CLOSE WINDOW

N355: klu'i rgyal po dga' bo nyer dga' 'dul ba'i mdo
Wyliee-texts produced with BDRC’s OCR application

ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།རྒྱ་གར་སྐད་དུ།ནནྡོ་པ་ནནྡ་ནཱ་ག་རཱ་ཛ་ད་མ་ན་སཱུ་ཏྲ།བོད་སྐད་དུ།ཀླུའི་རྒྱལ་པོ་དགའ ་བོ་ཉེར་དགའ་འདུལ་བའི་མདོ།།འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད ་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།།ཁྱིམ་བདག་མགོན་མེད་ཟས་སྦྱིན་དུས་གཅིག་ན།བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐོས་ནས།བཙུན་པ་དགེ་སློང ་ལྔ་བརྒྱ་དང་བཅས་པ་སོང་ནང་པར་བདག་གི་ཁྱིམ་དུ་གདུགས་ཆོད་ལ་འབྱོན་པར་ཞུ་ཞོས་འགྲོན་དུ་གཉེར་ཏོ།།བཅོམ་ལྡན་འདས་ཀྱིས་དེ་ལ་གནང་ནས།དེའི་ཉིན་མོ་ལྷག་མ་དང ་མཚན་མོའི་མཐའ་འདས་ནས་ཐོ་རངས་ཀྱི་དུས་སུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ལ་ཐུགས་ཀྱིས་རྣམ་པར་དགོངསོ།།དེ་ནས་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་ཞེས་བྱ་བ་ཡཾ ་ཤེས་ཀྱི་སྒོ་ནས་མངོན་དུ་བྱསོ།།དེ་ལ་ངེས་པར་ལེགས་པའི་ས་བོན་ཡོད་དམ་ཞེས་རྟགས་པ་ན།འདི་ནི་ལོག་པར་ལྟ་བ་ཅན་དཀོན་མཆོག་གསུམ་ལ་དད་པ་མེད་པར་གཟིག་སོ།། ་གཟིགས་ནས་གང་ཞིག་འདི་ནི་ལོག་པ་ལྟ་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར།འདུལ་བར་བྱེད་པ་གནས་བརྟན་ཆེན་པོ་མཽ་དགལ་གཟིག་སོ།།དེ་ནས་མཚན་མོ་ཐོ་རངས་ཀྱི་དུ་སུ་སྐུ ་བྱ་དར་མཛད་ནས།ཚེ་དང་ལྡན་པ་ཀུན་དགའ་བོ་བོས་ཏེ་བཀའ་སྩལ་པ།ཀུན་དགའ་བོ།དགེ་སློང་ལྔ་བརྒྱ་དང་བཅས་པའི་བཅོམ་ལྡན་འདས་ལྷའི་འཇིག་རྟེན་དུ་གཤེགསསོ་ཞེས་སྟོན་ཅིག། ་དྲིས་བཙུན་པ་བཀའ་བཞིན་འཚོལོ་ཞེས་གསོལ་ནས་དགེ་སློང་རྣམས་ལ་དོན་དེ་སྨྲསོ།།དེའི་ཉི་མ་ལ་དགའ་བོ་ཉེར་དག་པཉྫརརེ་བསྡོགས་བྱསོ།།དེ་ལྷའི་རིན་པོ་ཆེའི་སྟེང་དུ་སྐྱིལ་ཀྲུངས ་ཀྱིས་གནས་ཏེ།ལྷའི་གདུགས་དཀར་པོ་བཟུང་།།ཀླུ་དང་ཀླུ་མོ་གར་བྱེད་ཅིང་ཀླུའི་འཁོར་གཡོག་དུ་མས་བསྐོར་ཏེ་ལྷའི་སྣོད་ཉེ་བར་བཞག་ནས་བཟའ་བ་དང་བཏུང་བ་རྣམ་པ ་སྣ་ཚོགས་པ་ལ་རྟོག་པར་བྱེད།།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ཇི་ལྟ་བར་གཟིགསོ།།དེ་ལྟར་བྱས་པ་གཟིགས་ནས་དེའི་མགོ་བོའི་སྟེང་གི་བླ་བྲས་ཀྱི་སྟེང་ཉིད་ནས།། ་བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱ་དང་བཅས་པས་གཤེགས་ཏེ།སུམ་ཅུ་རྩ་གསུམ་གྱི་ལྷའི་བར་མངོན་སུམ་དུ་གྱུར་ཏོ།།དེའི་ཚེ་དེའི་དུས་ན་ཀླུའི་རྒྱལ་པོ་དགའ་བོ་ཉེར ་དགའ་དེ་ལྟ་བུའི་གཟུགས་ཀྱིས་སྡིག་པའི་ལྟ་བར་ལྷུང་བ་ལྟ་བ་ངན་པའི་སེམས་སྐྱེསོ།།དགེ་སྦྱོང་མགོ་རིག་འདི་ངའི་སྟེང་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་འཇིག་རྟེན་གྱི་གན་སུ ་གཤེགས་པར་འགྱུར།།འདི་ནི་ད་ལྟེ་ནས་ངའི་མགོ་བི་ལ་རྐང་པའི་རྡུལ་མགོ་བོའི་སྟོང་དུ་ལྷུང་བར་བྱེད་པས་འགྲོ་རུ་མི་སྟེར་རོ་སྙམ་སྟེ།ལངས་ནས་རེ་རབ་ཀྱི་རྩ་བར་སོང་ངོ་།།རང ་གི་གཟུགས་པོར་ཏེ་རེ་བོ་མཆོག་རབ་སྟེང་འོག་ཐམས་ཅད་རང་གི་ལུས་ཀྱིས་ལན་བདུན་བཀྲིས་ནས།སྟེང་དུ་གདེངས་ཀ་བྱས་ཏེ།སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས ་མི་མཐོང་བར་བྱ་བའི་ཕྱིརརོ།།དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་སྔར་བཞིན་གནས་འདིའི་ཕྱགསུ་འདུག་ནས ་རིའི་མཆོག་རབ་མཐོང་།།རི་བོ་མཆོག་རབ་འཁོར་དང་བཅས་པ་མཐོང་།།སུམ་ཅུ་རྩ་གསུམ་མཐོང་།།རྣམ་པར་རྒྱལ་བའི་ཁང་བཟང་མཐོང་།།རྣམ་པར་རྒྱལ་བའི་ཁང་བཟེད་གྲི ་སྟེང་གི་རྒྱལ་མཚན་མཐོང་།།བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་ལགས།ད་ནི་རི་བོ་མཆོག་རབ་མི་མཐོང་བར་འགྱུར།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཡུལ་འཁོར་སྐྱོང་འདི་ནི་ཀླུའི ་རྒྱལ་པོ་དགའ་བོ་ཉེར་དགའ་ཞེས་བྱ་བ་ཁྱོད་རྣམས་ལ་ཁྲོས་པར་གྱུར་ཏེ།།རི་བོ་མཆོག་རབ་ལན་བདུན་དུ་ལུས་ཀྱིས་བཀྲིས་ནས་སྟེང་དུ་གདོངས་ཀས་བསྒྲིབ་སོ།།མུན་པ་མུན ་ནོག་ཏུ་བྱས་ནས་གནསོ།།གསོལ་བྱ།བཙུན་པ་བདག་གིས་འདུལ་བར་བགྱི་འམ།བཅོམ་ལྡན་འདས་ཀྱིས་གནང་བ་མ་བྱིན་ནོ།།དེ་ནས་ཚེ་དང་ལྡན་པ་བཟང་ལྡན་དང་།ཚེ ་དང་ལྡན་པ་སྒྲ་གརན་འཛིན་ཏེ།གོ་རིམས་བཞིན་དུ་དགེ་སློང་ཐམས་ཅད་ཀྱིས་ཞུས།།བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་བ་མ་བྱིན།།ཐམས་ཅད་ཀྱིས་རྗེསུ་གནས་བརྟན ་།ཆེན་པོ་མཽད་དགལ་གྱི་བུས་བཙུན་པ་བདག་གིས་གདུལ་བར་བགྱི་འམ།།ཞེས་ཞུས་པ་དང་།མཽད་དགལ་ཀྱ་བུ་ཐུལ་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་གནང་བ་བྱིན།།གནས་བརྟན་རང་གི ་ལུས་པོར་ལ་ཀླུའི་རྒྱལ་པོའི་ལུས་ཆེན་པོར་སྤྲུལ་ཏེ།།དགའ་བོ་ཉེར་དགའི་ལུས་ཀྱི་སྟེང་དུ་ལན་བཅུ་བཞི་ལུས་ཀྱིས་དཀྲི་བ་དང་།དེའི་གདེངས་ཀའི་སྟེང་དུ་རང་གི་གདེངས་ཀ་བྱའོ།། ་རི་བོ་མཆོག་རབ་དང་བཅས་པ་ཐམས་ཅད་ནོན་ཅིག།ཅེས་བཀའ་སྩལ་པ་དང་།གནས་བརྟན་མཽ་དགལ་གྱི་བུས་དེ་བཞིན་དུ་བྱའོ།།དེ་ནས་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགས་ཁ་བརླངས ་ཀྱི་དུ་བ་བཏངངོ་།།གནས་བརྟན་གྱིས་ཀྱང་ཁྱེད་ཀྱི་ལུས་ལ་ཁ་བརླངས་ཀྱི་དུ་བ་ཡོད་ལ་ངེད་ལ་མེད་པ་ཡིན་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའི་དུ་བས་གནས་བརྟན་ལ་གནོད་པར་མ་གྱུར ་ཏོ།།གནས་བརྟན་གྱི་ཁ་བརླངས་ཀྱི་དུ་བས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ།།ཀླུའི་རྒྱལ་པོ་རབ་ཏུ་འབར།།གནས་བརྟན་གྱིས་ཁྱེད་ཀྱི་ལུས་ལ་འབར་བ་ཡོད་པ་བཞིན་ངེད་ལ་མེད ་དམ་ཞེས་འབར་བྱསོ།།ཀླུའི་རྒྱལ་པོའི་མྱེ་འོད་ཀྱིས་གནས་བརྟན་ལ་གནོད་པར་མ་གྱུར་ཏོ།།གནས་བརྟན་གྱི་མེ་འོད་ཀྱིས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ།།ཀླུའི་རྒྱལ་པོས ་བསམས་པ་འདི་ནི་བདག་གིས་ལུས་རི་བོ་མཆོག་རབ་དང་བཅས་པ་ངེས་པར་གནས་ནས་དུ་བ་དང་མེ་འབར་བར་བྱེད་དོ་སྙམ་ནས།ཁྱེད་གང་ཡིན་ཅེས་དྲིས།།བདག་མི་དགལ་ཅེས ་།བྱཱབའོ།།བཙུན་པ་རང་གི་གཟུགས་ཀྱིས་གནས་པར་བྱས་ཤིག།གནས་བརྟན་གྱིས་ཀྵ་ལུས་དོར་ནས།།དེའི་རྣ་བ་གཡས་པའི་བུ་གནས་ཞུགས་ཏེ།ནཱ་བུ་གནན། ་པའི་བུ་ག་ནས་འཐོན་ནོ།།ཡང་རྣ་བ་གཡོན་པའི་བུ་གནས་ཞུགས་ནས།རྣ་བ་གཡས་པའི་བུ་གནས་འཐོན་ནོ།།དེ་བཞིན་དུ་སྣ་གཡས་པའི་བུ་གནས་ཞུགས་ནས།སྣ་གཡོན་པའི ་བུ་ག་ནས་འཐོན་ཏེ།ཡང་སྣ་གཡོན་པའི་བུ་ག་ནས་ཞུགས་ནས།སྣ་གཡས་པའི་བུ་ག་ནས་འཐོན་ནོ།།དེ་ནས་ཀླུའི་རྒྱལ་པོའི་ཁ་བདང་སོ།།གནས་བརྟན་ཁར་ཞུགས་ནས།གསུམ ་བྱའི་ནང་དུ་མདུན་རྒྱུབ་དུ་ཡང་དང་ཡང་དུ་རྒྱུ་སོ།།བཅོམ་ལྡན་འདས་ཀྱིས་མོ་དག་ལ་རྫུ་འཕྲུལ་ཆེར་ཡིད་ལ་གྱིས་ཤིག།ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཡིན་ཞེས་བཀའ་སྩལ ་ཏོ།།གནས་བརྟེན་གྱིས།བཙུན་པ་བདག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པ་དང་།མང་དུ་བྱས་པ་དང་།བརྩོན་པར་བྱས་པ་དང་།གཞིར་བྱས་པ་དང་།རྗེསུ་བསྒྲུབས་པ ་དང་འདྲིས་པར་བྱས་པས་ལེགས་པར་བརྩམ་སོ།།བཙུན་པ།དགའ་བོ་ཉེར་དགའ་ལྟ་ཞོག།དགའ་བོ་ཉིད་དགའ་དང་མཚུངས་པར་བརྒྱའི་ཚོགས་དང་།འབུམ་གྱི་ཚོགས ་ཀྱང་བདག་གིས་གདུལ་བར་ནུས་ཞེས་གསོལ་ཏོ།།ཀླུའི་རྒྱལ་པོས་བསམས་པ་ནང་ན་རྒྱུ་བ་བདག་གིས་མ་མཐོང་།།ཕྱིར་འབྱུང་བའི་ཚེ་མཆེ་བ་གཉིས་ཀྱི་བར་དུ་བཟའ་བོ་སྙམ་ནས ་བཙུན་པ་ཕྱིར་ཤོག།ངའི་ལྟོ་བའི་ནང་དུ་ཡང་དང་ཡང་དུ་རྒྱུ་བ་དང་།སྡོད་པས་ཅི་བྱ་ཞེས་པས་གནས་བརྟན་ཕྱིར་བྱོན་ནས་གནསོ།།ཀླུའི་རྒྱལ་པོས་མཐོང་ནས།འདི་ཡིན་ནམ་ཞེས་སྨྲས ་ཏེ།སྣའི་རླུང་ཕྱིར་བཏང་།།གནས་བརྟེན་བསམ་གཏན་བཞི་པོ་མཉམ་པར་ཐོབ་པས།བ་སྤུའི་བུ་ག་གཅིག་ཏུ་ཡང་སྣའི་རླུང་གིས་སྐྱོང་བར་མ་ནུསོ།།དེ་ལས་གཞན་པར་དགེ ་སློང་རྣམས་ཀྱིས་དང་པོ་རྣམས་ཀྱིས་ཆོ་འཕྲུལ་ཐམས་ཅད་བྱེད་པར་ནུས་ཀྱིས།གནས་འདི་རྣམས་ལ་རབ་ཏུ་ཞུགས་ནས།བྲིསམ་གཏོན་བཞི་པོ་མྱུར་དུ་བསྒྲུབ་པར་མི་ནུ་སོ།།དེམ ་ཕྱིར་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་འདུལ་བ་དེ་རྣམས་ལ་གནང་བ་མ་ཡིན་ནོ།།ཀླུའི་རྒྱལ་པོ་བདག་གིས་དགེ་སློང་འདིའི་བ་སྤུའི་བུ་ག་ཙམ་ཡང་སྣའི་རླུང་གིས་བསྐྱོད་པར་མ ་ནུས་པས་རྫུ་འཕྲུལ་ཆེན་པོར་བསམསོ།།གནས་བརྟན་གྱིས་དགེ་སློང་གི་གཟུགས་དོར་ནས།འདབ་བཟང་བྱ་ཁྱུང་གི་གཟུགསུ་མངོན་པར་སྤྲུལ་ཏོ།།འདབ་བཟང་གི་ལུས་དེ་མཐོང ་ནས་ཀླུའི་རྒྱལ་པི་བྲོས་པར་གྱུར་ཏོ།།འདབ་བཟང་གི་རྗེསུ་འབྲེལ་པར་ཀླུའི་རྒྱལ་པོས་རང་གི་གཟུགས་དོར་ནས་བྲམ་ཟེའི་ཁྱེའུ་ཡི་གཟུགསུ་སྤྲུལ་ཏོ།།བཙུན་པ་ཁྱེད་ལ་སྐྱབས ་སུ་འགྲོའོ་ཞེས་བརྗོད་པར་བྱེད་ཅིང་གནས་བརྟན་གྱི་ཞབས་ལ་ཕྱག་འཚལ་ལོ།།གནས་བརྟན་གྱིས་སྟོན་པའི་ཐད་དུ་ཤོག་ཅིག་འགྲོ་བ་ཡིན་ན་ཞེས་ཀླུའི་རྒྱལ་པོ་བཻརྟུལ་ནས ་དུག་མང་པར་བས་ཏེ།བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནོ།།ལྷའི་རྒྱལ་པོས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ།བཙུན་པ་ཁྱད་ལ་སྐྱབསུ་འགྲོའོ་ཞེས། ་གསོལ་ཏོ།།བཅོམ་ལྡན་འདས་ཀྱིས་ལེགསོ་ཞེས་བཀའ་སྩལ་ནས།དགེ་སློང་འཁོར་དང་བཅས་པ་མགོན་མེད་ཟས་སྦྱིན་གྱི་གནས་སུ་གཤེགསོ།།མགོན་མེད་ཟས་སྦྱིན ་གྱིས།བཙུན་པ་ཡུན་རིང་པོར་མི་འབྱོན་པ་ཅི་ཞེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས།མཽ་དགལ་གྱི་བུ་དང་།དགའ་བོ་ཉེར་དགའ་གཉིས་གཡུལ་བཀྱེའོ་ཞེས ་བཀའ་སྩལ་ཏོ།།བཙུན་པ་སུ་ཞིག་ཕམ་སུ་ཞིག་རྒྱལ་བར་གྱུར་ཞེས་གསོལ་པས།ཁྱིམ་བདག་མཽ་དགལ་གྱི་བུ་རྒྱལ་བར་གྱུར།དགའ་བོ་ཉེར་དགའ་ཕམ་པར་གྱུར ་ཏོ།ཞེས་བཀའ་སྩལ་ཏེ།།མགོན་མེད་ཟས་སྦྱིན་གྱིས་བཙུན་པ་བཅོམ་ལྡན་འདས་ལ་ཞག་བདུན་དུ་རིམ་པ་བཞིན་དུ་གདུགས་ཚད་གསོལ་བར་ཞུས།གནས་བརྟན་ལ ་བཀུར་སྟི་དང་བསྟི་བཏང་བགྱིད་པར་ཞུས།།སངས་རྒྱས་ལ་སོགས་པའི་དགེ་སློང་ལྔ་བརྒྱ་པོ་རྣམས་ལ་བཀུར་བསྟི་དང་བཻ་སྟེ་བཏང་ཞག་བདུན་དུ་བགྱིད་པར་འཚལ་ལོ།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།དགེ་སློང་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།ཀླུའི་རྒྱལ་པོ་དགའ་བོ་ཉེར ་དགའ་འདུལ་བའི་མདོ་རྫོགས་སོ།།།པཎྜི་ཏ་ཆེན་པ།ཱནནྟ་ཤྲཱིའི་ཞལ་སྔ་ནས།མང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སྦྱོང་ཉི་མ་རྒྱལ་མཚན་དཔལ་བཟང ་པོས་སྐེད་གཉིས་སྨྲ་བ་རྣམས་ཀྱིས་གདན་ས།གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླེང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལྀ་ཕབ་པའོ།།།སའི་སྟེང་དུ ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག།རྒྱ་གར་སྐད་དུ།མ་ཧཱ་ཀཱ་ཤྱཱ་པ་སཱུ་ཏྲ།བོད་སྐད་དུ།འོད་སྲུང་ཆེན་པོའི་མདོ།།འཕགས་པ་དཀོན་མཆོག་གསུམ ་