| Wylie | e-texts produced with BDRC’s OCR application |
རྒྱུད་འདི་བསྒྱུར་ཞིང་ཀུན་ལ་གྲགས་ལེགས་མོད།།འོན་ཀྱང་སྒྲ་དོན་གཙུག་ལག་ཇི་བཞིན་དུ།།རྒྱུད་འདི་བློ་བརྟན་གཉིས་པས་ལེགས་པར་བསྒྱུར།།།།རྒྱ་གར་སྐད་དུ། ་ཥེ་ཀོ་ཏད་ཤི།བོད་སྐད་དུ།དབང་མདོར་བསྟན་པ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།།ཟླ་བ་བཟང་པོས་གསོལ་པ།སྟོན་པ་དབང་བསྐུར་རྣམ་བདུན་དང་།།རྣམ ་གསུམ་དེ་བཞིན་བླ་ན་མོད།།འཇིག་རྟེན་འདས་པའི་དངོས་དྲུ་གཱིམྦི།མདོར་བསྡུས་པ་ཡིས་བདག་ལ་གསུངས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ཉོན་ཅིག་ཟླ་བཟང ་དབང་བསྐུར་དོན།།རྣམ་པ་བདུན་དང་རྣམ་གསུམ་མཆོག།རྩ་ཡི་ཀུན་སྤྱོད་རྩོལ་བ་ནི།།མདོར་བསྟན་པ་ཡིས་ཁྱོད་ལ་བཤད།།རྒྱུད་དུ་མདོར་བསྟན་རྣམ་གསུམ་དང་།།རྒྱས་པར་བཤད ་པ་རྣམ་གསུམ་འགྱུར།།རབ་ཏུ་མདོར་བསྟན་མདོར་བསྟན་ཆེ།།རབ་ཏུ་རྒྱས་པར་བཤད་པ་གཞན།།མདོར་བསྟན་རྒྱས་པར་བཤད་པ་ཉིད།།རྒྱུད་ཡང་དག་པར་བསྡུས་པར་བརྗོད།།རབ ་ཏུ་མདོར་བསྟན་རྒྱས་བཤད་པ།།དཀའ་འགྲེལ་ཚིག་ནི་འབྱེད་པའོ།།མདོར་བསྟན་ཆེན་པོ་རྒྱས་བཤད་པ།།འགྲེལ་བཤད་ཐམས་ཅད་དོན་སྟོན་བྱེད།།དེ་ནི་མངོནི་ཤེས་ཐོབ་རྣམས་ཀྱིས ་བྱ་ཡི་མཁས་རྣམས་ཀྱིས་མིན་ཉིད།།དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག།རྡོ་རྗེའི་རྣལ་འབྱོར་རྣམ་བཞི་དང་།།རྫོགས་པའི་བྱང་ཆུབ་བཞི་རྣམས་དང་།།ཕུང་ཁམས་སྐྱེ་མཆེད་རིགས་དྲུག ་རྣམས།།དག་པ་འཇིག་རྟེན་ཁམས་ལ་སོགས།།ལེའུ་ལྔར་ནི་འདོད་རྣམས་ཀྱིས།།བདེན་གཉིས་དང་པོའི་སངས་རྒྱས་འགྱུར།།དུས་ཀྱི་འཁོར་ལོ་མངོན་བརྗོད་བྱེད།།དང་པར་དབང ་བསྐུར་བདུན་པོ་གང་།།བྱིས་པ་རྣམས་ནི་གཞུག་པའི་ཕྱིར།།རྣམ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱིས།།དམ་པའི་དོན་གྱིས་བཞི་པའོ།།བདེན་པ་གཉིས་ཀྱི་ཆོས་རྣམས་ཀྱི།།རྡོ་རྗེ་ཅན ་བདག་གིས་བསྟན་པ།།འཇིག་རྟེན་ཀུན་རྫོབ་བདེན་པ་དང་།།དམ་པའི་དོན་གྱིས་བདེན་པས་སོ།།ཆུ་དང་ཅོད་པན་དང་དབྱངས་དང་།།རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ།།མིང་དང་རྗེས་གན་དུ་ཡང་དག་ལྡན།། ་དབང་བསྐུར་རྣམ་བདུན་མི་ཡི་བདོག།ལུས་ངག་སེམས་ནི་ལེགས་དག་པ།།མངོན་པར་དབང་བསྐུར་གཉིས་གཉིས་སོ།།རྗེས་གནང་ཡེ་ཤེས་ཡང་དག་དག།གཞན་པ་ཁམས་སོགས་དག་པོ ་ལས།ནི་ཆུ་ནི་ཁམས་ཀྱི་དག་པ་སྟེ།།ཅོད་པན་ཕུང་པོ་རྣམ་སྐྱོང་བྱེད།།དར་དབྱངས་ཕ་རོལ་ཕྱིན་པ་དག།རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ།།སངས་རྒྱས་སྐད་རྒྱུན་མི་འཆད་པ།།ཉི་ཟླ་ཅིག་ཏུ་དག་པར་བྱེད།།། ་ཡུལ་དང་དབང་པོ་ལེགས་དག་པ།།འཕོ་མེད་རྡོ་རྗེའི་བརྟུལ་ཞུགས་འགྱུར།།མིང་ནི་བྱམས་སོགས་ཡང་དག་དགེ།རྗེས་གནང་སངས་རྒྱས་ཉིད་དག་བྱེད།།དབང་བསྐུར་བདུན་པོ་འདི་རྣམས་ཡིན།། ་དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ།།བུམ་པ་གསང་བའི་དབང་བསྐུར་དང་།།ཤེས་རབ་ཡེ་ཤེས་མངོན་བརྗོད་པ།།སླར་ཡང་ཤེས་རབ་ཆེན་པོ་ཉིད།།དེ་ཡི་ཡེ་ཤེས་མངོན་བརྗོད་བྱེད།། ་འགྱུར་དང་འགྱུར་བ་དེ་ནས་འཇོག།དེ་ནས་གཞན་ཡང་མི་འཛག་པའོ།།ལུས་ངག་སེམས་ནི་ལེགས་དག་པས།།དབང་བསྐུར་གསུམ་པོ་རིམ་པ་ཡིས།།བཞི་པ་ཡེ་ཤེས་ཡང་དག་དག།ལུས ་ངག་སེམས་ནི་དག་པར་བྱེད།།བྱིས་པ་དར་མ་དེ་ནས་རྒན།།བཞི་པ་སྐྱེ་དགུའི་བདག་པོའོ།།ཤེས་རབ་ནུ་མར་ཡན་ལག་ནི།།རེག་པས་བྱང་ཆུབ་སེམས་འཕོའི་བདེ།།འོ་མ་འཛིན་པས་དབང ་བསྐུར་བ།།གང་ལས་བདེ་ཐོབ་དེ་བྱིས་པའོ།།ཡུན་རིང་གསང་བར་སྤྲོ་ལས་སྐྱེས།།བྱང་ཆུབ་སེམས་ནི་འཕོ་བའི་བདེ།།གསང་བའི་དབང་བསྐུར་གསང་བ་ནི།།གང་ལས ་བདེ་ཐོབ་དེ་དར་མ།།ཡུན་རིང་གསང་བར་སྤྲོས་ལས་སྐྱེས།།རྡོ་རྗེའི་རྩེ་མོར་གཡོ་བའི་བདེ།།ཤེས་རབ་ཡེ་ཤེས་དབང་བསྐུར་བ།།གང་ལས་གཡོ་བའི་བགྲོད་དེ་རྒན།།ཕྱག་རྒྱ་ཆེན་པོ་རྗེས ་ཆགས་ལས།།སྐྱེས་པ་གཡོ་མེད་བདེ་བ་ནི།།ཤེས་རབ་ཆེན་པོའི་དབང་བསྐུར་བ།།གང་ལས་གཡོ་མེད་རྟོགས་པ་དེ།།སྐེ་དགུའི་བདག་པོར་རྣམ་ཤེས་པ།།སློབ་པ་ཐམས་ཅད་བསྐད ་མཛད་པ།།རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།།བྱང་སེམས་གཉིས་མེད་མི་འགྱུར་བ།།འདི་ནི་དམ་ཚིག་སེམས་དཔར་འགྱུར།།རྡོ་རྗེའི་རྣལ་འབྱོར་རྣམ་པ་བིན།།དུས་ཀྱི་འཁོར་ལོ་འདིར ་བཤད་པ།།རྣལ་འབྱོར་པ་ཡི་ཐར་སྟེར་བྱེད།།འདི་ཉིད་ཀྱི་ནི་བསྒྲུབ་པ་བྱ།།རང་གསལ་བསམ་གྱིས་མི་ཁྱབ་པའི།།དུ་སོགས་མཚན་མ་དེ་རྣམས་ཀྱིས།།ཤེས་རབ་གཟུགས་བརྙན ་ན་མཁའ་མཉམ།།ཡོད་དང་མེད་ལས་རྣམ་པར་འདས།།རང་གི་སེམས་ཀྱི་རྐྱེན་གྱིས་དོན།།རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས།།ཀུན་ནས་ཡོངས་སུ་དོར་བ་ཡིས།།དུ་བ་སྨིག་སྒྱུ ་མཁའ་སྣང་དང་།།སྒྲོན་མ་འབར་བ་ཟླ་ཉི་མ།།མུན་ཅན་ཆ་དང་ཐིག་ལེ་ཆེ།།སྣ་ཚོགས་གཟུགས་བརྙན་འོད་གསལ་བ།།བཀབ་དང་མ་བཀབ་མིག་དག་གིས།།སྟོང་པར་འདི་ནི་རྗེས་པ ་མཱིན།།རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར།།རྟག་ཏུ་གཟུགས་དེ་བསྒོམ་པར་བྱ།།དངོས་མེད་གཟུགས་ལ་སྒོམ་པ་དེ།།རྣལ་འབྱོར་པ་ཡི་སྒོམ་མ་ཡིན།།དངོས་པོ་དངོས་མེད་སེམས་ཀྱི། ་མིན།།སྟོང་པར་མ་བརྟགས་མཐོང་ཕྱིར་རོ།།ཇི་ལྟར་བྱ་ཕབ་མེ་ལོང་ལ།།གཞོན་ནུ་མོས་མཐོང་དངོས་མེད་སྐྱེས།།དེ་བཞིན་འདས་དང་མོ་འོངས་ཆོས།།མཁའ་ལ་དེ་ཉིད་རྣལ་འབྱོར་པས།། ་འདི་ལ་དངོས་པོ་དངོས་མེད་འགྱུར།།དངོས་པོ་སྟོང་པའི་དོན་མཐོང་ཕྱིར།།དངོས་པོ་དངོས་མེད་དོན་ཡོད་པ།།སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན།།མེད་པའི་ཆོས་ཅན་དག་ལ་ཆོས།།སྐྱེ་བ་འདི་ནི། ་རབ་ཏུ་མཐོང་།།ཡིད་བཞིན་ནོར་ལྟར་མཐའ་ཡས་པའི།།སེམས་ཅན་བསམ་པ་ཡོངས་རྫོགས་བྱེད།།པྲ་ཕུབ་པ་ཡི་གཞོན་ནུ་མས།།མ་མཐོང་བ་ཡི་རྐུན་པོ་མཐོང་།།ཉི་ཚེ་བ་ཡི་མོག་དག ་གྲིས།།སོང་ནས་སྒྲུབ་པ་པོ་ཡིས་མཐོང་།།གལ་ཏེ་ཡོད་པའི་གཟུགས་མཐོང་ན།།རང་གི་གདོང་པོ་ཅེས་མི་མཐོང་།།གལ་ཏེ་མེད་པའི་གཟུགས་མཐོང་ན།།རི་བོང་རྭ་ནི་ཇི་ལྟར་མིན།།གཞན ་གྱི་མིག་གིས་མི་མཐོང་ཞིང་།།རང་གི་མིག་གིས་མཐོང་མིན་པ།།སྐྱེ་བ་མེད་པ་མཐོང་བ་ནི།།གཞོན་ནུ་མ་ཡི་བུ་ཇི་བཞིན།།གཟུགས་བརྙེན་མཐོང་ན་དེ་ནས་ནི།།བར་མ་ཆད་པར་སྲོག་བཅོམ ་བྱ།།སྟེང་འོག་རྩ་གསུམ་པོ་རྣམས་ལ།།ལུས་ངག་སེམས་ནི་འགོག་པ་ལས།།ཟླ་ཉི་སྒྲ་གཅན་བཤིང་གཅི་དང་།།ཁུ་བ་འབབ་པའི་ལམ་རྣམས།།ཆུ་མེ་སྟོང་པས་དང་རླུང་།།ཡེ་ཤེས ་།ཁམས་ཀྱི་རྣམས་ལ།།གང་དག་ཟླནི་ནན་ཅན་དང་།།བཤཱ་གཅི་ཁུ་བུ་འབབ་མ་རྣམས།།ཟློག་དང་དུང་དཔོལ་རིམ་པ་ལས།།ཝམྦྷ་དག་སེམས་ཀྱིན་རྣམས་སོ།།ཟླུ་བཟླནས ་སྐུ་ཡིན་ཏེ།།ཉིན་མོར་བྱེད་པ་ཤེས་རབ་གསུང་།།ཤེས་རབ་སྐུ་ནི་བཤང་བའི་རྩ།།ཅི་བ་འབབ་མ་གཙོ་བོའི་གསུང་།།སྟེང་འོག་ཐུགས་ཀྱི་རྩཝ་གཉིས་དག།མུན་ཅན་ཁུ་བ་འབབ་མའོ།།ཐཿ ་ཀྱི་ཐུགས་ནི་མུན་པ་ཅན།།ཁུ་བ་འབབ་མ་ཤེས་རབ་ཀྱི།།སྟེང་འོག་རིགས་དྲུག་འདི་རྣམས་ནི།།སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས།།དེཤེས་རབ་ཐབས་དངོས་ཡན་ལག་གིས།།ལུས ་ཅན་ཀུན་ལ་ཡང་དག་གནས།།འཆི་ལྟས་ལུས་ངག་རྩ་དག་ལ།།སྟེང་འོག་ལྷག་པའི་རླུང་རྣམས་ཀྱིས།།མུན་ཅན་ཁུ་བ་འབབ་མ་ལ།།སྐྱེ་བ་དང་ནི་འཆི་བ་གནས།།སྐྱེ་དང་འཆི་དང་འཁྲིག ་པ་ཡི།།དུས་སུ་ཁུ་བ་འབབ་པའོ།།མུན་ཅན་མ་ཡང་སྟེང་དུ་འབབ།།ཉི་མའི་འཕོ་བ་མཉམ་པ་ལས།།དུས་སྦྱོར་འཆར་བའི་མངོན་མཚམ་སུ།།ད་བུ་མ་ནས་ནི་མཉམ་པ་འབབ།།རྐང་པ་དང་བཅས ་ལྔ་བཅུ་དྲུག།འབྱུང་དང་འཇུག་པའི་མེ་ཡི་བདག།བདུན་ཅུ་རྩ་ལྔས་ལྷག་པ་ཡིས།།དྲུག་བརྒྱ་ཉིན་དང་མཚན་ལའོ།།དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི།།སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ།། ་འདི་ཡོས་དམན་པ་གང་དེ་རྣམས།།གཡོན་དང་གཡས་པའི་རྩར་འབེབ་པོ།།ཕྱོགས་གསུམ་དང་བཅས་ལོ་གསུམ་རྣམས།།ལོ་བརྒྱ་རྣམས་ལས་དབུ་མའོ།།སྟེང་དུ་གཡོན་གཡས་ཟླ་ཉི་མ།། ་བརྐྱང་མ་ལུག་དང་སོར་སྐྱ་གཞན།།ཆུ་དང་མེ་ཡི་རང་བཞིན་ཅན།།པདྨ་རིན་ཆེན་འཛིན་པར་འདོད།།འོག་ཏུ་བཤང་གཅི་འབབ་པ་དག།ས་དང་རླུང་གི་རང་བཞིན་ཅན།།དབུ་མའི་རྩ་དང་གཡོན་པ ་ཡང་།།འཁོར་ལོ་རོལ་གྲི་འཛིན་པར་འདོད།།སྟེང་དང་འོག་ཏུ་དབུ་མི་གཡས།།སྒྲ་གཅན་ཁུ་བ་རབ་འབབ་པ།།སྟོང་པ་ཡེ་ཤེས་རང་བཞིན་ཅནི།།རྡོ་རྗེ་རྡོ་རྗེ་འཛིན་པར་འདོད།།ཟླ་བའི་ལམ་གྱིས། ་བཤང་བའི་རྩ།།ཉི་མས་གཅི་བ་འབབ་པ་སྟེ།།སྐྱེ་འཆི་མཉམ་པ་ཆགས་པ་ལ།།སྒྲ་གཅན་ཁུ་བ་རབ་ཏུ་འབབ།།ཟླ་བའི་སྟེང་དུ་ཀུན་འདར་མ།།གང་དེ་ཡིད་བཟང་མུན་པ་འབབ།།འོག་ཏུ་ཁུ་བ ་འབབ་གང་དེ།།མཁའ་འགྲོ་གདོང་དང་དུང་ཅན་མོ།།ལྟེ་བའི་ཆུ་སྐྱེས་སྙིང་མགྲིན་དང་།།དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ།།ས་ཆུ་མ་རླུང་སྟོང་པ་རྣམས།།རབ་ཏུ་འབབ་པ་སྡུད་པ་ཡིས།། ་འབྱུང་འགྱུར་དེ་ནི་འཇུག་པ་དག།བསྐྱེད་པས་འཇུག་སྟེ་ས་ལའོ།།ལྟེ་བ་ནས་ནི་ལྟེ་བའི་དབུས།། བ་དྷཱུ་ཏིར་འགྲོ་དང་འོང་།།ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ།།ལུས་ངག་སེམས་རྣམས་འབབ། ་པ་ནི།།འབྱུང་དང་དེ་ནི་འཇུག་པ་དག།སྡུད་དང་བསྐྱེད་པའི་རང་བཞིན་ཅན།།དུང་ཅན་སྐྱེ་བོ་ཐམས་ཅད་ཀྱི།།ཐུར་སེལ་རླུང་ནི་འབབ་པའོ།།འདི་རྣམས་བུད་མེད་བདེ་བ་ལས།།ཁུ་བ་ཁྲག ་འབབ་དུས་དག་ཏུ།།ཤེས་རབ་ཐབས་དངོས་ཡན་ལོག་གིས།།སྟེང་དུ་གཡས་དང་གཡོན་དག་དང་།།འོག་ཏུ་བཤང་གཙོ་འབབ་པ་དང་།།རྡུལ་དང་ཁུ་བ་འབབ་པ་དག།རྡུལ་འབབ་ཕྱིར་དེ ་གཏུམ་མོ་སྟེ།།ཁུ་བ་འབབ་ཕྱིར་མཁའ་འགྲོ་གདོང་།།སྟེང་དུ་བརྗོད་དུས་བུད་མེད་ཀྱི།།གཡུང་མོ་སྐྱེས་བུའི་ཀུན་འདར་མ།།རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ།།རྟག་ཏུ ་གཡོན་པའི་རྩ་ལའོ།།ས་སོགས་གཡས་པའི་རྩ་ལ་སྟེ།།དབུས་སུ་དྲུག་པ་འབབ་པའོ།།ལྟེ་བའི་པདྨའི་འདབ་མ་ལ།།དཀྱིལ་འཁོར་དྲུག་ཅུ་རྣམས་རིམ་བཞིན།།གཡོན་དང་གཡས་པའི་དུས ་སྦྱོར་ནི།།ལུག་སོགས་གླང་ལ་སོགས་པ་ལ།།རྩ་བ་གཡོན་དང་དེ་ནས་གཡས།།སྟེང་དང་དབུས་སུ་རིམ་པས་རླུང་།།ས་སོགས་དཀྱིལ་འཁོར་རེ་རེ་ཞིང་།།དབྱུག་གུས་སྣ་བུག་དག་ལའོ།།རིམ ་པས་ཆུ་ཚོད་འབབ་པ་ནི།།དྲུག་ཅུ་དང་བཅས་སུམ་བརྒྱའི་དབུགས།།བརྒྱ་ཕྲག་བཅོ་བརྒྱད་དབུགས་དེ་རྣམས།།ཆུ་ཚོད་ལྔར་ནི་འབབ་པའོ།།ཆུ་ཚོད་དྲུག་ཅུ་ཉིན་མཚན་དུ།།ལུས་ལ་དཀྱིལ ་འཁོར་རྣམས་ཞེས་པའོ།།མདབ་མའི་དབུས་དང་དེ་ནས་ཤར།།གཡས་གཡོན་གཞན་དུ་རིམ་པ་ཡིས།།གཡོན་པར་རྟག་ཏུ་ན་མཁའ་སོགས།།གཡས་པར་ས་སོགས་གཞན་ལས་སོ།། ་གཡོན་པར་རྣམ་ཤེས་སོགས་འབྱུང་བ།།གཡས་པར་ས་སོགས་སྡུད་པའོ།།ནུབ་དང་ཤར་དུ་འཛིན་མ་རླུང་།།ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ།།མཐེ་བོང་མིད་མེད་དག་གིས་ནི།།གང་ཕྱིར ་ཁ་ལ་དབང་བསྐུར་བ།།གཡས་དང་གཡོན་དུ་མེ་དང་ཆུ།།ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ།།གུང་མོ་མཛུབ་མོ་གཉིས་དག་གིས།།གང་ཕྱིར་རལ་གྲིར་འགྱུར་བའོ།།ཟླ་ཕྱེད་རྣམ་པའི ་ཕྱག་རྒྱ་ནི།།མཆེ་བ་གྲི་གུག་མཐེ་ཆུང་སྟེ།།སྟོང་པ་མི་འགྱུར་སྟེང་འོག་ཏུ།།ཕན་ཚུན་ཐབས་དང་ཤེས་རབ་པོ།།དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར།།སོར་མོ་རྣམས་ནི་ཕན་ཚུན་དུ།།མགོ་བོར་ལག་མཐིལ ་སྦྱར་བ་ལ།།གྲི་གུག་དང་བཅས་རྫི་གཅིག་གོ།དབུ་མོའི་རྩོལ་མཉམ་པ་དེ།།བསྐྱེད་དང་སྡུད་པའི་བྱེད་པ་པོ།།ཕུང་པོ་ཁམས་དང་རྡོ་རྗེ་གསུམ།།གཅིག་ཉིད་དབུ་མར་སོན་པི་ནའོ།།ཟླ་བ་ཉི་མའི་རྩ ་འགགས་ན།།བཤང་བ་གཅི་བའི་རྩ་འགག་གོ།སྒྲ་གཅན་རྩ་ནི་འགག་པ་ན།།འོག་ཏུ་ཁུ་བ་འབབ་འགག་འགྱུར།།བསྐྱེད་དང་སྡུད་པའི་བྱེད་པ་ཅན།།འདྲི་རྣམས་གྲོལ་ན་གྲོལ་བར་འགྱུར།། ་སྲོག་དང་ཐུར་སེལ་ལམ་གསུམ་གྱིས།།འདི་ནི་རྩི་ཡི་ཀུན་སྤྱོད་དོ།།གཡོན་པ་འམ་ནི་གཡས་པ་ལ།།མཚན་མོ་གཅིག་དང་དེ་བཞིན་ལྔར།།ལྷག་པའི་རླུང་ནི་རབ་འབབ་པ།།དེ་ལས་ལོ་གསུམ ་ན་མཆིའོ།།གཡས་པ་ཉི་མའི་འཆི་ལྟས་ལ།།ལྔ་དང་ཕྱོགས་ཚེས་ཉི་ཤུ་དང་།།དེ་ཉིད་གཅིག་ལྷག་གཞན་རིམ་པས།།ཉིན་ཞག་སུམ་ཅུ་གསུམ་རྒྱུན།།གསུམ་གཉིས་གཅིག་ལོ་ཟླ་བ་ནི།། ་དྲུག་གསུམ་ཟུང་ཟླ་ཉིན་ཞགས་ཆོས།།ཕྱོགས་ལྔ་ཡིན་ཏན་གཉིས་གཅིག་གིས།།ལུས་ཅན་རྣམས་ཀྱི་ཚེ་འགྲོའོ།།རྩ་བ་ནས་གཅིག་ལྷག་པ་ཡིས།།གཡོན་པར་ཟླ་བའི་རྒྱུ་བར་འགྱུར།།ཉིན ་ཟླ་ཉིན་ཞག་ཟླ་བ་དག།ཉིན་ཞག་གསུམ་རྣམས་ཟླ་བ་གསུམ།།ཉིན་ལ་འཆི་ལྟས་ཟླ་བར་དགེ།འཕེལ་འགྲིབ་དེ་ནས་འདི་དག་ལ།།དབུ་མའི་འཆི་བའི་རྒྱུ་བ་ནི།།ལོ་བརྒྱ་ཡོངསུ་རྫོགས་པ ་ཡིས།།མཉམ་དང་མི་མཉམ་ཉིན་ཞག་རྣམས།།སྐྱེ་བར་སྐྱེས་པའི་དཀྱིལ་འཁོར་གྱིས།།དེ་རྒྱུ་གཡས་དང་གཡོན་ལ་ཡང་།།ཕྱོགས་གཉིས་རྣམ་པར་ཉམས་པ་ལས།།གཞན་དུ། ་འཆི་བར་མི་འགྱུར་ཏེ།།ཕྱོགས་གཉིས་ཡང་དག་གནས་པ་ན།།གཡསོ་དང་གཡོན་པའི་ཀུན་སྤྱོད་དང་།།དཀྱིལ་འཁོར་ལྔ་རྣམས་འབབ་པའི་ཕྱིར།།འཆི་ལྟས་མཚན་ཉིད་ཤེས་ནས་ནི།།སྲོག ་ནི་ཐིག་ལེར་གཞུག་པར་བྱ།། བ་དྷཱུ་ཏིའི་ཞབས་བརྟེན་ནས།།མཆོག་ཏུ་མི་འགྱུར་བསྒོམ་པོར་བྱ།།རྟག་ཏུ་རྡོ་རྗེ་བསླང་བར་བྱ།།ཟླ་ཉིའི་བགྲོད་པ་འཇོམས་པ་ལས།།གཞན་དུ་ཀུན་འདར ་ཡན་ལག་ལ།།སྲོག་གི་རླུང་ནི་འཇུག་པ་མེད།།འོག་ཏུའང་དུང་ཅན་མཐུར་སེལ།།དེ་མ་ཞུགས་ལས་འཆི་བའོ།།འཆི་ལྟོས་སླུ་བ་རྣལ་འབྱོར་པའི།།འདི་ནི་དགའ་བ་རྣམས་ཀྱིས་འགྱུར།། ་མགོ་བོའི་པདྨ་གཙུག་ཏོར་ལས།།ཁུ་བ་འོངས་པ་དགའ་བ་སྟེ།།མགྲིན་པ་སྙིང་ཁར་མཆོག་དགའོ།།དགའ་བྲལ་དགའ་བ་དེ་ནས་འགྱུར།།སྐུ་ཚོགས་དགའ་བ་ལྟེ་བ་དང་།།གསང ་བའི་པདྨར་གིང་འོངས་པའོ།།གསང་ནས་རྡོ་རྗེ་ནོར་བུའི་བར།།ལྷན་ཅིག་སྐྱེས་དགའ་མི་འཕྲོ་བ།།རབ་གནས་མྱ་ངན་འདས་པ་མིན།།ཆགས་ཚིན་མི་འགྱུར་ཁྱབ་བདག་པོ།།འདོད ་ཆགས་བྲལ་ལས་འཕོ་མེད་བདེ།།དེ་ནི་མྱ་ངན་ལས་རབ་གནས།།ཁུ་བ་ཟློ་འཆར་གཙུག་ཏོར་དུ།།རྫོགས་པོ་གསང་བའི་མཚོ་སྐྱེས་ལ།།བཅུ་དྲུག་ཆ་གང་དེ་ནོར་བུའི།།པདྨར་རྡོ་རྗེ།། ་རྩེ་མོར་གནས།།དེ་སྟེང་འཕོ་བའི་དུས་སུ་འགྱུར།།ནག་པོའི་ཆོས་གཅིག་འོངས་པ་ན།།འདོད་ཆགས་བྲལ་བས་གནམ་སྟོང་ལ།།ཉི་མ་མཛོད་སྤུའི་གནས་སུ་འགྲོ།དེ་ཡི་ཆ་ཤས་བཅུ་དྲུག་ལ ་གཙུག་ཏོར་པདྨར་སོན་པའོ།།ཟླ་བ་ཉམས་པ་ཞེས་བརྗོད་དེ།།ཆགས་པའི་བདེ་ལ་ཆགས་བྲལ་ཕྱིར།།ལུས་ཅན་ཐམས་ཅད་འཚེ་བ་ན།།ཟླ་བ་བདུད་རྩི་འོག་ཏུ་འགྲོ།སྟེང་དུ་ཉི་མ་རྡུལ་སྒྲ ་གཅན།།རྣམི་ཤེས་དངོས་པོའི་མཚན་ཉིད་ལ།།དེ་ཕྱིར་ཟླ་བ་བདུད་རྩི་ནི།།སྟེང་དུ་བགྲོད་བྱ་མི་ཡི་བདག།འོག་ཏུ་ཉི་མ་རྡུལ་སྒྲ་གཅན།།རྣམ་ཤེས་འགྱུར་མེད་བདེ་བ་ལ།།སངས་རྒྱས ་ཀུན་གྱི་མཛོད་པུ་ཡི།།པདྨར་ཟླ་བ་བདུད་རྩི་ཉ།།ཉི་རྡུལ་གནམ་སྟོང་གསང་བར་ཏེ།།གཙུག་ཏོར་ནོར་བུ་དེ་དག་གོ།ཅེས་པ་སྟོན་པའི་རྡོ་རྗེའི་ཚིག།ལུས་ཅན་ཀུན་གྱི་ཕྱིན་ཅི་ལོག།རབ ་གནས་མྱ་ངན་འདས་པ་མིན།།ཁམས་རྣམས་ཕྱིན་ཅི་ལོག་ཏུ་འགྱུར།།ནོར་བུར་ཐུགས་དང་གསང་བར་གསུང་།།ལྟེ་བར་སྐུ་སྟེ་བདེ་ཆེན་ལས།།ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ།། ་འདི་རྣམས་དག་པའི་སྐུ་ལས་སྤྲོ།།ཐབས་ཀྱི་འོག་ཏུ་རྒྱལ་པོའི་དབང་།།ཤེས་རབ་ཀྱི་ནི་སྟེང་དུ་འགྱུར།།འདི་ཡི་དཔྲལ་བར་སྐུ་རྡོ་རྗེ།།མགྲིན་སྙིང་ལྟེ་བའི་འདམ་སྐྱེས་ལ།།གསུང་ཐུགས ་ཡེ་ཤེས་རྡོ་རྗེ་རྣམས།།སྤྲུལ་པ་ལ་སོགས་འདི་རྣམས་སྤྲོ།།ཕུང་པོ་ཁམས་རྣམས་སྤྲོ་བ་ནི།།སྒྲིབ་པ་མེད་པའི་བདེ་བ་ལས།།ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་།།ཡེ་ཤེས་ཕྱག་རྒྱ ་།དམིགས་པ་དང་།།ཕྱག་རྒྱ་ཆུནྡྲ་པོ་གཅིག་སྦྱོར་བས།།མི་འགྱུར་བ་དེ་འཕེལ་བར་འགྱུར།།འཕེལ་བའི་འཕེལ་བར་འགྱུར་བ་མེད།།ཉམས་པའི་ཉམས་པ། ་ཀྱང་མེད།།ནུབ་པ་དེ་ཡི་ནུབ་པ་མེད།།འཚོར་བ་ཡི་ནི་འཆར་བ་མེདདོ།།རབ་ཏུ་གསལ་བའི་རབ་གསལ་མེད།།བཀབ་པའི་བཀབ་པ་ཡང་མེད།།སྐྱེ་བའི་སྐྱེ་བར་འགྱུར་ཉིད་མེད།། ་འཆི་བའི་འཆི་བ་ཡང་མེད་དོ།།གྲོལ་བའི་གྲོལ་བར་འགྱུར་བའང་མེད།།མི་གནས་པ་ཡི་མི་གནས་མེད།།དངོས་པོ་མེད་པའི་དངོས་མེད་མེད།།དངོས་པོའི་དངོས་པོ་ཉིད་ཀྱང་མེད།། ་འགྱུར་བའི་འགྱུར་བར་འགྱུར་བ་འདྲ་མེད།།མི་འགྱུར་བ་ཡི་ཡང་མི་འགྱུར།།རང་བཞིན་མེད་པའི་ཆོས་རྣམས་ཀྱི།།སྐྱེ་འཇིག་སྒྱུ་མ་དེ་བཞིན་ནོ།།འབྱུང་རྣམས་འཇིག་པར་འགྱུར ་མིན་ཏེ།།རང་བཞིན་ཉིད་ཀྱིས་སྐྱེ་མི་འགྱུར།།སྣ་ཚོགས་འདི་ནི་རང་བཞིན་མེད།།དངོས་པོ་དངོས་མེད་མཚན་ཉིད་ཅིག།རང་གི་ཤེས་རབ་ལ་འཁྱུད་སེམས།།རྡོ་རྗེ་ནོར་བུའི་པདྨར་སོན།། ་དེར་སོན་ཟླ་བ་གཡོ་བ་མེད།།མི་གཡོ་བ་དང་མི་འགྱུར་སྒོམ།།ལུས་ངག་སེམས་ཀྱི་རྩ་རྣམས་སུ།།སྐུ་གསུང་ཐུགས་རྣམས་སྒོམ་པ་སྟེ།།རྡོ་རྗེ་གསུཾ་རྣམས་ལེད་བསྡུས་པ།། ་ཤེས་དུང་ཅན་མར་སྒོམ་པའོ།།ཤེས་རབ་ཆགས་པས་ནུ་བ་ཡི།།ཐིག་ལེ་རིམ་པས་མགོ་བོ་ལས།།རྫོགས་པའི་གནས་སུ་ཞུགས་རྣམས་ཀྱང་།།འཆིང་བ་དམ་པའི་དོན་བྱ ་དྷོསྟཱུ་བྷཱུ་ཤར་རིམ་པ་ཡྀས།།ན་རྣམས་ཀྱིས་ནི་རྫོགས་པར་འགྱུར།།གྲུབ་མཉམས་པརྫོགས་པ་སྷོ།།ཟླ་བརྒྱད་དང་རྫོགས་པ་མིན།།དེ་ཞིན་ཡོ་ཤེས་ཤར་རྣམ་པས།།ས་རྣམས་ན། ་རྫོགས་པར་འགྱུར།།ཉོན་མྱོངས་ལ་སོགས་ཉམས་པ་རྫོགས།།ཡེ་ཤེས་ཆད་དང་རྫོགས་པ་སྨིན།།ཇི་ལྟར་རི་བོང་མཚན་མས་དབུས།།རྫོགས་པར་རི་བོང་ཙུན་མི་གནས།།དེ་བཞིན་འགྱུ་།། ་མིང་བདེ་བར་སེམས།།འཁོར་བའི་བག་ཆགས་མཚན་མ་ཡིས།།བསྐྱེད་དང་རབ་ཏུ་ཉམས་པའི་ཕྱོགས།།དཀར་པོ་ནག་པོ་རབ་ཏུ་གནས།།དེ་དག་དབུས་སུ་རྫོགས་པ་གང་།།དེ་ནི་རྫོགས་པ ་མཱི་གནས་སོ།།སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས།།རྫོགས་པ་ལ་ནི་གཡོ་མི་འགྱུར།།གང་ཆེ་རྡོ་རྗེ་ནི་དཔུང་སེམས།།དེ་ནི་སྐད་ཅིག་ཐམས་ཅད་རྫོགས།།དུ།།པོའི་ཕྱོགས་ལ་འདི ་མི་གནས།།རེས་འགའ་དཀར་མིམེན་ལ་མེ་འགྲོ།ཕྱོགས་གཉིས་པོ་ཡི་དབུས་གནས་པ།།རྫོགས་པ་ལ་གནས་གཉིསུ་མེད།།གཙུག་ཏོར་ལས་ནི་ཤར་བི་དེའི།རྡོ་རྗེ་ནོར་བུར་རྫོགས་པར ་འགྱུར།།དེ་ཆགས་བྲལ་ལསརྦྦཱ་ཉམས་པ།།རྡོ་ནས་ཉམས་ལ་རབ་རྫོགས།།སླར་ཡང་གཙུག་ཏོར་དུ་ཤར་བ།།སློང་ཡང་རྡོ་རྗེ་ནི་བུར་རྫོགས།།དེ་ཆགས་བྲལ་ལེ་སྣ་ཆ་ཉམས་པ། ་ལུས་ཅན་ཡེ་ཤེས་ཉམས་པ་མིན།།འདི་ཡི་འདེ་འི་ཚེ་རང་བཞིན།།རྫོགས་པའི་སྒྲ་ཡིས་བརྗིད་པར་བྱ།།དངོས་པོ་བར་མ་གཞིན་ཐམས་ཅད།།འབྱུང་དང་སྤྱད་པའི་རྒྱུ་ཡིན་ནོ།།སྲིད་ལ ་མྱ་ངན་འདས་པར་འགྲོ།དེ་ལས་སླར་ཡང་སྲིད་པར་དོང་།།རང་ཕྱོགས་དག་ལས་ཟླ་བཞིན་དང་།།བདྨོད་པ་དག་ལས་སྣང་བྱེད་བཞིན།།རྫོགས་པར་མི་གཡོ་བ་འདི་ནི།།རྦ།། ་རྣམས་ཀྱིས་ནི་ཡོངས་རྫོགས་ཉིད།།ཉི་ཁྲི་བརྒྱད་གཉིས་བརྒྱ་ཡི་དབུགས།།འགྱུར་མེད་སྐད་ཅིག་ཟོས་རྣམས་ཀྱིས།།ཕྱོགས་གཉིས་ཡིང་དག་གནོན་པ་ནི།།ས་རྣམས་ཀྱིས་ནི་ཡོངསུ་རྫོགས ་བདེན་དོན་རྣམ་པ་བཅུ་གཉིས་པ།།རྣམ་པ་བཅུ་དྲུག་འགྱུར་བ་མེད།།རྣམ་པ་བཅུ་གཉིས་ས་རྣམས་ཀྱིས།།རྫོགས་པ་གཉི་སུ་མེད་པ་མཆོག།ཆ་ཤས་རྣམས་ཀྱིས་རྫོགས་པའི་སེམས ་རྣམ་པ་བཅུ་དྲུག་མི་འགྱུར་བ།།དོན་གཅིག་གཉི་སུ་མེད་པ་ཆོས།།དམ་པའི་དོན་ཏེ་འཇིགས་པ་མེད།།རྫོགས་པའི་གནས་སྐབས་སོན་པའི་སེམས།།ཀུན་ནས་རབ་ཏུ་རྫོགས་པའོ།།ཆགས ་བྲལ་དང་པོ་ཚོགས་པམོ།།རྡོ་རྗེ་ལུས་མེད་མི་འགྱུར་ཆུ།།ཡོངས་སུ་རྫོགས་པ་ཕྱོགས་གཉིས་ཀྱིས།།བགེ་ཆགས་རྣམས་ཀྱིས་མ་མ་བྱུང་བའོ།།ཇི་ལྟར་ཆུ་བོའི་ཆུ་ཞུགས་པ།།དེ་ནི་རྒྱུ་མ ་ཆུར་མཚུངས་པ།།དེ་བཞིན་དངོས་པོའི་ཚོགས་འདི་ནི།།འགྱུར་བ་མེད་པ་འགྱུར་མེད་མཚུངས།།ཇི་ལྟར་ཁམས་ཀྱི་ཚོགས་པ་འདི།།ཟོས་པ་ལས་ནི་རོ་ཉིད་འགྱུར།།ས་བོན་རང་བཞིན ་ས་བོན་གྱིས།།འབྲས་བུའི་དུས་སུ་ང་རྒྱལ་སྤངས།།དེ་ལྟར་དངོས་པོའི་ཚོགས་པ་ཡང་།།མཆོག་ཏུ་མི་འགྱུར་ཟོས་པ་ཡིས།།མཆོག་ཏུ་མི་འགྱུར་བ་ཉིད་འགྱུར།།རྣམ་པ་ཐམས ་ཅད་རང་བཞིན་འཛིན།།མཆེ་བའི་ཚོར་བ་སྡུག་བསྔལ་ནི།།དུག་རྫོགས་གནས་སྐབས་གྱུར་པ་ན།།རྨ་ལ་རིག་མིན་གཞན་དུ་མིན།།ཡུལ་རྣམས་དབང་བའི་སྒོ་རྣམས་ཀྱིས།།དེ་བཞིན་རྣལ་འབྱོར་དམ། ་པའི་བདེ།།སེམས་རྫོགས་ཆར་གྱུར་ན་རྡོ་རྗེ།།ནོར་བུར་རིག་མིན་གཞན་དུ་མིན།།ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས།།ཇི་ལྟར་རོ་ཆེན་ལྕགས་རྣམས་ཀྱི།།ཕྱོགས་གཅིག་ཡང་དག་གནས་པ ་ནི་ལྗགས་ལ་དྲག་པོའི་མེས་གདུངས་ན།།ཀུན་ནས་ཀུན་ཏུ་འབིགས་པར་བྱེད།།དེ་བཞིན་ཉིད་དུ་འགྱུར་མེད་བདེ།།ཕྱོགས་གཅིག་ཡང་དག་གནས་པ་ཡང་།།སེམས་ལ་འདོད་པའི་མས ་གདུངས་ན།།ཀུན་ནས་ཀུན་ཏུ་འབིགས་པར་བྱེད།།ཇི་ལྟར་ཕུག་པའི་ལྕགས་རྣམས་ནི།།འགའ་ཞིག་དུ་ཡང་དྲི་མ་མེད།།དེ་བཞིན་དུ་ནི་ཕུག་པའི་སེམས།།འགའ་ཞིག་དུ་ཡང་བག་ཆགས་མེད།། ་ལྕགས་ནི་གསེར་ཉིད་དུ་གྱུར་པ།།མེ་ཡིས་དྲི་མ་མེད་པར་འགྱུར།།དེ་བཞིན་ཡང་དང་ཡང་དུ་སེམས།།འདོད་ཆགས་མེ་ཡིས་དྲི་མ་མེད།།ཇི་ལྟར་ནོར་བུ་ཆེ་རེག་ལས།།རྡོ་ནི་རབ་ཏུ་འབར་བར ་འགྱུར།།དེ་བཞིན་འགྱུར་མེད་བདི་རེག་ལས།།སེམས་ནི་བདེ་བ་ཉིད་དུ་འགྱུར།།འདིར་ནི་མང་པོ་བརྗོད་པས་ཅི།།འཇིག་རྟེན་ཀུན་རྫོབ་བདེན་པ་ཡི།།ལྕགས་རྣམས་རབ་ཏུ་འབུགས་བྱེད་པ།། ་རོ་ཡི་མཐུ་ནི་བརྟག་བྱ་མན།།ཅི་ཞིག་སླར་ཡང་དོན་དམ་པས།།བློ་བུར་དྲི་མས་གཡོགས་པ་ཡི།།སེམས་ནི་རབ་ཏུ་འབུགས་བྱེད་པ།།ཡེ་ཤེས་མཐུ་ནི་བརྟག་བྱ་མིན།།སེམས་ལོ་གླ་བུར ་དྲི་མ་མེད།།སེམས་ལས་ཡུན་རིང་དུས་ཅན་མིན།།སེམས་མེད་པར་ནི་སྐྱེ་བ་མེད།།སེམས་ལ་མི་ཟད་གནས་པ་མིན།།གལ་ཏེ་འདི་ཉིད་བློ་བུར་བ།།དེ་ཚེ་སྔོན་དུ་སེམས ་དྲི་མེད།།གང་ཚེ་སེམས་ལས་དུས་རིང་ཅན།།དེ་ཚེ་དེ་ནི་ཅི་ལས་སྐྱེས།།གལ་ཏེ་སེམས་མེད་པར་སྐྱེ་ན།།དེ་ཚེ་ན་མཁའི་མེ་ཏོག་མཚུངས།།གལ་ཏེ་སེམས་ལ་རྟག་ཏུ་གནས།།དེ ་ཚེ་ཀུན་ཏུ་ཐར་པ་མིན།།ཇི་ལྟར་ཟངས་ཀྱི་དྲི་མ་ནི།།རོ་ཡི་སྦྱོར་བས་ཉམས་པར་འགྱུར།།དེ་ཡི་ཡིད་ཉིད་ཉམས་པ་མེད།།དྲི་མེད་ཉིད་ཀྱིས་ཡང་དག་གནས།།དེ་བཞིན་སེམས ་ཀྱི་དྲི་མ་ནི།།སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར།།དེ་ཡི་ཡེ་ཤེས་ཉིད་ཉམས་མེད།།དེ་མེད་ཉིད་ཀྱིས་ཡང་དག་གནས།།ཇི་ལྟར་བཅུད་ཀྱིས་ཕུག་པའི་ལྕགས།།ལྕགས ་ཉིད་དུ་ནི་རྗེས་འགྲོ་མིན།།དེ་བཞིན་བདེ་བས་ཕུག་པའི་སེམས།།སྡུག་བསྔལ་ཉིད་དུ་རྗེས་འགྲོ་མིན།།ཆགས་བྲལ་ལས་གཞན་སྡིག་པ་མེད།།བདེ་བ་ལས་གཞན་བསོད ་ནམས་མེད།།དྲི་ཕྱིར་འགྱུར་མེད་བདེ་བར་སེམས།།མི་བདག་རྟག་ཏུ་གནས་པར་བྱ།།གཞོན་ནུ་མ་ཡི་དགའ་བ་ནི།།མེད་པར་བདེ་བ་སྨྲ་མི་ནུས།།ལང་ཚོའི་དགའ་བ་ཐོབ་པ་ན།།། ་བདེ་བ་ཆེན་པོ་རང་གིས་རིག།དེ་བཞིན་ཏིང་འཛིན་དང་བྲལ་བའི།།བདེ་བ་སྨྲ་བར་ནུས་མ་ཡིན།།འགྱུར་མེད་ཏིང་འཛིན་ཐོབ་པ་ན།།རྣལ་འབྱོར་པ་ཡིས་རང་རིག་འགྱུར།།འགྱུར་མེད ་ལས་སྐྱེས་བདེ་རིག་པ།།ཐམས་ཅད་མཁྱེན་ལའང་ཐེ་ཚོམ་ཟ།།དེ་ལྟ་ན་ཡང་ཡིད་བདེ་མིན།།ཆགས་བྲལ་ཉིད་དུ་མི་བྱའོ།།འཕོས་པ་ལས་ནི་ཆགས་བྲལ་འགྱུར།།ཆགས་བྲལ་ལས་ནི་སྡུག ་བསྔལ་འབྱུང་།།སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད།།ཟད་པ་ལས་ནི་འཆི་བར་བརྗོད།།ཤི་ནས་སླར་ཡང་དེ་རྣམས་ཀྱི།།སྲིད་པའོ་སྲིད་ལས་སླར་འཆི་འཕོ།།དེ་ལྟར་སེམས་ཅན་གྱི་སྲིད་པ།། ་ཆགས་བྲལ་ལྔ་འབྱུང་གཞན་དུ་མིན།།དེ་ཕྱིར་འབང་པོ་ཐམས་ཅད་ཀྱིས།།འཕོ་བའི་ཆགས་པ་རྣམ་པར་སྤང་།།གང་གིས་འགྱུར་མེད་བདེ་བར་འགྱུར།།རྣལ་འབྱོར་འཁོར་བ་བཅིངས་པ ་ཡིས།།འདོད་ལྡན་ཡང་ནི་ཆགས་བྲལ་བར།།འདོད་པའི་བསྟན་བཅོས་སུ་མི་འདོད།།བདག་གིས་བརྗོད་པའི་རྒྱུད་ཏུ་སླར།།རྣལ་འབྱོར་པ་ཅི་སྡུག་བསྔལ་འདོད།།ཁུ་བ་མི་འགྱུར་རང ་བཞིན་གྱིས།།མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ།།རྟེན་ནི་འཕོ་བ་ཐོབ་པ་ན།།བརྟེན་པའི་འདོད་ཆགས་བྲལ་བ་ཉིད།།རྟེན་དང་བརྟེན་པ་ལེགས་རྫོགས་པ།།ཇི་སྲིད་འགྱུར་མོད་ཉིད་དུ ་འགྲོ།སེམས་ཀྱི་འགྱུར་མེདྲ་ཉིད་ཐོབ་ན།།རྟེན་དང་བརྟེན་པའི་མཚན་ཉིད་མེད།།འགྱུར་མེད་ལས་བྱུང་སྐུ་ཡི་ནི།།མཛོད་སྤུའི་འཁོར་ལོར་སོན་པའི་ཡང་།།ཱི་ལི་ཀཱི་ལི་མཉམ ་སྦྱོར་བ།།ཧཱུཾ་ཡིག་མི་འདོད་མི་ཡི་བདག།སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ།།མི་འགྱུར་ལས་སྐྱེས་བདེ་བ་འབྲས།།རྒྱུ་ནི་འབྲས་བུས་རྒྱས་བཏབ་པ།།འབྲས་བུ་རྒྱུ་ཡིས་རྒྱས་བཏབ ་པའོ།།སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ།།སྙིང་རྗེ་འགྱུར་མེད་འཛིན་པ་འབྲས།།སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།།བྱང་ཆུབ་སེམས་དེ་མི་འཕོ་བོའོ།།མྱ་ངན་འདས་པ་བྲ ་བའི་གཟུགས།།འཁོར་བ་ལས་འདས་མི་འགྱུར་བ།།དེ་དགེ་སྦྱོར་བ་གཉིས་མེད་མཆོག།རྟག་དང་ཆད་ལས་ངེས་པར་གྲོལ།།དངོས་མེད་ལས་བྱུང་མཚན་ཉིད་ཕྱིར།།གཟུགས་ནི་དངོས ་པོ་མེད་པ་མིན།།དངོས་པོ་ལས་བྱུང་མཚན་ཉིད་ཕྱིར།།འགྱུར་བ་མེད་པ་དངོས་པོ་མིར།།དངོས་པོ་དངོས་མེད་ཡང་དག་སྦྱར།།རྡོ་རྗེའི་རྣལ་འབྱོར་གཉིས་མེད་མཆོག།གཟུགས་དང ་གཟུགས་མིན་རྣམ་པར་གྲོལ།།པྲ་ཕབ་མེ་ལོང་ལ་བཞིན་ནོ།།གཟུགས་ནི་སྲིད་པར་མི་འོང་སྟེ།།འགྱུར་མེད་མྱ་ངན་འདས་མ་འགྲོ།ཕན་ཚུན་མཁྱུད་པ་ཞི་བ་སྟེ།།མ་ནིང་གི་ནི་གོ ་འཕང་མཆོག།ཤེས་རབ་རྒྱུ་ལས་མ་བྱུང་ཞིང་།།ཤེས་རབ་རྒྱ་ལས་བྱུང་བ་འབྲས།།ཤེས་རབ་རྒྱུ་ལས་བྱུང་སྐྱེས་ཕྱིར།།ཤེས་རབ་ལ་སྐྱེས་རྒྱུ་སྐྱེས་མིན།།དེ་ཕྱིར་ཡེ་ཤེས་རྒྱུ ་སྐྱེས་མིན།།ཤེས་རབ་ཡེ་ཤེས་བླ་ན་མེད།།འབྲས་བུ་རྒྱུ་ཡིས་གཞན་དང་གཞན།།ཕན་ཚུན་དུ་ནི་རྒྱས་བཏབ་མེད།།རྒྱུ་དང་འབྲས་བུ་ཐམས་ཅད་གང་།།དེ་ནི་རྟེན་ཅིང་འབྲེལ་པར ་འབྱུང་།།ཕན་ཚུན་རྒྱ་ཡིས་བཏབ་པའི་གཟུགས།།སྐྱེ་མིན་མྱ་ངན་འདས་པའང་མིན།།ཤེས་རབ་ཀུན་ནས་མྱ་ངན་འདས།།སྐྱེ་བ་མཆོག་ཏུ་འགྱུར་བ་མེད།།རྒྱུ་དང་འབྲས་བུ་རྣམ ་ས་གྲོག།།པན་ཚུན་དུན་རྣས་བ་མེད།།མ་སྨྱོས་པ་དང་མ་ཞུགགས་པའོ།ཤོས་བྱུ་གླང་ཞིག།འདི་ག།།དེན་རང་སེཾམ་སྣ་གཞན་མ་ཡིན།།ཕྱི་ཤེས་བླནམ་བྱེད་དྷ།། ་ཕྱིར་བདག་གིས་བདག་ཉིད་ལ།།འགར་ཡང་རྒྱས་གདབ་ནུས་མ་ཡིན།།རལ་གྲི་ཆེན་པོ་བདག་ཉིད་ལ།།བདག་ཉིད་སོ་ཡིས་གཅོད་དམ་ཅི།།མ་གཤམ་བུ་མོ་དང་འགྲོགས་པས།།རྨི་ལམ་དུ་ནི་བདེ ་འགྱུར་ལྟར།།ནམ་མཁའ་ལས་བྱུང་གཟུགས་བརྙན་ནི།།བསྟེན་པས་བདག་ལ་དེ་བཞིན་ནོ།།ཤེས་རབ་མ་ཡིན་ཐབས་ཀྱང་མིན།།འདི་ནི་ལྷན་སྐྱེས་ཤེས་རབ་བཅས།།ཀུན་ནས་བདེ་བ་རྫོགས་པ་ལས།། ་སྒྲིབ་པ་ཐམས་ཅད་སྤངས་པ་སྟེ།།ན་མཁའ་བཞིན་དུ་གོས་པ་མེད།།ཡུལ་དང་དབང་པོ་སྤངས་པ་ནི།།ཀུན་ནས་འབྱུང་པོ་ཀུན་ལ་གནས།།བཅད་དུ་མེད་པ་དབྱེ་བ་སྤངས།།རང་བྱུང་རྡོ་རྗེ་སེམས་དཔའ ་འདི།།དོན་ཆེན་མཆོག་ཏུ་མི་འགྱུར་བ།།འདོད་ཆགས་ཆེན་པོ་སེམས་དཔའ་ཆེ།།སེམ་ཅན་ཐཾད་དགའ་བར་བྱེད།།བྱང་ཆུབ་སེམས་དཔའ་ཞེ་སྡང་ཆེ།།ཉོན་མོངས་ཟད་པ་དགྲ་ཆེན་པོ།། ་དམ་ཚིག་སེམས་དཔའ་གཏི་མུག་ཆེ།།གཏི་མུག་བློ་སྟེ་གཏི་མུག་སེལ།།རྡོ་རྗེའི་རྣལ་འབྱོར་ཁྲོ་བ་ཆེ།།ལྷ་མནི་ཁྲོ་བོ་དག་ཆེན་པོ།།དུས་ཀྱི་འཁོར་ལོ་ཆགས་པ་ཆེ།།འཕྲོ་བའི་ཆགས་པ་སེལ ་པར་བྱེད།།རྡོ་རྗེ་མི་ཕྱེད་ཞེས་པར་བརྗོད།།འདིར་ནི་ངོན་ཆེན་བཅོམ་ལྡན་འདས།།སེམས་དཔའ་སྲིད་གསུམ་གཅིག་པ་ཉིད།།མཆོག་ཏུ་མི་འགྱུར་བརྗོད་པར་བྱ།།མཆོག་ཏུ་མི་འགྱུར་བདེ་བ་རྫོགས། ་ས་རྣམས་ཡོངས་སུ་རྫོགས་པ་ཡིས།།འདོད་ཆགས་ཆེན་པོ་སེམས་དཔའ་ཚེ།།སེམས་ཅན་ཐམས་ཅད་དགའ་བར་བྱེད།།བྱང་ཆུབ་ལ་གནས་སེམས་དཔའ་ནི།།མཱི་གཡོ་དེ་ཕྱིར ་བྱང་ཆུབ་སེམས།།ཉོན་མོངས་ལ་སོགས་ཞེ་སྡང་ཚོགས།།ཞེ་སྲུང་ཆེན་པོ་དག་ཆེ་བ།།དམ་ཚིག་ཟླ་བ་བདུད་རྫི་ཡི།།ཁུ་བ་འཕོ་མེད་དེ་ཟ་བ།།དམ་ཚིག་སེམས་དཔའི་འོ་རིགས་འདིས།།གཽཏི ་མུག་བློ་སྟྭཾ་གཏི་མུག་སེལ།།རྡོ་རྗེ་ཐམས་ཅད་གཅིག་པ་ཉིད།།ཤེས་རབ་སྐུ་དང་མི་འགྱུར་བཅས།།ཁྲོ་བོ་ཆེན་པོ་དགྲ་ཆེན་པོ།།ཁྲོ་བོའི་གཟུགས་ཅན་བདུད་རྣམས་ཀྱིས།།འགྱུར་མེད་བདེ་བ ་ཆེ་ཐབས་ལས།།ནཱམ་ཡང་སེམས་ཅན་དོན་མི་འདོར།།སེམས་ཅན་གྲོལ་ནས་ཆགས་ཆེན་པོ།།འགྱུར་བའི་ཆགས་པ་སེལ་བར་བྱེད།།འདི་རྣམས་རྣམ་པ་དྲུག་ཏུ་བརྗོད།།མི་འགྱུར་ཡེ་ཤེས ་ཚོར་བ་དང་།།རྣམ་ཤེས་གཟུགས་དང་འདུ་བྱེད་དང་།།འདུ་ཤེས་དེ་རྣམས་ཕུང་པོའི་རིགས།།ཡེ་ཤེས་མེ་དྲང་ན་མཁའ་ས།།རླུང་ཆུ་རྣམས་ཀྱི་རིམ་པ་བཞིན།།ཡིད་མིག་རྣ་བ་ལུས་དང་སྣ།།། ་ལྕེ་རྣམས་ཀྱི་ཡང་དེ་བཞིན་ཉིད།།སྒྲ་རོ་ཆོས་ཀྱི་དབྱིངས་དང་དྲི།།རེག་བྱ་ཁ་དོག་རྣམས་ཀྱིས་ཡང་།།ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས།།རིགས་དྲུག་རྣམས་ཀྱི་ཡོངས་དག་པ།།ལུས་རིག། ་གསང་བ་དབང་པོ་སེམས།།རྟག་ཏུ་དཀྱིལ་འཁོར་རྣམ་པ་གསུམ།།ཤེས་རབ་ཐབས་ཀྱི་རྡོ་རྗེ་གསུམ།།རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།།འདི་ནི་དབང་གིས་སྒྲུབ་ཐབས་ཏེ།།མཆོག་ཏུ་མི ་འགྱུར་སྒྲུབ་པའི་ཐབས།།རྩ་དང་རིགས་དང་ཡང་དྲུག་ལྡན།།ཟླ་བ་མདོར་བསྟན་པ་ཡིས་བཤད།།ཅེས་པ་འཇིག་རྟེན་ཁམས་ཀྱི་ལེའུར་ལེའུ་ལྔ་པའི་མཆོག་ཏུ་མི་འགྱུར་བའི་དབང་གིས་སྒྲུབ་ཐབས་མདོར་བསྟན ་བརྫོགས་སོ།།།།འདི་ནི་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་བ་དང་།བོད་ཀྱི་ལོ་ཙྪ་བ་འབྲོ་དགེ་སློང་ཤེས་རབ་གྲགས་པས་བསྒྱུར་ཅིང་ཞུས་ཏེ།གཏན་ལ་ཕབ་པ་ལས།སླར་ཡང་རིན་ཆེན་རྒྱལ་མཚན་གྱིས། ་བྱས་ཟོས་པ་དང་།།ཐལ་བར་གྱུར་པའང་འཚོ་བར་བྱེད།།བུད་མེད་མཁས་པ་སྒྱུ་མཆེ།།མཛེས་པའི་བཞིན་ནི་རྣམ་སྒྱུར་བྱ།།རིམ་གྲོར་བཅས་ཤིང་སྟེག ་པའི་མཆོག།མཛེས་པར་ལྟ་བས་གར་བྱས་པ།།སངས་རྒྱས་པདྨོ་རྡོ་རྗེ་འཛིན།།རྡོ་རྗེ་ཉི་མ་ཁམས་གསུམ་པ།།རྒྱས་བཏབ་རྨོངས་བྱས་བསླང་ནས་ནི།།ཟོས་ནས་སླར་ཡང་འཚོ་བར་བྱེད།། ་སངས་རྒྱས་བྱང་ཆུབ་མཉམ་སྦྱོར་བ།།རབ་ཏུ་དགའ་བར་ལྟ་ཞིང་འཛུམ།།ཤིན་ཏུ་སྲེད་པ་ཡང་དག་སྒྲུབ།།གསང་པར་ལྟ་ལ་གནས་ན་ནི།།དྲག་པོ་དབང་པོ་ཉེ་དབང་བཅས།།ཉི་ཟླ་གཤིན ་།རྗེརྡོ་ཚངས་བཅས་པའི།།སྲིད་པོ་ཀུན་ཏུ་ཀུན་བསྒྲུབས་ནས།།གནས་གསུམ་དགུ་ནི་སྒྲུབ་པར་བྱེད།།སྟག་ལ་སོགས་པའི་ཉམས་དང་ལྡན།།མཛེས་པའི་གཞིན་ནི་རྣམ་བསྒྱུར་ཞིང་།།རིམ ་གྲོ་བཅས་ཤིང་སྟེག་པའི་མཆོག།སྟོག་པའི་ལྟེ་བས་གར་བྱེད་ཅིང་།།མཛེས་པའི་ཚུལ་དང་ཐབས་རྣམས་ཀྱིས།།དྲག་པོ་དབང་པོ་ཉེ་དབང་བཅས།།ཉི་ཟླ་གཤིན་རྗེ་ཚངས་བཅས ་པའི།།འཇིག་རྟེན་གསུམ་དག་སྒྲུབ་པང་བྱེད།།མཆེ་བ་ཆུང་ཟད་གཙིགས་པའི་ཁ།།ཁྲོ་ཞིང་འཛུམ་དང་བཅས་པ་བཞིན།།ཁྲོ་ལ་འགྱུར་བར་བཅས་ཤིང་འཛུམ།།གསལ་བར ་ལྟ་ཞིང་ལེགས་པར་གནས།།དྲག་པོ་དབང་པོ་ཉེ་དབང་བཅས།།ཉི་ཟླ་གཤིན་རྗེ་ཚངས་བཅས་པ།།རྒྱལ་པོ་སྒྱུ་མས་རྣམ་རྒྱལ་ནས།།ཁམས་གསུམ་དག་ནི་སྒྲུབ་པར་བྱེད།།འདོད ་ཆགས་མྱོས་པས་གཡེམ་སྤྱོ་བ།།མཛེས་པའི་གཞིན་ནི་རྣམ་པར་བསྒྱུར།།འདི་ནི་གཞིན་གྱི་ཕྱག་རྒྱ་མཆོག།ཁམས་གསུམ་དག་ཀྱང་དགའ་བར་བྱེད།།དྲག་པོ་མཆེ་བ་རྣོན་པོ་གཙིགས།། ་གདུག་པ་ཟ་བ་འཇིགས་འཇིགས་ལྟ།།གཡས་པའི་གཞིན་གྱི་ཕྱག་རྒྱ་ཡིས།།ཁམས་གསུམ་དག་ཀྱང་ཟ་བར་བྱེད།།དངོས་གྲུབ་ཀུན་གྱི་བོདེ་བའི་མཆོག།རབ་ཏུ་དགུའ་བར་ལྟ་ཞིང ་འཛུམ།།གཡོན་པའི་གཞིན་གྱི་ཕྱག་རྒྱ་ཡིས།།ཁམས་གསུམ་དག་ཀྱང་ཐར་པར་བྱེད།།སྤྱི་བོར་རྟ་མགྲིན་གསང་མཐོ་བ།།རྟ་གདོངས་ལྗང་སེར་ཁ་དོག་གསལ།།སཽ་གཙིགས་པས་ནི་མཎྜ ་མཱནན་ན།།འཇིག་རྟེན་ཐམས་ཅད་འཇིགས་པར་བྱེད།།བཞིན་གྱི་ཕྱག་རྒྱ་ཤེས་པའོ།།ལྷ་མོ་ཀུན་གྱི་བདེ་བའི་མཆོག།མཛེས་མའི་མཆུ་ནི་སོས་མནན་ཏེ།།འཛུམ་པའི་ཕྱག་རྒྱ་མཆོག་འདི ་ནི།།སངས་རྒྱས་ཐམས་ཅད་དགྱེས་པར་བྱེད།།འདོད་ཆགས་བདེ་བས་གཡེམ་སྤྱོ་བ།།སྟེག་པའི་མ་མཆུ་སོས་མནན་པའི།།འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི།།ཁམས་གསུམ་དག་ཀྱང ་དགའ་བར་བྱེད།།སྦྱོར་བ་ཀུན་གྱི་བདེ་བ་མཆོག།མཛེས་པའི་མ་མཆུ་གཡོ་བར་བྱེད།།འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི།།ཁམས་གསུམོ་དག་ཀྱང་དགའ་བར་བྱེད།།ཤ་ཆེན་གྱི་ནི་རོ་མྱོང ་ཞིང་།།མ་མཆུ་སོ་ཡིས་མནན་པ་ཡིས།།འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི།།ཁམས་གསུམ་དག་ཀྱང་ཟ་བར་བྱེད།།བདེ་བ་ཀུན་གྱི་རོ་མྱོང་ཞིང་།།མ་མཆུ་རྣམ་པར་མཛེས་བྱས་པ།།འཛུམ ་འགྲུབ།།སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ།།མཁའ་འགྲོ་སྒྱུ་མ་བདེ་མཆོག་གིས།།ཡང་དག་བདེ་བ་ཚུལ་བཞིན་དུ།།མཐོང་བ་དང་ན་ཐོས་པར ་བྱེད།།ས་ཆུ་མཾ་རླུང་ན་མཁའ་དང་།།ཁམས་རྣམས་ཀུན་ནི་ཐམས་ཅད་ལྟོས།།ཐམས་ཅད་མཐོང་ཞིང་ཐོས་པར་བྱེད།།རྣམ་པར་ཤེས་པ་ཀུན་འགྲུབ་ཅིང་།།ཀུན་ཏུ་ཐམས་ཅད ་ཀུན་གྱི་བདག།འདོད་པའི་ཡོནྟན་ཐམས་ཅད་དང་།།རྣམ་པར་ཤེས་པའི་ལས་ཀུན་ལ།།ཐམས་ཅད་མཐོང་ཞིང་ཤེས་པར་བྱེད།།པདྨོར་ཆགས་པར་རྗེས་ཆགས་ཞིང་།།སྣ ་ཚོགས་པདྨོ་ཁ་འབྱེད་པས།།པྲ་སཻ་ནུ་ནི་སྣ་ཚོགས་པ།།མཐོང་བ་དང་ནི་ཐོས་པར་བྱེད།།མེ་ཏོགུ་བདུག་པ་མར་མེ་མཆོག།སྤོས་དང་མཆོད་པ་ཐམས་ཅད་ལ།།རྣམ་པར་ཤེས་པ ་ཀུན་གྲུབ་པ།།ཐམས་ཅད་མཐོང་ཞིང་ཐོས་པར་བྱེད།།རེག་དང་མ་རེག་རྡོ་རྗེ་ཆེ།།རལ་གྲི་མེ་ལོང་མདའ་གཞུ་དང་།།ཤིང་དང་ཆུ་དང་འབབ་ཆུ་བྲག།གཟུགས་བརྙན་བྱུང་བའི་ཁྱིམ ་དག་ལས།།བྱ་དང་དེ་བཞིན་མི་བྱ་དང་།།སྟོར་བ་དང་ནི་མ་སྟོར་དྲང་།།ཕྲོགས་པ་དང་ནི་མ་ཕྲོགས་དང་།།དེ་བཞིན་སྙེད་དང་མ་རྙེད་དང་།།གསོན་པ་དང་ནི་ཤི་བ་དང་།།དེ་བཞི་ནི་རྒྱལ་དང ་ཕམ་པ་དང་།།དོན་ཡོད་དང་ནི་དོན་མེད་དང་།།དེ་བཞིན་གྲུབ་དང་མི་གྲུབ་དང་།།བདེ་དང་མི་བདེ་ཆོ་ག་བཞིན།།ལྷ་ཡུལ་དག་ནི་དོན་རྣམས་དང་།།སངས་རྒྱས་ཞིང་གི་དོན་རྣམས་ཀྱང་།། ་ཀུན་ཏུ་ཀུན་ནས་ཐམས་ཅད་ནི།།བསམས་པ་མཐོང་ཞིང་ཐོས་པར་བྱེད།།རྣམ་པར་ཤེས་པའི་ཕྱག་རྒྱ་ཤེས་པའོ།།རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ།།ཇི་ལྟའི་དབྱིབས་དང་གཟུགས ་ལྡན་པས།།དུར་ཁྲོད་ལྷ་ཡི་གནས་རྣམས་དང་།།མ་མོ་གནས་ཀྱི་ཐལ་བ་མཆོག།ཐམས་ཅད་དཔྲལ་བའི་སྲུང་བ་ནི།།ཐིག་ལེ་སོར་རིས་གསུམ་དུ་བྱ།།ཕྱོགས་མཚམས་ན་མཁའ ་ས་བཅིངས་ན།།སྲུང་བ་ཀུན་གྱི་བླ་མེད་པའོ།།དཔལ་རྡོ་རྗེ་ཐལ་བའི་དམ་ཚིག་ཞེས་བྱ་བའི་སྲུང་བའོ།།རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ།།ཇི་ལྟའི་དབྱིབས་དང་གཟུགས་ལྡན་པས།། ་རྒྱ་མཚོར་འབབ་པའི་གཟུགས་ཆུའི་འགྲམ།།ལྷ་རྫས་ཞི་བའི་ཆུ་མཆོག་གིས།།གཏོར་བ་དང་ནི་བླུགས་པ་དང་།།ཁྲུས་བྱ་བ་དང་འབོགས་པ་ཡིས།།ཕྱོགས་མཚམས་ན་མཁའ་ས ་བཅིངས་ན།།སྲུང་བ་ཀུན་གྱི་བླ་མེད་པའོ།།དཔལ་རྡོ་རྗེ་བདུད་རྩི་དྲི་མ་མེད་པའི་རྒྱ་མཚོ་ཞེས་བྱ་བའི་ཕྱག་རྒྱའོ།།རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ།།ཇི་ལྟའི་གཟུགས་དང་དབྱིབས ་ལྡན་པས།།མི་ཡི་ཐོད་པའི་ནང་དུ་ནི།།ཉུངས་ཀར་བསྐྱེད་ནས་བླང་བར་བྱ།།ལོ་མོ་ཉུངས་མར་ཟོསུ་བཟའ།།མགོ་བསྐུས་དེ་བཞིན་འབྲས་བུ་ཡིས།།ཕྱོགས་མཚམས་ན་མཁའ་སོ་བཅིངས། ་ནི།།སྲུང་བ་ཀུན་གྱི་བླ་མེད་པའོ།།དཔལ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའོ།།རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ།།མ་མཆུ་སོ་ཡིས་ལེགས་མནན་ནས།།དཔལ་ལྡན་གཡོན ་