CLOSE WINDOW

N341: 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བོད་སྐད་དུ།འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་གཅིག་ན།བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགོའ་ར་བ་ན་བཞུགསོ།།དེའི་ཚེ་བཅོམ ་ལྗོན་འདས་བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་།ལྷ་དང་མིའི་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་།སེམས་རྩེ་གཅིག་ཏུ་ཆོས་ཉན་པ་དག་ལ་ཆོས་སྟོན་པར་མཛད་དོ།། ་དྲི་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སེམས་ཅན་རྣམས་ཀྱི་ཆེད་དུ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་ན་རྣམ་པ་གཅིག་ཏུ ་མིར་སྐྱེས་པར་མཚུངས་པ་ལ།ཁ་ཅིག་ནི་སྡུག་ཅིང་ཁ་ཅིག་ནི་བྱད་བཞིན་མི་སྡུག་པ་དང་།ཁ་ཅིག་ནི་དཔའ་ཞིང་།ཁ་ཅིག་ནི་ཞེན་པ་དང་།ཁ་ཅིག་ནི་དབུལ་ཞིང་།ཁ་ཅིག ་ནི་ཕྱུག་པ་དང་།ཁ་ཅིག་ནི་སྡུག་བསྔལ་ཞིང་།ཁ་ཅིག་ནི་བདེ་བ་དང་ལྡན་པ་དང་།ཁ་ཅིག་ནི་ཡོ་རབ་སུ་གྱུར་ཅིང་།ཁ་ཅིག་ནི་མ་རབས་གྱུར་ཏེ།སྒྲ་དབྱངས་མི་མཚུགས་ཤིང ་སྐད་ཐ་དད་པར་གྱུར་པ་དང་།ཁ་ཅིག་ནི་ལོ་བརྒྱར་ལོན་ཀྱང་འཆི་བར་མི་འགྱུར་ལ།ཁ་ཅིག་ནི་ལོ་སུམ་ཅུ་ལོན་ནས་སྔར་མགུམ་པ་དང་།ཁ་ཅིག་ནི་ལོ་བཅོ་ལྔ་ལོན་ནས་གློ་བུར་འཆི་བ ་དང་།ཁ་ཅིག་ནི་མའི་མངལ་ཉིད་དུ་འགུམ་པ་དང་།ཁ་ཅིག་ནི་བྱད་བཞིན་སྡུག་ཅིང་མཛེས་པ་དང་།ཁ་ཅིག་ནི་དབུལ་ཞིང་མ་རབ་སུ་གྱུར་ལ་བྱད་བཞིན་མི་སྡུག་པ་དང་།ཁ་ཅིག་ནི་ཕྱག ་ཅིང་ཡ་རབ་སུ་སྐྱེ་བ་དང་།ཁ་ཅིག་ནི་དཔའ་ཞིང་དམན་པར་གྱུར་ལ།ཁ་ཅིག་ནི་ཞན་ཅིང་རིགས་མཐོན་པོར་སྐྱེས་པ་དང་།ཁ་ཅིག་ནི་སྡུག་བསྔལ་ཞིང་ཚེ་རིང་པོ།ཁ་ཅིག་ནི་བདེ་ཞིང་ཚེ ་ཐུང་བ་དང་།ཁ་ཅིག་ནི་དགེ་བ་སྤྱོད་ཀྱང་།།ནོངས་སྐྱོན་དང་བཅས་པར་འགྱུར་ལ།ཁ་ཅིག་ནི་སྡིག་པ་བགྱིས་ཀྱང་བསོད་ནམས་ཀྱི་ཕན་ཡོན་ཐོབ་པ་དང་།ཁ་ཅིག་ནི་ཚོ་ཞིང་དཀར་ཡང ་མིག་ཡ་ཡོར་གྱུར་ཅིང་མི་གསལ་ལ།ཁ་ཅིག་ནི་སྔོ་ཞིང་གནག་ཀྱང་མངལ་བྱེད་དང་ལྡན་པ་དང་།ཁ་ཅིག་ནི་ཐུང་ཞིང་བོང་ཐུང་ཡང་།།སེམས་རྩལ་དང་ལྡན་པ་དང་།ཁ་ཅིག་ནི་རིང ་ཞིང་བོང་ཆེན་ཡང་གཞན་དག་གི་གཡོག་བགྱིད་པ་དང་།ཁ་ཅིག་ནི་བུ་ཚ་མྱོང་ལ།ཁ་ཅིག་ནི་གཅིག་པུ་གནས་པ་དང་།ཁེ་ཅིག་ནི་སླད་རོལ་དུ་རྒྱུ་ཞིང་བཀྲེས་པ་དང་།གྲང་བ་དག་གི ་ཉེན་པར་འགྱུར།ཁ་ཅིག་ནི་ཁྱིམ་ན་གནས་ཀྱང་གོས་ཟས་དྲུག་ལ་དགའ་འབྱོར་པ་དང་།ཁ་ཅིག་ནི་གཞོན་པའི་ཚེ་དབུལ་ཞིང་ཕོངས་ལ།རྒས་པའི་ཚེ་གདོད་ཕྱུག་པོར་འགྱུར་བ་དང་། ་ཁ་ཅིག་ནི་ཡུས་མ་མཆིས་བཞིན་དུ་ཡང་།ནོངས་པ་མ་མཆིས་པར་ནན་གྱིས་གོ་རར་སྤྲུལ་པ་དང་།ཁ་ཅིག་ནི་ཕ་མ་ཡང་སྙིང་རྗེ་དང་ལྡན་པ།བུ་ཡང་སྲི་ཞུ་ཆེ་ཞིང་མདོ་སྡེ་དང་གཙུག་ལག ་གདོན་གླེང་བར་བགྱིད་ལ།ཁ་ཅིག་ནི་པོ་ནུ་བོས་སོར་ཕྱེ་ནས་འཐབ་ཅིང་རྗོད་པར་བགྱིད་པ་དང་།ཁ་ཅིག་ནི་ཁང་ཁྱིམ་དག་བརྩིགས་ནས།འབྱོར་པ་སྣ་ཚོགས་དང ་ལྡན་ལ།ཁ་ཅིག་ནི་ཁང་ཁྱིམ་མ་མཆིས་པས།གཞན་དག་ལེ་རྟེན་པ་དང་།ཁ་ཅིག་ནི་བྱ་འདབ་ཆགས་བཞིན་དུ་ཤིང་དང་བང་ལ་གློནས་པ་དང་།ཁ་ཅིག་ནི་གཅན་ཟན་གྱི་རྣམ་པ་དང ་མཚུངས་ཤིང་སྤུའི་གོས་དང་ལྡན་པ་ཟས་སུ་རྩ་འཚང་ཞིང་ཁྲག་འཐུང་བ་དང་།ཁ་ཅིག་ནི་ཡི་གེ་མ་འཚལ་བ་དང་།ཁ་ཅིག་ནི་ཅི་ཡང་མ་བགྱིས་པར་བདེན་པར་རྣམ་པར་སྨིན ་པ་མྱང་བར་འགྱུར་ལ།ཁ་ཅིག་ནི་སླ་བར་བགྱིད་པའི་གནས་ཀྱང་མི་རྙེད་པ་དང་།ཁ་ཅིག་ནི་དབང་པོ་གསལ་བས་ཤེས་པ་དང་ལྡན་ལ།ཁ་ཅིག་ནི་དབང་པོ་མི་གསལ་བས་ཤེས ་པ་དང་ལྡན་པ་དང་།ཁ་ཅིག་ནི་བཙལ་ན་གདོད་ཐོབ་པར་འགྱུར་ལ།ཁ་ཅིག་ནི་བཙལ་བར་ཡང་རྙེད་པར་འགྱུར་པ་དང་།ཁ་ཅིག་ནི་ཕྱུག་ཀྱང་སེར་སྣ་ཆེ་བ།ཁ་ཅིག་ནི ་དབུལ་པོར་གྱུར་ཀྱང་གཏོང་བ་ལ་དགའ་བ་དང་།ཁ་ཅིག་ནི་ཚིག་སྨྲས་པ་རྣམས་མཉེན་ཞིང་དེས་ལ།ཁ་ཅིག་ནི་ཚིག་སྨྲས་པ་རྣམས་གཏུམ་ཞིང་བརླང་བ་དང་།ཁ་ཅིག་ནི་མང ་པོ་ཀུན་གྱིས་བཀུར་ཞིང་སྙིང་དུ་སྡུག་པར་འགྱུར་ལ།ཁ་ཅིག་ནི་མང་པོ་ཀུན་གྱིས་ཐག་རིང་དུ་སྤོང་བར་བགྱིད་པ་དང་།ཁ་ཅིག་ནི་བྱམས་པའི་སེམས་ཀྱིས་སྲོག་ཆགས་གསོ་བ ་བགྱིད་ལ་ཁ་ཅིག་ནི་སྲོག་ཆགས་དཔག་ཏུ་མ་མཆིས་པ་དག་གསོད་པར་བགྱིད་པ་དང་།ཁ་ཅིག་ནི་ཡངས་པ་མང་པོ་ཀུན་གྱིས་ཡིད་དུ་མཆི་བར་འགྱུར་ལ།ཁ་ཅིག་ནི་གཞན་དག་བྲེ་སྤོང ་བར་བགྱིད་པ་དང་།ཁ་ཅིག་ནི་ཆུང་མ་དང་གྱོས་སྐྱུག་ལ་སོགས་པས་སྔ་བར་འགྱུར་ལ།ཁ་ཅིག་ནི་གཉེན་བཤེས་ཀུན་དགའ་བར་འགྱུར་བ་དང་།ཁ་ཅིག་ནི་ཆོས་ཀྱི་ཚིག་མཉན་པར་དགའ ་བ་དང་།ཁ་ཅིག་ནི་མདོ་སྡེ་ཐོས་ནས་གཉིད་ལོག་བགྱིད་པ་དང་།ཁ་ཅིག་ན་དཔའ་ཞིང་རྩལ་དང་ལྡན་ཡང་ཞེས་མ་མཆིས་ལ།ཁ་ཅིག་ནི་ཚིག་འབྲུ་དང་དོན་དག་ལ་སློབ་པར་མོས་པ་དང ་ཁ་ཅིག་ནི་དུད་འགྲོའི་དབྱིབས་ཐ་དད་པ་སྣ་ཚོགས་བགྱིས་པདེ་དག་གདའ་ན།བཅོམ་ལྡན་འདས་དེ་དག་གིས་འབྲས་བུ་གང་ལགས་པ་རྒྱ་ཆེར་བཀས་བ་ཤད་དུ་གསོལ།འཁོར་མང་པོ ་རྣམས་ཀྱིས་ཐོས་ཤིང་རྟོགས་པར་འགྱུར་ལ་སེམས་རྩེ་གཅིག་ཏུ་དགེ་ཚྭ་ལ་གཞོལ་བར་འགྱུར་པ་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་ཁྱོད་ཀྱིས་ཇི ་སྐད་དྲིས་པ་དེ་དེ་བཞིན་ཏེ།རྣམ་པར་སྨིན་པ་མྱོང་བར་མི་མཚུངས་པར་གྱུར་པ་དེ་དག་ཐམས་ཅད་ནི།ཚེ་རབས་སྔ་མ་དག་ལ་སེམས་ཅན་སྤྱོད་པ་མི་མཉམ་པའི་དབང་པོས་ན། ་ཐ་དད་པའི་བྱེ་བྲག་བརྒྱ་སྟོང་མང་པོ་མྱོང་བར་གྱུར་པ་ཡིན་ཏེ།ཚེ་འདི་ལ་བྱད་བཞིན་སྡུག་པ་གང་ཡིན་པ་དེ་ནི།བཟོད་པ་དང་དུ་བླངས་པས་ལས་འོངས་པ་ཡིནོ།།བྱད་མི་སྡུག་པ ་ཡིན་པ་ད་ནི་འཁང་ཁྲོ་བ་ལས་འོང་བ་ཡིན་ནོ།།མིར་གྱུར་ཀྱང་དངུལ་པོར་གྱུར་པ་གང་ཡིན་པ་དེ་ནི།སེར་སྣ་བྱས་པ་ལས་འོངས་པ་ཡིན།།མིར་གྱུར་ཀྱང་ཕྱུག་པར་གྱུར། ་པ་གང་ཡིན་པ་དེ་ནི།སྦྱིན་པ་བཏང་བ་ལས་འོངས་པ་ཡིནོ།།ཡ་རབས་མཐོན་པོར་གྱུར་པ་གང་ཡིན་པ་དེ་ནི།གཞན་དག་ལོ་གུས་པར་ཕྱག་བྱས་པ་ལས་འོངས་པ་ཡིན།།མ་རབ་སུ ་གྱུར་པ་གང་ཡིན་པ་དེ་ནི།ང་རྒྱལ་བྱས་པ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང་ལུས་རིང་ཞིང་བོང་ཆེ་བ་གང་ཡིན་པ་དེ་ནི།གུས་པས་བཀུར་བསྟི་བྱས་པ་ལས་འོངས་པ་ཡིནོ།། ་ལུས་ཐུང་ངུ་གང་ཡིན་པ་དེ་ནི།ཆོས་ལས་བརྙས་པ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང་བཀའ་བློ་མི་བདེ་བ་དེ་ནི།སྔོན་ལུག་བྱས་པ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང ་མནག་ཅིང་རིང་བ་གང་ཡིན་པ་དེ་ནི།དེ་བཞིན་གཤེགས་པའི་སྣང་བ་བསྒྲིབས་པ་ལས་འོངས་པ་ཡིན།།མིར་གྱུར་ཀྱང་མཆུ་མི་སྡུག་པ་གང་ཡིན་པ་དེ་ནི།མཆོད་རྟེན་གྱི་ཟས ་མྱངས་པ་ལས་འོངས་པ་ཡིན་ནོ།།མི་འགྱུར་ཀྱང་མིག་དམར་བ་གང་ཡིན་པ་དེ་ནི།མེའི་སེར་སྣ་བྱས་པ་ལས་འོངས་པ་ཡིན།།མིར་གྱུར་ཀྱང་མིག་མི་གསལ་བ་གང་ཡིན་པ་དེ་ནི།། ་ཁྭའི་མིག་ཁྲུས་པ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང་ལྐུག་པ་གང་ཡིན་པ་དེ་ནི།ཆོས་ལིས་སྐུར་པ་བཏབ་པ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང་འོན་པ་གང་ཡིན་པ་དེ་ནི ་ཆོས་ཐོས་པར་མི་དགའ་བ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང་སོ་རྣོན་པོར་གྱུར་པ་གང་ཡིན་པ་དེ་ནི།རུང་བ་འཆའ་ཞིང་ཤ་ཟ་བ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་སྣ་དགྱེ་བོར་གྱུར་པ ་གང་ཡིན་པ་དེ་ནི།དྲི་མི་ཞིམ་པ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང་མཆུ་ཤོ་རེར་གྱུར་པ་གང་ཡིན་པ་དེ་ནི།ཉའི་འགྲམ་པ ་ཕུག་པ་ལས་གྱུར་པ་ཡིན།།མིར་གྱུར་ཀྱང་སྐྲ་སེར་པོར་གྱུར་པ་གང་ཡིན་པ་དེ་ནི།ཕག་གི་སྤུ་བཏོགས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་རྣ་བ་རལ་པ་གང་ཡིན་པ་དེ་ནི།གཞན ་དག་གི་རྣ་བ་ཕུག་པ་ལས་གྱུར་པ་ཡིན་ནོ།།མིར་གྱུར་ཀྱང་ལུས་ཀྱི་ཤ་བྲུར་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི།གོས་ཡང་ཞིང་སྲབ་པ་དག་བགོས་ནས།དེ་ནས་དེ་བཞིན་གཤེགས་པའི་སྐུ ་གཟུགས་ཀྱི་སྤྱན་སྔར་འོངས་པ་ལས་གྱུར་པ་ཡིན་ནོ།།མིར་གྱུར་ཀྱང་མདོག་གནག་པ་གང་ཡིན་པ་དེ་ནི།དེ་བཞིན་གཤེགས་པའི་སྐུ་གཟུགས་ཁྱམས་དག་གི་འོག་ཏུ་བཞག་ནས་དུད་པ ་བདུག་པ་ལས་གྱུར་པ་ཡིན།།མིར་གྱུར་ཀྱང་རྐང་ལག་ཞ་བོར་གྱུར་པ་གང་ཡིན་པ་དེ་ནི།མཁན་པོ་དང་བླ་མ་རྣམས་མཐོང་ཡང་ལྡང་བ་མེད་པ་ལས་གྱུར་པ་ཡིན།།མིར་གྱུར་ཀྱང་སྐུར་པར ་གྱུར་པ་གང་ཡིན་པ་དེ་ནི།གོས་ཡང་ཞིང་སྲབ་པ་དག་བགོས་ནས།ཕན་ཚུན་དུ་འགྲོ་བའིདེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པ་ལས་གྱུར་པ་ཡིན་ནོ།། ་མིར་གྱུར་ཀྱང་བྲལ་བ་མི་སྡུག་པ་གང་ཡིན་པ་དེ་ནི།དེ་བཞིན་གཤེགས་པ་མཐོང་བའི་ཚེ་ཕྱུག་ཀྱང་མི་བྱེད་ལ།ལག་པས་འཕྲལ་བར་བརྡབས་པ་ལས་གྱུར་པ ་ཡིན་ནོ།།མིར་གྱུར་ཀྱང་གཉའ་བ་ཐུང་བ་གང་ཡིན་པ་དེ་ནི།བླ་མ་དག་མཐོང་ནས་མགོ་སྦས་ཏེ་བྲོས་ནས་འབྱོལ་བ་ལས་གྱུར་པ་ཡིན།།སེར་གྱུར་ཀྱང་རྟག་པར་སྟེང་ན་བ་གང་ཡིན ་པབདེ་ནི།སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅད་ཅིང་བཏུབས་པ་ལས་གྱུར་པ་ཡིན་ནོ།།མིར་གྱུར་ཀྱང་མཇེ་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི།ཉེས་པ་མེད་པར་གཞན་དག ་གེ་ནོར་བླངས་པ་ལས་གྱུར་པ་ཡིན།།མེར་གྱུར་ཀྱང་དབུགས་ཐུང་བ་གང་ཡིན་པ་དེནྟི།དགུན་གྲང་བའི་དུས་ཀྱི་ཚེ།གཞན་དག་ལ་ཟས་གྲང་མོ་དག་བྱིན་པ་ལས་གྱུར་པ་ཡིན།། ་མིར་གྱུར་ཀྱང་བུ་ཁྱེའུ་དང་བུ་མོ་མེད་པར་གྱུར་པ་གང་ཡིན་པ་དེ་ནི།བྱ་མང་པོ་དག་གི་ཀླུ་གུ་བསད་པ་ལས་གྱུར་པ་ཡིན།།མར་གྱུར་ནས་བུ་ཆེ་མང་བ་གང་ཡིན་པ་དེ་ནི།སེམས ་ཅན་གསོ་བར་དགའ་བ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང་ཆེ་རིང་བ་གང་ཡིན་པ་དེ་ནི།བྱམས་པའི་སེམས་དང་ལྡན་པ་ལས་འོངས་པ་ཡིནོ།།མེར་གྱུར་ནས་ཚེ་ཐུང་བ་གང ་ཡིན་པ་ད་ནི།སྲོག་ཆགས་མང་པོ་བསད་པ་ལས་གྱུར་པ་ཡིན་ནོ།།མིར་གྱུར་ནས་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི།སྦྱིན་པ་བཏང་བ་ལས་གྱུར་པ་ཡིན་ནོ།།མིར་གྱུར་ནས་རྟ་དང་། ་ལྡན་པ་གང་ཡིན་པ་དེ་ནི།དཀོན་མཆོག་གསུམ་ལ་རྟ་དང་ཤིང་རྟ་ཕུལ་བ་ལས་གྱུར་པ་ཡིན་ནོ།།མིར་གྱུར་ནས་དབང་པོ་གསལ་བ་གང་ཡིན་པ་དེ་ནི།མདོ་སྡེ་འདྲི་ཞིང་ཁ་ཏོན་འདོན་པ ་ལས་གྱུར་པ་ཡིནོ།།མིར་གྱུར་ཀྱང་དབང་པོ་མ་གསོལ་བ་གང་ཡིན་པ་དེ་ནི།དུད་འགྲོའི་གནན་ཀྱང་འངས་པ་ཡིན་ནོ།།མིར་གྱུར་ཀྱང་གཞན་གྱི་བྲན་དང་བྲན་མོ་བྱེད་པ་གང་ཡིན་པ ་དེ་ནི།བུ་ལོན་ཆགས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་མི་བརྟན་ཅིང་ཡངས་པ་གང་ཡིན་པ་དེ་ནི།སྔོན་གྱི་སྤྲེའུ་བྱས་པ་ལས་འོངས་པ་ཡིན།།མིར་གྱུར་ཀྱང་མཛེ་ནད་ཀྱིས ་བཏབ་པ་གང་ཡིན་པ་དེ་ནི།དཀོན་མཆོག་གསུམ་རྣམ་པར་ཤིག་པོ་ལས་གྱུར་པ་ཡིན།།མིར་གྱུར་ཀྱང་ནས་ལག་འཇས་པ་གུས་སུ་གྱུར་པ་གང་ཡིན་པ་དེ་ནི།སེམས་ཅན་གྱི་རྐ་ལག ་དམ་དུ་བཅིངས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་ལུས་ལ་རྨ་དང་ཤུ་བ་འབྱུང་ཞིང་ཡུན་རིང་པོར་སྨན་དང་དཔྱད་བྱས་ཀྱང་སོས་སུ་མི་བཏུབ་པ་གང་ཡིན་པ་དེ་ནི།སེམས་ཅན་ལ ་བརྡེག་པ་རྩོག་བྱས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་རང་བཞིན་མི་སྲུན་པ་གང་ཡིན་པ་དེ་ནི།སྡིག་སྤྲུལ་བྱས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་དབང་པོ་དྲུག་ཚང་བ་གང་ཡིན ་པ་དེ་ནི།ཚུལ་ཁྲིམས་བསྲུངས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་དབང་པོ་ཞེས་མ་ཚང་བ་གང་ཡིན་པ་དེ་ནི།ཚུལ་ཁྲིམས་འཆལ་བ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང ་གཙང་སྦྲ་མེད་པ་གང་ཡིན་པ་དེ་ནི།ཕག་བྱས་པ་ལས་འོངས་པ་ཡིནོ།།མིར་གྱུར་ནས་གླུ་གར་ལ་དགའ་བ་གང་ཡིན་པ་དེ་ནི།རོལ་མོ་མཁན་བྱས་པ་ལས་འོངས ་པ་ཡི་ནོ།།མིར་གྱུར་ཀྱང་འདོད་ཆེན་པོ་གང་ཡིན་པ་དེ་ནི།ཁྱི་བྱས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་གཉའ་བར་ལྦུ་བ་ཡོད་པ་གང་ཡིན་པ་དེ་ནི།གཅིག་པུ་བསྡོགས་པ་ལས ་འོངས་པ་ཡིན།།མིར་གྱུར་ནས་ཁའི་དྲི་གནམ་པ་གང་ཡིན་པ་དེ་ནི།ཚིག་ངན་གྱིས་གཞན་ལ་སྤྱོས་པ་ལས་འོངས་པ་ཡིན།།མིར་གྱུར་ཀྱང་ཕོ་མཚན་དང་མི་ལྡན་པ་དེ་ནི།ཁྱི་དང ་ཕག་རྣམས་ཀྱི་རླིག་པ་བཅད་པ་ལས་གྱུར་པ་ཡིནོ།།མིར་གྱུར་ཀྱང་ལྕེ་ཐུང་བ་གང་ཡིན་པ་དེ་ནི།དབེན་པ་དག་ཏུ་བླ་མ་དག་ལ་ཚིག་མི་སྙན་པ་བརྗོད་པ་ལས་འོངས་པ་ཡིན།།མར ་གྱུར་ཀྱང་གཞན་གྱི་ཆུང་མ་ལ་གཡེམ་པར་དགའ་བ་དེ་ནི་ཤི་འཕོས་ནས་བྱ་ངང་པ་དག་ཏུ་ལྟུང་བར་འགྱུར་རོ།།མིར་གྱུར་ཀྱང་བདག་དང་ཉེ་ཞིང་གཉེན་དུ་འབྲེལ་པ་དག་ལ་གཡེམ་པར་མངོན།། ་བཔར་དགའ་བ་གང་ཡིན་པ་དེ་ནི།ཤྲི་འཕོས་ནས་བྱིའུ་མཆིལ་པ་དག་ཏུ་ལྟུང་བར་འགྱུར།།མིར་གྱུར་ནས་མདོ་སྡེ་དང་བསྟན་བཅོས་དག་ལཾ་སིར་སྣ་བྱེད་ཅིང་ཤེས་པ་སྦས ་ནས་གཞན་དག་ལ་མི་སྟོན་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ཤིང་སྲིང་དག་ཏུ་སྐྱེ་བར་འགྱུརརོ།།མིར་གྱུར་ནས་མདའ་གཞུ་ཐོགས་ཤིང་གཞོམ་པཾ་ལ་མངོན་པར་དགའ་བ ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ཀླ་ཀློ་ཅན་དུ་ལྷུང་བར་འགྱུར་རོ།།རྔོན་པ་བྱེད་ཅིང་སྲོག་ཆགས་བསོད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།ཤི་འཕོས་ནས་འཕར་སྤྲང་དག་ཏུ་ལྟུང་བར། ་འགྱུརརོ།།འགོ་རྒྱན་དང་མེ་ཏོག་ཐོགས་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།ཤི་འཕོས་ནས་གཅིན་རྟུག་གི་སྲིན་བུ་བྱེད་པར་འགྱུརརོ།།གོས་རིང་པོ་གྱོན་པར་དགའ་བ་དེ་ནི།ཤ་འབྲོས ་ནས་སྲིན་བུ་མཇུག་རིངས་བྱེད་པར་འགྱུརརོ།།ཉལ་ཞིང་ཟ་བར་མངོན་པར་དགའ་བ་དེ་ནི།ཤི་འཕོས་ན་བག་ཏུ་སྐྱེ་བར་འགྱུར།།གོས་མཚོན་ཅན་གྱོན་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།། ་ཤི་འཕོས་ནས་ཁྱེའུ་ཁྲའུ་བྱེད་པར་འགྱུརརོ།།གཞན་གྱི་ཚིག་ཟློས་ཤིང་ཀུ་རེ་བྱེད་པ་མངོན་པར་དགའ་བ་དོ་ནོ།ཤི་འཕོས་ནས་བྱ་ནེ་ཅོ་བྱེད་པར་འགྱུར་རོ།།ཕྲ་མ་བྱེད་པ་ལ་མངོན་པར་དགའ ་བ་གང་ཡིན་པ་དེ་ནི།ཤི་འཕོས་ནས་སྐལ་ལུས་པོ་ཆེ་དག་ཏུ་སྐྱེ་བར་འགྱུརརོ།།ཉེས་པ་མེད་པར་དག་ལ་རྣམ་པར་འཚེ་བ་གང་ཡིན་པ་དེ་ནི།ཤི་འཕོས་ནས་སེན་བུ་ཁོན་དུ་འཛིན་པའི ་སེམས་དང་བཅས་པ་དག་ཏུ་སྐྱེ་བར་འགྱུར་རོ།།གཞན་གྱི་དབྱིན་བྱེད་པར་དགའ་བ་གང་ཡིན་པ་དེ་ནི།ཤི་འཕོས་ནས་སྲིན་བྱ་དག་ཏུ་སྐྱེ་བར་འགྱུར་རོ།།ད་མོད་མོའི་ཚིག་སྨྲ་བ་ལ་མངོན ་པར་དགའ་བ་གང་ཡིན་པ་དེ་ནི།ཤི་འཕས་ནས་ཝ་དག་ཏུ་སྐྱེ་བར་འགྱུརརོ།།གཞན་དགེ་སྒྲོག་ཅིང་མངོན་པར་དགའ་བ་གང་ཡིན་པོ་དེ་ནི།ཤི་འཕོས་ནས་རི་དགས་ཤ་བའི་རིགསུ ་སྐྱེ་བར་འགྱུར།།ཚེ་སྔ་མ་ལ་ཤོང་གི་དྡྷ་མགོན་ནས་དྲུག་ཅིང་ཁང་དུ་ཞུགས་པ་གང་ཡིན་པ་དྨོ་ནི།ཚྭ་འདི་ལ་རྟའི་རིགསུ་སྐྱོ་བར་འགྱུར།།རྡོ་ལྟམ་བྱོན་གཏོང་བ་མ། ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།སྲིན་བུ་གནམ་པོའི་རིག་སུ་སྐྱེ་བར་འགྱུརརོ།།ཚེ་སྣུམ་ལ་དགེ་འདུན་གྱི་གརྒྱུན་དང་རང་ཐག་ཡོང་སུ་སྤྱོད་པ་གང་ཡིན་པ་དེ་མེཚེ་འདི་ལ་སྲོག ་ཆགས་སྲིན་བུ་མགོ་རྡེབས་པ་དག་ཏུ་སྐྱེ་བར་འགྱུརརོ།།ཚེ་སྣ་མ་ལ་གཞན་དག་གི་ཟས་ཀྱི་དགེགས་བྱས་ན།ཚེ་འདི་ལ་ཤིང་སྦྱིན་བྱེད་པར་འགྱུརརོ།།དགེ་འདུན་གྱི་ཆུ་བརྐུས་ནས་ཡོངསུ ་སྤྱད་པ་གང་ཡིན་པ་དེ་ནི།ཚེ་འདི་ལ་ཉོ་དྲང་ཆུ་སྲིན་དག་ཏུ་སྐྱེ་བར་འགྱུར་རོ།།དགེ་འདུན་གྱིས་གཞི་དག་ལ་མི་གཙང་བ་འདོར་བ་གང་ཡིན་པ་དེ་ནི།གཤིང་ག་ཅིའི་ནང་དུ་སྲིན་དུ ་དག་ཏུ་སྐྱེ་བར་འགྱུར།།དགེ་འདུན་གྱི་ཤིང་ཏེ་ག་བརྐུས་པ་གང་ཡིན་པ་དེ་ནི།འཇིམ་རྩུབ་ཟ་བའི་སྲིན་བུ་བྱེད་པར་འགྱུརརོ།།དགེ་འདུན་གྱི་བཀོར་བརྐུས་པ་གང་ཡིན་པ་དེ་ནི། ་ཐག་འདྲོན་པའི་གླང་དང་བོང་བུ་བྱེད་པར་འགྱུར་རོ།།དགེ་འདུན་གྱི་དཀོར་ལ་ནན་གྱིས་སློང་ཞིང་སྡེ་སྦྱིན་བྱེད་ན།ཕུག་རོན་དཀར་པོ་བྱེད་པར་འགྱུར།།དགེ་འདུན་ལ་འཕྱ་ཞིང ་སྨོད་པར་བྱེད་ན་གླང་གི་གཉའ་བའི་སྲིན་བུར་སྐྱེ་བར་འགྱུརརོ།།དགེ་འདུན་གྱི་ཚོད་ལྡུམ་ཟོས་ན་ཆོད་མོའི་སྲིན་བུར་སྐྱེ་བར་འགྱུར་རོ།།དགེ་འདུན་གྱི་ཁྲི་བསྟན་ལ་འདུག་ན་སའི་སྲིན ་བུ་མཇུག་རིངསུ་སྐྱེ་བར་འགྱུར།།དགེ་འདུན་གྱི་ཡོ་བྱད་སྣ་ཚོགས་དག་ལ་ཡོངསུ་སྤྱོད་པར་བྱེད་ན་ཕྱེ་མ་ལོབ་དུ་སྐྱོ་བར་འགྱུར།།རུས་པ་དག་ཐོགས་ནས་གཙུག་ལག་ཁང་དུ་བྱེད་ན་བྱ་མ་ཆུ། ་རིངསུ་སྐྱེ་བར་འགྱུར།།དམར་རྩི་དྲང་དཀར་རྩི་དག་མཚུ་ལ་བརྐུས་ནས་གཙུག་ལགི་ཁང་དུ་འཇུག་པར་བྱེད་ནི་བྱེ་མཆུ་དམར་དག་ཏུ་སྐྱེ་བར་འགྱུརརོ།།གོས་ཚུན་ཅན་བགོས་ཏོག་ཙུག་ལག ་ཁང་དུ་འགྲོ་བར་བྱེད་ན་བྱ་ཁ་དོག་སེར་པོ་དག་ཏུ་སྐྱེ་བར་འགྱུརརོ།།ཁྱོ་ཤུག་གཙུག་ལག་ཁང་དུ་གནས་ནས་ཉལ་པོ་བྱས་ན་བྱ་མགོ་སྔོན་དག་ཏུ་སྐྱེ་བར་འགྱུར་རོ།།དེ་བཞིན་གཤེགས་པའི ་མཆོད་རྟེན་ལ་བརྫེས་ནི་རྔ་མོའི་ལུས་བྱེད་པར་འགྱུར་རོ།།ལྷམ་བགོས་ཏེ་དེ་བཞིན་གཤེགས་པའི་དྲི་གཙང་ཁང་དུ་འགྲོ་བར་བྱེད་ན།སྤྲུལ་པར་སྐྱེ་བར་འགྱུརརོ།།ཆོས་ཉན་པའི་ཚེ ་བླག་ཅོར་ཟེར་ན་ནི་བྱ་ལྕེ་བརྒྱ་དག་ཏུ་སྐྱོ་བར་འགྱུར་རོ།།དགེ་སློང་མ་གཙང་མ་སུན་པར་བྱེད་ན།ཤི་འཕོས་ནས་སེམས་ཅན་དམྱལ་བའི་གནས་ལྕགས་ཀྱི་བྲག་ཕྲག་ཏུ་ལྟུང་ཞིང ་རིལ་གྱི་འཁོར་ལོ་བརྒྱ་སྟོང་དུ་མ་གཅིག་ཏུ་བབས་ནས་ལུས་གཅོད་པར་འགྱུརརོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས ་ཀྱིས་འདི་སྐད་གསུངས་པ་ལྟ་ན་དགེ་འདུན་གྱི་རྫས་ཡོངསུ་སྤྱོད་པ་གང་ལགས་པ་དེ་དག་ལ་ཡང་དག་པར་ཤིན་ཏུ་ལྕི་བ་ཞིག་ལགས་པར་གྱུར་ན།སྦྱིན་བདག་བཞི་པོ་ཇི་ལྟར་གཙུག ་ལག་ཁང་དུ་མཆི་ཞིང་བཀུར་བསྟི་དང་།ཕྱག་འཚོད་བར་བགྱི་པ་ལགས།བཅོམ་ལྡན་འདུས་ཀྱིས་བཀའ་སྩལ་པ།དགེ་འདུན་གྱི་གྲཝ་དྲུག་།ཁང་དུ་འགྲོ་བ ་ལ་སེམས་རྣམ་པ་གཉིས་ཡོད་དེ།དགེ་བའི་སེམས་དང་།མི་དགེ་བའི་སེམས་གང་ཡིན་པའོ།།དགེ་བའི་སེམས་ཤེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན།གང་གིས་གཙུག་ལག་ཁང་དུ ་ཕྱིན་ནས།དེ་བཞིན་གཤེགས་པ་མཐོང་ན་ཕྱག་བྱེད་པ་དང་།དགེ་འདུན་མཐོང་ན་གུས་པར་བཀུར་བསྟི་བྱས་ནས།མདོ་སྡེའི་དོན་འདྲ་བར་བྱེད་པ་དང་།སྡོམ་པ་ཡང་དག་པར ་བློངས་ནས་ཉེས་པ་འཆགས་པར་བྱེད་པ་དང་།ནོར་རྫས་དག་ཡོངསུ་བཏང་ནས་དཀོན་མཆོག་གསུམ་གྱི་ཞལ་ཏ་བྱེད་པ་དང་།ལུས་དང་སྲོག་ལྀ་འཕྱངས་པ་མེད་པར་ཆོས་ཆེན་པོ ་ཡོངསུ་སྲུང་ཞིང་ཡང་དག་པར་འཛིན་པར་བྱེད་པའི་གང་ཟག་དེ་ལྟ་བུ་དག་ནི་གོམ་པ་གཅིག་འདོར་བར་བྱེད་ན་ཡང་།ལྷའི་གཞལ་མེད་ཁང་དྲུང་དུ་འོང་ཞིང་།མ་འོངས་པ་ན ་ཁྱིམ་བདགི་ཤུག་དེ་ཀ་བཞིན་དུ་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི།སྐྱེས་བུ་མཆོག་ཏུ་དགེ་བ་ཞེས་བྱའོ།།མཽ་དགེ་བའི་སེམས་དང་ལྡན་པ་ཇི་ལྟ་བུ ་ཞོན་ན་སེམས་ཅན་ལ་ལ་ཞིག་གི་ཙུག་ལག་ཁང་དུ་འཇུག་པའི་ཚེ།དགེ་འདུན་ལ་སྤོངས་མེ་དང།གཡོར་པོ་དང་སྲ་སྨྱོན་འབར་ཤིག་བྱ་བར་སེམས་པ་དང་།དགེ་འདུན་གྱི་རྒྱུ ་ཚལ་ཞིང་རྩེ་གཅིག་ཏུ་རྣམ་པར་བཤིག་པ་འབར་ཤིག་ཏུ་འདོད་པ་དང་།དགེ་སློང་དང་།དགེ་འདུན་གྱི་ཟས་ཟོས་ན་ཡང་སེམས་ལ་གནོད་པ་ཅི་ཡང་མེད་ཅིང་།།ཁུར་བ་དང་།ཤིང་ཏོག། ་དངད་ལྡམ་ལྡུམ་དག་ཁྱེར་ནས།རང་གི་ཁྱིམ་དུ་འགྲོ་བར་བྱེད་པའི་གང་ཟག་དེ་ལྟ་བུ་དག་ཤི་འཕྲོས་མ་ཐག་ཏུ་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས་ཅན་དམྱལ་བར་ལྟུང་ཞིང་།ཟངས་ཏུ ་ནང་དུ་བཙེ་བ་དང་།སྐོར་བའི་མེས་བསྲེགས་པ་དང་།རལོ་འགྲི་ལྟ་བུའི་རི་ལོ་མ་ཅན་གྱི་ལྗོན་ཤིང་ལ་འཛེག་པ་ལ་སོགས་པའི་སྡུག་བསྔལ་གང་ཡང་མི་མྱོང་བ་མེད་པར་འགྱུར་ཏེ།འདི ་ནི་སྐྱེས་བུ་མཆོག་མི་དགེ་བ་ཞེས་བྱའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་ནི་ངས་མ་འོངས་པའི་དུས་ནི་སློབ་མ་རྣམས་ལ་རྗེསུ་བསྟོན་པ་ཡིན་གྱིས།བག་ཡོད ་བར་བསྒྲིམས་ཏེ།དཀོན་མཆོག་གསུམ་པོ་དག་ལ་ཉེས་མི་བྱེད་པ་དང་།ནུར་པའི་སེམས་སྐྱེ་བ་མེད་པར་དེ་བཞིན་གཤེགས་པའི་བཀའ་སྩལ་པ་བཞིན་བྱེད་ན།དེ་བཞིན་གཤེགས ་པ་བྱམས་པ་འཇིག་རྟེན་དུ་བྱུང་བའི་ཚེ།ཡོངསུ་མྱ་ངན་ལོས་འདའ་བར་འགྱུར་བ་ཐེ་ཚོམ་མེད་དོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཚེ་འདི་ལ་གཞན་གྱི་ལུས་ལས་གོས ་བཤུས་ཏེ་འཕྲོག་པོར་བྱེད་ནི།ཤི་འཕོས་ནས་གྲོང་བའི་སེམས་ཅན་དམྱལ་བར་ལྟུང་བ་དང་།གཞན་ཡང་དེར་གྱི་སྲིན་བུར་སྐྱེས་ནས་འཚོད་པར་འགྱུརརོ།།ཚེ་འདི་ལ་སྐུ་གཟུགས་དང་། ་མདོ་སྡེའི་སྤྱན་སྦྱར་མར་མེ་སྦར་ལ་མངོན་པར་མི་དགའ་ན།ཤི་འཕོས་ནས་རི་འཁོར་ཡུག་གི་བར་ན་སེམས་ཅན་དམྱལ་གནས་མུན་ནག་ཡོད་པ་དག་ཏུ་ལྟུང་བར ་འགྱུརརོ།།ཚ་འདི་ལ་སེམས་ཅན་གྱི་སྲོག་བཅད་པས་དམྱལ་ཞིང་གཏུབ་པར་བྱེད་ན།ཤི་འཕོས་ནས་སེམས་ཅན་དམྱལ་བ་མཚོན་ལྟར་རབ་ཏུ་རྟོ་བོའི་རིལ།རལ་གྱི་ལོ་མཚན་གྱི ་ལྗོན་ཤིང་འཛེག་པ་དག་ཏུ་ལྟུང་བར་འགྱུར་རོ།།ཚེ་འདི་ལ་ཁ་ཅིག་སྡིག་གཏོང་ཞིང་རྔོན་པ་བྱེད་པར་མངོན་པར་དགའ་བ་དེ་དག་ནི།ཤི་འཕོས་ནས་སོག་ལེས་འདྲ་བའི་སེམས་ཅན ་དམྱལ་བར་འགྱུརརོ།།ཚེ་འདི་ལ་མང་དུ་འདོད་པས་ལོག་པར་གཡེམ་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ཟངས་ཀྱི་ཀ་བ་རབ་ཏུ་འབར་བ་ལ་འཇུག་པ་དང་།ལྕགས་ཀྱི་ཁྲི་རབ་ཏུ ་ཆེ་བ་ལ་ཉལ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།།ཚེ་འདི་ལ་ཆུང་མ་མང་པོ་འཆང་བ་གང་ཡིན་པ་དེ་ནི།ལྕགས་ཀྱི་རང་ཐག་ཏུ་འཐག་པའི་སེམས་ཅན་དམྱལ་བར ་ལྟུང་བར་འགྱུརརོ།།ཚེ་འདི་ལ་ཁྱིམ་ཐུབ་མང་པོ་བདོག་པ་གང་ཡིན་པ་དེ་ནི།ཤི་འཕྲོས་ནས་སྦྲུལ་གདུག་པ་གང་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར། ་འདི་ལ་སྒོང་བསྲེགས་པ་གང་ཡིན་པ་དེ་ནི།ཤི་འངོས་ནས་མེར་མེར་རབ་ཏུ་ཚ་བ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།།ཚེ་འདི་ལ་ཕོག་དང་བྱ་རྣམས་བཤུ་ཞིང་འཇོག ་བསྣང་ཡིན་པ་ན།འབྲོས་ནས་ཟངས་དག་ཏུ་འཚོད་པའི་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར།།ཚེ་འདི་ལ་ཕག་དང་ཁྱེ་རྙོག་པ་འབྱིན་པ་གང་ཡིན་པ་དེ་ན། ་འཕྲོས་ནས་རྡོ་ཟུར་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར།། འདི་ལ་ཚང་འིཐུངས་ནས་རྒྱས་པར་བྱས་པ་གང་མིན་པ་དུ་ནི།འཕོས་ནས་ལྕགས་ཁུ་འདུས ་པའི་སེམས་ཅན་དམྱལ་བར་ལྟུང་བར་ཆུ་རྒྱུ་འདི་ལ་སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅད་ཅིང་གཏུབས་པ་གང་ཡིན་པ་ད་ནི།ཤི་འཕོས་ནས་ལྕགས་ཀྱི་འཁོར་ལོ་དང་ལྡན་པའི ་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།།ཚེ་འདི་ལ་དགེ་འདུན་གྱི་ཤིང་རྟོག་བརྐུས་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས་ཅན་དམྱལ་བར་ལྟུང ་བར་འགྱུར།།ཚེ་འདི་ལ་ཕག་གི་རྒྱུ་དང་ཤ་ཟོས་པ་གང་ཡིན་པད་ནི།འཕོས་ནས་སྣརོན་ལྗིན་གྱིས་གང་བའི་སེམས་ཅན་དམྱལ་བར་ལྟུང་བ་ཚེ་འདི་ལ་ཉ་གསོན་པོར་ཟོས་པ་གང་ཡིན ་བདེན།ཤི་འཁོས་ནས་མཚན་དང་།དབྱིག་པ་དང་།རལ་གྱི་སཽནྟན་བྷཱུམྦྷི་ནི་ཤིང་དང་ལྡན་པའི་སེམས་ཅན་དུ་རྒྱལ་བར་ལྟུང་བ་མྱོར།། འདི་ལ་མྦྷ་ཡར་མོར་གྱུར་ནས་རླུངས ་སྔ་ན་མའི་བུ་དག་ལ་ནོར་བ་བྱས་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་མེ་རབ་ཏུ་འབར་བའི་ཤིང་རྟ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།།ཚེ་འདི་ལ་ཕྲ་མ་བྱས་ནས ་དཀྲུགས་མ་བྱས་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ལྕགས་ཀྱི་ཐོང་ཤོལ་གྱིས་རྨོ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།།ཚེ་འདི་ལ་མི་སྙན་པས་གཞན་དྲག། ་ལ་སྤྱོ་བ་གང་ཡིན་པ་དེ་ནི།ཤི་འཕྲོས་ནས་ལྕེ་རབ་ཏུ་འབྱིན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།།ཚེ་འདི་ལ་བརྫུན་མང་དུ་སྨྲས་པ་གང་ཡིན་པ་དེ་ནི།ཤ་འཕྲོས་ནས་ལྕེ ་ལྕགས་ཀྱི་གཟེར་གྱིས་འདེབས་པའི་སེམས་ཅན་དམྱལ་པོར་ལྟུང་བར་འགྱུརརོ།།ཚེ་འདི་ལ་སྲོག་གཅད་ནས་ལོག་པའི་ལྷ་ལ་མཆོད་སྦྱིན་བྱས་པ་གང་ཡིན་པ་དེ་ནི།ཤི་འཕོས ་ནས་ལྕགས་ཀྱི་རྟུན་གྱིས་བརྡུངས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།།ཚེ་འདི་ལ་བོན་པོ་བྱས་ནས་འདྲེ་འདོན་གྱི་ཚིག་འདོན་ཅིང་གཞན་དག་བསླུས་ཏེ་ནོར་བླངས་པ ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ཤའི་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།།ཚེ་འདི་ལ་བོན་མོ་བྱས་ནས་བཙུམས་ཏེ།ས་ལ་ཉལ་ནས་གཞན་དག་ལ་མཐོ ་རིས་སུ་སྐྱེ་བར་འགྱུརརོ།།ཞེས་དྲང་པོ་མ་ཡིན་པའི་འདྲེ་འདོན་དག་གིས་ལེན་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་རྐེད་པ་གཏུབས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ་ཚེ་འདི་ལ་བོན་མོ་བྱས་ནས་གཞན་དག་གི་སྲོག་བཅད་ལྷ་འདྲེ་དང་ལམ་ལྔའི་སའི་བདག་པོ་དང་སྲིན་མོ་ལ་སོགས་པ་ལ་ཆད་པ་བཅུག་པ་གང་ཡིན་པ་འདི་ལྟ་བུ་ལ་སོགས་པ་དེ་དག ་ཐམས་ཅད་ནི་སྐྱེས་བུ་བླུན་པོ་རྣམས་འདྲིད་པ་གང་ཡིན་པས།ཤྲཱི་འཕྲོས་ནུས་སྟ་རེས་གཅོད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།།སེམས་ཅནཱ་མྦྷལ་བཱརརྱ་བསྲུངས་མ་རྣམས་ཀྱིས ་ཡན་ལག་བརྗོད་ཅིང་གི་ཏུབ་པེ་དང་།བྱ་ལྕགས་ཀྱི་སཐུ་ཅན་གྱིས་མིག་གི་འབྲས་བུ་གཉིས་ལ་འཇོག་པར་འགྱུརརོ།།ཚེ་འདི་འཁོན་པོ་བྱས་ནས།མི་ཤི་བའི་རི་རྣམས་སྦེད་པ་དང་།28 ་ཁྱིམ་རྣམས་ཀྱི་བཟང་དུནི་དང་།རིགས་ལྔ་པོ་རྣམས་ཀྱིས་ཁེ་འཐོབ་པ་དང་།མི་འཐོབ་པ་ལྟ་བ་དང་།གླུ་རྣམས་བདེ་བར་འགོད་པ་དུད།དཱར་གྱི་སྦྱིན་བུ་དག་ལ་བཏང་དག་གཏོང་བ་དང་། ་སེམས་མནན་ནས།སྐྱེས་བུ་བླུན་པོ་དག་ལ་སླུས་ཏེ།ནོར་མང་པོ་བླངས་པ་དང་།བརྫུན་ཚིག་གིས་བཟང་དན་སྟོན་པ་གང་ཡིན་པ་དེ་ནི།ཤྲཱི་འཕོས་ནས།ལྕགས་ཀྱི་དྲ་བ་ཅན་གྱི་སེམས ་ཅན་དམྱལ་བར་ལྟུང་པོར་འགྱུར་བས།བྱ་མདབ་ཆགས་མ་རུངས་པ།ཚད་མེད་པ་སྲེད་དེའི་ལུས་ལ་འདུ་སྟེ།ཤ་རྣམས་མ་ལུས་པར་ཟོས་ནས།རུས་པ་དང་།རྒྱས་པ་རྣམས ་ཀྱང་འཟློག་པར་བྱེད་བྱས།སྡུག་བསྔལ་དཔག་ཏུ་མེད་པ་དག་མྱོང་བར་འགྱུརརོ།།ཚེ་འདི་ལ་སྨན་པ་བྱས་ཏེ།ནད་གསོ་བོར་མི་ནུས་བཞིན་དུ་གཞན་དག་བསླུས་ཏེ།ནོ་བླངས་པ་གང ་ཡིན་པ་དེ་ནི།ཤོ་འཕོས་ནས་གཽཏར་བ་དང་།མེ་བཙས་བསྲེགས་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་བས།ལུས་ལ་ཀུན་ཏུ་རབ་ཏུ་འབར་པོར་འགྱུརརོ།།ཚེ་འདི་ལ་མཆོད ་རྟེན་དང་།གཙུག་ལག་ཁང་བཤིག་པ་དང་།མཁན་པོ་དུང་།སློབ་དཔོན་གྱི་སྒོ་བ་མ་ཉན་པ་དང་།ཕ་མ་ལ་སྲིད་ཞུ་མེད་པ་གང་ཡིན་པ་དེ་དག་ནི།ཤི་འཕོས་ནས། ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་།སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་།གཞན་ཡང་སེམས་ཅན་དམྱལ་བ་ཆུང ་དུ་བརྒྱ་སུམ་ཅུ་རྩ་དྲུག་པོ་ཀུན་ཏུ་འཇུག་ཅིང་།བསྐལ་པ་གཅིག་གམ།བསྐལ་པ་གཉིས་སམ།བསྐལ་པ་ལྔ་བརྒྱའི་བར་དུ་སྡུག་བསྔལ་མྱོང་ནས།དེའི་འོག་ཏུ་གདོད་ཐར་པར ་འགྱུར་ཏེ།དགེ་བའི་བཤོས་གཉེན་དང་ཕྲད་ན་ནི།བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ལ།གལ་ཏེ་ཕྲད་པར་མ་གྱུར་ན་ནི།སྤྲིང་ཡང་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།མིར་གྱུར་ཀྱང་ལུས་ཀྱི་མདོ་ཆེ་ཞིང་ཤིན་ཏུ་མནམ་པ་དང་།།ཁྲོ་སྐྱོ་ཆེ་ཞིང་དགྲོལ་དཀའ་བ་གང་ཡིན་པ་དེ་ནི།རྔོན་གྱི་རྔ་མོ་བྱས་པ་ལས་འོངས ་པ་ཡིན་ནོ།།མིར་གྱུར་ཀྱང་འགྲོ་བ་ལ་དགར་ཞིང་།ཟན་ཟ་བ་འགྲུས་པ་དང་།ཉམ་དུ་བདག་ལ་འབྱོར་པོ་མེད་པ་གང་ཡིན་པ་དེ་ནི།རྔོན་རྟ་བྱས་པ་ལས་འོངས་པོ་ཡིན།།མིར་གྱུར ་ཀྱང་གྲང་བ་དང་།ཚ་བ་དག་བཟོད་ཅིང་སེམས་ལ་འཛིན་པ་མེད་པ་གང་ཡིན་པ་དེ་ནི།རྔོན་བླར་བྱས་པ་ལས་འོངས་པ་ཡིན་ནོ།།མིར་གྱུར་ཀྱང་སྒྲ་སྐད་ཆེ་བ་དང་།ངོ་ཚ་མེད་ཅིང་ཁྲིམ ་མེད་པ་དང་།སྲེད་པ་དང་།གྲང་བ་མང་ཞིང་ལེགས་ཉེས་ཀྱི་བྱེ་བྲག་མི་ཕྱེད་པ་གང་ཡིན་པ་དེ་ནི།སྔོན་གྱི་བོང་བུ་བྱས་པ་ལས་འོངས་པ་ཡིན།།མིར་གྱུར་ཀྱང་རྟག་པར་ཤ་ལ་སྐམ་ཞིག།བྱ་བ། ་དག་ལ་འཇིགས་པ་མེད་པ་གང་ཡིན་པ་དེ་ནི།སྔོན་སེང་གཽ་བྱིས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་ལུས་རིང་ཞིང་མིག་ཟླུམ་པ་དང་།འབྲོག་དགོན་པ་ན་མང་དུ་རྒྱུ་བ་དང་།བུ་དང་ཆུང་ན།། ་སྡང་བ་གང་ཡིན་པ་དེ་ནི།སྔོན་སྟག་བྱས་པ་ལས་འོངས་པ་ཡིན།།མིར་གྱུར་ཀྱང་སྲན་ཞིང་མིག་ཆུང་བ་དང་།གནས་གཅིག་ཏུ་གནས་པར་མོས་པ་མེད་པ་གང་ཡིན་པ་ད་ནི།སྔོན་བྱ ་མེད་པ་ཆགས་བྱས་པ་ལས་འོངས་པོ་ཡིནོ།།མིར་གྱུར་ཀྱང་རང་བཞིན་མི་བརྟན་ཞིང་སྲོག་ཆགས་ཕྲ་མོ་བསོད་པ་ལ་དགའ་བ་གང་ཡིན་པ་དེ་ནི།སྔོན་གྱི་ཝ་བྱས་པ་ལས་འོངས་པ་ཡིན།། ་མིར་གྱུར་ཀྱང་དཔའ་ཞིང་བཤོར་བ་དང་།འདོད་ཆགས་ཆུང་ཞིང་ཆུང་མ་ལ་སྲེད་པ་མེད་པ་གང་ཡིན་པ་དེ་ནི།སྔོན་སྦྱང་ཀི་བྱས་པ་ལས་འོངས་པ་ཡིན།།མིར་གྱུར་ཀྱང་གོས་བཟང་པོ ་ལ་མི་དགའ་བ་དང་།མ་ཡིན་པ་བྱས་པ་དག་ལ་རྟོག་པ་དང་།གཉིད་ཆུང་ཞིང་ཞེ་སྡང་མང་བ་གང་ཡིན་པ་དེ་ནི།སྔོན་ཁྱེབས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་གཡེམ ་པ་ལ་དགའ་ཞིང་སྐྱེ་བོ་མང་པོའི་ཡིད་དུ་འོང་བའི་གཏམ་བརྗོད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།སྔོན་ན་ཅོ་བྱས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་ལུས་ཀྱི་བོང་ཆུང་ཞིང ་གཡེམ་པ་ལ་དགའ་བ་དང་།སེམས་རྩེ་གཅིག་ཏུ་མི་གནས་པ་དང་།གཟུགས་མཐོང་མ་ཐག་ཏུ་མངོན་པར་ཞེན་པའི་སེམས་འབྱུང་བ་དེ་ནི།སྔོན་བྱེའུ་མཆིལ་པ་བྱས ་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་མིག་དམར་ཞིང་སོ་ཐུང་བ་དང་།སྨྲ་བའི་ཚེ་ལྦུ་བ་འབྱུང་ཞིང་།ཉལ་ན་གོས་ཀྱིས་ལུས་དཀྲི་བར་བྱེད་པ་གང་ཡིན་པ་དེ་ནི།།སྔོན་གྱི ་སྦྲུལ་དང་།རྩངས་པ་བྱས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་སྨྲས་མ་ཐག་ཏུ་ཁོང་ཁྲོ་ཞིང་ཕ་རོལ་གྱི་དོན་ལ་སོ་སོར་མི་རྟོག་པ་དག་གི་བདུག་པོ་འབྱིན་པ་གང་ཡིན་པ་དེ་ནི།སྟོན ་སྡིག་པ་བྱས་པ་ལས་འོངས་པ་ཡིནོ།།མིར་གྱུར་ཀྱང་གཅིག་པུ་དབེན་པར་གནས་ཤིང་ཟས་ལ་སྐམ་པ་དང་།མཚན་མོ་གཉིད་ཆུང་བ་གང་ཡིན་པ་དེ་ནི།སྔོན་བྱི་ལ་བྱས་པ་ལས་འོངས ་པ་ཡི་ནོ།།མིར་གྱུར་ཀྱང་རྩིག་པ་ཕུག་ནས་རྐུན་པོ་བྱེད་པ་དང་།ནོར་ལ་བརྐམ་ཞིང་འཁོན་འབྱུང་སླ་བ་དང་།ཉེ་རིང་གི་མཚན་མ་མེད་པ་གང་ཡིན་པ་དེ་ནི།སྔོན་བྱི་བ་བྱས་པ་ལས ་འོངས་པ་ཡིནོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་པ།།མིར་གྱུར་ཀྱང་མཆོད་རྟེན་དང་།གཙུག་ལག་ཁང་བཤིག་པ་དང་།དཀོན་མཆོག་གསུམ་གྱི་དཀོར་སྤོས་ནས།བདག ་ཉིད་ཀྱིར་ཡོངསུ་སྤྱོད་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་གནར་མེད་པར་ལྟུང་བར་འགྱུར་རོ།།སེམས་ཅན་དམྱལ་བ་ལས་ཐར་བར་གྱུར་ན་ཡང་།དུད ་འགྲོའི་སྐྱེ་གནས་ཀྱི་ལུས་འདི་ལྟ་སྟེ།ཕུག་རོན་དང་།མཆིལ་པ་དང་།ངུར་པ་དང་།ནེ་ཙོ་དང་།བྱེའུ་སྔོན་པོ་དང་།ཉཝ་དང་།རུས་སྦལ་དང་།སྤྲེའུ་དང་།རི་དྭགས་ཀྱི་ལུས་ལེན་པར ་འགྱུར།།བརྒྱ་ལམ་ན་མིའི་ལུས་ཐོབ་པར་གྱུར་ན་ཡང་།མ་ནིང་དང་།བུད་མེད་དང་།མཚན་གཉིས་པ་དང་།དབང་པོ་མེད་པ་དང་།སྨད་འཚོང་མེ་དག་ཏུ་འགྱུརརོ།།མིར་གྱུར་ཀྱང ་ཁོང་ཁྲོ་བ་དག་ལ་མངོན་པར་དགའ་བ་དེ་ནི།ཤི་འཕོས་ནས་སྦྲུལ་གདུག་པ་དང་།སྟག་དང་།སེང་གེ་དང་།དོ་མ་དང་།དྲེད་དང་།བྱི་ལ་དང་བྱ་ཁྭའི་རྣམ་པ་དག་ཏུ་ལྷུང་བར་འགྱུར་རོ།། ་བརྒྱ་ལམ་ན་མིའི་ལུས་ཐོབ་པར་གྱུར་ན་ཡང་།ཁྱིམ་བྱ་དང་།ཕག་གསོད་པ་དང་།ཤེན་པ་དང་།རྔོན་པ་དང་།བྱ་ཤོར་བ་དང་།བརྩོན་སྲུངས་བྱེད་པ་ལ་མངོན་པར་དགའ་བར་འགྱུར།། ་མིར་གྱུར་ཀྱང་གླེན་ཞིང་གཏི་མུག་པ་དང་།རིགསཾ་བིའོ་ཚུལ་གང་ཡིན་པ་དེ་ཤེས་པ་དེ་ནི།ཤི་འཕོས་ནས་གླང་པོ་ཆེ་དང་།ཕག་དང་།བ་ལང་དང་།།ཆུ་ཀླུང་དང་།སྲོ་ཤིག་དང་། ་སྦྲང་མ་དང་།སྦྲང་བུ་མཆུ་རིངས་དང་།གྲོག་མོ་ལ་སོགས་པའི་ལུས་ལེན་པར་འགྱུར་ཏེ།གལ་ཏེ་མིའི་ལུས་ཐོབ་པར་གྱུར་ན་ཡང་།འོན་པ་དང་།ལོང་བ་དང་།ལྐུག་པ་དང་། ་ལུས་ཀྱི་ཡན་ལག་མ་ཚང་བ་དང་།རྒྱབ་སྒུར་བ་དང་།དབང་པོ་མ་ཚང་བ་དག་ཏུ་འགྱུར་རོ།།མིར་གྱུར་ཀྱང་ཁེངས་ཤིང་ང་རྒྱལ་ཆེ་བ་གང་ཡིན་པ་ད་ནི།ཤི་འཕོས་ནས་མི་བཅིང་བའི་གནས ་ཀྱི་སྲིན་བུ་དང་།རྔ་མོ་དང་།བོང་བུ་དང་།རྟ་དང་།ཁྱི་དག་ཏུ་ལྟུང་བར་འགྱུར་ཏེ།གལ་ཏེ་མིར་སྐྱེས་ན་ཡང་།བྲན་མོའི་ལུས་ལེན་ཅིང་དབུལ་ཕོངས་པས་སློང ་མོ་བྱེད་པ་དང་།མང་པོ་ཀུན་གྱིས་བརྙས་ཤིང་སྨད་པ་དག་ཏུ་ལྟུང་བར་འགྱུརརོ།།མིར་གྱུར་ཀྱང་བླ་མའི་མཐུ་བརྙེམས་པའི་རྒྱས་གཞན་གྱི་ནོར་ལེན་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས ་ཤ་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཞིང་།སྐྱེ་བོ་བརྒྱ་སྟོང་མང་པོས་ལུས་ཀྱི་ཤ་བཅད་ནས་ཟ་བར་འགྱུར་རོ།།ཚེ་འདི་ལ་གཞན་དག་བགྲང་དུ་བཞུགས་པ་མངོན ་པར་དགའ་བ་གང་ཡིན་པ་དེ་ནི།ཚེ་འཕོས་ནས་གླང་པོ་ཆེ་དག་ཏུ་སྐྱོ་ཤིང་རྐ་ལག་དྲང་བས་ཉལ་དུ་མེད་པ་དག་ཏུ་ལྟུང་བར་འགྱུརརོ།།ཚེ་འདི་ལ་མཆོད་རྟེན་དྲལ་ནས་ནུབ་མོ་ཟན་ཟོས་པ ་གང་ཡིན་པ་དེ་ནི།ཚེ་འཕོས་ནས་ཡི་དགས་འདྲེ་བཀྲེན་དག་ཏུ་ལྟུང་བས།ལོ་བརྒྱ་མང་པོར་བཟའ་བ་དང་བཏུང་བ་ཐོབ་པར་མི་འགྱུརརོ།།འགྲོ་བའི་ཚེ་ལྷ་ཚིགས་ཀུན་ཏུ་མེ་རབ་ཏུ་འབར་བར ་འགྱུར་རོ།།ཚེ་འདི་ལ་སྒྲེན་མོར་འདུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།ཚེ་འཕོས་ནས་གྲང་བས་སྦྲེབས་པའི་སྲིན་དུ་དག་ཏུ་སྐྱེ་བར་འགྱུར་རོ།།ཚེ་འདི་ལ་མཆོད་རྟེན་གྱི་ཟས ་ལྷག་མ་ཁྱེར་བ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ས་གཞི་རབ་ཏུ་ཚ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།།བརྒྱ་ལ་མིར་སྐྱེས་པོར་གྱུར་ན་ཡང་།ལྐོག་མ་ནད་ཀྱིས་བཏབ་པ་དང་།། ་ཚེ་རུང་བར་འགྱུར་རོ།།ཚེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱེད་ན་ཡང་མགོ་བོས་ལ་མི་གཏུག་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་མགོ་ཐུར་དུ་དཔྱད་པའི་སེམས་ཅན་དམྱལ ་བར་ལྟུང་བར་འགྱུར་ཏེ།བརྒྱ་ལམ་ན་མིའི་ནང་དུ་སྐྱེས་ན་ཡང་།གཞན་དོག་གིས་མང་དུ་སླུ་བར་འགྱུར་རོ།།ཚེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱས་པ་ན། ་ཐལ་མོ་མི་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ཡུལ་མཐའ་ཁོ་བ་དག་ཏུ་སྐྱེ་བོར་འགྱུར་ཞིང་།འབད་པ་མང་པོ་བཙལ་ཡང་འཐོབ་པར་མི་འགྱུར།།ཚེ་འདི་ལ་དྲིལ་ཆེན་གྱི ་སྒྲ་ཟོས་ཀྱང་མོ་ལྡང་བ་གང་ཡིན་པ་དེ་ནི།ཤི་འཕོས་ནས་སྦྲུལ་ལུས་ཆེན་པོ་དག་ཏུ་ལྟུང་བར་འགྱུར་ཞིང་།ལུས་རིང་ལ་ཆེ་བས་སྲོག་ཆགས་ཕྲ་མོ་མང་པོ་རྣམས་ཀྱིས་བཟའ་བར་འགྱུརརོ།། ་ཚེ་འདི་ལ་ལག་པ་རྒྱབ་དུ་བསྟན་ཏེ།དེ་བཞིན་གཤེགས་པ་ལ་ཕྱག་བྱས་པ་གང་ཡིན་པ་དེ་ནི།ཤི་འཕོས་ནས་ཕྱིང་ག་ལོག་ཏུ་དཅིངས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། ་གྲལ་ཏེ་མིར་སྐྱེས་པར་གྱུར་ན།ཉེས་པ་མེད་པར་གྱོད་འབྱུང་བར་འགྱུརརོ།།ཚེ་འདི་ལ་ཐལ་མོ་སྦྱར་ནས་ཡན་ལག་ལྔ་ས་ལ་གཏུགས་ཏེ།ཕྱག་བྱས་པ་གང་ཡིན་པ་དེ་ནི།རྟག་པར་ཆོ ་རིགས་བཙུན་པར་འགྱུར་ཞིང་།རྒྱུན་ཏུ་བདེ་བ་མྱོང་བར་འགྱུརརོ།།ཚེ་འདི་ལ་ཁྲོ་སྐྱེན་ཞིང་ལྟོ་ལ་འཁོད་པ་གང་ཡིན་པ་དེ་ནི།སྔོན་སྨོན་པ་བྱས་པ་ལས་འོངས་པ་ཡིན་ནོ།།ཚེ་འདི་ལ་མིག ་བ་མྦུ་དང་ཆུ་དུན། ན་དན་མས་ཀྱིས་གནན་རླུ་ས་མྦྷ་ན།། ན་ནན་རྒྱསནས་པམ་ལ་། ་གླང་མི་བྱ་དེའི།ཤྲཱི་འབས་ནས་ལྕེ་བང་ག་ཤོལ་གྱིས་རྨོད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར།།ཚེ་འདི་ལ་ཆང་གཱ་ནད་དུ་བསྟན་ཏེ།གཞོན་དག་ལ་སྦྱིན་པ་ཀཽ ་ཡིན་པ་དེ་ནི།ཤི་འཕོས་ནས་ཆུའི་ནང་དུ་སྦྱིན་བུ་དག་ཏུ་སྐྱེ་བར་འགྱུར།།རྒྱལ་མོའི་ནང་དུ་སྐྱེས་པར་གྱུར་ན་ཡང་།ལུས་སྤང་ཞིང་དབུགས་ཐུང་བས་འཆི་བའི་དུས་བྱེད་པར་འགྱུརརོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྗེ་སྐད་དུ་བསྟན་དེའི་སྡུག་བསྔལ་སྣ་ཚོགས་མེང་པོ་དེ་དག་ཐམས་ཅད་ནི།སྡིག་པ་མི་དགེ་དེའི་ལས་རྣམ་པ་བཅུའི་དབང་ལོས་གྱུར་པ་དོན ་བས།རབ་གང་ཡིན་པ་དེ་ནི།སེམས་ཅན་དམྱལ་པོའི་རྒྱུ་དང་རྐྱེན་བྱེད་པར་འགྱུརརོ།།འབྲིང་གང་ཡིན་པ་དེ་ནི་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ།།ཐ་མ་གང་ཡིན་པ་དེ ་ནི་ཡི་དགས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུརརོ།།སྲོག་གཅོད་པོའི་ཁོ་ན་མ་ཐོ་བ་དེས་ནི།སེམས་ཅན་དམྱལ་བ་དང་།དྲུད་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག་རྟེན་དྲུག་ཏུ་ལྟུང ་བར་འགྱུརའོ།།གཽལ་ཏེ་མི་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ།ཚེ་ཐུང་བ་ད་ནད་མང་བ་གང་ཡིན་པའོ།།མ་བྱིན་པར་ལེན་པའི་ཁ་ར ་མ་ཐོབ་པ་གང་ཡིན་པ་ད་ན།སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།།གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་།རྣམ་པར ་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ།དབུལ་ཞིང་འངས་པ་དང་།ནོར་ཐུན་མོང་དུ་འགྱུར་ཞིང་རང་དབང་མེད་པ་གང་ཡིན་པའོ།།འདོད་པས་འོག་པར་གཡེམ་པའི ་ཁ་ན་མཐོ་བ་གང་ཡིན་པ་དེ་ནི།སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།།གལ་ཏེ་མིར་སྐྱེས་པར ་གྱུར་ན་ཡང་།རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་གྱུར་ཏེ།ཆུང་མ་གཞན་གྱིས་བྱེ་བ་བྱེད་པ་དང་།ཆུང་མ་དད་ཕན་ཚུན་རྩོད་ཅི་དེ་བདག་གི་སེམས་ཀྱིས་བསམས་བཞིན ་དུ་མི་འགྱུར་བ་གང་ཡིན་པའོ།།བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི།སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག ་དེདག་ཏུ་ལྟུང་བར་བྱེད་དོ།།གལ་ཏེ་མོར་སྐྱེས་པར་གྱུར་ན་ཡང་།རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ།སྐུར་པ་མང་བ་དང་།།རྟག་པར་གཞན་གྱི ་མང་དུ་བསླུས་པར་འགྱུར་བ་གང་ཡིན་པ་ཡིན་པའོ།།ཕྲ་མ་བྱས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི།སེམས་ཅན་རྣམས་སེམས་ཅན་དམྱལ་རེ་དང་།དུད་འགྲོའི་སྐྱེ་གནས་དང་། ་།ཤིན་རྗེའི་འཛག་རྟེན་དྲུག་ཏུ་ལྟུང་བར་བྱེད་དོ།།གལ་ཧཱུཾ་མིར་སྐྱེས་པར་གྱུར་ན་ཡང་།རྣམ་པར་སྦྱིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ།རྟགས་པསྒྱུ་མ། ་སྤྱན་པ་ཐོས་པར་འགྱུར་བ་དང་།གང་ནི་སྨྲས་ཀྱང་རུང་སྟེ།རྒྱུན་ཏུ་རྗོད་པ་ཅན་འགྱུར་བ་གང་ཡིན་པའོ།།ཚིག་ཁྱལ་བ་སྨྲ་བའི་ཁ་ན་མཐོ་བ་གང་ཡིན་པ་དེས་ནི།སེམས་ཅན་རྣམས ་སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྒྱུ་གནས་དང་།གཤིནི་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།།གལ་ཏེ་མིར་སྐྱེས་པར་གྱུར་ནཱ་ཡང་།རྣམ་པར་སྨིན་པའི་འབྲས་བུ་རྣམ ་པ་གཉིས་འཐོབ་པར་འགྱུར་ཏེ།བདེན་པ་ཞིག་སྨྲས་ན་ཡང་གཞན་དག་ཡིད་ཆེས་པར་མི་འགྱུར་བ་དང་།ཚིག་སྨྲས་པ་རྣམས་གཞན་གྱིས་གོ་བར་མི་འགྱུར་བ་གང་ཡིན་པའོ།།བརྣབ ་སེམས་བསྐྱེད་པའི་ཁ་ན་མཐོ་བ་གང་ཡིན་པ་དེས་ནི།སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དེ། ་གལ་ཏེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ།ནོར་ལ་རྐུམ་ཞིང་ཚིག་ཤེས་པ་མེད་པ་དང་།མང་དུ་ཚོལ་ཞིང་རྟག་པར་ཡིད་བཞིན་དུ་མངོན ་པར་གྲུབ་པར་མི་འགྱུར་བ་གང་ཡིན་པའོ།།གནོད་སེམས་ཀྱི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི།སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།གཤ ་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།།གལ་ཏེ་མིར་སྐྱེས་པར་འགྱུར་ན་ཡང་།རྣམ་པར་སྦྱིན་པའི་འབྲས་བུ་རྣམ་པ་གཉིས་མྱོང་བར་འགྱུར་ཏེ།རྟག་པར་གཞན་གྱིས་གླགས་ཚོལ་བར།། ་འགྱུར་བ་དང་།རྟག་པར་གཞོན་གྱིས་གནོད་པ་བྱེད་པར་འགྱུར་བ་གང་ཡིན་པའི།།འོག་པར་ལྟ་བའི་ཁོ་ན་མ་ཐོ་བ་གང་ཡིན་པ་དེས་ནི།སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་།དུར ་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།།གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་།རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ།རྟག ་པར་ལོག་པར་ལྟ་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བ་དང་།སེམོས་གཡོས་དང་བཅས་པར་འགྱུར་བ་གང་ཡིན་པའོ།།ཀྱེ་སངས་རྒྱས་ཀྱི་སྲས་རྣམས་དེ་ལྟར་ན།།སྡིག་པ་མི་དགེ་བ ་ལས་ཀྱི་ལམ་བཅུ་པོ་རྣམས་ནི་སྡུག་བསྔལ་མང་པོ་སྣ་ཚོགས་ཀྱིས་ཕུང་པོ་ཆེན་པོའི་རྒྱུ་དང་རྐྱེན་སུ་གྱུར་པ་ཡིནོ།།དེ་ནས་དེའི་ཚེ་འཁོར་འདུས་པོ་ཆེན་པོ་དེ་ཉིད་དུ་སྡོམ་པ་མི་དགེ་བའི་ལས་བཅུ ་པོ་དག་བྱས་པ་གང་ཡིན་པ་དེ་དགེ་བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྣམ་པར་སྨིན་པ་བཀས་བཤད་པ་ཐོས་པ་དང་།ད་དག་ཐམས་ཅད་སྐད་ཆེར་བྱུང་སྟེ། ་དུས་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་ཅག་དགེ་བ་ཇི་ལྟ་བུ་ཞིག་སྨད་ན།སྡུག་བསྐལ་འདི་དག་ལས་ཐར་པར་འགྱུར་ལགས།བཅོམ ་ལྡན་འདས་ཀྱིས་བ།འ་སྩལ་པ།སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ལས་ལ་གཟུང་བར་བྱ་སྟེ།ཇི་ལྟར་བསོད་ནམས་མངོན་པར་བསྒྲུབ་པར་བནོན།སོམ ་ཅན་གང་ལ་ལ་ཞིག་ཚེ་འདི་ལ་ཡོངསུ་བསྐུལ་བའི་བདག་པོ་ཆེན་པོ་བྱས་ཏེ།དེ་བཞིན་གཤེགས་པའི་མཆོད་རྟེན་དང་།དྷི་གཙང་ཁུང་དང་།གཙུག་ལོག་ཁང་བྱེ་རྩེགས་ནམ་འོངས ་པནད་གདོན་མི་ཟ་བར་རྒྱལ་པོ་བྱེད་ཅིང་།སྐྱེ་བོ་མང་པོ་ལ་དབང་བྱེད་པར་འགྱུར་བས།གང་ཡང་དག་མིཉན་པ་མེད་པར་འགྱུརརོ།།ཚེ་འདི་གྲོང་དང་།གྲོང་གི་གཙོ་བོར་གྱུར་ཀྱང་དྲང་དྲན ་ཚོཞིང་ཆེས་བཞིན་དུ་སྦྱང་བར་སྤྱོད་པ་གང་ཡིན་པ་དེ་ནཱི།མ་འདས་པ་ནི་གདོན་མ་ཟེ་བར་རྒྱལ་པོའི་བློན་པོ་བྱེད་པར་འགྱུར་ཞིང་།གོས་ཟས་དང་།ནྱ་ཕུན་སུམ་ཆགས་པ་དང་། ་འདོད་པ་འབྱོར་པར་འགྱུར་རོ།།ཚེ་འདི་ལ་སྐྱེ་བོ་མང་པོ་བསོད་ནམས་བྱེད་པར་བསྐུལ་ཞིང་གཟུང་བ་གང་ཡིན་པ་དེ་ནི།མ་འོངས་པ་ན།གདོན་མི་ཟ་བར་ཚེ་རིགས་བཙུན་ཞིང་ཤིན་ཏུ ་ཕྱག་པའི་ཁྱིམ་བདག་ཏུ་འགྱུར་བར་སྐྱེའོ།།མང་པོ་ཀུན་གྱིས་བཀུར་བ་དང་།ཕྱོགས་བཅུ་པོ་དག་ཏུ་དོན་གཉེར་བ་དག་ཀྱང་འགྲུབ་པར་འགྱུརརོ།།ཚེ་འབྲེལ་མར་མེ་གཟུགས་ནས་མཆད ་བོ་བྱེད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།ཉི་ཟླ་ལྟར་སྐྱེ་བར་འགྱུར་བས།འོད་ཟེར་གྱིས་བདག་ཉིད་གསལ་བར་བྱེད་པར་འགྱུརརོ།།ཚེ་འདི་ལ་སྦྱིན་པ་གཏོང་དེའི་དགའ་བ་དང་། ་བྱམས་པའི་སེམས་ཀྱིས་སྲོག་ཆགས་གསོ་བ་དགའ་བ་གང་ཡིན་པ་དེ་ནི།སྐྱེབ་ཐམས་ཅད་དུ་ཕྱུག་པོར་འགྱུར་བས་གོས་པས་དག་རང་འབྱུང་བ་འགྱུརརོ།།ཚེ་འདི་ལ་སྐྱེ་བ་མང་པོ་རྣམས་ལ ་བཟའ་བ་དང་།བཏུང་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།སྐྱོ་བ་ཐམས་ཅད་དུ་ལྷོའི་ཟས་དང་འབྱུང་བར་འགྱུར་བ་དང་།གཟུགས་དང་སྟོབས་ཕུན་སུམ་ཚོགས་པ་དང་། ་དབང་པོ་རྣོ་ཞིང་སྤོབས་པ་དང་ལྡན་པ་དང་།ཚེ་རིང་བར་འགྱུར།།གང་གོས་དུད་འགྲོའི་གནས་སུ་སོང་བའི་རྣམས་ལ་སྦྱིན་པ་ཡོངསུ་བཏང་ན།རྣམ་པར་སྨིན་པའི་འབྲས་བུ་བརྒྱ་འགྱུར ་རྙེད་འཐོབ་པར་འགྱུརརོ།།འདོད་ཆེན་པོ་དག་ལ་སྦྱིན་པ་ཡོངསུ་བཏང་ན་རྣམ་པར་སྨིན་པ་སྟོང་འགྱུར་སྐྱེད་འཐོབ་པར་འགྱུརརོ།།ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་སྦྱིན་པ་ཡོངསུ་བཏད་ན་རྣམས ་པར་སྨིན་པ་ཁྲི་འགྱུར་སྙེད་འཐོབ་པར་འགྱུརརོ།།གང་གིས་ཐག་པ་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་འཁོར་མང་པོ་ལ།ཡང་དག་པར་བསྒྲགས་ནས།སེམས་ཀྱི་མིག་འབྱེད་པའི ་ཆོས་སྨྲ་བ་གང་དག་ལ་སྦྱིན་པ་ཡོངསུ་བཏང་ན།རྣམ་པར་སྨིན་པའི་འབྲས་བུ།རྒྱུད་མེད་པ་སྙེད་འཐོབ་པར་འགྱུརརོ།།གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ ་ཡོངསུ་བཏང་ན།རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུག་པ་མེད་པ་སྙེད་ལ་ལོངས་སྤྱོད་པར་འགྱུརརོ།།གཞན་ཡང་གང་ཟག་རྣམ་པ་གསུམ་ལ།སྦྱིན་པ་ཡོངསུ་བཏང་ན།རྣམ་པོར ་སྨིན་པའི་འབྲས་བུ་ཡོངས་སུ་གཏུགས་པར་མི་འགྱུར་ཏེ།དེ་བཞིན་གཤེགས་པ་རྣམས་དང་།ཕ་མ་དང་།ནད་པ་རྣམས་སོ།།ཟས་ཟ་ཅིག་ཙམ་ཡོངསུ་བཏང་བས ་ཀྱང་།རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་འཐོབ་པར་འགྱུར་རོ།།རྟག་པར་ཡོངས་སུ་བཏང་བས།ཡོངས་སུ་གཏུགས་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས།ཚེ་འདི་ལ་དགེ ་འདུན་མང་པོའི་སྐུ་བསིལ་བ་གང་ཡིན་པ་དེ་ནི།སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་མཛེས་པ་དང་།རང་བཞིན་གོས་ཟས་དང་ལྡན་པ་དང་།སྐྱེ་བོ་མང་པོ་ལ་ཀུན་གྱིས་བཀུར་བར ་འགྱུར།།ཚེ་འདི་ལ་བསྔགས་པ་བརྗོད་པ་དང་།མདོ་སྡེའི་ཆོས་ཀློག་ཅིང་ཁ་ཏོན་དུ་འདོད་པར་དགའ་བ་གང་ཡིན་པ་དེ་ནི།སྐྱེ་བའི་གནས་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཐོས་པ ་།རྣམས་རབ་ཏུ་དགའ་བར་འགྱུརརོ།།ཚེ་འདི་ལ་ཚུལ་ཁྲིམས་བསྲུང་བར་མངོན་པར་དགའ་བ་གང་ཡིན་པ་དེ་ནི།སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་མིའི་ནང་ན་མཆོག་ཏུ ་འགྱུརརོ།།ཚེ་འདི་ལ་ལམ་གར་ཁྲོན་པ་བརྐོས་ནས་སྐྱེད་ཤིང་བཙུགས་ནས་གྲིབ་མ་མང་པོ་ཀུན་ལ་བསྒྲིབས་པར་མངོན་པར་དགའ་བོ་གང་ཡིན་པ་དེ་ནི།སྐྱེ་བ་ཐམས་ཅད་དུ་མིའི ་རྒྱལ་པོ་བྱེད་ཅིང་རོ་བརྒྱ་དང་ལྡན་པའི་བཟའ་བ་དང་།བཏུང་བ་བསམས་པ་ཙམ་གྱིས་འབྱོར་པར་འགྱུར།།ཚེ་འདི་ལ་མདོ་སྡེ་བྲེས་ཏེ་གཞན་དག་ལ་བྱིན་ནས།ཀློག་ཏུ་བཅུག་པ་ལ ་མངོན་པར་དགའ་བ་གང་ཡིན་པ་ད་ནི།སྐྱེ་བ་ཐམས་ཅད་དུ་བདག་སྤོབས་པ་གང་པོ་དང་ལྡན་པ་དང་།ཆོས་བསླབས་པ་ལ་ལན་ཅིག་ཐོས་པ་ཙམ་གྱིས་གོ་བར་འགྱུར་བ་དང་།སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་།ཡོངསུ་བསྲུང་བ་དང་།རྟག་པར་མིའི་ནང་དུ་མཆོག་དམ་པ་གཙོ་བོ་བྱེད་པར་འགྱུར་རོ།།ཚེ་འདི་ལ་ཟམ་པ་དང་།གྲུ་གཟིངས་བཅས ་ནས་སྐྱེ་བོ་མང་པོ་ཟློས་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི།སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་ཕུན་སུམ་ཚོགས་པ་དང་།སྐྱེ་བོ་མང་པོ་ཀུན་གྱིས་བཀུར་ཞིང་བསྔགས་པ་བརྗོད་ནས ་མངོན་པར་དགའ་བ་དང་ཕན་ཚུན་འགྲོ་ཞིང་འོང་བའི་ཚེ་མང་པོ་ཀུན་གྱིས་བསྙེན་བཀུར་དང་རིམ་གྲོ་བྱེད་པར་འགྱུརརོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་ངས་ཇི་སྐད་དུ ་མདོ་སྡེ་དེ་དང་དེ་དག་ཏུ་རྒྱུ་དང་འབྲས་བུ་བསྟན་ནས།སེམས་ཅན་མང་པོ་རྣམས་ཀླག་པ་དང་།ཁ་ཏོན་དུ་འཛིན་པ་དང་མངོན་པར་བསྒྲུབ་པར་བསྐུལ་བ་སྡུག་བསྔལ་གྱིས་བགེགས་ལས་ཡོངསུ ་བཟླས་པ་དེ་བཞིན་དུ་འདིར་ཡང་དེ་ལྟར་བསྟན་པ་ཡིན་པས།གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྐུར་བ་འདེབས་པར་བྱེད་པ་དེ་ནི་ཚེ་འདི་ཉིད་ལ་ལྕེའི་དབང་པོ་ལྟུང ་བར་འགྱུརརོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།ཅི་ལྟར་ཡོངསུ་གཟུང་བར ་བགྱིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་སྟེ།བྱང་ཆུབ་སེམས ་དཔའི་སྤྱོད་པ་མངོན་པར་སྒྲུབ་པར་སྨོན་ལམ་བཏབ་པ་ཞེས་བྱ་བར་ཡང་ཟུང་ཤིག།བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན།ལྷོ་དང་མི་སྟོང་ཕྲག་བརྒྱད་ཅུ ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།།བུད་མེད་བརྒྱ་སྟོང་དུ་མཚོ་འདི་ཉིད་ལ་བུད་མེད་ཀྱི་དབང་པོ་གྱུར་ནས།སྐྱེས་པའི་ལུས་མངོན་པར་གྲུབ ་པར་གྱུར་ཏོ།།སྡིག་པ་སྤྱོད་པའི་སྐྱེ་དགུ་སྟོང་ཉིས་བརྒྱ་ནི།གདོག་པའི་སེམས་སྤངས་ནས།བདག་གི་ཚེ་རབས་དྲན་པར་གྱུར་ཏོ།།དགེ་བ་སྤྱོད་པའི་སྐྱེ་བོ་ཚད་མེད་པ་དག་ནི་མི་སྐྱེ ་བའི་བཟོད་པ་ཐོབ་ནས།རྟག་པར་བདེ་བ་མྱོང་བར་གྱུར་ཏོ།།ཚེ་འཕོ་བར་འགྱུར་བ་ཚད་མེད་པ་སྙེད་ནི་སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པར་སྐྱེས་ནས།བྱང་ཆུབ་སེམས་དཔའ་རྣམས ་དང་མཉམ་ཞིང་མཚུངས་པའི་གྲོགསུ་གྱུར་ཏོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།འཁོར་འདུས་པ་ཐམས་ཅད་རང་གི་གནས་སུ་དོང་སྟེ།བསོད་ནམས་མངོན ་པར་འདུ་བྱེད་ཅིང་།རབ་ཏུ་དགའ་བོས་དགའ་བཞིན་དུ་སྤྱོད་པར་གྱུར་ཏོ།།འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ་རྫོགས་སོ།། ་ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷུ་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱའི་དཔེ་ལས་བསྒྱུར་ཅང་ཞུས་ཏེ།གཏན་ལ་ཕབ་པ།རྫོགས་སོ།།།དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར ་