| Wylie | e-texts produced with BDRC’s OCR application |
བ་ལྟར་གྱུར་ཅིག།།།རྒྱ་གར་སྐད་དུ།གེ་རི་ཨཱ་ནནྡ་སཱུ་ཏྲ།བོད་སྐད་དུ།རིའི་ཀུན་དགའ་བའི་མདོ།།འཕགས་པ་དཀོ་ནི་མཆོག་གསུམ་ལ་གུས་པས་ཕྱག་འཚལོ།།འདི་སྐད ་བྱདག་གིས་བྱོས་པའི་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགསོ།།དེའི་ཚེ་དེའི་དུས་ན་ཚེ་དང་ལྗོན་པ་རིའི་ཀུན་དགའ ་བོ་ནད་དམ་པོ་སྡུག་བསྔལ་བས་གཟིར་ཏོ།།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལོ་བ་དེར་སོང་ཞིང་ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས ་གཅིག་ཏུ་འདུག།།ཕྱོགས་གཅིག་ཏུ་འདུག་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་ཚེ་དང་ལྡན་པ་རིའི་ཀུན ་དགའ་བོ་ནད་དམ་པོ་སྡུག་བསྔལ་བས་གཟིར་ཏོ།།བཙུན་པ་བཅོམ་ལྡན་འདས་ལེགས་པར་མཛད་དུ་གསོལ།དགེ་སློང་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ག་ལ་བ་དེར་གཤེགས་ལ ་རྗེསུ་བརྩེ་བས་གཤེགས་པར་ཞུ།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།དེར་ཡང་ཀུན་དགའ་བོ་ཁྱོད་དགེ་སློང་རིའི་ཀུན་དགའ་བོའི་ཐད་དུ ་སོང་ལ་འདུ་ཤེས་བཅུ་བཤད་པར་གྱིས་ཤིག།རྣམ་པར་ཤེས་པ་དང་ལྡན་པའི་གན་སུ་སྨྲ་བར་གྱིས་ཤིག།གཞན་ཡང་དགེ་སློང་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་ཐོས་ནས ་ནད་ཀྱིས་གཟིར་བའི་གནས་རྣམས་ལ་སོ་སོར་རིག་པར་འགྱུར་རོ།།བཅུ་གང་ཞེ་ན།མི་རྟག་པའི་འདུ་ཤེས་དང་།བདག་མེད་པའི་འདུ་ཤེས་དང་།མི་གཙང་བའི་འདུ་ཤེས་དང་ཁར་དུ ་བཅོད་པའི་འདུ་ཤེས་དང་།སྤོང་བའི་འདུ་ཤེས་དང་།འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་།འགོག་པའི་འདུ་ཤེས་དང་།འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི ་འདུ་ཤེས་དང་།འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་།འབྱུང་བ་དང་རྔུབ་པ་རྗེསུ་དྲན་པའི་འདུ་ཤེ་སོ།།མི་རྟག་པའི་འདུ་ཤེས་དུ་ཞེ་ན།འདི་ནི་ཚེ་དང་ལྡན་པ་ཀུན ་གླུ་།དགོན་པའམ།།ཤོང་རླུ་ང་མ།།དང་པ་སྟོང་བར་སོང་ལ་འདི་ནི་སོསོར་རིག་པར་བྱའོ།།གཟུགས་མི་རྟག་པ་དང་།ནརྀ་བྷཱུ་མནྟག་པཱ་དང་།འདུ་ཤུས་རྟག་པ་དང་།འདུ་བྱད་ཆུ ་རྟག་པ་དང་།རྣམ་པར་ཤེས་པ་མི་རྟག་པ་སྟེ་འདི་རྣམས་ལ་ཉེ་བར་ལེན་པའི་ཕུང་བརྗོད་མི་རྟག་པར་བལྟ་བར་བྱའོ།།དེ་ལ་མི་རྟག་པའི་འདུ་ཤེསྟེ་སྦྱིན་ཅིག།ཀུན་དགའ་བོ་ངོ་དག་མེད ་པའི་འདུ་ཤེས་དུ་ཞེ་ན།འདི་ནི་དགེ་སློང་ཀུན་དགའ་བོ།།དགོན་པ་འམ།ཤིང་དྲུང་ངམ།ཁང་པ་སྟོང་པར་སང་ལ་འདི་ནི་སོ་སོར་རིག་པར་བྱའོ།།མིག་བདག་མེད་པ་དང་།གཟུགས་བདག ་མེད་པ་དང་།རྣ་བ་དག་མེད་པ་དང་།སྐྱེ་བདག་མེད་པ་དང་།སྣ་དག་མེད་པ་དང་།དྲི་བདག་མེད་པ་དང་།ལྕེ་བདག་མེད་པ་དང་།རོ་བདག་མེད་པ་དང་།ལུས་བདག་མེད་པ་དང་།རིག་ཏུ་དང། ་མེད་པ་དང་།ཡིད་བདག་མེད་པ་དང་།ཆོས་བདག་མེད་པ་སྟེ།འདི་རྣམས་ནི་རླུང་དྲུག་དང་ཕྱིའི་སྐྱེ་མཆེད་དྲུག་བདག་མེད་པའོ།།བདག་མེད་པ་ལ་ལྟ་ཞིང་བསམྨེ་པར་བྱའོ།།ཀུན་དགའ ་བདག་མེད་པ་འདི་རྣམས་སྟོན་ཅིང་།ཀུན་དགའ་བྲོ་མི་གཙང་བའི་འདུ་ཤེས་ནི་དགེ་སློང་ཀུན་དགའ་བོ་འདི་ནི་ལུས་འདི་ཉིད་ལ་སྤྱི་གཙུག་ནས་འོག་གི་རྐང་མཐིལ་གྱི་བར་གྱི།ལྤགས་པའི ་ཕྱི་ཤུན་གྱི་བར་གང་བར་རྣམ་པ་སྣ་ཚོགས་པའི་མི་གཙང་བ་སོ་སོར་བརྟག་པར་བྱའོ།།ལུས་འདི་ལ་སྒྲ་དང་།བ་སྤུ་དང་།སེན་མོ་དང་།སོ་དང་།ལྤགས་པའི་ཕྱི་ཤུན་དང་།ཤ་དང་། ་ཆུ་བ་དང་།རུས་པ་དང་།རྐང་མར་དང་།མཁལ་མ་དང་།སྙིང་དང་།མཆེར་བ་དང་།གློ་བ་དང་།སུལ་མང་དང་།ཕོ་བ་དང་།རྒྱུ་མ་དང་།རྒྱུ་མའི་གཉེ་མ་དང་།ལྒང ་པ་དང་།རྟུག་པ་དང་།མཁྲིས་པ་དང་།བད་ཀན་དང་།ཚིགས་དང་།ཁྲག་དང་།རྡུལ་དང་།ཚལ་དང་།མཆི་མ་དང་།ཞག་དང་།མཆིལ་མ་དང་།སྣབས་དང་།།ཆུ་སེར་དང་། ་གཅིན་དང་།གླད་པ་སྟེ་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིསོ།།ལུས་འདི་ལ་མི་གཙང་བར་ལྟ་བར་བྱའོ།།ཀུན་དགའ་བོ་མི་གཙང་བ་འདི་རྣམས་བསྟེན་པར་གྱིས་ཤིག།ཀུན ་དགའ་བོ་བར་དུ་གཅོད་པ་རྣམ་པ་དུ་ཞེ་ན།དགེ་སློང་ཀུན་དགའ་བོ་འདི་ནི་དགོན་པ་འམ།ཤིང་དྲུང་ངམ།།ཁང་སྟོང་དུ་སོང་སྟེ་འདི་རྣམས་སོ་སོར་བརྟག་པར་བྱའོ།།ལུས་འདི་ནི་སྡུག ་བསྔལ་མང་བ་དང་།བར་དུ་བཙོད་པ་མང་བ་སྟེ།ལུས་འདི་ལ་རྣམ་པ་དུ་མའི་ནད་འབྱུངངོ་།།འདི་ལྟ་སྟེ།མིག་གི་ནང་དང་།།རྣ་བའི་ནད་དང་།སྣའི་ནད་དང་།ལྕེའི་ནད་དང་།ལུས ་ཀྱི་ནད་དང་།།མགོ་བོའི་ནད་དང་།རྣ་བའི་ནང་གི་ནོད་དང་།ཁའི་ནད་དང་ཀེ་སོའི་ནད་དང་།གློ་དང་།དབུགས་མི་བདེ་བ་དང་།པ་ནི་སོའི་ནད་དང་།།ཚ་རིམས་དང་།ལྟོ་བོའི་ནད་དང་།། ་བརྒྱལ་བ་དང་།གཞོག་ཕྱེད་ན་བ་དང་།གཟེར་བ་དང་།གསུང་བ་དང་།མཛེ་དང་།ཤ་འབྲས་དང་།འབྲུམ་བུ་ཕྲ་མོ་དང་གཅོང་ནད་དང་།བརྗེད་བྱེད་ཀྱི་ནད་དང་།བས་བལྡགས ་དང་།གཡན་པ་དང་།ལུས་ཟ་བ་དང་།དཀྱུས་དང་འི་ཙར་རྩི་ཀ་དང་།ཁྲག་མཁྲིས་དང་།མ་དྷུ་མེ་ཧ་དང་། ག་དང་།།སི་ལུ་ཀ་དང་།མཚན་མར་རྡོལ་པ་དང་།འཁྲིས་པ་འཁྲུགས་པ། ་ནད་དང་།བདྨ་ཀན་འཁྲུགས་པའི་ནད་དང་།རླུང་འཁྲུགས་པའི་ནད་དང་།འདུས་པའི་ནད་དང་།དུ་སུ་ཟས་ཡི་ཁར་མི་འོང་བའི་ནད་དང་།མི་མཉམ་པའི་ནད་འཁྲུགས་པ་དང་། ་ཨུ་བ་ཀ་སྨི་ཀའི་ནད་དང་།ལས་ཀྱི་རྣམ་པར་སྨིན་པའི་ནད་དང་།།གྲང་བ་དང་།དྲོ་བ་དང་།བཀྲེས་རྔ་བ་དང་།སྐོམ་པ་དང་།།འཁྲུ་བ་དང་།ཆུ་ནང་སྟེ།ལུས་ཀྱི་ནད་འདི་རྣམས་ནི་བར ་དུ་བཅོད་པར་བལྟ་ཞིང་བསྒོམ་པར་བྱའོ།།ཀུན་དགའ་བོ་འདི་ནི་བར་དུ་བཅོད་པར་བསྟན་པར་བསྟན་པར་བྱའོ།།ཀུན་དགའ་བོ་སྤོང་བའི་འདུ་ཤེས་རྣམས་དུ་ཞེ་ན།དགེ་སློང་ཀུན་དགའ་བོ། ་འདི་ནི་འདོད་པས་སྐྱེས་པ་སྟེ།མི་གནས་པར་དོར་བར་བྱའོ།།རྣམ་པར་བ་ཞིག་པ་དང་།སྒོམས་པར་མི་བྱེད་པ་དང་།མི་བསྒོམས་པར་འགྲོ་བ་དང་།རྣམ་པར་འཚེ་བའི་རྣམ་རྟོག་ལས ་སྐྱེས་པ་དང་།མི་གནས་པ་སྟེ་དོར་བར་བྱའོ།།རྣམ་པར་ངོ་ཞིག་པ་དང་།གོམས་པར་མི་བྱེད་པ་དང་།མི་བསྒོམ་པར་འགྲོ་བ་སྟེ་སྐྱེས་ཤིང་སྐྱེས་པའི་སྡིག་པ་མི་དགེ་བའི་ཆོས་མི་གནས་པ་སྟེ ་དོར་བར་བྱའོ།།རྣམ་པར་གཞག་པ་དང་།།གོམས་པར་མི་བྱེད་པ་དང་།མི་བསྒོམ་པར་འགྲོ་བ་སྟེ།ཀུན་དགའ་བོ་འདི་ནི་སྤོང་བའོ་འདུ་ཤེས་སོ།།ཀུན་དགའ་བོ་འདོད་ཆགས་དང་བྲལ་བའི ་འདུ་ཤེས་དུ་ཞེ་ན།དགེ་སློང་ཀུན་དགའ་བོ་འདི་ནི་དགོན་པ་འམ།ཤིང་དྲུང་ངམ།ཁང་སྟོང་དུ་སོང་སྟེ་སོ་སོར་བརྟག་པར་བྱའོ།།འདི་ནི་ཞི་བ་དང་།གྱ་ནོམ་པ་གང་འདི ་ནི་འདུས་བྱས་ཐམས་ཅད་གནས་པ་དང་།སྐྱེ་བ་དང་།སྐྱུར་བ་དང་།སྲེད་པར་ཟད་པ་དང་།འགོག་པ་དང་།མྱ་ངན་ལུས་འདས་པ་དང་།ཀུན་དགའ་བོ་འདི་ནི་འགོག་པའི་འདུ་ཤེས་སོ།།། ་ཀུན་དགའ་བོ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དུ་ཞེ་ན།དགེ་སློང་ཀུན་དགའ་བོ་འདི་ནི་གང་ཞིག་འཇིག་རྟེན་པ་ཐབས་དང་ཉེ་བར་སྐྱེ་བ་དང་།རྟོག་པ ་དང་།གནས་པ་དང་།བག་ལ་ཉལ་བ་བོར་ཏེ་དགའ་བ་མི་བསྐྱེད་པ་རོ།།ཀུན་དགའ་བོ་འདི་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེསུ་བསྟོན་པར་བྱའོ།།ཀུན་དག ་བོཔོ་འདུ་བྱེད་ཐམས་ཅད་མི་རྟག་པའི་འདུ་ཤེས་དུ་ཞེ་ན།དགེ་སློང་ཀུན་དགའ་བོ་འདི་ནི་འདུ་བྱེད་ཐམས་ཅད་ལ་ཞེན་པ་མེད་པ་དང་།སྤོང་བ་དང་།སྐྱུག་བྲོ་བ་སྟེ།ཀུན་དགའ་བོ་འདི་ནི ་འདུ་བྱེད་ཐམས་ཅད་མི་རྟག་པའི་འདུ་ཤེསུ་བསྟན་པར་བྱའོ།།ཀུན་དགའ་བོ་དབུགས་རྔུབ་པ་དང་དབྱུང་བ་རྗེ་སུ་དྲན་པ་དུ་ཞེ་ན།དགེ་སློང་ཀུན་དགའ་བོ།།དགོན་པ་འམ།ཤིང་དྲུང ་ངམེ།ཁང་སྟོང་དུ་སོང་སྟེ་འདུག་ལ་སྐྱིལ་ཀྲུངས་བཅས་ཏེ་ལུས་དྲངས་པོར་བསྲིང་ལ་ཁ་གྱེན་དུ་བལྟས་པ་རྗེསུ་དྲན་ཅིང་གནས་པར་བྱའོ།།དེ་ན་དབུགས་ཐུང་ངུ་ཕྱུང་ན་དབུགས ་ཐུང་དུ་ཕྱུང་སྙམ་དུ་ཡང་དག་པར་ཤེ་སོ།།དབུགས་རིང་དུ་རྔུབས་པ་འམ་ཐུ་རུ་ཆུ་ཆུབ་སོ་སྙམ་དུ་ཡང་དག་པར་ཤེ་སོ།།དབུགས་རིང་དུ་ཕྱུང་ན་དབུགས་རིང་དུ་མཐོང་སྙམ་དུ་ཡང་དག་པར ་ཤེས་སོ།།དབུགས་ཐུང་བ་འམ་ཐུང་དུ་ཕྱུང་ན་དབུགས་ཐུང་དུ་ཕྱུང་སྙམ་དུ་ཡང་དག་པར་ཤེ་སོ།།དབུགས་ཐུང་བ་འམ་ཐུང་ངུ།རྒྱུས་ན་ཐུང་དུ་བལྟ་བ་དང་ཡང་དག་པར་ཤེ་སོ།།ལུས ་ཀྱི་རྣམ་པ་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུསོ་ཞེས་བསླབ་པར་བྱས་ཏེ་ལུས་ཀྱི་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབས་པར་བྱའོ།།ལུས་ཀྱི་འདུ་བྱེད་ཤིན ་ཏུ་སྦྱངས་ནས་དབུགས་ཐུང་དུ་རྔུབས་ན་རྔུབས་པ་ལ་བལྟ་ཞིང་བསླབ་པར་བྱའོ།།སྙམ་དུ་ཡང་དག་པར་ཤེསོ།།གཉི་ག་མཐོང་ཞིང་ལུས་ཀྱི་འདུ་བྱེད་ཡང་དག་པར་སྦྱངས་ཤིང་རླུང ་ཐུང་ངུ་ཕྱུང་ཞེས་གནས་ཤིང་བསླབ་པར་བྱའོ།།གཉི་ག་མཐོང་ཞིང་ལུས་ཀྱི་འདུ་བྱེད་ལ་བལྟ་ཞིང་གནས་པར་བསླབ་པར་བྱའོ།།དགའ་བ་ཡང་དག་པར་མྱོང་ཤིང་དབུགས་ཐུང་ངུ་རྒྱས ་སྙམ་དུ་བསླབ་པར་བྱའོ།།དགའ་བ་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ།།བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།།བདེ་བ་ཡང་དག་པར ་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ།།སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཐུང་དུ་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།།སེམས་ཀྱི་འདུ་བྱེད་ཡང་དག་པོར་མྱོང་ཞིང་བལྟ་ཞིང ་བསླབ་པར་བྱའོ།།གཉི་ག་མཐོང་ཞིང་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུས་ན་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།།གཉི་ག་མཐོང་ཞིང་སེམས་ཀྱི་འདུ ་བྱེད་ཡང་དག་པར་སྦྱངསོ་སྙམ་དུ་བསླབ་པར་བྱའོ།།སེམས་ཡང་དག་པར་མྱོང་ན་དབུགས་ཐུང་ངུ་རྔུབས་ན་རྔུབ་སོ་ཞེས་བསླབ་པར་བྱའོ།།སེམས་ཡང་དག་པར་མྱོང་ཞིང་ཡང་དག་པར་སྦྱངས ་སྙམ་དུ་བསླབ་པར་བྱའོ།།སེམས་མངོན་པར་དགའ་བ་བསྐྱེད་པ་དང་དབུགས་ཐུང་ངུ་རྒྱུས་ན་རྒྱུས་ཞེས་བསྒྲུབ་པར་བྱའོ།།སེམས་མངོན་པར་དགའ་བ་བསྐྱེད་པ་དང་ཤིན་ཏུ་སྦྱངསོ་སྙམ ་དུ་བསླབ་པར་བྱའོ།།སེམས་ཞི་གནས་ལ་གནས་པས་དབུགས་ཐུང་ངུ་རྒྱུས་ན་རྒྱུསོ་སྙམ་དུ་བསླབ་པར་བྱའོ།།སེམས་ཞི་གནས་ལ་གནས་པས་ལྷག་མཐོང་དུ་གནས་པར་བསློབ ་པར་བྱའོ།།སེམས་རྣམ་པར་གྲོལ་བས་དབུགས་ཐུང་ངུ་རྒྱས་ན་རྒྱ་སོ་ཞེས་བསླབ་པར་བྱའོ།།སེམས་རྣམ་པར་གྲོལ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།།མི་རྟག་པར་རྗེསུ་བལྟ ་བས་དབུགས་ཐུང་ངུ་རྒྱས་ན་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།།མི་རྟག་པར་རྗེ་སུ་བལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།།འདོད་ཆགས་དང་བྲལ་བར་རྗེ་སུ་བལྟ་བས ་དབུགས་ཐུང་ངུ་རྒྱུས་ན་རྒྱུ་སོ་སྙམ་དུ་བསླབ་པར་བྱའོ།།འདོད་ཆགས་དང་བྲལ་བར་རྗེ་སུ་བལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།།འགོག་པ་ལ་རྗེ་སུ་བལྟ་བས་དབུགས ་ཐུང་དུ་རྒྱུས་ན་རྒྱུ་སོ་སྙམ་དུ་བསྒྲུབ་པར་བྱའོ།།འགོག་པ་ལ་རྗེ་སུ་བལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།།སོ་སོར་སྤོང་བ་རྗེསུ་བལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུསོ་སྙམ ་དུ་བསླབ་པར་བྱའོ།།སོ་སོར་སྤོང་བར་རྗེསུ་བལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ།།ཀུན་དགའ་བོ་དབུགས་རྔུབ་པ་དང་དབྱུང་བ་རྗེསུ་དྲན་པ་འདི་བཤད་པར་བྱའོ།།དེར ་ཡང་ཀུན་དགའ་བོ་ཁྱེད།རིའི་ཀུན་དགའ་བོའི་གནསུ་སོང་ལ།འདུ་ཤེས་བཅུ་པོ་འདི་བཤད་པར་བྱའོ།།གནས་གཞན་ཡང་ཡང་དེ་དགེ་སློང་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་པོ་འདི ་ཐོས་ན་དེའི་ནད་ཐམས་ཅད་ཞི་བར་འགྱུར་རོ།།དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ།ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་གནསུ་སོང་ནས།ཚེ་དང ་ལྡན་པ་རའི་ཀུན་དགའ་བོ་ལ།འདུ་ཤེས་བཅུ་སོ་སོར་བཤད།།དེ་ནས་ཚེ་དང་ལྡན་པ་རཱིའི་ཀུན་དགའ་བོས་འདུ་ཤེས་བཅུ་པོ་འདི་རྣམས་ཐོས་ནས་དེའི་ནད་ཐམས་ཅད་ཞི་བར་གྱུར་ཏོ།། ་དེའི་ནད་ཐམས་ཅད་ཞི་ནས་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ལངས་ཏེ།ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་ནད་ཕྱིས་མེད་པར་གྱུར་ཏོ།།ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་མདོ་རྫོག་སོ།།། ་པཎྜི་ཏ་ཆེན་པོ།ཱནནྡ་ཤྲཱིའི་ཞལ་སྔ་ནས།མང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས།སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས།གཙུག་ལག་ཁང ་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།རྒྱ་གར་སྐད་དུ།ནནྡོ་པ་ནནྡ་ནཱ་ག་རཱ་ཛ་ད་མ་ན་སཱུ་ཏྲ།བོད་སྐད་དུ།ཀླུའི་རྒྱལ་པོ་དགའ ་