| Wylie | e-texts produced with BDRC’s OCR application |
ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷུ་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱའི་དཔེ་ལས་བསྒྱུར་ཅང་ཞུས་ཏེ།གཏན་ལ་ཕབ་པ།རྫོགས་སོ།།།དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར ་སྨིན་པ་བསྟན་པའི་མདོ།།བམ་པོ་གཅིག།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་འཛེ་ཏའི་ཚལ་སྦུབས་མེད་ཟས་སྦྱིན་གྷི་ཀུན ་དགའ་ར་བ་ན།བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་།ལྷ་དང་མིའི་འཁོར་མང་པོས་བསྐོར་ནས་ཆོས་སྟོན་ཅིང་བཞུག་སོ།།དེ་ནས་དགའ་བོས་འགྲོ་བ་མང་པོའི་དོན་གྱི་ཕྱིར་བ ་ལྡན་འདས་ལ་འདི་སྐྱེད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་གྱི་ཁམས་འདིར་རིགས་འཐུན་པའི་ནང་འདིར་སྐྱེས་པ་ལས་བཟང་པོ་ཡང་མཆིས་མི་སྡུག་པ ་ཡང་མཆིས།དྲག་པོ་ཡང་མཆིས་ཞེན་པ་ཡང་མཆིས་དབུལ་པོ་ཡང་མཆོས་ཕྱུག་པོ་ཡང་མཆིས་ཉོན་མོངས་པ་ཡང་མཆིས།བདེ་བ་ཡང་མཆིས་བཙན་པ་ཡང་མི་ཆོས ་མ་རབས་ཀྱང་མཆིས།སྐད་ནི་མི་མཚུངས་ཚིག་ནི་མི་མཐུན།ལ་ལ་ནི་ལོ་བརྒྱ་ལོན་ནས་མཆི་བ་ཡང་མཆིས།ལ་ལ་ནི་སུམ་ཅུ་འམ།བཅུ་ལོན་ནས་མཆེ་བ་ཡང་མཆིས།ལྱ ་ལ་ནི་བྱེད་བཞིན་བཟང་ཡང་དབུལ་ལ།ལ་ལ་ན་མི་སྡུག་པ་ལ་ཕྱག་པ་ཡང་མཆིས།ཉམས་རྩལ་ཆེ་བ་ནི་མ་རབས་ཀྱི་ནང་ན་ཡང་མཆིས།ཉམས་བརྩལ་ཆུང་ལ་གྲལ་མཐོ ་བ་ཡང་མཆིས།ལ་ལ་ནི་ཉོན་མོངས་ལ་ཚེ་རིང་བ་ཡང་མཆིས།ལ་ལ་ནི་སྐྱིད་ཅིང་ཚེ་ཐུང་ལ་ལ་ནི་ལེགས་པར་སྤྱོད་པ་ལ་བྱུར་དང་ཕྲད།ལ་ལ་ནི་མི་དགེ ་བ་སྤྱོད་པ་ལ་ལེགས་པའི་དོན་དུ་འགྱུར་བ་ཡང་མཆིས།དཀར་ཞིང་ཤ་བཟང་ལ་མི་གཡོ་བ་ཡོང་མཆིས།ལ་ལ་ནི་སྔོ་ཞིང་གནག་ལོ་མདངས་དང་ལྡན་པ་ཡང་མཆིས་ལ་ལ ་ནི་ལུས་ཆུང་ཞིང་ཐུང་ལ་སྙིང་བརྩལ་དང་ལྡན་པ་ཡང་མཆིས།།ལ་ལ་ནི་ཚེ་ཞིང་རིང་ཡང་གཞན་གྱི་བྲན་གཡོག་བགྱིད་པ་ཡང་མཆིས།ལ་ལ་ནི་བུ་ཚེ་མཧཱ་བ་ཡང་མཆིས།། ་ལ་ལ་ནི་རྨེད་བ་ཡང་མཆིས།ལ་ལ་ནི་རྟག་པར་ཕྱི་རོལ་ཏུ་འཁྱམ་ལ་བཀྲེས་པ་ཡང་མཆིས།ལ་ལ་ནི་ཕོ་བྲང་གི་ནང་ན་འདུག་ཅིང་གོས་དང་ཟས་ཀྱིས་མི་བྲེལ་ཏེ་ལོངས ་སྤྱོད་པ་ཡང་མཆིས།གཞོན་ན་དབུལ་ཞིང་རྒས་ན་བྱུག་ཅིང་བཙན་པ་ཡང་མཆི་ས།དྲང་རྐན་ཆེ་ཞིང་འགལ་བར་མི་བྱེད་པ་ལས་གྱོང་ལ་ཐེག་པ་ཡང་མཆིས།ཕ་ནི་བྱམ ་བུཾ་ནི་སྲི་ཞུ་ཆེ་སྟེ།གཙུག་བག་གི་ཡི་གེ་དང་གཞུང་སྨོས་ཤིང་བཤད་པ་ཡང་མཆིས།སྤུན་མི་མཐུན་ནས་རྩོད་པ་ཡང་མཆིས།གནས་མཐོ་ཞིང་ཡོ་བྱད་རྣམ་པ་སྣ་ཚོགས ་སུ་ལྡན་པ་ཡང་མཆིས།བདག་གི་ཁྱིམ་མེད་ལ་འདྲོན་ཐབ་སུ་གནས་པ་ཡང་མཆིས།བྱ་དང་།རི་དགགོས་དང་།གཅན་ཟན་དང་འདྲ་བར་གནས་པ་ཡོང་མཆིས།གོསུ ་བལ་གོས་བོན་ཞིང་ཟསུ་ཤ་ཟ་ཞིང་ཡི་གེ་མི་ཤེས་པ་ཡང་མཆིས།མི་གཡོ་བར་འདུག་ཀྱང་སྐྱིད་ཅིང་ཡོན་ཏན་ཐོབ་པ་ཡང་མཆིས།གླུ་ཟ་ཞིང་གནས་པ་ཡང་མཆིས་ཡིད་གཞུངས་ཤིང་། ་ཁོང་གྲོལ་བ་ཡང་མཆིས་རྨོངས་ཤིན་ཀུན་ལ་ངན་པ་ཡང་མཆིས།བརྩལ་ཏེ་མ་རྙེད་པོ་ཡང་མཆིས།མ་བཙལ་ཏེ་རྙེད་པ་ཡང་མཆིས།ཕྱུག་ཅིང་བཙན་ལ་ནོར་དང་ལྡན་ལ ་སེར་སྣ་ཆེ་བ་ཡང་མཆིས།དབུལ་ལ་སྦྱིན་པ་ལྔ་སྲེད་པ་ཡང་མཆིས།ཚིགས་སྨྲ་ན་བདེན་ཞིང་མཉེན་པར་ཟེར་བ་ཡང་མཆི་སྣ།ཚིག་སྨན་གཟེར་བ་བཞིན་དུ་ཟུག་པ་ཡང་མཆིས།། ་གཞན་གྱིས་བྱམས་ཤིང་བཀུར་བ་ཡང་མཆིས།ཀུན་གྱིས་སྤངས་ཤིང་བསྲིངས་པ་ཡང་མཆིས།སྙིང་རྗེའི་སེམས་ཀྱིས་སེམས་ཅན་གསོ་བ་ཡང་མཆིས།བག་མེད་པར་སྲོག ་གཅོད་པ་ཡང་མཆིས།ཁྱོད་ཡངས་ཤིང་ཀུན་དང་མཐུན་པ་ཡང་མཆིས།།ཀུན་གྱིས་མི་འདོད་པ་ཡང་མཆིས།མནའ་མ་དང་སྒྱུག་མོར་མཐུན་པ་ཡང་མཆིས།ཆག་པ་མོ་དང་མཛའ ་བ་ཡང་མཆིས།ལ་ལ་ནི་ཆོས་ཀྱི་གཏམ་ལ་དགའ་བ་ཡང་མཆིས།ལ་ལ་ནི་མདོ་སྡེ་ཐོས་ནས་གཉིད་བྲོ་བ་ཡང་མཆིསུ།ལ་ལ་ནི་བརྡལ་བག་ཅན་ལ་འཛངས་པ་ཡང་མཆིས།ལ ་ལ་ནི་གཙུག་ལག་ཁང་ལ་དགའ་ཞིང་བསྒོམ་པ་ལ་འགྲུབས།ལ་ལ་ནི་བྱོལ་སོང་གི་གཟུགས་དང་མཚུངས་ལ་ལ་ནི་རི་དགས་རྣམ་པ་སྣ་ཚོགསུ་འགྱུར་བ་ཡང་མཆིས་ན།བཅོམ་ལྡན ་འདས་ཀྱིས་རྒྱུ་དང་འབྲས་བུ་རྒྱས་པར་བཤ་ན་འཁོར་མང་པོ་ཀུན་གྱིས་ཐོས་ནས་སེམས་རྩེ་གཅིག་ཏུ་དགེ་བའི་རྗེསུ་ཕྱོགས་པར་འགྱུར་ལགསོ།།བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ།དགའ་བོ་ཁྱོད་ཀྱིས་ཇི་ལྟར་རྣམ་པར་སྨིན་པ་མི་འདྲ་བར་འདྲི་བ་དེ་བཞིན་དུ།དེ་དག་ཀུན་ཀྱང་ཚེ་རབས་སྔ་མ་ལ་སྤྱོད་པ་མི་ཐུན་པས་དེའི་ཕྱིར་ན་ཁྱད་པར་སྣ་ཚོགསུ་གྱུར ་ཏོ།།དེ་ལ་དེ་ལྟར་བྱད་བཞིན་བཟང་པོ་ནི་བཟོད་པ་ལས་འོངསོ།།མི་གདུག་པ་ནི་ཞེ་སྡང་དང་ཁོང་ཁྲོ་བ་ལས་འོང་སོ།།དབུལ་འཕོངས་པ་ནི་སེར་སྣ་ལ་སོ་འོང་སོ།།བཙན་ཞིང་ཆེ་བ་ནི་སདྲ ་ཆུསྲུ་ལ་གུས་པར་ཕྱག་འཚལ་བ་ལས་འོངས།།མི་མ་རབས་ཐམས་ཅད་ནི་རྒྱགས་ཤིང་དྲེགས་པ་ལས་འོང་སོ།།ལུས་རིང་ཞིང་བཟང་བ་ནི་བཀུར་སྟི་བྱས་པ་ལས་འོངསོ།།ལུས་ཐུང ་བ་ནི་ཆོས་ལ་ལེ་ལོ་བྱས་པ་ལས་འོང་སོ།།བླུན་པ་ནི་ལུག་ལས་འོང་སོ།།སྐམ་ཞིང་གནག་པ་ནི་དེ་བཞིན་གཤེགས་པའི་སྐུ་བསྒྲིབས་པ་ལས་འོངས།།མཆུ་དམའ་བ་ནི་ཆོས་སྟོན་པའི ་ཟས་ལ་མྱངས་པ་ལོས་འོངསོ།།མིག་ཆག་བཱི་ནི་མེ་བསླངས་པ་མི་སྟེར་བ་ལས་འངསོ།།མུན་སྲོས་ནས་མིག་མི་མཐོང་བ་ནི་ཁྭའི་མིག་བྲུས་པ་ལས་འོངསོ།།ལྐུགས་པ་ནི་དམ་པའི་ཆོས ་ལ་སྐུར་པ་འདེབས་པ་ལས་འོངསོ།།འོན་པ་ནི་ཆོས་ཐོསུ་མི་དགའ་བ་ལས་འོང་སོ།།སོ་སྟོ་བ་ནི་རྐང་དང་རུས་པ་ལ་སྲེད་པ་ལས་འོངས།།སྣ་གཉེར་བ་ནི་སྤོས་མི་ཞིམ་པ་བསྲེགས་ཏེ ་སངས་རྒྱས་ལ་མཆོད་པ་ལས་འོངས།།ཤར་ནི་ཉའི་མཆུ་ཕུག་པ་ལས་འོངསོ།།སྐྲ་སར་པ་ནི་ཕག་གི་སྤུ་གཏོགས་པ་ལས་འོངསོ།།རྣ་བ་ངལ་པ་ནི་རྣ་བ་ཕུག་པ་ལས་འོང་སོ།།ཐང་སྦྲུལ་འདྲ ་བ་ནི་གོས་མི་གཙང་བ་གོན་ཏེ།སངས་རྒྱས་ལ་སྙོགས་པ་ལས་འོངསོ།།དམས་གནག་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཁྱིམ་མམ་ཁྱིམསུ་བཞག་པ་ལས་འོང་སོ།།ཞར་བ་དང་སྐྱིལ་པོ ་ནི་མཁན་པོ་དང་།བླ་མ་མཐོང་སྟེ།མི་ལྡང་བ་ལས་འོངསོ།།སྐུར་བ་ནི་གོས་མི་གཙང་བ་གོན་ཞིང་།།སངས་རྒྱས་ཀྱི་སྐུ་ལ་རྒྱོབ་ཀྱིས་ཕྱོགས་པ་ལས་འོངསོ།།དཔལ་བ་འབུར་བ་ནི་སངས ་རྒྱས་མཐོང་ནས།ཕྱག་གུས་པར་མེ་འཚལ་ཞིང་ལག་པ་དཔྲལ་བར་གཏུགས་པ་ལས་འོངས།འཇིང་བ་ཐུང་བ་ནི་བཙུན་པ་དང་།བླ་མ་མཐོང་ནས།མགོ་སྨད་ཅིང་བྱོལ་བ་ལས ་འོངསོ།།མཆེན་པ་ནི་པ་ནི་སེམས་ཅན་གྱི་ལུས་གཏུབས་ཤིང་བཙགས་པ་ལས་འོང་སོ།།མཛེས་ཅན་ནི་གཞན་གྱི་ནོར་མ་འོས་པར་བླངས་པ་ལས་འོངསོ།།ལུང་པ་མང་བ་ནི་དགུན ་མི་གཞན་ལ་ཟས་གང་མོ་བྱིན་པ་ལས་འོངསོ།།བུ་ཚྭ་མེད་པ་ནི་བྱ་ཕྲུག་མང་པོ་བསད་པ་ལས་འོངསོ།།བུ་ཚ་མང་བ་ནི་སེམས་ཅན་མང་པོ་གསོས་པ་ལས་འོངསོ།།ཚེ་རིང་བ་ནི་སྙིང ་རྗེ་ཆེ་བ་ལས་འོངསོ།།ཚེ་ཐུང་བ་ནི་སྲོག་གཅོད་པ་ལས་འོངསོ།།ཕྱུག་པ་ནི་སྦྱིན་པ་བྱས་པ་ལས་འོངསོ།།རྟ་དང་།ཤིང་རྟ་བདོག་པ་ནི།དཀོན་མཆོག་གསུམ་ལ་ཡོན་ཕུལ་བ་ལས ་འོང་སོ།།དབང་པོ་རྣོ་བ་ནི་སློབ་པ་ལ་འགྲུས་པ་དང་མདོ་སྡེ།ཁ་ཏོན་དུ་བྱས་པ་ལས་འོངསོ།།རྐུན་པ་ནི་བྱོལ་སོང་ལས་འོང་སོ།།བྲན་པོ་དང་།བྲན་མོ་བྱེད་པ་ནི ་བུ་ལོན་མ་གཞལ་བ་ལས་འོང་སོ།།སྤྲོ་ཐུང་བ་ནི་སྤྲེའུ་ལས་འོངསོ།།ཡང་མཇི་ཅན་ནི་དཀོན་མཆོག་གི་རྟེན་བཤིག་པ་ལས་འོངསོ།།ཡན་ལག་མ་ཚང་བ་ནི་སེམས་ཅན་གྱི་རྐང་ལག ་བཅད་པ་ལས་འོངསོ།།གདུག་པ་ནི་སྦྲུལ་དང་།སྡིག་པ་ལས་འོང་སོ།།དབང་པོ་དྲུག་ཚང་བ་ནི།ཚུལ་ཁྲིམས་བསྲུངས་པ་ལས་འོང་སོ།།དབང་པོ་དྲུག་མ་ཚང་བ་ནི།ཚུལ་ཁྲིམས ་བཤིག་པ་ལས་འོངསོ།།གཙང་སྦྲ་ཆུང་བ་ནི་འཕགས་པ་ལ་མ་མཆོད་པ་ལས་འོང་སོ།།གླུ་གར་དང་རོལ་མོ་ལ་དགའ་བ་ནི།རོལ་མོ་མཁན་དུ་སྐྱེའོ།།འདོད་ཆགས་ཆེ་བ་ནི་བྱ་ལས ་འོངསོ།།ལྦུབ་ཅན་ནི་སྒྲོག་པ་ལས་འོང་སོ།།ཁ་དམན་པ་ནི་ཚིག་རྩུབ་མོ་སྨྲ་བ་ལས་འོངསོ།།མཚན་དང་མི་ལྡན་པ་ནི་ཁྱི་དང་།ཕག་དང་།རྟའི་འབྲས་བུ་བཏོན་པ་ལས་འོང་སོ།། ་ལྕེ་ཐུང་བཱ་ནི་བཙུན་པ་དང་བླ་མ་ལ་ཁ་བྱས་པ་དང་ཏོག་ཏུ་འཕྱས་པ་ལས་འོངསོ།།གཞན་གྱི་ཆུང་མ་ལ་གཡམ་པ་བྱས་པ་ནི་ངང་མོ་དང་།ངུར་པར་སྐྱེའོ།།གཉེན་དགུ་ལ་གཡོག ་བྱས་པ་ནི་བྱེའུ་མཆིལ་པར་སྐྱེའོ།།མདོ་སྡེ་དང་གཙུག་ལག་གི་ཡི་གེ་སྤྱོད་ཅིང་སེར་སྣས་གཞན་ལ་མི་གཏོན་ཕ་ནི་ཚེའི་དུས་བྱས་ནས་ཐང་གི་སྲིན་བུར་སྐྱེའོ།།མདའ་གཞུ་ཐོག ་བ་དང་།རྟ་ཞོན་པ་ལ་དགའ་བུ་ནི།ཚེ་ཕྱི་མ་ལ་འཕར་བ་དང་།སྤྱང་ཀཱིར་སྐྱེའོ།།སྐྲ་ཐུང་བ་དང་།མགོ་རྒྱུན་བཏགས་པ་ལ་དགའ་བ་ནི།ཚེ་ཕྱི་མ་ལ་སྤྲིན་བུ་མཆུ་རིང་སུ་སྐྱེའོ།། ་ཉལ་ཞིང་ཟ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་ཕག་ཏུ་སྐྱེའོ།།དར་མཚོན་གྱི་གོས་ལ་དགའ་བ་ནི་བྱེའུ་ཁྲེའུར་སྐྱེའོ།།མི་སྙན་ཟློས་ཤིང་།ཀུ་རེ་ལ་དགའ་བ་ནི་བྱ་ནེ་ཙེ་རུ་སྐྱེའོ།།ཕྲ་མ ་བྱེད་པ་ལ་དགའ་བ་ནི།ཚེ་ཕྱི་མ་ལ་ལྟོ་འཕྱེ་མགོ་དྲུག་པར་སྐྱེའོ།།མ་འོངས་པར་ཀུ་རེ་བྱེད་པ་ལ་དགའ་བ་ནི།ཚེ་ཕྱི་མ་ལ་སྲིན་བུ་རྨོངས་པར་སྐྱེའོ།།གཏམ་ངན་སྐྱིལ་བ་ལ ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་པོར་སྐྱེའོ།།མཽ་ལ་གནོད་པ་དང་ངན་དུ་དགའ་ཞིང་གཏམ་ལ་སྲིད་པ་ནི་ཚེ་ཕྱི་མ་ལ་ཝར་སྤྱིའོ།།མི་སྡངས་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་དོ་ལོག ་ཏུ་སྐྱེའོ།།ཚེ་སྔ་མ་ལ་ཤིང་ལྷམ་གྱོན་ཞིང་།ལྷ་ཁང་དུ་འགྲོ་བ་ནི་ཚེ་ཕྱེ་མ་རྟར་སྐྱེའོ།།ཚེ་སྔ་མ་ལ་འཕྱེན་བག་མེད་པར་བཏང་བས་ནི་ཚེ་འདི་ལ་སྦུར་པར་སྐྱེའོ།།ཚེ་སྡེ་མ་ལ་དགེ ་འདུན་གྱི་རང་འཐེག་དང་།གཏུན་ལ་སྤྱད་པ་ནི་ཚེ་འདི་ལ་སྲིན་བུ་མགོ་རྡེབསུ་སྐྱོའོ།།སེམས་ཅན་གྱི་ཟས་ལ་གེགས་བྱས་པ་ནི་བྱ་ཤིང་རྟ་མུར་སྐྱེའོ།།ཚེ་སྔ་མ་ལ་དགེ་འདུན་གྱི་ཆུ ་བརྐུས་པས་ཉ་དང་རུས་སྦལ་ལ་སོགས་པོ་ཆུའི་ནང་ན་གནས་པའི་སེམས་ཅན་དུ་སྐྱེའོ།།ཚེ་སྔ་མ་ལ་དགེ་འདུན་སྨེ་བར་བྱས་པས་ནི་གཙང་སྦྲའི་སྲིན་བུར་སྐྱའོ།།དགེ་འདུན་གྱི་ཤིང ་ཏོག་བརྐུས་པས་ནི་མཆིན་པ་ཟ་བའི་སྲིན་བུར་སྐྱེའོ།།དགེ་འདུན་གྱི་ནོར་བརྐུས་པས་ན།རང་འཐག་སྐོར་བའི་བུང་བུ་དང་གླང་དུ་སྐྱེའོ།།དགེ་འདུན་གྱི་ནོར་ནན ་གྱིས་བསྐྱེ་བརྙ་བྱས་པས་ནི་བྱ་ཕུག་རོན་དུ་སྐྱེའོ།།དགེ་འདུན་ལ་སྤྱོ་བ་བྱས་པས་ནི་གླང་གི་གཉའ་བའི་སྲིན་བུར་སྐྱེའོ།།དགེ་འདུན་གྱི་ལྡུམ་སྐྱུར་ཟོས་པས་ནི་ལྡུམ་བུར་རྩ་བ་གང ་གི་སྲིན་བུར་སྐྱེའོ།།དགེ་འདུན་གྱི་ཁྲི་བསྟོན་པ་ལ་འདུག་པས་ནོ།།སྲིན་བུ་མགོ་དམར་དུ་སྐྱེའོ།།དགེ་འདུན་གྱི་ནོར་སྣ་ཚོགས་ལ་སྤྱད་པས་ནི།སྲིན་བུ་འཕྱེ་བོར་སྐྱེའོ།།མགོ་ལ ་རུས་པའི་ཐུར་མ་ག་ཏུར་ནས་ལྷ་ཁང་དུ་འགྲོ་ན།བྱ་མཆུ་རིངསུ་སྐྱེའོ།།དཀར་རྩི་དང་།དམར་རྩིས་བྱུགས་ཏཾ།ལྷ་ཁང་དུ་འགྲོ་ན་བྱ་སྐྱོང་ཀར་སྐྱའོ།།དར་མོ་ཚན་གྱི་གོས་གྱོན་ཏེ།ལྷ ་ཁང་དུ་འགྲོན་བྱའུ་ས་རུར་སྐྱེའོ།།ཁྱོ་ཤུག་ཞག་ལོན་ཏི།ལྷ་ཁོང་དུ་ཉལ་ན་སྲིན་བུ་མགོ་སྔོན་དུ་སྐྱེའོ།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་འཇུག་སྟེགས་འཆའ་ཞིང་འདུག ་པ་ནི་རྔ་མོར་སྐྱེའོ།།ལྷམ་དང་།འབོག་གྱེན་ཞིང་གཞལ་མེད་ཁང་དུ་འགྲོ་ན་སྦལ་པར་སྐྱེའོ།།ཆོས་ཉན་པའི་ཚེ་ལོང་གཏམ་ཟེར་ན་བྱེའུ་ལྷན་ཀར་དུ་སྐྲིའོ།།དགེ་སློང་ཁྲིམས་དག ་པར་ལ་མི་གོཙང་བར་བསྐྱེད་པ་ནི།ལྕགས་ཀྱི་སེམས་ཅན་དམྱལ་བར་སྐྱེའོ།།རལ་གྲི་འཁོར་ལོ་ཁྲི་ཕྲག་བརྒྱ་སྙེད་དུ་ཆར་པ་ལུས་ཀྱི་སྟེང་དུ་འབེབསོ་ཤིང་དེའི་ལུས་གཏུབས་པར ་འགྱུར་རོ།།དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་དེ་ལྟར་དགེ་འདུན་གྱི་ནོར་ལ་སྤྱོད་པ་སྡིག་ལྕི་བར་གསུངས ་གལ་ཏེ་དེ་ལྟར་དགེ་བའི་ལས་ལེ་ཕྱོགས་པ་དང་།སྦྱིན་བདག་ལ་སོགས་པ་ཇི་ལྟར་གཙུག་ལག་ཁུང་གི་ནང་དུ་བསྟི་སྟེང་བརྗོད་པ་དང་།ཕྱུག་ཚལ་བར་བགྱིད་པ་ལག ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ལྷ་ཁང་དུ་འགྲོ་བ་ལ་སེམས་རྣམ་པ་གཉིས་ཡོད་དེ།དགེ་བའི་སེམས་དང་།མི་དགེ་བའི་སེམ་སོ།།དེ་ལ་ཇི་ལྟར་ན་དགེ་བའི་སེམས་ཞེས ་བྱ་ཞེ་ན།ལྷ་ཁང་དུ་ཕྱིན་པའི་ཚེ་སངས་རྒྱས་མཐོང་ནི་ཕྱག་འཚལ་ཞིང་།དགེ་འདུན་ལ་བཀུར་སྟི་བྱེད་ཅིང་།མདོ་སྡེ་འདྲི་འམ།འདོན་ནམ།ཁྲིམས་ནོད་དམ།སྡིག་པ་བཤག ་པ་འམ།དཀོན་མཆོག་གསུམ་གྱི་སྤྱི་ནོར་ལས་སོགས་པ་གཏོང་དུ་མྱ།སྒྲོག་ལ་ཡང་མི་ཆགས་པར་དམ་པའི་ཆོས་འཛིན་པ་ནི་གོམ་པ་གཅིག་བོར་བས་ཀྱང་ལྷར་སྐྱེ་བར་འགྱུརརོ།། ་མ་འོངས་པའི་དུས་ན་ཁྱིམ་པ་དག་ཏུ་ཞུགས་ཏེ།དེ་དང་འདྲ་བའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ།།དེ་ནི་དགེ་བའི་མཆོག་དང་ལྡན་པ་ཡི་ནོ།།དེ་ལ་གང་མི་དག་པ་ནི་ལྷ་ཁང་དུ ་འཇུག་པའི་ཚེ།དགེ་འདུན་ལ་སློངས་མོ་དང་།བསྐྱེ་བརྟ་བྱེད་པ་དང་།དགེ་འདུན་ལ་སྐྱོན་ཆལ་ཞིང་།བླན་ཀ་ཚོལ་བ་དང་།དགེ་འདུན་གྱི་ཞལ་ཟས་ཟོས་ཀྱང་ཚིམ་པ་མེད ་ཅྀང།བཟའ་ཤིང་དང་།ཤིད་ཏྲཱྀ་པྱཱ་དང་།སྒྱུམ་སྦྱར་ལ་སོགས་པ།སྦྱིམ་དུ་ཁྱེད་བ་དེ་སྒྱུ་དྲནྟི་ཤིན་རྒྱུ་དམྱལ་བའི་ལ་བྷྱོ་ཨཽ་དང་།ཤིན་ཏུ ་འབར་བ་དང་།རལ་གྲིའི་རི་དང་།རལ་གྲིའི་ཤིང་ལས་སོགས་པའི་དྲིམྱལ་བར་ཤིན་ཏུ་སྡུག་བསྔལ་ལེན་པར་འགྱུརརོ།།དེ་ནི་མི་དགེ་བའི་མཆོག་ཅེས་བྱའོ།།བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།དགའ་བོ་ཁྱོད་མ་འོངས་པའི་ཚེ་ངའི་ཉེ་གནས་རྣམས་ལ་དཀོན་མཆོག་གསུམ་གྱི་དཀོར་ལ་མ་སྤྱོད་པར་འདུག་ཅིག་ཅིས་གྲོས་ཐོབ ་ཤིག།དེ་ལྟར་མ་གྱུར་ཅིག།བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བྱས་ན།སངས་རྒྱས་བྱམས་པ་འཇིག་རྟེན་དུ་འབྱུང་བའི་ཚེ་གདོན་མི་ཟ་བར་གྲོལ་ལོ།།བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ།ཚེ་འདི་ལ་གཞན་གྱི་ནོར་འཕྲོག་ན།ཚེ་ཕྱི་མ་ལ་ཤིན་ཏུ་གྲང་བའི་དམྱལ་བར་ལྟུང་ངོ་།།དེར་གྱི་སྦྱིན་བུར་འགྱུརཏེ།བཙོ་ཞིང་བཞུ་བར་འགྱུར་རོ།། ་འདི་ལ་སངས་རྒྱས་ཀྱི་སྐུ་གཟུགས་དང་མདོ་སྡེ་ལ་མེར་མཾ་ཡིས་སྣང་བ་མེད་པར་བྱེད་ཅིང་མི་དགེ་བ་ནི་ཁོ་ར་ཁོར་ཡུག་གི་མུན་ནག་གི་སེམས་ཅན་དམྱལ་བར་འགྱུར་རོ།།ཚེ་འདི ་ཤན་པ་བྱེད་ཅིང་སེམས་ཅན་མང་པོའི་སྲོག་གཅོད་པ་ནི་རལ་གྲི་དང་།རལ་གྲི་ནགས་ཚལ་གྱི་སེམས་ཅན་དམྱལ་བར་ལྟུང་།།ཚེ་འདི་ལ་ཁྲ་དང་ཁྱི་ལ་སོགས་པ་གཏོང་ནི ་སྐྱོན་པ་བྱེད་པ་ལ་དགའ་བ་ནི་ལྕགས་ཀྱི་སོག་ལེའི་དམྱལ་བར་ལྟུང་།།ཆ་འདི་ལ་ལྡོག་པར་གཡེམ་པ་ལ་དད་པ་ཆེ་བ་ནི་ཟད་ཀྱི་ཀ་བ་དང་།ལྕགས་ཀྱི་ཁྲག་གི་སེམས་ཅན་དམྱལ་བར་ལྟུ།། ་ཚེ་འདི་ལ་ཆུང་མ་མང་དུ་བླངས་པ་ནི་ལྕགས་ཀྱི་གཏུན་གྱི་དམྱལ་བར་ལྟུངོ་།།ཚེ་འདི་ལ་བུད་མེད་སྐྱེས་པ་དང་མང་དུ་ཉལ་བ་ནི་སྦྲུལ་གདུག་པའི་དམྱལ་བར་ལྟུང་སྟེ།ཚེ་འདི་ལ་བསྲེག་ཅིང་བཿ། ་བའི་ཐལ་བ་འབབས་པའི་དམྱལ་བར་ལྟུང་སྟེ།ཚེ་འང་ལ་ཕག་དང་ཁྱིའི་སྤྱི་གཏོགས་པས་ནི་ཤིན་ཏུ་བསྐོལ་བའི་དམྱལ་བར་ལྟུང་ངོ་།།ཚེ་འདི་ལ་ཕག་དང་ཁྱི་དང་རྟའི་འབྲས་བུ་བཏོན་པས་ནི་རྡོ ་ཟུག་རྔུའི་དམྱལ་བར་ལྟུ་ངོ་།།ཚེ་འདི་ལ་ཆང་མང་དུ་འཐུངས་པ་མྱོས་པཟངས་ཁུ་འཐུང་བའི་དམྱལ་བར་སྐྱེའོ།།ཚེ་འདི་ལ་སེམས་ཅན་གཏུབས་ཤིང་དམྱལ་བས་ནི་ལྕགས་ཀྱི་འཁོར་ལོའི ་དམྱལ་བར་ལྟུང་།།ཚེ་འདི་ལ་དགེ་འདུན་གྱི་ཤིང་ཏོག་བརྐུས་པ་ནི་ལྕགས་ཀྱི་ཐུ་ལུམ་གྱི་དམྱལ་བར་ལྟུང་།།ཚེ་འདི་ལ་ཁྱི་དང་ཕག་གི་རྒྱུ་མ་ཟོས་པས་ནི་མི་གཙང་བའི་དམྱལ་བར་ལྟུང་བར ་འགྱུརརོ།།ཆེ་འདི་ལ་ཉ་བ་ཤོར་ཁས་ནི་རལ་གྲིའི་ནགས་ཚལ་གྱི་དམྱལ་བར་ལྟུང་བར་འགྱུར་རོ།།ཚེ་འདི་ལ་མ་ཡར་མོ་བྱས་ཏེ།སྔ་མིའི་བུ་ལ་ནཻ་རཱ་བ་བྱེད་པ་ནི་མེའི་ཤིང་དུམ་གྱི་དམྱལ ་བར་ལྟུང་བར་འགྱུརརོ།།ཚེ་འདི་ལ་དབྱེན་བྱེད་པ་ནི་ལྕགས་ཀྱི་གཤོལ་གྱི་དམྱལ་བར་འགྱུརརོ།།ཚེ་འདི་ལ་ཚིག་ངནི་པོས་མི་ལེ་སྤྱོད་པས་ནི་ལྕེ་མེད་པའི་ངམྱལ་བར་བལྟུ་།།ཚེ་འདི ་ལ་བརྫུན་ཟེར་བྱ་ནི་ལྕགས་ཀྱིས་གཟེར་བུས་གཟེར་བའི་དམྱལ་བ.རཿལྟུང་།།ཚེ་འདི་ལ་སྲོག་གཅོད་ཅིང་ལྷའི་སྲིན་ལ་རྗེད་པས་ནི་ལྕགས་ཀྱི་བསྐྱུང ་བུའི་དམྱལ་བར་ལྷུང་།།ཚེ་འདི་ལ་བོན་མོ་བྱེད་ཅིང་འདྲེ་བ་སོ།།ཞེས་བརྫུན་ཟེར་ཞིང་ནོར་ལེན་པ་ནི་ཤེལ་མཱ་རིའི་དམྱལ་བར་ལྟུང་།།ཚེ་འདི་ལ་བོན་བྱེད་ཅིང་མིག་བཙུམས་ནས ་ཁྱོད་ཀྱི་བླ་མ་མཆོད་འོས་ཞེས་ཟེར་ཞིང་སྲུ་བོ་ནི་རྐེད་པ་རབཏུབས་པའི་དམྱལ་བར་ལྷུང་།།ཚེ་འདི་ལ་བོན་བྱེད་ཅིང་སྲོག་གཅོད་དུ་བཅུག་སྟེ།ལྷ་སྲིན་རྗེད་དུ་བཅུག་པ་ན་སྟ་རེས ་གཏུབས་པའི་དམྱལ་བར་ལྷུང་སྟེ།བསྲུངས་མས་ལུས་གཏུབས་ཤིང་ལྕགས་ཀྱི་བྱན་ཆུ་ཅན་གྱིས་མིག་གཉིས་ཀྱི་འབྲས་བུ་བཙོགས་པར་འགྱུརརོ།།ཚེ་འདི་ལ་བོན་བྱེད་ཅིང་གཤིན ་རྟོག་དུ་འདུར་བ་དང་།ཁང་ཁྱིམ་བཟང་ངན་ལྟ་བ་དང་།རིགས་ལྔའི་ཁམས་བདེ་མི་བོད་ལྟ་བ་དང་།གླེན་པ་བསླུས་ཏེ་ནོར་མང་དུ་ལེན་པ་ནི་ལྕགས་ཀྱི་དྲ་བར་བཅུག་པའི་དམྱལ ་པར་སྐྱེའོ།།ཁྱ་མ་རུངས་པ་གྲངས་མེད་པས་ལུས་ཀྱི་སྟེང་དུ་འདུག་ནས་སྟེང་གི་ཤ་ཟད་ནས་རུས་པ་དང་རྒྱུས་པ་གཏིགས་ཏེ།སྡུག་བསྔལ་མུ་མེད་པ་བྱེད་པར་འགྱུརརོ།།ཚེ་འདི་ལ་སྨན ་བྱེད་ཅིང་ནད་པ་གསོ་མི་ནུས་པར་བརྫུན་གྱིས་ནོར་ལེན་པ་ནི་ལྕགས་ཀྱི་ཐུར་མས་བཙུགས་པའི་དམྱལ་བར་ལྟུང་སྟེ།ལུས་ལ་ཀུན་ཏུ་མེ་འབརོ།།ཚེ་འདི་ལ་ལྷོ་ཁང་དུ་མཆོད་རྟེན་བཤིག་ཅིང ་།དགེ་འདུན་དང་།ཕ་མ་དང་མཁན་པོ་ལ་བག་མེད་པར་སྲི་ཞུ་ཆུང་བ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དུ་མཐར་གྱིས་འགྲོའོ།།དེ་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱ་སུམ་ཅུ་ཅུ ་དྲུག་གནང་དུ་འགྲོ་སྟེ།ལ་ལ་ནི་བསྐལ་པ་གཅིག།ལ་ལ་ནི་བསྐལ་པ་གཉིས།ལ་ལ་ནི་བསྐལ་པ་ལྔའི་བར་དུལ་ལོ།།བགང་ག་བོད་མཐར་ཕྱིན་ནས་དགེ་བའི་བཤེས་གཉེན་དང་ཕྲད་ན་ནི ་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་རོ།།གལ་ཏེ་མ་ཕྲད་ན་སླར་ཡང་སེམས་ཅན་དམྱལ་བར་ལྟུ་ངོ་།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།མི་ལུས་བོང་ཚ་ཞིང་གནག་ལ་སྤྲོ་ཐུང་བ་འགྲོ་བ ་ལ་དགའ་བ་ན་རྔ་མོ་ལས་འོང་སོ།།འགྲོ་བ་ལ་སྲེད་པ་ཟ་བ་ལ་རྔམ་སྟེ།ཉུང་བ་ལ་འབྱོལ་པ་ནི་རྟ་ལས་འོངསོ།།ཆེ་བ་ད་དགྲང་བ་མི་འཇིགས་ཤིང་གཟུགས་ཆེ་བ་ནི་གླང་ལས་འོངསོ།།སྒྲ་ཆེ ་ཞིང་འཛེམ་བགྲ་མེད་ལ་གང་འདོད་པ་དམ་དུ་འཛིན་ཅིང་བཟང་ངན་བྱེ་བྲག་མི་ཕྱེད་པ་ནི་བོང་བུ་ལས་འོངསོ།།རྟག་ཏུ་ཤལ་སྲེད་ཅིང་རྔམ་སྟེ་འཇིགས་པ་མེད་པ་ནི་སེང་གེ་ལས་འོངསོ།། ་ལུས་རིང་ཞིང་མིག་ཟླུམ་ལ་རི་འམ་དགོན་པར་ཤིན་ཏུ་འགྲོ་ལ་ཆུང་མོ་ལ་སྡང་པོ་ནི་སྟག་ལས་འོང་སོ།།སྤུ་རིང་ཞིང་མིག་ཟླུམ་སྟེ་གནས་ཅིག་ཏུ་མི་དགའ་བ་ནི་བྱཱ་ལས་འོང་སོ།།འགྱུར ་ལྡོག་ཆེ་ཞིང་སྲིན་བུ་གསོད་པ་ལ་དགའ་བ་ནི་ཝ་ལས་འོངས།།དཔའ་བཤོར་ཆེ་ཞིང་ཁྲེལ་འཛེམ་ཆུང་ཞིང་ཆུ་མང་དུ་བུལ་སོད་པ་ནི་སྤྱང་ཀི་ལས་འོངསོ།།གཡོན་ཅན་གྱིས་ངོས་འཛིན ་ལ་གཉིད་ཆུང་ལ་ཁྲོ་བ་ནི་ཁྱི་ལས་འོང་སོ།།ཁྲོ་བ་ལ་དགའ་ཞིང་སྨྲ་བར་ནི་འདོད་ལ་མི་ཀུན་གྱིས་བྱམས་པ་ནི་ནེ་ཙི་ལས་འོང་སོ།།མང་པོར་འདུས་ཤིང་སྨྲ་བ་ལ་དཔང ་ཞིང་དམྱ་ངན་མང་བ་ནི་བྱཱ་ཁུ་བླུགས་ལས་འོང་སོ།།བོང་ཆུང་ཞིང་གཡེམ་པ་ལ་དང་ཚེ་སྟེ་སྐྱིང་མི་བསྟན་པ་ནི་བྱིའུ་མཆིལ་པ་ལས་འོངསོ།།མིག་ཚག་ལ་སྤྲོ་ཐུང་ལ་ཁ་ནས་ལྦུ་བ་འོང ་ལ་ཉལ་བའི་ཆན་ལུས་སྤྲིང་འདོད་པ་ནི་རྩངས་པ་ལས་འོང་སོ།།སྨྲ་ན་ཁྲ་ཞིང་ཕ་རོལ་གྱི་ཚིག་མི་གེ་ལ་ཁྲོ་ལ་མི་ལ་གདུག་པའི་ཚིག་འབྱུང་བ་ནི་སྡིག་པ་ལས་འོང་སོ།།གཅིག་རཱ ་འདུག་ཅིང་ཟ་བ་ལ་རྐམ་སྟེ་ནུབ་མོ་གཉིད་ཆུང་བ་ནི་བྱི་བ་ལས་འོངསོ།།ཁྱིམ་ཕུགས་དང་རྐུ་བ་ལ་དད་ཆེ་སྟེ་གཉེན་ངོ་མི་ཤེས་པ་ནི་བྱི་ལ་ལས་འངསོ།།བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ།གང་ལ་ལ་ཞིག་གཙུག་ལག་ཁང་དང་མཆོད་རྟེན་འཇིག་ཅིང་གང་གིས་དཀོན་མཆོག་གསུམ་གྱི་རྫས་བླངས་ཤིང་སྤྱད་ན་ཚེ་ཕྱི་མ་ལ་བསྟིར་མེད་པའི་སེམས་ཅན ་དམྱལ་བར་སྐྱེ་སྟེ།ཅི་སྟེ་དེར་སྐྱེས་ནས་དམྱལ་བ་ལས་ཐར་ན་ཡང་འདི་ལྟ་སྟེ།ཕུག་རོན་དང་མཆིལ་པ་དང་ངུར་པ་དང་ནེ་ཅོ་དང་།བྷིའཾ་ཀ་སྣོ་དང་།ཉཝ་དང་རུས་སྦལ་དང་སྤྲེའུ་དང་ཕག ་བ་དང་ཤ་བོར་སྐྱེའོ།།གལ་ཏེ་མིར་སྐྱེས་ནི་ཡང་མ་ནི་བ་དང་བུད་མེད་དང་མཚོན་ག་པ་དང་མཚན་མ་མེད་པའི་སྦུན་པ་སོགས་པར་སྐྱོའོ།།མི་ཞེ་སྡང་ཆེ་བ་ནི་སྦྲུལ་གདུག་པ་དང་།སེང། ་ག་དང་སྟག་དང་སྦྱང་ཀི་དང་དོམ་དང་དྲེད་དང་བྱི་ལ་དང་།ཁྲ་ལ་སོགས་པ་ཐམས་ཅད་དུ་སྐྱེའོ།།ཙསྟེ་མིའི་ལུས་ཐོབ་ན་ཡང་བྱ་དང་།ཕག་གདོད་པ་ལ་དད་ཅིང་རྔོན་པ་དང་།བརྩོན་མ་རྫར ་འགྱུརརོ།།གཏི་མུག་ཆེ་ཞིང་དགེ་མི་དགེའི་བྱེ་བྲག་མི་ཕྱེད་པ་ནི་ཚེ་ཕྱེ་མ་ལ་བལ་གླང་དང་།པག་དང་བ་གླང་དང་ལུག་དང་མ་ཧེ་དང་ཤིག་དང་ལྗི་བ་དང་སྦྲང་མ་དང་མཆུ་བསྙུང་དང་གློག། ་མ་ལ་སོགས་པར་སྐྱེའོ།།ཅི་སྟེ་མིའི་ལུས་ཐོབ་ན་ཡང་འོན་པ་དང་དམུས་ལོང་དང་ལྐུགས་པ་དང་སྒྲུ་བ་ཅན་དང་སྒྱུར་པ་ལ་སོགས་པར་སྐྱེའོ།།ཡན་ལག་མ་ཚང་བ་དང་།དབང་པོ་མ། ་ཚང་བའི་ལུསུ་འགྱུར་ཏེ།ཆོས་ལ་ནན་ཏན་བྱེད་མི་ནུ་སོ།།རྒྱགས་ཤིང་དྲེགས་པ་ནི་ཚེ་ཕྱི་མ་ལ་མི་གཙང་བའི་ནང་གི་སྲིན་བུ་དང་ན་མོ་དོང་བུང་བུ་དང་ཁྱི་དང་རྟ་ལ་སོགས་པར་སྐྱེའོ།། ་ཅི་སྟེ་མི་ལུས་ཐོབ་ན་ཡང་བྲན་ཁོལ་དུ་སྐྱེའོ།།དབུལ་འཕོངས་ཏེ་སློངས་མོ་བྱེད་ལ་ཐམས་ཅད་ཀྱིས་བརྙས་ཤིང་སྤང་བ་འོང་ངོ་།།གང་དབང་པོ་ཡོད་པས་བྱིན་དུ་གཟེར་ཞིང་གཞན་གྱི་ནོར ་ལ་ལེན་པ་ནི་ཚེ་ཕྱི་མ་ལ་ཤེལ་མ་རིའི་སེམས་ཅན་དམྱལ་བར་ལྟུང་སྟེ།སེམས་ཅན་ཁྲི་ཕྲུག་བརྒྱད་སྟོང་སྐྱེད་སོས་ཤ་གཅོད་ཅིང་ཟ་བར་འགྱུརརོ།།ཚེ་འདི་ལ་ཕ་རོལ་པོ་འགྲེང་དུ་མྱི ་དགའ་བ་ནི་ཚེ་ཕྱེ་མ་ལ་བ་ལང་གི་ལུསུ་སྐྱེ་སྟེ།རྐང་ལག་རེངས་ཤིང་ཉེལ་མི་ཤེས་པས་གཉིད་ལོག་ཏུ་མེད་པར་འགྱུརརོ།།ཚེ་འདི་ལ་མཆོད་སྟོན་ཟོས་པའི་ནུབ་མོ་ཟས་ཟོས་ན ་།མ་ས་དུན་ག་སུ་འགྱུ།ཁྲུན་ན་གོ་བར་དྲུབག་བ་དང་བརྒྱུང་བསྐྲད་པ་མ་མ།།ནནྡན་དུ་འཆུ་དམ་ཚོགས་རྣནས་ཅ་དུས་འད།ཚད་ལ་ན་། ་འདུག་པར་དད་པ་ནི་བུ་ཉུང་བའི་བྱ་རྟག་ཏུ་འབོད་པར་སྐྱེའོ།།ཚེ་འདི་ལ་མཆོད་སྟོན་གྱི་ཟས་ཟོས་ཀྱི་ལྷག་མ་ཁྱིམ་དུ་ཁྱེར་བ་ནི་ཚེ་ཕྱི་མེ་ལ་ལྕགས་འབར་བའི་སེམས་ཅན་དམྱལ་བར་ལྟུང་།།ཅི་སྟེ། ་མིར་སྐྱེས་ན་ཡང་ལྐོག་ནད་ཅན་དང་།ཚེ་ཐུང་བར་འགྱུརརོ།།ཚེ་འདི་ལ་སངས་རྒྱས་ལ་ཕྱག་འཚལ་བའི་ཚེ་དཔྲལ་པོ་ས་ལ་མ་གཏུགས་ནི་སྤྲེའུ་ཚུགས་ཀྱིས་དམྱལ་བར་ལྷུངོ་།།ཅི་སྟེ་མོ་རེ་སྐྱེས ་ནཡང་མི་བོ་ཅོག་གིས་བརྙས་ཤིང་སླུ་བར་སྐྱེའོ།།ཚེ་སྔ་མ་ལ་སངས་རྒྱས་ལ་ཕྱག་འཚལ་བའི་ཚེ་ཐལ་མོ་མི་སྦྱོར་བ་ནི་ཚེ་ཕྱེ་མ་ལ་མཐའ་འཁོབ་དུ་སྐྱེ་སྟེ།ལས་མང་དུ་བྱས་ཏེ་འབྲས་བུ་འགྲུབ ་པ་ཆུང་།།ཚེ་འདི་ལ་ཞལ་སྐྱོན་ཉལ་ནས་མི་ལངས་པ་ནི་ཚེ་ཕྱི་མ་ལ་ལྟོ་འཕྱོའི་རི་སུ་སྐྱེའོ།།ལུས་རིང་ཞིང་ཆེ་བོ་ནི་སྲིན་བུ་ཕོ་མོ་ཐམས་ཅད་ཀྱིས་ཟོ་བར་འོང་།།ཚེ་འདི་ལྀ་ལག་པ་སྩོལ་ཏེ་སངས ་རྒྱས་ལ་ཕྱག་འཚལ་བ་ནི་ཚེ་ཕྱི་མ་ལ་ཕྱན་ཀ་ལོག་ཏུ་བཅིངས་པའི་སེམས་ཅན་དོ་མྱལ་བར་ལྟུང་།།མི་རུ་སྐྱེས་ན་ཡང་ཉེ་བར་གྱོད་ལ་ཐོགས་པར་འོང་།།ཚེ་འདི་ལ་ཐལ་མོ་སྦྱར་ཏེ་ཡན ་ལོག་སྨད་ལྔ་ས་ལ་གཏུགས་ཏེ་རྩེ་གཅིག་པའི་སེམས་ཀྱིས་སངས་རྒྱས་ལ་ཕྱག་འཚལ་བ་ནི་གང་ནས་གང་དུ་སྐྱེས་པར་རྟག་ཏུ་བཙན་ཞིང་སྐྱིད་པར་འོ་།།ཚེ་འདི་ལ་མཁོང་ཞིང་སྤྲོ་ཐུང་བ་ནི ་བྱོལ་སོང་ལས་འཇོས།།ཚེ་འདྲི་ལ་མིག་ཡོན་པོར་འདུག་པ་ནི་གཞན་གྱི་ཆུང་མ་ལ་མིག་ཟུར་གྱིས་བསྒྲེགས་པ་ལས་འོང་།།ཚེ་འདི་ལ་ཆུང་མའི་ནོན་བྱས་ཏེ་ཕ་མ་ལ་རྒལ་བ་ན་ལྟེ་གཏུབས་པའི་སེན་དམྱར ་བར་ལྷུ་།།ཚེ་འདི་ལ་ཆང་གི་དབང་དུ་སྲེད་པ་ནི་ཚེ་ཕྱི་མ་ལ་ཆུའི་སྲིན་བུར་སྟེའོ།།ཅི་སྟེ་མིར་སྐྱེས་ན་ཡང་ལྷ་གོར་དང་།དབུགས་མི་བདེ་བའི་ནད་ཀྱིས་འཆི་བར་འགྱུརོ།།བཅོམ་ལྡན་འདས་ཀྱིས་བཀ། ་སྤྲུསྩལ་པ།།དགའ་བོ་ངས་ཇི་ལྟར་བཤད་པའི་སྡུག་བསྔལ་མང་པོ་རྣམ་པ་སྣ་ཚོགས་ཀུན་གྱིས་མི་དགེ་བ་རྣམས་ལས་གྱུར་ཏེ་རབ་ནི་སེཾན་དམྱལ་བར་ལྟ་།།འབྲིང་ནི་བྱོལ་སོང་གི་རྒྱུར་འགྱུརོ།།ཐ་མ ་ནི་ཡི་དྭགས་ཀྱི་རྒྱུར་འགྱུར།།སྲོག་གཅོད་པས་སེམས་ཅན་ངན་སོ་གསུམ་དུག་དོ།།ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྦྱིན་ཏེ།དབུལ་ཕོངས་པ་དང་།ནོར་ཐུན་མོང་དུ་སྤྱད་པའི་དབང ་མཽད་མི་ཚངས་པར་སྤྱོད་བྱས་ཀྱངསས་ཅན་ངན་སོང་གསུམ་དུ་སྲུ་།། མིར་སྐྱེས་ན་ཡང་འབྲུས་བུ་རྣམ་པ་གཉིས་སྦྱིན་ཏེ།བདག་གི་ཆུང་མ་ལ་འཕྱོ་བ་དང་།ཆེན་ཚུན་གཉིས་རྩོད་པ་དང་། ་གི་བསམ་པ་བཞིན་མི་འགྲོ་བོ།།བརྫུན་དུ་སྨྲ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་འགྱུརརོ།།ཅི་སྐྱེ་མེར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ།གཞན་གྱི་བསྐུར་པ་འདེབས་པ་དང་།མ ་འོངས་པ་ཀུན་གྱིས་སླུ་བར་འགྱུར།།ཕྲ་མ་བྱེད་པ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེའོ།།ཅི་སྟེ་མིར་སྐྱེས་ན་ཡང་གཉེན་ཞིག་པ་དང་།གཉེན་ངན་པ་དང་།ཕྲག་དོག་ཅན་དུ་འགྱུར།། ་ངག་མི་བརྙན་པར་སྨྲ་ན་ཡང་སེམས་ཅན་ངན་སོང་གསུམ་དུ་ལྷུང་།།ཅི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ།རྟག་ཏུ་སྒྲ་མི་སྙན་པ་མང་པོ་ཟོས་པ་དང་།སྨྲསོ་ཅོག་སྐྱོན་ཅན ་རྩོད་པར་འགྱུརརོ།།ཚིག་ཀྱལ་པ་བྱེད་པ་ཡང་ངན་སོང་གསུམ་དུ་ལྟུང་བར་འགྱུར་ཏེ།ཙི་སྟེ་མིར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ།བདེན་པོའི་ཚིག་སྨྲས་པ་ཡང་ཀུན་གྱིས་ཡིད་མཆེས་པ་དང་།སྨྲས་པ ་ཐད་མཱི་གསལ་བར་འོང་།།འདོད་ཆགས་ཀྱི་ཁ་ན་མཐོ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྷུང་བར་བྱེདའོ།།ཅི་སྟེ་མིར་སྐྱེས་ན་ཡིང་འབྲས་བུ་རྣམ་པ་གཉིས་སྦྱིན་ཏེ།ནོར་ལ་ཆགས་ཤིང་ཆོག་མི་ཤེས་བྲི ་རང་བཞིན་དང་།མང་དུ་ཚོལ་ཡང་བསམས་པ་བཞིན་མི་འགྲུའོ།།ཞེ་སྡང་གི་ཁ་ན་མ་ཐོ་བ་ཡང་སེམས་ཅན་ངན་སོང་གསུམ་དུ་ལྟུང་བར་བྱེད།།ཅི་སྟེ་མར་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། ་གཞན་གྱིས་རྟག་ཏུ་གླགས་ཚོལ་བ་དང་།རྟག་ཏུ་གཞན་གྱིས་འཚེ་བར་འགྱུརརོ།།ལོག་པར་ལྟ་བའི་ཁ་ན་མ་ཐོ་བ་ཡང་སེན་ངན་སོང་གསུམ་དུ་ལྷུང་།།ཅི་སྟེ་མི་རོ་སྐྱེས་ན་ཡང་འབྲས་བུ་རྣམ་པ་གཉིས་སྨིན་ཏེ། ་རྟག་པ་ལོག་པར་བལྟ་བའི་ཁྱིམ་དུ་སྐྱེ་བ་དང་།གཡོན་ཅན་དུ་སྐྱེ་བར་འགྱུརརོ།།ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བུའི་མི་དགེ་བ་བཅུ་ནི་སྡུག་བསྔལ་མང་པོས་གདུངས་པའི་རྒྱུ་ཡིནོ།།དེ་ནས་འཁོར་མང་པོའི་ནངོན ་མིདགེ་བ་བཅུའི་ལས་ཀྱི་ལམ་བྱེད་པ་དག་བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་བཤད་པ་འདི་ཐོས་ནས་ཐམས་ཅད་ཀྱིས་ཆོ་ངེས་བཏབ་སྟེ།བཅྡོཾས་ལ་འདི་སྐད་ཅེས་གསོལ་ཏེ། ་དག་ཅག་རྣམས་ཀྱིས་དགེ་བརྗེ་ལྟ་བུ་ཞིགས་སྡུག་བསྔལ་དེ་དགུ་ལས་ཇི་ལྟར་ཟུར་བར་འགྱུར།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ཁྱེད་རྣམས་སོན་ཐམས་ཅད་བསོད་ནམས་ཀྱི་ལས་འཐུན་པར་གྱིས་ཤིགརྗེ ་ལྟར་ན་བསོད་ནམས་བྱེད་ཅེ་ན།གང་ལ་ལ་ཞིག་བདག་ཉིད་ཀྱི་སེམས་ཅན་གྱི་དོན་ཆེན་པོ་བྱེད་པ་གཙོ་བོར་བྱས་པ་ལ་མཆོད་རྟེན་དང་།གཙུག་ལག་ཁང་རྩིགས་ན་མ་འོངས་པའི་དུས་ན།གདོན་མི་ཟ་བར་རྒྱལ ་པོར་འགྱུར་ཏེ།འགྲོ་བོ་མང་པོའི་དོན་བྱེད་ཅིང་འགྲོའོ་ཅོག་ཀུན་ལ་མིཐུན་པ་མེདོ།།ཚེ་འདི་ལ་ཆོས་ཀྱི་འགྲོ་བ་དང་།ཆོས་ལ་དད་པ་ནི་མིའི་མཆོག་ཏུ་འགྱུརརོ།།མ་འོངས་པའི་དུས་ན་གདོན་མི་ཟ་བར་བློན་ཆེའི།། ་ཁམས་ཀྱི་དབང་བློན་དུ་འགྱུར།།གོས་དང་རྗེ་དང་ལྡན་ཞིང་དགོས་ཅོག་ཚོགས་པར་འགྱུརརོ།།ཚེ་འདི་ལ་མི་མང་པོ་ལ་བཏུད་ཅིང་བསོད་ནམས་བྱེད་པ་ནི་ཕྱག་ཅིང་བརྩན་པའི་ཁྱིམ་བདག་ཏུ་འགྱུར་ཏེ།མང་པོ་ཀུན་གྱིས ་བཀུར་བ་དང་།ཕྱིར་བཞི་དག་ཏུ་འགྲོ་ཡང་བགེ་ཌ་མེད་ཅིང་བྱའོ་ཅོག་འགྲུ་འོ།།ཚེ་འདི་ལ་སངས་རྒྱས་ཀྱི་མདུན་དུ་མེ་མར་འབུད་ཅིང་སྣང་གསལ་ལ་དད་པ་ནི་མ་འོངས་པའི་དུས་ན་ཉི་མ་དང་ཟླ་བའི་ལྷར་སྐྱེའོ།།འོད་ཀྱིས ་བདག་ལྔ་གསལ་བར་འགྱུརརོ།།ཚེ་འདི་ལ་སྙིང་རྗེའི་སེམས་ཀྱི་སྦྱིན་པ་སྦྱིན་ནམྱ་འོངས་པའི་དུས་ན་རབ་ཏུ་ཕྱུག་ཅིང་ཟས་དང་གོས་ཀྱང་ཡིད་བཞིན་དུ་འགྲུའོ།།ཚེ་འདི་ལ་ཟས་སྐོམ་མི་ལ་སྦྱིན་པ་ལ་དགའ་བ་ནི་གར་སྐྱེས ་པཟེད་ཡིན་བཞིན་གྱི་ཟ་སུ་འགྱུར་ཞིང་ཟས་དང་།སྐོམ་ཡང་ལྡན་ལ་དབང་པོ་རྣོ་ཞིང་སྤོབས་པ་ཆེ་སྟེ་ཚེ་རིང་ངར་འགྱུརརོ།།གང་གི་བྱོལ་སོང་ལ་ཟས་བྱོན་ན་ནི་ལན་བརྒྱ་འགྱུར་འཐོའོ།།ལོ་ག་སྲེད་ལ་སྦྱིན་པ་སྦྱིན་པ ་ལན་སྐྱོང་འགྱུར་འཐོབ་དགེ་སློང་ངམ་དགེ་སློང་མ་འམ།ཁྲིམས་གཙང་མ་ལ་སྦྱིན་པ་བྱིན་པས་ནི་ལན་ཁྲར་འགྱུརརོ།།ཆོས་སྨྲ་བའི་དགེ་སློང་ཐེག་པ་ཆེན་པོ་སྤེལ་ཞིང་དེ་བཞིན་གཤེགས་པའོ།། ་གཏེར་བཤད་པ་མང་པོ་ཀུན་གྱི་མིག་ཕྱེད་ནུས་པ་ལ་བྱིན་ན་ལན་གྲངས་ཚད་མེད་པ་སྙེད།།གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱིན་ན་འབྲས་བུ་མཐར་གཏུགས་པར་འགྱུར།།གཞན་ཡང ་སྦྱིན་གནས་གསུམ་ལ་སྦྱིན་པ་བྱས་ན་རྣམ་པར་སྦྱིན་པའི་འབྲས་བུ་དེ་མི་ཤེསོ།།གསུམ་གང་ཞེ་ན།སངས་རྒྱས་དང་།ཕ་མ་དང་།ནད་པའོ།།དེ་དག་ལ་ཟས་ཅིག་སྦྱིན་པ་བྱས་དཀྱ་དེ་ན་དུའིའབྲས་བུ་མི་ཟད་པ་འཐོབ་པར ་འགྱུར་ན།རྟག་ཏུ་སྦྱིན་པ་བྱིན་པ་ལྟ་ཅི་སྨོས།ཚེ་འདི་ལ་དགེ་འདུན་མང་པོ་ལ་ཁྲུས་བྱས་ན་སྐྱེ་བ་ཐད་དུ་བྱད་བཞིན་བཟང་ཞིང་།ཡིད་བཞིན་གྱི་གོས་དང་ལྡན་ལ་མང་པོ་ཀུན་གྱིས་བཀུར་བར་འགྱུརརོ།།ཚེ་འདི་ལ ་དམ་པའི་ཆོས་ཀྱིས་མདོ་སྡེ་ཀློག་པོ་དང་།འདོན་པ་ལ་བསྡཌ་པས་ནི་སྐྱེ་བ་ཐམས་ཅད་སྒྲ་དབྱིངས་སྙན་ཅིང་ཀུན་གྱིས་ཐོས་པར་དགའ་བར་འགྱུར་རོ།།ཚེ་འདི་ལ་ཚུལ་ཁྲིམས་སྡོམ་པས་ནི་སྐྱེ་བ་ཐམས་ཅད་བྱུང ་བཞིན་བཟང་བ་དང་།མིའི་མཆོག་ཏུ་འགྱུ་རོ།།ཚེ་འདི་ལ་ཆུ་དཀོན་པའི་སར་ཁྲོན་པ་མང་པོ་བརྐོས་ལ་སྐོམ་སྦྱར་ལ།ལམ་སྲང་དུ་ཀུན་ཤོང་བར་བྱེད།བསྐྱེད་ཅིང་མིའོ་ཅོག་སྒྲོལ་བ་ནི་སྐྱོ་བ་ཐམས་ཅད་མོའོ།།། ་རྒྱལ་པོ་བྱེད་ཅིང་ཟས་སྐོམ་རོ་བརྒྱ་དང་ལྡན་པ་ཡིད་བཞིན་དུ་འབྱུང་བར་འགྱུརརོ།།ཚེ་འདི་ལ་མདོ་སྡེ་ལ་སོགས་པ་འདྲི་འམ།།གཞན་ལ་བྱིན་ཏེ་ཀློག་ཏུ་བཅུག་པོ་ནི་སྐྱེ་བ་ཐཾད་དུ་ཚིག་ལ་ཐོ་པ་མེད་ཅིང་སློབ་པ་ཐམས ་ཅད་ལན་ཅིག་ཟོས་པས་མི་བརྗེད་པར་ཟིན་པར་འགྱུརརོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་རྟག་ཏུ་དེ་ལ་དགོངས་པར་འགྱུར་རོ།།མིའི་ནང་ན་མཆོག་དང་ཕུལ་དུ་འགྱུརརོ།།གཙོ་བོར་འགྱུར་རོ།།ཚེ ་འདི་ལ་ཟམ་པ་དང་གྲུ་ལ་སོགས་པ་བྱེད་དེ།སྐྱེ་བོ་མང་པོ་སྒྲོལ་བར་བྱེད་པ་ལ་དགའ་བ་ནི་སྐྱེ་བ་ཐམས་ཅད་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ཕལ་མང་པོས་བཀུར་ཏེ་བསྔགསོ།།འགྲོ་ཞིང་འོང་བ་ལ ་བསུ་བསྐྱལ་བར་འགྱུར།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དགའ་བོ་ཇི་ལྟར་ངས་མདོ་སྡེ་ཐམས་ཅད་ལས་རྒྱུ་དང་འབྲས་བུར་བ་ཤུདདོ།།སེམས་ཅན་རྣམས་འདོན་ནམ།ཀྱོག་གམ་རྗེསུ་སྤྱོད་ན།མི ་ཁོམ་པོ་དང་།སྡུག་བསྔལ་ལས་གྲོལ་བར་འགྱུརརོ་ཞེས་གསུང་སོ།།གང་ལ་ལ་ཞིག་གིས་མདོ་སྡེ་འདི་ལ་སྐུར་པ་འདེབས་པ་ནི་ཚེ་འདི་ཉིད་ལ་ཡང་ལྕེ་རྩུ་བ་ནས་འཆད་པར་འགྱུརརོ།།དེ་ནས་དགའ་བོས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་མདོ་སྡེའི་མིང་ཅིར་གདགས།ཇི་ལྟར་བཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དགའ་བོ་མདོ་སྡེ་འདི་ནི་དགེ ་བ་དང་མི་དགེ་བའི་རྒྱུ་དང་འབྲས་བུ་ཞེས་ཀྱང་བྱ།བྱང་ཆུབ་སེམས་དཔའི་ལམ་དང་།སྤྱོད་པ་ཞེས་ཀྱང་བྱ་སྟེ།དེ་ལྟར་ཟུང་ཤིག་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བཤད་ན་འཁོར་མང་པོའི་ནང་དུ་ལྷ་དང་། ་མི་བརྒྱད་ཁྲི་སྙེད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམོས་བསྐྱེད།།བུད་མེད་བརྒྱད་སྟོང་སྙེད་ནི་མོའི་ལུས་ལས་ཕོར་གྱུར་ཏེ།།མི་དགེ་བའི་སེམས་ཅན་ཐམས་ཅད་ཀྱང་དགེ་བར་གྱུར་ཏོ།།དགེ་སྡིག་རྣམ་པར་དབྱེ་བའི་མདོ་རྫོག་སོ།། ་