།།མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ།།མི་ནུ་བར་སྟན་མཐོན་པོ་ལ་འདུག་པ་ལ་སྤྱན་དམའ་བ་ལ་འདུག་སྟེ ་ཆོས་མི་བཤད་པར་བསླབ་པར་བྱའོ།།མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ།།མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང ་ཆོས་མི་བཤད་པར་བསླབ་པར་བྱའོ།།མིན་བྱར་མགོ་གཡོགས་པ་དང་།བརྫེས་པ་དང་།གཟར་བ་དང་།གཉའ་གོང་དུ་བསྣོལ་བ་དང་།ལྷགས་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསྐྱ ་པར་བྱའོ།།མི་ན་བར་སྒྲ་དཀར་ཅན་དང་།ཞྭ་གྱོན་པ་དང་།མགོ་ཅོད་པན་ཅན་དང་།མགོ་ཕྲེང་བ་ཅན་དང་།མགོ་དཀྲིས་པ་ལི་ཆོས་མི་བཤད་པར་བསླབ་པར་བྱའོ།།མིན་བར་གླང་པོ་ཞན ་པ་དང་།རྟ་ནོན་པ་དང་།ཁྱོགས་ན་འདུག་པ་དང་།གཞོན་པའི་སྟེང་ན་འདུག་པ་དང་།མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།།མིན་པར་ལག་ན་འཁར་བ་ཐོགས་པ་དང་། ་ལག་ན་གདུགས་ཐོགས་པ་དང་།ལག་ན་མཚོན་ཐོག་པ་དང་།ལག་ན་རལ་གྲི་ཐོག་པ་དང་ལག་ན་དག་ཆ་ཐོག་དང་།གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་པོསླབ་པར་བྱའོ།།མི་ན་བར་འགྲེང་སྟེ་བེཤད་བརྩི ་མི་བྱ་བར་བསླབ་པར་བྱའོ།།མི་ན་བར་ཆུའི་ནང་དུ་བཤང་གཅི་དང་།མཆིལ་མ་དང་།སྣབས་དང་སྐྱུགས་པ་དང་།རླུགས་པ་མི་དོར་བར་བསླབ་པར་བྱའོ།།གནོད་པ་བྱུང་བ་མ་གཏོགས་པར ་ཤིང་ལ་མི་གང་ཙམ་ལོས་མཐོར་མི་འཛེག་པར་བསླབ་པར་བྱའོ།།འཕགས་མ་དག་བདག་གིས་བསླབ་པའི་ཆོས་མང་པོ་དག་བཏན་ཟིན་ཏོ།།དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི ་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།།ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།།འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་བཞིན་དུ་འཛིན ་ཏོ།སྡོམ་ལ།མངོན་སུམ་དྲན་པར་མ་མྱོས་དང་།།དེ་བཞིན་གང་མང་ངོ་བོ་ཉིད།།རྩཝ་རྣམས་བཀྲམ་པ་ལྟ་བུ་དང་།།ཁས་བླང་བར་ཡང་བྱ་བའོ།།འཕགས་མ་དག་རྩོད་པ་ཞི་བར་བྱ་བའི་ཆོས ་འདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།།མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ།།དྲན་པས་འདུབོ་བར་འོས་པ ་ལ་དྲན་པས་འདུལ་བ་སྦྱིན་ནོ།།མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ།།གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ནོ།།དེའི ་ངོབོ་ཉིད་ཚུལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་བ་སྦྱིན་ནོ།།རྩཝ་བཀྲམ་པ་ལྟ་བུར་འོས་པ་ལ་རྩཝ་བཀྲོམ་པ་ལྟ་བུ་སྦྱིན་ནོ།།གང་ཁོས་བླང་བར་འོས་པ་ལ་ཁས་བླང་བར་བྱའོ།།རྩོད ་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང་།འདུལ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་དུལ་བར་བྱ།ཞི་བར་བྱ།རྣམ་པར་ཞི་བར་བྱའོ།།འཕགས ་མ་དག་བདག་གིས།རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།།དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངསུ་དག་གམ་ཞེས་དྲིའོ།།ཅི་འདི་ལ་ཁྱེད་ཡོངསུ་དག ་གམ་ཞེས་ལནྡ་གཉིས་ལན་གསུམ་དུ་དྲིའོ།།འདི་ལ་འཕགས་མ་དག་ཡོངསུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།།འཕགས་མ་དག་བདག་གིས་སོ་སོར་ཐར་པའི ་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ།།ཕམ་པར་འགྱུར་བའི་ཆོས་བརྒྱད་དང་།དགེ་འདུན་ལྷག་མའི་ཆོས་ཉི་ཤུ་དང་སྤང་བའི་ལྟུང་བྱེད་ཀྱིས་ཆོས་སུམ་ཅུ་རྩ་གསུམ་དང་།ལྟུང ་བྱེད་ཀྱི་ཆོས་བརྒྱ་བརྒྱད་ཅུ་དང་སོ་སོར་བཤགས་པར་བྱ་བའི་ཆོས་ཅུ་གཅིག་དང་།བསླབ་པའི་ཆོས་མང་པོ་དང་།རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གཏོན་ཟིན་ཏོ།།བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སྣངས་རྒྱས་དེའི་མདོར་གཏོགས་ཤིང་བསྡུས་པ་ནི་འདི་དག་གོ།།གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེསུ་འཐུན། ་པའི་ཆོས་དེ་ལ་ཡང་།ཁྱེད་རྣམས་འདྲེན་པ་དང་།འཐུན་པ་དང་དགའ་བ་དང་མི་བརྩོད་པར་སེམས་ཀུན་ཏུ་བསྲུང་བ་དང་།།དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ།།བཟོད་པ་དཀའ ་ཐུབ་དམ་པ་བཟོད་པ་ནི།།མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།།རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།།གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།།མག་ལྡན་འགྲོ་བ་ཡོད ་པ་ཡིས།།ཉམ་ང་བ་དག་ཇི་བཞིན་དུ།།མཁས་པས་འཚོ་བའི་འཇིག་རྟེན་འདིར།།སྡིག་པ་དག་ནི་ཡོངསུ་སྤང་།།སྐུར་པ་མི་གདབ་གནོད་མི་བྱ།།སོ་སོར་ཐར་པ་འམ་བསྡམ་པར་བྱ།། ་ཟས་ཀྱི་ཚེད་ཀྱང་རིག་པར་བྱ།།བྱས་མཐའི་གནསུ་གནས་པར་བྱ།།ལྷག་པའི་སེམས་ལ་ཡང་དག་སྦྱོར།།འདི་ནི་སངས་རྒྱས་བསྟན་པ་ཡིན།།ཇི་ལྟར་བུང་པ་མེ་ཏྲོག་ལས།།ཁ་དོག ་དྲིལ་མི་གནོད་པར།།ཁུ་བོ་བཞིབས་ནས་འཕུར་བ་ལྟར།།དེ་བཞིན་ཐུབ་པ་གློང་དུ་རྒྱུ།།བདག་གི་རིགས་དང་མི་རིགས་ལ།།བརླག་པར་བྱ་སྟེ་བཞིན་རྣམས་ཀྱི།།མི་མཐུན་པ་དང་གཞན ་རྣམས་ཀྱི།།བྱས་དང་མ་བྱས་རྣམས་ལ་མིན།།ལྷག་པའི་སེམས་ལ་བག་བྱ་སྟེ།།ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།།ཉེར་ཞི་རྟག་ཏུ་དྲན་ལྡན་པའི།།སྐྱོབ་པ་མྱ་ངན་མེད་པ་ཡིན།། ་སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།།ལེགས་བསྡམས་དགྲ་སོགས་མི་འགྱུར།།དགེ་དང་ལྡན་པས་སྡིག་པ་སྤོང་།།ཉོན་མོངས་ཟས་པས་མྱ་ངན ་འདའ།།སྡིག་པ་ཐམས་ཅད་མི་བྱ་སྟེ།།དགེ་བ་ཕུན་སུམ་ཚོགས་པར་སྤྱོད།།རང་གི་སེམས་ནི་ཡོངསུ་གདུལ།།འདི་ནི་སངས་རྒྱས་བསྟན་པ་ཡིན།།ལུས་ཀྱི་སྡོམ་པ་ལེགས ་པ་སྟེ།།ངག་གི་སྡོམ་པ་ལེགས་པ་ཡིན།།ཡིད་ཀྱི་སྡོམ་པའང་ལེགས་པ་ཡིན།།ཐམས་ཅད་དུ་ནི་སྡོམ་པ་ལེགས།།ཀུན་ཏུ་བསྡམ་པའི་དགེ་སློང་ནི།།སྡུག་བསྔལ་ཀུན་ལས་རབ་ཏུ་དེ་གྲོལ། ་ངག་རྣམས་བསྲུངས་ཞིང་ཡིད་ཀྱིས་རབ་སྡམས་ཏེ།།ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།།ལས་ལེམ་གསུམ་པོ་འོད་དག་རབ་སྦྱངས་ན།།དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།།སངས ་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།།འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་།།ཤཱཀྱ་ཐུབ་པ་གོའུ་ཏམ་ལྷོ་ཡི་ལྷ།།མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།།འཇིག་རྟེན ་མིགན་པོ་སྐྱོབ་པ་མཆོག།སངས་རྒྱས་དཔའ་བ་བདུན་པོ་དག།གྲགས་ལྡན་རྣམས་ཀྱི་སྤྲོས་ཐར།།འདི་ན་རབ་ཏུ་རྒྱས་པར་བརྟེན།།འདི་ལ་སངས་རྒྱས་རྣམས་དང་གུང་།།སངས་རྒྱས་ཉ ་ཐོས་རྣམས་ཀྱང་ལུས།།འདི་ལ་གུས་དང་བཅས་གྱུར་པས།།འདུས་མ་བྱས་པ་བྲིས་པར་གྱིས།།བརྩམ་པར་བྱ་ནང་འབྱུང་བར་བྱ།།སངས་རྒྱས་བསྟན་ས་འཇུག་པར་བྱ།།འདས་བུལ་ཁྱིམ ་ལ་གླང་ཆེན་བཞིན།།འཆི་བདག་སྡེ་ནི་གཞོམ་པར་བྱ།།གང་ཞིག་རབ་ཏུ་བག་ཡོད་པར།།ཆོས་འདུལ་བ་འདི་ལ་སྤྱོད་འགྱུར་བ།།སྐྱེ་བའི་འཁོར་བ་རབ་སྤངས་ནས།།སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། ་ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་།།བསྟན་པ་འཕེལ་བར་བྱ་བའི་ཕྱིར།།སོ་སོར་ཐར་པ་འདི་བཏོན་པས།།དགེ་འདུན་གྱིས་ནི་གསོ་སྦྱོང་བྱས།།གང་གི་ཕྱིར་ནི་མིང་བསྟོན་དང་།།གདོ་ཕྱིར་གསོ་སྦྱོང ་བྱས་གྱུར་པས།།ཚུལ་ཁྲིམས་དེ་ན་བསྲུང་བྱ་སྟེ།།གཡག་རྔའི་རྩོམ་རྫི་ངོཞིན་ནོ།།སོ་སོར་ཐར་པ་གཏོན་པ་ཡིན།།བསོད་ནམས་གྲུབ་པ་གང་ཡོད་པ།།དེས་ནི་འཇིག་རྟེན་མ་ལུས་པ།།ཐུབ་དབང་གི ་འོཕང་ཐོབ་པར་ཤོག།དགེ་སློང་མའི་སོ་སོར་ཐར་པའི་མདོ་རྫོགས་སོ།།།དབང་ཕྱུག་དམ་པའི་མངའ་བདག།དཔལ་ལྷ་བ་ཅན་པོའི་བཀའ་ལུང་གིས་འཕགས་པ་གཞི ་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབས་དཔོན་ཛི་ན་མི་ཏྲ་དང་།།ཞུ་ཚོན་གྱི་ལོ་ཙྪ་བཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་