CLOSE WINDOW

N359: bkra shis chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།མ་ཧཱ་མོ་གྷ་ལ་སཱུ་ཏྲ།བོད་སྐད་དུ།བཀྲ་ཤིས་ཆེན་པོའི་མདོ།།འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགསོ།།དེ་ནས་ལྷ་དུ་མ་རྣམས ་མཚན་མོ་ཁ་དོག་སྣ་ཚོགས་པ་དང་ལྡན་པའི་འོད་རྣམས་ཀྱི་དུས་གཅིག་ལ་རྒྱལ་བྱེད་ཚོལ་འོད་ཀྱིས་སྣང་བར་བྱས་ནས་བཅོམ་ལྡན་འདས་གང་ན་བཞུགས་པ་དེར་ལྷགས ་ཏེ་ལྷགས་ནས།བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ།།ཕྱོགས་གཅིག་ཏུ་འཁོད་ནས།ལྷ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚོགསུ་བཅད ་པ་མང་དུ་ཞུས།།ལྷ་དང་མི་རྣམས་མང་པོ་ཡིསོ།།བཀྲ་ཤིས་པ་ནི་བསམ་གྱུར་པ།།བིཀྲ་ཤིས་པ་ལ་ཐེ་ཚོམ་སྐྱེས།།བཀྲ་ཤིས་མཆོག་ནི་གསུང་དུ་གསོལ།།ལྷའི་ཡང ་ལ་ཡི་སྟེ་བཀའ་སྩལ་པ།།སྡིག་པ་ཐམས་ཅད་རྣམ་པར་འཇོམས།།འཇིག་རྟེན་ཀུན་ལ་ཕན་པའི་དོན།།བཀྲ་ཤིས་དེ་རྣམས་ཁྱེད་ལ་བཤད།།བྱིས་པ་རྣམས་ལ ་བསྙེན་མི་བྱ།།མཁས་པ་རྣམས་ལ་བསྙེན་པར་བྱ།།མཆོད་ལ་མཆོད་པའི་ལན་བྱ་བ།།འདི་ནི་མཆོག་གི་བཀྲ་ཤིས་སོ།།སྔར་བྱས་པའི་བསོད་ནམས་ཀྱིས།།འཐུན ་འི་སྦྲུལ་དུ་གནས་པ་དང་།།བདག་ཉི་མཆོག་སྣརོནྡྲ་ལཱམ་བྷ།།འདིན་མ་ཆོག་གི་བཀྲ་ཤྲཱིས།།བདོན་དང་ལག་པའི་བཟོ་དང་ནོ།།འདུལ་བ་སྦྱོར་བས་ལེགས་པརདྨ་བསྐུར།། ་གླང་གིས་ལེགས་པར་བ་ཤད་པའི་ཚིག།འདི་ནི་མཆོག་གྲི་བཀྲ་ཤིསོ།།ཕུ་དང་མེ་ལ་བསྙེན་བཀུར་བྱ།།བུ་དང་ཆུང་མ་རྗེ་སུ་གཟུང་།།མི་མཐུན་པའི་ལས་མི་བྱ།།འདི ་ནི་མཆོག་གི་བཀྲ་ཤྲཱི་སོ།།སྦྱིན་པ་ཆོས་ཀྱི་སྤྱོད་པ་དང་།།མཉེན་འདུན་རྣམས་ནི་རྗེསུ་གཟུང་།ཁ་ན་མ་ཐོའི་ལས་མི་བྱ།།འདི་ནི་མཆོག་གི་བཀྲ་ཤིསོ།།སྡིག་ལ་དགོའ་བ ་སྤང་བར་བྱ།།ཆང་གི་བཏུང་བ་རྣམ་པར་སྦྱང་།།གང་ཞིག་ཆོས་ལ་བག་ཡོད་པ།།འདི་ནི་མཆོག་གི་བཀྲ་ཤིསོ།།གློ་བུར་བླ་མ་གུས་པར་བྱ།།བྱས་པ་ཤེས་ཤིང་གུས་པར་བྱ།། ་དུས་སུ་ཚོས་ནི་མཉན་པར་བྱ།།འདི་ནི་མཆོག་གི་བཀྐ་ཤིསོ།།ཚིག་ངན་པ་ནི་བཟོད་པར་བྱ།།དགེ་སྦྱོང་རྣམས་ནི་མཐོང་བར་བྱ།།དུས་སུ་ཆོས་ཀྱི་འབྲེལ་གཏམ་བྱ།།འདི་ནི ་མཆོག་གི་བཀྐུ་ཤེསོ།།དཀའ་ཐུབ་དང་ནི་ཚངས་སྤྱོད་བྱ།།འཕགས་པའི་བདེན་པ་མཐོང་བར་བྱ།།མྱི་དྲན་འདས་པ་མངོན་སུམ་བྱ།།འདི་ནི་མཆོག་གི་བཀྲ་ཤིསོ།།འཇིག ་རྟེན་ཆོས་ལ་དྲིས་པ་ན།།གང་ཞིག་སེམས་ནི་གཡོ་མི་བྱ།།མྱ་ངན་མི་དགའ་མེད་བཟོད་བྱ།།འདི་ན་མཆོག་གི་བཀྲ་ཤིསོ།།དེ་ལྟར་བཤད་པར་བྱས་པ་རྣམས།།ཐམས་ཅད་དུ་ནི ་རྒྱལ་བ་དང་།།ཐམས་ཅད་དུ་ནི་ཞི་བར་འགྲོ།དེ་རྣམས་དེ་ལྔ་མཆོག་བཀྵ་ཤིས་སོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ལྷ། ་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།བཀྲ་ཤིས་ཆེན་པོའི་མདོ་རྫོགས་སོ།།།།པཎྜི་ཏ་ཆེན་པོ།ཱནནྣ་ཤྲཱིའི ་ཞལ་སྔ་ནས།མིང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས།སྐད་གཉིས་སྨྲ་བ་རྣམས་ཀྱི་གད་ནས།གཙུག་ལག་ཁང་ཆེན ་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།།སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག།།སྔར་འགྱུར་ཡང་ཡོད།། ་