CLOSE WINDOW

N347: chos kyi 'khor lo rab tu bskor ba'i mdo
Wyliee-texts produced with BDRC’s OCR application

རྫོགས་སོ།།།རྒྱ་གར་སྐད་དུ།དྷརྨ་ཙཀྲ་པྲ་བརྟན་སཱུ་ཏྲ།བོད་སྐད་དུ།ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ།འཕགས་པ ་དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དགས་རྒྱུ་བའི་གནས་ན་བཞུགས ་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་བོས་ཏེ་བཀའ་སྩལ་པ།དགེ་སློང་དང་རབ་ཏུ་བྱུང་བ་དག་མཐའ་གཉིས་པོ་འདི་ལ་གནས་པར་མི་བྱའོ།།གང་སུ ་དག་འདིར་འདོད་པ་རྣམས་དང་།བདེ་བ་ལ་ཞེན་པ་ནི་མི་རིགས་པ་དང་དམན་པར་འགྱུར་རོ།།སོ་སོའི་སྐྱེ་བོ་རྣམས་ནི་དོན་མེད་པ་དང་ལྡན་པའི་ཕྱིར།གྲང་སུ་དག་ལུས་དུབ་པ་དང་། ་འབྲལ་བའི་སྡུག་བསྔལ་བསྔགས་པར་བྱ་བ་མ་ཡིན་པ་རྣམས་ཀྱིས་དོན་མེད་པ་དང་ལྡན་ནོ།།དགེ་སློང་དག་འདི་རྣམས་ནི་མཐའ་གཉིས་ཀྱི་མཐའ་སྟེ།དེ་ལ་འཇུག་པར་མི་བྱའོ།། ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་དབུ་མའི་ལམ་འདི་གསུངས།།མིག་བྱེད་པ་དང་།ཡེ་ཤེས་བྱེད་པ་དང་།ཞི་བར་བྱེད་པ་དང་།མངོན་པར ་ཤེས་པ་དང་།ཡང་དག་པར་ཁོང་དུ་ཆུད་པ་དང་།མྱ་ངན་ལས་འདྲས་པ་ལ་ཡང་དག་པར་འཇུག་གོ།དགེ་སློང་དག་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས ་རྒྱས་ནས་གསུངས་པའི་དབུ་མའི་ལམ་གང་ཞེ་ན།མིག་བྱེད་པ་དང་།ཡེ་ཤེས་བྱེད་པ་དང་།ཞི་བར་བྱེད་པ་དང་།མངོན་པར་ཤེས་པ་དང་།ཡང་དག་པར་ཁོང་དུ་ཆུད ་པ་དང་།མྱ་ངན་ལས་འདས་པ་ལ་ཡང་དག་པར་འཇུག་གོ།དབུ་མའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ།བརྒྱད་པོ་འདི་ནི་འདི་ལྟ་སྟེ།ཡང་དག་པའི་ལྷ ་བ་དང་།ཡང་དག་པའི་རྟོགས་པ་དང་།ཡང་དག་པའི་ངག་དང་།ཡང་དག་པའི་ལས་ཀྱི་མཐའ་དང་།ཡང་དག་པའི་འཚོ་བ་དང་།ཡང་དག་པའི་རྩོལ་བ་དང་། ་ཡང་དག་པའི་དྲན་པ་དང་།ཡང་དག་པའི་ཏིང་འཛིན་ཏོ།།དབུ་མའི་ལམ་འདི་ཡང་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས ་གསུངས་སོ།།མིག་བྱེད་པ་དང་།ཡེ་ཤེས་བྱེད་པ་དང་།ཞི་བར་བྱེད་པ་དང་།མངོན་པར་ཤེས་པ་དང་།ཡང་དག་པར་ཁོང་དུ་ཆུད་པ་དང་།མྱ་ངན་ལས ་འདས་པ་ལ་ཡང་དག་པར་འཇུག་གོ།འདི་ཡང་དགེ་སློང་དག་སྡུག་བསྔལ་འཕགས་པའི་བདེན་པ་སྟེ།སྐྱེ་བའི་སྡུག་བསྔལ་དང་།རྒ་བའི་སྡུག་བསྔལ་དང་།ན་བའི ་སྡུག་བསྔལ་དང་།འཆི་བའི་སྡུག་བསྔལ་དང་།མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་།སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་།གང་འདོད་པ་བཙལ་སྟེ་མ་རྙེད་པ ་དེ་ཡང་སྡུག་བསྔལ་བ་དང་།མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ།།འདི་ཡང་དགེ་སློང་དག་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་སྟེ།གང ་སྲེད་པ་འབྱུང་བ་ཅན་དང་།དགའ་བའི་འདོད་ཆགས་དང་ལྡན་པ་དང་།དེ་དང་དེ་ལ་མངོན་པར་དགའ་བ་ན།འདི་ལྟ་སྟེ།འདོད་པའི་སྲེད་པ་དང་།འཁོར ་བ་ལ་སྲེད་པ་དང་།འཁོར་བ་དང་བྲལ་བ་ལ་སྲེད་པའོ།།འདི་ཡང་དགེ་སློང་དག་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་སྟེ།གང་ཞིག་འདི་བཞིན་སྲེད་པ་མ་ལུས་པ ་ལ་འདོད་ཆགས་དང་བྲལ་བ་དང་།འགོག་པ་དང་།བོར་བ་དང་།སོ་སོར་བསྒྱུར་བ་དང་།གྲོལ་བ་དང་།གྲོལ་བ་ལ་ཞུམ་པ་མེད་པའོ།།འདི་ཡང་དགེ་སློང་དག་སྡུག ་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།།འདི་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ།འདི་ལྟ་སྟེ།ཡང་དག་པའི་ལྟ་བ་དང་།ཡང ་དག་པའི་རྟོག་པ་དང་།ཡང་དག་པའི་ངག་དང་།ཡང་དག་པའི་ལས་ཀྱི་མཐའ་དང་།ཡང་དག་པའི་འཚོ་བ་དང་།ཡང་དག་པའི་རྩོལ་བ་དང་།ཡང་དག་པའི་དྲན ་པ་དང་།ཡང་དག་པའི་ཏིངེ་འཛིན་ཏོ།།དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ།སྔར་ཆོས་མ་ཐོས་པ་ལ།མིག་སྐྱེད་པ་དང་།ཡེ་ཤེས་བསྐྱེད ་པ་དང་།ཤེས་རབ་བསྐྱེད་པ་དངརིག་པ་བསྐྱེད་པ་དང་།སྣང་བ་སྙེད་པའོ།།དེ་ཡང་སྡུག་བསྔལ་འཕགས་པའི་བདེན་པ་སྡེ།དགེ་སློང་དག་འདི་ཡོངསུ་ཤེས་པར་བྱའོ།། ་སྔར་ཆོཚྭ་མ་ཐོས་པ་ལ།མིག་བསྐྱེད་པ་དང་།ཡེ་ཤེས་བསྐྱེད་པ་དང་།ཤེས་རབ་བསྐྱེད་པ་དང་།རིག་པ་བསྐྱེད་པ་དང་།སྣང་བ་བསྐྱེད་པའོ།།འདི་ནི་སྡུག་བསྔལ ་ཀུན་འབྱུང་འཕགས་པའི་བདེན་པོ་སྟེ།དགེ་སློང་དག་འདི་ནི་སྔར་ཆོས་མ་ཐོས་པ་ལ།མིག་བསྐྱེད་པ་དང་།ཡེ་ཤེས་བསྐྱེད་པ་དང་།ཤེས་རབ་བསྐྱེད་པ་དང ་རིག་པ་བསྐྱེད་པ་དང་།སྣང་བ་སྐྱེད་པའོ།།འདི་ཡང་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་སྟེ་རབ་ཏུ་སྤང་བར་བྱའོ།།དགེ་སློང་དག་འདི་ནི་སྔར ་ཆོས་མ་ཐོས་པ་ལ།མིག་བསྐྱེད་པ་དང་།ཡེ་ཤེས་བསྐྱེད་པ་དང་།ཤེས་རབ་བསྐྱེད་པ་དང་།རིག་པ་བསྐྱེད་པ་དང་།སྣང་བ་བསྐྱེད་པའོ།།འདི་ནི་སྡུག་བསྔལ ་འགོག་པ་འཕགས་པའི་བདེན་པ་སྟེ།དགེ་སློང་དག་འདི་ནི་སྔར་ཆོས་མ་ཐོས་པ་ལ།མིག་བསྐྱེད་པ་དང་།ཡོ་ཤེས་བསྐྱེད་པ་དང་།ཤེས་རབ་བསྐྱེད་པ་དང་།།རིག ་པ་བསྐྱེད་པ་དང་།སྣང་བ་བསྐྱེད་པའོ།།འདི་ཡང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་སྟེ།མངོན་སུམ་དུ་བྱའོ།།དགེ་སློང་དག་འདི་ནི་སྔར་ཆོས་མ་ཐོས ་པ་ལ།མིག་བསྐྱེད་པ་དང་།ཡེ་ཤེས་བསྐྱེད་པ་དང་།ཤེས་རབ་བསྐྱེད་པ་དང་།རིག་པ་བསྐྱེད་པ་དང་།སྣང་བ་བསྐྱེད་པའོ།།འདི་ནི་སྡུག་བསྔལ་འགོག་པར ་འགྲོ་བའི་ལམ་འཕགས་པའི་བདེན་པའོ།།དགེ་སློང་དག་འདི་སྔར་ཆོས་མ་ཐོས་པ་ལ།མིག་བསྐྱེད་པ་དང་།ཡེ་ཤེས་བསྐྱོད་པ་དང་།ཤེས་རབ་བསྐྱེད་པ་དང་།རིག ་པ་བསྐྱེད་པ་དང་།སྣང་བ་བསྐྱེད་པའོ།།འདི་ཡང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགསོ་པའི་བདེན་པ་སྟེ།བསྒོམ་པར་བྱའོ།།དགེ་སློང་དག་འདི་ནི་སྔར་ཆོས་མ ་ཐོས་པ་ལ།མིག་བསྐྱེད་པ་དང་།ཡེ་ཤྲཱིས་བསྐྱེད་པ་དང་།ཤེས་རབ་བསྐྱོད་པ་དང་།རིག་པ་བསྐྱེད་པ་དང་།སྣང་བ་བསྐྱེད་པའོ།།དགེ་སློང་དག་དེ་ལྟར་བཤུད་པ་རྣམ་པ། ་བཞི་པོ་འདི་ནི་འཕགས་པའི་བདེན་པའོ།།འདི་ལྟ་རོ་ལན་གསུམ་དུ་བཟླས་ཏེ།རྣམ་པ་བཅུ་གཉིས་པོ་ཇི་ལྟར་གྱུར་པ་རྣམས་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན།།དགེ ་སློང་དག་ང་སྤངས་ཏེ།ལྷ་དང་བཅས་པའི་འཇིག་རྟེན་དང་།བདུད་དང་བཅས་པ་དང་།ཚངས་པ་དང་བཅས་པ་དང་།དགེ་སྦྱོང་དང་བཅུས་པ་དང་།སྐྱེ་དགུའི་བདག་པོ ་དང་།ལྷ་དང་མིར་བཅས་པ་རྣམས་ལས།བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་མེད་དོ།།དགེ་སློང་དག་གདོ་ཡང་འདི་ནི་འཕགས་པའི་བདེན་པ་བཞི་པོ ་འདི་ལྟར་ལན་གསུམ་དུ་བཟླས་ཏེ།རྣམ་པ་བཅུ་གཉི་སུ་ཇི་ལྟར་གྱུར་པའི་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིནོ།།ཇི་ལྟར་དགེ་སློང་དག་ནི་འཇིག་རྟེན་ལྷ་དང་བཅས་པ་དང་། ་བདུད་དང་བཅས་པ་དང་།ཚངས་པ་དང་བཅས་པ་དང་།དགེ་སྦྱོང་དང་བཅས་པ་དང་།སྐྱེ་དགུའི་བདག་པོ་དང་།ལྷ་དང་མིར་བཅས་པ་རྣམས་ལས།བླ་ན་མེད་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་ནས་སོ་སོར་རྟོག་སོ།།ཡེ་ཤེས་འདི་ཡོད་པི་དག་མཐོང་བར་གྱུར་པ་དང་།སྔར་མེད་པའི་རྣམ་པར་གྲོལ་བ་དང་།བདག ་ནི་ལྷག་མ་མེད་པར་ཡང་སྲིད་པ་ལེན་པ་མེད་པར་མྱ་ངན་ལས་འདས།།བཅོམ་ལྡན་འདས་ཀྱིས་དེ།སྐད་ཅེས་བཀའ་སྩལ་པ་དང་།དགེ་སློང་ལྔ་སྡེ་བཅོམ་ལྡན་འདས ་ཀྱིས་གསུངས་པ་མངོན་པར་དགའ་བོ།།འདི་ལྟར་ལུང་དུ་བསྟན་པ་དེ་ཚུན་ཆོད་ནས།ཚེ་དང་ལྡན་པ་ཀཽ་ཎྜིནྱ་རྡུལ་སྤངས་པ་དང་།དྲི་མ་མེད་པའི་ཆོས་ཀྱི་མིག་སྐྱེ་སོ།།གང་ནུང ་ཟད་ཀུན་འབྱུང་བའི་ཆོས་ཐམས་ཅད་ནི་དེ་འགོག་པའི་ཆོས་ཡིན་ནོ།།བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞིང་བསྐོར་ནས།སའི་ལྷ་རྣམས་ཀྱིས་བསྟོད་པའི ་སྒྲ་སྒྲོགསོ།།དགེ་སྦྱོང་ངམ།བྲམ་ཟེ་འམ།ལྷ་འམ།བདུད་དམ།ཚངས་པའམ།འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས ་ཀྱིས་ཡུལ་བཱ་ར་ནུ་སིའི་དྲང་སྲོང་ལྷུང་བ་དང་།རི་དགས་རྒྱུ་བའི་གན་སུ་བཞུགས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་མ་བསྐོར་བ་བསྐོར་ཏོ།།དེ་ནས་སའི་ལྷའི་སྒྲ་ཐོས་ནས། ་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་སྐྲག་སོ།།དགེ་སྦྱོང་ངམེ།བྲམ་ཟེ་འམ།ལྷ་འམ།བདུད་དམ།ཚངས་པའམ།འཇིག་རྟེན་དུ་གཞན་སུས་ཀྱང ་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ན་སིའི་དྲང་སྲོང་ལྷུང་བ་དང་།རི་དགས་རྒྱུ་བའི་གན་སུ་བཞུགས་ནས།བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ ་ར་ཏོ།།རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་ཐོས་ནས།སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་རྒྱུད་འི།སྒྲག་སོ།།དགེ་སྦྱོང་ངམ།བྲམ་ཟེ་འམ།ལྷ་འམ།བདུད ་དམ།ཚངས་པ་འམ།འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི།བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ན་སིའི་དྲང་སྲོང་ལྷུང་བ་དང་།རི་དགས་རྒྱུ་བའི་གནསུ ་བཞུགས་ནས།བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ།།སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་བསྟོད་པོའི་སྒྲ་ཐོས་ནས།འཐབ་བྲལ་གྱི་ལྷ་རྣམས་ཀྱིས་བསྟོད་པའི ་སྒྲ་སྐྲག་སོ།།དགེ་སྦྱོང་ངམ།བྲམ་ཟེ་འམ།ལྷ་འམ།བདུད་དམ།ཚངས་པ་འམ།འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི།བཅོམ་ལྡན་འདས་ཀྱི ་ཡུལ་བཱ་རཱ་ན་སིའི་དྲང་སྲོང་ལྷུང་བ་དང་།རི་དགས་རྒྱ་བའི་གནསུ་བཞུགས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ།།འཐབ་བྲལ་གྱི་ལྷ་རྣམས་ཀྱིས་བསྟོད་པའི ་སྒྲ་ཐོས་ནས།དགའ་ལྡན་གྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲགསོ།།དགེ་སྦྱོང་ངམ།བྲམ་ཟེའམ།ལྷ་འམ།བདུད་དམ།ཚངས་པ་འམ།འཇིག་རྟེན་དུ ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཡུལ་བཱ་རཱ་ན་སིའི་དྲང་སྲོང་ལྷུང་བ་དང་།རི་དགས་རྒྱུ་བའི་གནསུ་བཞུགས་ནས།བླ་ན་མེད་པའི་ཆོས་ཀྱི་འཁོར ་ལོ་མ་བསྐོར་བ་བསྐོར་ཏོ།།དགར་ལྡན་གྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་ཐོས་ནས།འཕྲུལ་དགའ་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲག་སོ།།དགེ་སྦྱོང ་དམྦྷ།བྲམ་ཟེའམ།ལྷ་འམ།བདུད་དམ།ཚངས་པ་འམ།འཇིཛེག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མ་ནུས་པ་འདི་ནི།བཅོམ་ལྡན་འདས་ཀྱིས་ཡུལ ་ཎ་སིའི་དྲང་སྲོང་ལྷུང་བ་དང་།རི་དགས་རྒྱུ་དེའི་གནས་སུ་བཞུགས་ནས།བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ།།འཕྲུལ་དགའི་ལྷ་རྣམས་ཀྱིས་བསྟོད ་པའི་སྒྲ་ཐོས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་སྒྲགསོ།།དགེ་སྦྱོང་ངམ།བྲམ་ཟེ་འམ།ལྷ་འམ།བདུད་དམ།ཚངས་པ་འམ། ་འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎ་སིའི་དྲང་སྲོང་ལྷུང་བ་དང་།རི་དྭགས་རྒྱུ་བའི་གནས་སུ་བཞུགས་ནས ་བླ་ན་མྱེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ།།གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་ཐོས་ནས།ཚངས་རིས་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་སྒྲ་སྐྲ་གསོ་། ་དགེ་སྦྱོང་ངམ།བྲམ་ཟེའམ།ལྷ་འམ།བདུད་དམ།ཚངས་པའམ།འཇིག་རྟེན་དུ་གཞན་སུས་ཀྱང་བསྐོར་བར་མི་ནུས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཡུལ་བཱཪྻ ་ན་པོའི་དྲང་སྲོང་ལྷུང་བ་དང་།རི་དགས་རྒྱུ་བའི་གནསུ་བཞུགས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་བསྐོར་ཏོ།།དེ་ནས་སྐད་ཅིག་དང་ཡུད་ཙམ་དེ་ལ་ཚངས་པའི་འཇིག ་རྟེན་གྱི་བར་དུ་སྨྲས་ཁྱབ་པར་གྱུར་ཏོ།།འདིར་ཡང་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་ཡང་དག་པར་གཡོསོ།།ཡང་དག་པར་རབ་ཏུ་གཡོསོ།།ཡང་དག་པར་རབ་ཏུ་ལྡེག་གོ།། ་བག་ཡོད་པར་གྱུར།ཡ་མཚན་དུ་གྱུར།སྣང་བར་གྱུར།འཇིག་རྟེན་རྣམས་དེ་ལྟར་གྱུར་ཏོ།།འཇིག་རྟེན་རྣམས་དེ་ལྟར་གྱུར་ཏེ།།ཚངས་པས་ཆོས་བསྟན་པ་ཐོས་ནས། ་ལྷ་རྣམས་རང་རང་གནས་སོང་།།དྱེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོད་དུ་བརྗོད་པ་ཚད་དུ་བརྗོད་དེ།ཀུན་ཤེས་པའི་ཎྱ་རཱི་ཀཽ་ཌི་ནྱའོ།།ཀུན་ཤེས་པ་རྣམས་ཀྱིས་ཀཽ ་ནྱའོ།།དེའི་ཕྱིར་འདི་ནི་ཚེ་དང་ལྡན་པ་ཀཽ་ཌི་ནྱ་སྟེ།ཀུན་ཤེས་ཀཽ་ཌེ་ནྱ་ཅེས་པའི་མིང་ཐོབ་བོ།།ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་རྫོགས་སོ།།། ་