| Wylie | e-texts produced with BDRC’s OCR application |
གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ་རྫོག་སོ།།།བོད་སྐད་དུ།འཕགས་པ་རྒྱལ་བུ་དོན་གྲུབ། ་གྱི་མདོ།།འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།བཅོམ་ལྡན་འདས་མཉན་དུ་ཡོད་པ་ན།རྒྱལ་བུ་འཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན།དགེ་སློང་དང་།དགེ་སློང ་མ་དང་།དགེ་བསྙེན་པ་དང་།དགེ་སྙེན་མ་གྲངས་མེད་པ་དང་།ཐབས་གཅིག་ཏུ་བཞུགསོ།།དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་ནས།ཞལ་གྱི་སྒོ་ནས།འོད་ཟེར་ཁ་དོག་སྣ་ལྔ ་དང་ལྡན་པ་བཀྱེ་བ་དང་།ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ།གོས་ཚ་གགོས་བཅོས་ནས་ཐལ་མོ་སྦྱར་ཏེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བདག་གིས་སངས ་རྒྱས་ཀྱི་ཞ་འབྲིང་ལོ་ཉི་ཤུ་བགྱིས་ཀྱི་བར་དུ།དེ་འདྲ་བར་བཞད་པ་མ་མཐོང་ན།བཅོམ་ལྡན་འདས་ཀྱིས་སངས་རྒྱས་སྔོན་འདས་པ་འམ།མ་བྱོན་པ་འམ།ད་ལྟར་བཞུགས་པའི་སངས ་རྒྱས་ལ་དགོངས་སམ།དེ་མ་ལགས་པ་ཅི་ལ་དགོངས་པ་དོན་བསྟན་དུ་གསོལ།བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ།སངས་རྒྱས་འདས་པ་འམ།མ་འོངས་པ་འམ།། ་ད་ལྟར་བཞུགས་པ་ལ་དགོངས་པ་མ་ཡིན་གྱི།མངོན་པར་དྲན་པ།ང་སྔོན་བསྐལ་པ་གླང་མེད་པའི་ཕ་རོལ་ན།སྦྱིན་པ་བྱིན་པའི་དངོས་པོ་ལ་དགོངས་ཏེ།དེའི་ཚེ་དེའི་དུས་ན།ཡུལ་ཡ་བ ་ཞེས་བྱ་བར།རྒྱལ་པོ་དགེ་བཞེད་བྱ་བ།དྲང་བའི་ཆོས་ཀྱི་ཡུལ་གྱི་སྒྱིད་འཛིན་ཏེ།འགྲོ་བ་མང་བ་སྦྱང་བ་ཞིག་བྱུང་ངོ་།།རྒྱལ་པོ་དེ་ལ་བློན་པ་ནི་བཞི་སྟོང་ཞིག། ་ཡོད་དེ།རྒྱལ་ཕྲན་དྲུག་ཅུ་ལ་དབང་བསྐུར་རོ།།གྲོང་ཁྱེར་ཆེན་པོ་བརྒྱད་བརྒྱ་དང་།བལ་གྱི་གླང་པོ་ཆེ་ལྔ་བརྒྱ་ཡོད་དེ།རྒྱལ་པོ་ལ་བཙུན་མོ་ཉི་ཁྲི་ཡོད་ཀྱང་།སྲས་མི་མངའ་བས ་རི་དང་ཀླུང་གོ་ལྟ་གཉེན་པ་ལ་མཆོད་འབྲེད་བྱས་ནས།བཙུན་མོ་དམ་པ་ཡ་སྲས་མངའ་བར་གྱུར་ཏེ།བཙུན་མོའི་མེལ་ཆ་དང་།ཟས་དང་སྐོམ་ལ་སོགས་པ་ཡོ་བྱད་པདམ་ཞིང་བཟང ་བོཔོར་སྦྱར་ནས།རྒྱལ་པོ་ཉིད་ཀྱི་རིམ་གྲོ་བྱས་ཏེ།ཟླ་བ་བཅུར་ཚང་ནས།རྒྱལ་བུ་གཅིག་བཙ་སོ།།ཕོ་བྲང་གི་བཙུན་མོ་ཉི་ཁྲི་སྐྱེད་ཀྱང་རྒྱལ་བུ་ཞིག་བཙསྡུ་ཤེས་ཐོས་ནས་ཐ~ཾད ་དགའ་མགུ་རངས་ཏེ།ནུ་ཞོ་ཡང་རང་བྱུང་བས།རྒྱལ་བུའི་མཚན་ཡང་དོན་གྲུབ་ཅེས་བཏག་སོ།།རྒྱལ་བུ་ལེ་ནུ་ཞོ་སྣུན་ཅིང་རིམ་གཽ་བྱེད་པ་བཞི་ཞིག་བསྐོས་ཏེ།གཅིག་ནི་ནུ་ཞོ ་སྣུན་པའི་ལས་བྱེད།གཅིག་ནི་རྒྱལ་བུ་ཕང་དུ་ཁྱེར་བར་བསྐོསགཅིག་ནི་རྒྱལ་བུ་བཀྲུ་བའི་ལས་བྱེད་པར་བསྒྲེས་གཅིག་ནི་རྒྱལ་བུ་བརྩེར་འགྲོ་བའི་ལསུཾ་བརྐོས་སོ།།དེ ་ལྕེར་བསྒོས་ནས།རྒྱལ་བུ་ལོ་བཅུ་དྲུག་ཡོན་བཻ་དོང་།མིག་རྩིས་དང་།འཕོངས་རྣལ་དང་།བཟོད་བྱེད་དང་།།རོལ་མོ་ལ་སོགས་པ་གང་ཡང་མི་ཤེས་པ་མེད་དེ།ཐམས ་ཅད་ཀྱང་ལོབས།རྒྱལ་པོ་ཡབ་དང་ཡུམ་ལ་ཡང་ལྷ་བཙུན་འདྲ་བར་རིམ་གྲོ་བྱེད་དོ།།རྒྱལ་པོས་ཀྱང་རྒྱལ་བུའི་ཕོ་བྲང་ལོགས་ཤིག་ཏུ་བསྒྲིགསོ།།རྒྱལ་བུ་དེ་ཆུང་ངུ་ནས་སྦྱིན་པ་ལ་དགའ་ནས། ་མི་ལ་སོགས་ཏེ།རི་དགས་དང་།འདུབ་ཆགས་བྱའི་བར་དུ་སེམས་ཅན་ཐམས་ཅད་བདེ་སྐྱིད་པར་དགའ་སྟེ།ཚིག་ཏུ་ཡང་གང་མི་ཤེས་པ་གཏི་མུག་ཅན་ནི་སྦྱིན་པ་ལོ་མི་དགའ་བས ་བདག་གིས་བདག་བསླུས་ཏེ།ཕན་པའི་དོན་མེད་ཀྱིས།མཁས་པ་ཤེས་རབ་ཅན་ནི།འཇིག་རྟེན་གནས་ཀྱང་སྦྱིན་པ་ལ་ཡོན་ཏན་ཆེར་མཐོང་སྟེ།སྦྱིན་པ་བྱིན་པས་སྔ་མ་འདས ་པ་དང་།མ་བྱོན་པ་དང་།ད་ལྟར་བཞུགས་པའི་སངས་རྒྱས་དང།རང་སངས་རྒྱས་དང་།འཕགས་པ་དགྲ་བཅོམ་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགོས་པར་འགྱུ་རོ་ཞེས་སྨྲསོ།། ་རྒྱལ་བུ་བགས་ཀྱིས་ཆེར་སྐྱེས་ནས།རྒྱལ་པོ་ཞིག་གི་བུ་མོ་མན་ཏེ་ཞེས་བྱ་བ་མངའ་བྱད་བཟང་ལ་སྡུག་པ་དང་།དཔེ་ཟླ་མེད་པ།གསེར་དང་།དངུལ་དང་།བཻ་ཌཱུརྱ་དང་།རིན་པོ་ཆེ་སྣ ་ཚོགས་ཀྱི་རྒྱུན་གྱི་བརྒྱན་པོ།གཅིག་བཙུན་མོར་བླངས་ན།བུ་མི་སྲིད་གཉིས་ཤིག་ཡོད་པར་གྱུར་ཏོ།།དེ་ནས་རྒྱལ་བུ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་སེམས་པ་ལ་ཞུགས་ནས། ་ཡབ་རྒྱལ་པོ་ལ་བདག་ནི་རྩེ་ཞིང་ལྟད་མོ་ལྟར་མཆི་ཞེས་གསོལ་པ་དང་།རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་།།དེ་ནས་རྒྱལ་བུ་ཕོ་བྲང་ནས་བྱུང་བ་དང་།བརྒྱ་བྱིན་ལྷའི་དབང་པོས་གྲོང ་ཁྱེར་གྱི་སྒོ་ལམ་སྲང་དག་ན།དབུལ་ཕོངས་པ།ལོང་བ་འོན་པ།ལྐུགས་པའི་སློངས་མོ་པ་དག་ཅིང་སྤྲུལ་ནས་སྡོད་དུ་བཅུགོ།རྒྱལ་བུས་དེ་དག་མཐོང་བ་དང་། ་དེ་མ་ཐག་ཏུ་ཕྱིར་ལོག་ནས་ཕོ་བྲང་དུ་ཞུགས་ཏེ།མྱ་ངན་ཆེན་པོས་ནོན་ནས།མི་དགའ་ཞིང་འདུག་པ་ལ།ཡབ་རྒྱལ་པོས་སྲས་རྒྱལ་བུ་ལ་འདི་སྐད་ཅེས་བསྒོའོ།།རྩེ་ཞིང་ལྟད་མོ་ལྟར ་བཏང་ན།ཅིའི་ཕྱིར་མི་དགའ་ཞིང་མྱ་ངན་བྱེད་པར་གྱུར་ཅེས་དྲིས་པ་དང་།རྒྱལ་བུས་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།།བདག་རྩེ་ཞིང་ལྟད་མོ་ལྟར་མཆིས་པ་ལས།སློངས ་པ་ལོང་བ་འོན་པ་ལྐུགས་པ་མང་པོ་དང་མཇལ་བས་མྱ་ངན་གྱིས་ནོན་པར་གྱུར་ཏེ།ང་ཡབ་རྒྱལ་པོ་ལ་གསོལ་བ་རྣ་གཅིག་གསོལ་ན།རྒྱལ་པོ་སྣ་གནང་ངམ།ཡབ་རྒྱལ་པོས ་ཀྱང་རྒྱལ་བུ་ཁྱོད་ཅི་དང་ཅི་འདོད་པ་སྨྲོས་ཤིག་དང་གནང་བར་བྱའོ།།ཞེས་བསྒོ་བ་དང་།རྒྱལ་བུས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།།བདག་ནི་ཡབ་རྒྱལ་པོ་ལ་མངའ་བའི་བང ་མཛོད་ན་རིན་པོ་ཆེ་མཆིས་པ་རྣམས་གྲོང་ཁྱེར་གྱི་སྒོ་བཞི་དང་།ཚོང་འདུས་སུ་སྤུངས་ཏེ།སློངས་མོ་བོ་ཐམས་ཅད་ལ་ཡིད་དང་མི་འགལ་བར་སྦྱིན་པ་བགྱིད་པར་འཚལོ་ཞེས་གསོལ ་པ་དང་།རྒྱལ་པོས་སྲས་རྒྱལ་བུ་ལེ་ཁྱོད་ཅི་དང་ཅི་དགའ་བ་ཡིད་དང་མི་འགལ་བར་གནངོ་ཞེས་བསྒོའོ།།དེ་ནས་རྒྱལ་བུས་བློན་པོ་རྣམས་ལ་སྒོ་ནས།ནོར་དབྱིག་རིན་པོ་ཆེ་རྣམས ་ཤིང་རྟས་བསྐྱས་ཏྭ།གྲང་ཁྱེར་གྱི་སྒོ་བཞི་དང་།ཚོང་དུས་སུ་སྦྱངས་ནས་ཕ་རོལ་པོ་འདོད་པ་བཞིན་སྦྱིན་པ་བྱིན་པ་དང་།ཡུལ་ཁམས་ཕྱོགས་བརྒྱད་ཀུན་ཏུ་རྒྱལ་བུའི་ཡོན་ཏན་གྲགས་པར ་གྱུར་པས།ཁ་ཅིག་ནི་དཔག་ཚད་བརྒྱ།ཁ་ཅིག་ནི་དཔག་ཚད་སྟོང་།ཁ་ཅིག་ནི་དཔག་ཚད་ཁྲིའི་ཕ་རོལ་ནས་ལྷགས་ཏེ།ཁ་ཟས་དང་སྐོམ་འདོད་པ་ལ་ནི་ཟས་སྐོམ་བྱིན།གང་གོས་དང་བགོ ་བ་འདོད་པ་ལ་ནི་གོས་དང་བགོ་བ་བྱིན།གང་གསེར་དང་།དངུལ་དང་།རིན་པོ་ཆེ་འདོད་པ་ལ་ཡང་ཅི་འདོད་པ་བཞིན།ཡིད་དང་མི་འགལ་བར་གང་ཡང་མི་གཏང་བ་མེད་དོ།།དེའི་ཚེ་དེའི་དུས ་ན།དག་ཟླར་གྱུར་པའི་རྒྱལ་ཁམས་གཅིག་ཅིག་ཡོད་པ་དེས།རྒྱལ་བུ་སྦྱིན་པ་བྱིན་པ་ལ་དགའ་བས།ཕ་རོལ་པོ་ཅི་འདོད་པ་བཞིན་ཡིད་དང་མི་འགལ་བར་ཡོངསུ་གཏང་ངོ་ཞེས་ཐོས་ནས ་བློན་པོ་རྣམས་དང་།མཁས་པ་བློ་དང་ལྡན་པ་ཀུན་ལ་སོགས་པ་སྡུས་ཏེ།།འདི་སྐད་ཅེས་བགྲོས་སོ།།ཡུལ་ཡ་པའི་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་པདྨོའི་སྟེང་ནས་འགྲོ་བ་སུ་ཏཱ་ཡ་ཞེས་བྱ། ་བ།སྟོབས་དང་ལྡན་པ་ཞིག་ཡོད་དེ་དེ་དག་ནམ་དགྲ་ཟླའི་རྒྱལ་ཁམས་གཞན་དང་འཐབ་པའི་ཚེ།བལ་གྱི་གླང་པོ་ཆེ་དེས་རྟག་ཏུ་རྒྱལ་བར་གྱུར་པས་ན།ཁྱེད་ལས་སུ་ཞིག་དེར་སོང ་སྟེ།སངས་རྒྱས་པར་ནུས་ཤེས་བགྲོས་ན།བློན་པོ་ལས་གང་ཡང་འགྲོ་ནུས་པ་མ་བྱུང་ངོ་།།དེའི་ནང་ནས་བྲམ་ཟེ་མི་བརྒྱད་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།།བདག ་ཅག་གིས་སློང་ཞིང་མཆི་བར་འཚལ་ན།བདག་ཅག་གི་ཚོགས་དང་རྒྱགས་སྦྱོར་ཅིག་ཅེས་གསོལ་པ་དང་།རྒྱལ་པོས་དེའི་ཚོགས་དང་རྒྱགས་སྦྱར་ནས།བྲམ ་ཟེ་ལ་འདི་སྐད་ཅེས་བསྒོའོ།།གལ་ཏེ་ཁྱོད་ཀྱིས་བལ་གླང་དེ་ཁུགས་ཏེ་འོངས་ནས།བྱ་དགའ་ཆེརོ་སྦྱིན་ནོ་ཞེས་གཙིགས་བྱསོ།།དེ་ནས་བྲམ་ཟེ་བརྒྱད་པོས་ཁོར་བ་ཐོགས་ཏེ།ལ ་ལུང་བགྲོད་ནས།ཡུལ་ཡ་བ་གདན་པ་དེར་སོང་ངོ་།།ཡུལ་དང་ཕྱིན་ནས།རྒྱལ་པོའི་སྒོར་ཁར་པོ་ལ་སྐོམ་ཚུགས་བཅས་ཏེ།རྐང་པ་ཡེ་གཅིག་གིས་འགྲེང་ཞིང་སྡོད་དོ།།དེ་ནས ་རྒྱལ་བུའི་སྒོ་སྲུངས་ཕོ་བྲང་ནང་དུ་སོང་ནས།ཕྱི་རོལ་ན་བྲམ་ཟེ་དག་ཅིག་ལྷགས་ཏོ།ཁར་བ་ལ་སྐོམ་ཚུགས་བཅས་ནས།རྐང་པ་ཡ་ཅིག་གིས་འགྲེང་ཞིང་སྡོད་དོ།།བདག་ཅག ་ནི་ལམ་རིང་པོ་ནས།ཆེད་དུ་འདིར་སློང་དུ་འོངས་སོ་ཞེས་མཆིའོ།།རྒྱལ་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས།རབ་ཏུ་དགའ་སྟེ་མོད་ལ་ཕྱི་རོལ་ཏུ་བྱུང་ནས་བསུས་ཏེ་ཕྱག་བྱསོ།། ་དཔེར་ན་ཕ་དང་བུ་ཕྲད་པ་ཙམ་དུ་གཅིག་ལ་གཅིག་གིས་སྤྲོ་བའི་ཚིག་གིས་ཁྱེད་གང་ཕྱོགས་ནས་འོངས།ལམ་དུ་ཉོན་མ་མོངས་སམ།ཅི་འདོད་ཅི་སློང་ན་རྐང་པ་ཡེ་གཅིག་གིས་འབྲེང ་ཞེས་དྲིས་སོ།།བྲམ་ཟེ་བརྒྱད་པོས་སྨྲས་པ།བདག་ཅག་ནི་རྒྱལ་བུ་ཁྱོད་སྦྱིན་འབྱོན་པ་ལག་ཏུ་དགའ་བས་ཕ་རོལ་པོ་ཅི་སློང་ཡང་ཡིད་དང་འགལ་བར་མི་མཛགདྡྷོ་ཞེས་རྒྱལ་བུའི་ཡོན་ཏན ་ཕྱོགས་མཚམས་བརྒྱད་དང་ཡར་ནི་སྟང་གི་གནམ་ལ་ཐུག།མཱར་ནི་སའི་མཐིལ་ལ་ཐུག་པ་མན་ཆད་དུ་གྲགས་པས་ན།ཁྱོད་ཀྱི་སྦྱིན་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ།ཉེ་རིང་ཐམས ་ཅད་ཀྱིས་བསྟོད་ཅིང་བསྒྲགས་པས།གང་ཡང་མ་ཐོས་པའམ་མི་ཤེས་པ་མེད་དེ།ཀུན་གྱི་བརྗོད་པ་མ་ཡིན་ལ།ད་ལྟའི་ས་སུ་གྱུར་པས་ན།།ལྷ་ནི་ཅི་སྒྲ་ཡང་བརྫུན་པ་མ་ཡིན་ཏེ།ང་རྒྱལ ་བུས་སྦྱིན་པ་མི་མཛད་ན་བདག་ཅག་གི་ཡིད་དང་འགལ་བར་མཛད་དམ།བདག་ཅག་ནི་རྒྱལ་བུ་ལས་མེ་ཏོག་པདྨོའི་སྟེང་ནས་འགྲོ་བ།བལ་གྱི་གླང་པོ་ཆེ་སློང་དུ་འོངས་སོ་ཞེས་སྨྲས་པ་དང་།རྒྱལ ་བུས་དེ་དག་བལ་གླང་གི་ལྷ་སུ་ཁྲིད་དེ།བལ་གླང་གཞན་ཞིག་བྱིན་ནོ།།བྲམ་ཟེ་བརྒྱད་པོས་སྨྲས་པ།བདག་ཅག་ནི་པདྨོའི་སྟེང་ནས་འགྲོ་བའི་བལ་གྱི་གླང་པོ་ཆེ་སུ་དྲཱ་ཡན་འདོད་དོ།།རྒྱལ ་བུས་སྨྲས་པ།བལ་གྱི་གླང་པོ་ཆེ་འདི་ནི་བདག་གི་ཡབ་རྒྱལ་པོ་ལ་གཅས་ཤིང་གནད་པ་ཡ་ནི་ཏེ།བལ་གླང་འདི་དང་བདག་ཏུ་ཐ་མི་དད་པར་དགོངས་པས།ཁྱེད་ལ་སྦྱིན་དུ་མི་རུང་ངོ་།།གལ ་ཏེ་བདག་གིས་ཁྱེད་ལ་བྱིན་ན།རྒྱལ་པོའི་དགོངས་པ་དང་འགལ་བས།གལ་ཏེ་བལ་གླང་འདིའི་རྐྱེན་གྱིས་བདག་ཡུལ་འང་ནས་སྐྲོད་པར་འགྱུ་རོ་ཞེས་སྨྲས་ནས།རྒྱལ་བུ་ཡང་འདི་སྙམ་དུ ་བསམསོ།།བདག་སྔོན་གྱི་དམ་བཅས་པ་ན།ཕ་རོལ་པོ་ཅི་སློང་ཡང་ཡིད་དང་མི་འགལ་བ་བྱའོ་ཞེས་དམ་བཅས་ན།ད་བདག་གི་སྔར་བསམས་པ་ལས་བཟློག་སྟེ།སྦྱིན་པ་འདི་མ ་བྱིན་ན།ཅི་ལྟར་ཡང་བླ་ན་མེད་པ་མཉམ་སྙོམས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་མི་འགྱུར།གལ་ཏེ་སྦྱིན་པ་འདི་བྱིན་ན།བླ་ན་མེད་པ་མཉམ་སྙོམས་པརྡ། ་སྦྱིན་སེམ་སུ་འགྱུར་སྙམ་བསེམས་རྣཾས།རྒྱལ་བུ་སྐུ་འདི་སྐད་ཅེས་སྨྲས།།ཤིན་ཏུ་དཀའོ་སྟེང་བཞིན་དུ་སྦྱིན་པར་བྱའོ་ཞེས་སྨྲས་ནས།རླུང་ནི་འདུག་པའི་གཡོག་ལ་དུལ་གྱི་གླང ་རྨི་ལ་གསེར་དངུལ་གྱི་སྒྲས་བསྙད་དེ།མྱུར་དུ་ཁྲིག་དེ་ཤིག་ཤིག་ཅེས་བསྒོ་བ་དང་།བལ་གླང་ཁྲིད་དེ་འོངས་ནས།རྒྱལ་བུས་ལེག་པ་གཡོན་པས་ནི།ཆུའི་སྣོད་ཐོགས་ཏེ།དྲིམ ་ཟེའི་ལག་པ་བཀྲུས།ལག་པ་གཡས་པས་ནཱི།བལ་གླང་གི་སྣ་ཐག་ནས་བཟུང་སྟེ།བྲམ་ཟེ་བརྒྱད་པོ་ལ་བྱིན་པ་དང་།བྲམ་ཟེ་བརྒྱད་པོས་རྒྱལ་བུ་ལ་སྨོན་ལ་མི་བཏབ་མ་ཐག་ཏུ ་བལ་གྱི་གླང་པོ་ཆེ་ལ་སྤྱུགས་ཏེ།དགའ་བཞིན་དུ་དོང་ངོ་།།དེ་ནིས་རྒྱལ་བུས་བྲམ་ཟེ་དེ་དག་ལ་ཡོང་འདི་སྐད་ཅེས་བསྐོའོ།།ཁྱེད་མྱུར་དུ་འགྱོགས་པར་སོང་ཤིག།གལ་ཏེ་ལ ་རྒྱལ་བས་གས་ནན་རྟོགས་མི་གཏོང་སྟེ་འཕྲོག་ཏུ་འདི་ཞེས་བསྒོ་བ་དང་།དེའི་ཚེ་བྲམ་ཟེ་དེ་དག་གིས་དེ་མ་ཐག་ཏུ་མགྱོག་སུ་དོང་ངོ་།།བློན་པ་རྣམས་ཀྱིས་རྒྱལ་བུས་བལ་གྱི་གླང ་དགྲ་ཟླ་ལ་བྱིན་ནོ་ཞེས་ཐོས་ནས།ཐམས་ཅད་སྲེག་སྟེ།ཁྲི་ལས་དབབ་ཏུ་ལྷུང་ནས་མྱ་ངན་གྱིས་ནོན་ཏའདི་སྙམ་དུ་ཡུལ་འདི་ན།བལ་གླང་འདི་ལ་བལྟས་ན་དགྲ་ཟླ་གཞན། ་ལ་བྱིན་པར་གྱུར་ཏོ་སྙམ་དུ་བསམས་ནས།རྒྱལ་པོ་ག་ལ་བ་དེར་སོང་སྟེ།འདི་སྐད་ཅེས་གསོལ་ཏོ།།རྒྱལ་བུས་ནི་ཕྱིའི་དགྲ་ཐུབ་པའི་བལ་གླང་རིན་ཆེན་ཕ་རོལ་གྱི་དགྲ་ཟླ་ལ་བྱིན་ནོ་ཞེས ་གསོལ་པ་དང་།རྒྱལ་པོ་ཡབ་ཡིད་ཡེད་པོར་གྱུར་པ་ལས།བློན་པོས་ཡང་འདི་སྐད་ཅེས་གསོལ་ཏོ།།ད་ལྟར་རྒྱལ་པོ་ལ་བལ་གྱི་གླང་པོ་ཆེ་འདི་མངའ་བས།ཆབ་སྲིད་ཆེ་བ་ལགས་ཏེ། ་བལ་གྱི་གླང་པོ་ཆེ་དེ་ནི་བལ་གླང་དྲུག་ཅུ་སྙེད་ཀྱི་མཐུ་སྟོབས་དང་ལྡན་པ་ལགས་ན།རྒྱལ་བུས་དག་ལ་སྩལ་ཏེ།དགྲ་ཟླ་འཚལ་བས།ཚབ་སྲིད་ཀྱང་སྟོར་དུ་མཆི་ན།ཅི་ལྟར་མཛད་པའི ་རིགས།འདི་རྒྱལ་བུ་རང་ཉམསུ་སྦྱིན་པ་བྱིན་པས་བང་མཛོད་ཀྱང་སྟོངས་ཤིང་།ཡུལ་གྱི་སྲིད་དང་།བཙུན་མོ་དང་།སྲས་ཀྱི་བར་དུ་སྦྱིན་པ་བགྱིད་པར་དོགསོ་ཞེས་གསོལ་པ་དང་། ་རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས།ལྷག་པར་མི་དགའ་བར་གྱུར་ཏེ།བློན་པོ་གཞན་ཞིག་བོས་ནས།བློན་པོ་དེ་ལ་རྒྱལ་བུས་བལ་གྱི་གླང་པོ་ཆེ་དགྲ་ཟླ་བྱིན་པ་བདེན་ནམ་ཞེས་དྲིས ་པ་དང་།བློན་པོ་དེས་ཀྱང་བྱིན་པ་བདེན་ནོ་ཞེས་གསོལ་ཏོ།།རྒྱལ་པོས་དེ་སྐད་སྨྲས་པ་ཐོས་མ་ཐག་ཏུ་ཆེར་དངངས་ནས།གདན་ཁྲི་ལས་ལྷུང་སྟེ།མི་དྲན་པར་བརྒྱལ་བར་གྱུར་པ་ལྔ ་ཆུས་གཏོར་ནས།རིང་ཞིག་ལོན་པ་དང་།ཕྱིས་སངས་པར་གྱུར།བཙུན་མོ་ཉི་ཁྲི་སྙེད་ཀྱང་ཐམས་ཅད་མྱ་ངན་གྱིས་ནོན་པར་གྱུར་ཏོ།།དེ་ནས་རྒྱལ་པོ་རྣམས་དང་།བློན་པོ ་རྣམས་འདུས་ནས།ངད་རྒྱལ་བུ་འདི་ལ་ཅི་ལྟར་བྱ་ཞེས་བགོས་པ་དང་།དེའི་ནང་ན་བློན་པོ་གཅིག་གས་ནི།བལ་གླང་གི་ལྟསུ་སྟེད་ངནྟ།རྐང་པ ་གཅིག་པའི་རིགས།བལ་གླང་བཟུང་བ་ནི་ལག་པ་གཅིག་པའི་རིགས་མིགོ་གིས་བལ་གླང་ལ་བལྟས་ནས།མིག་དབྱུང་བའི་རིགས་ཤེས་གསོལ།།ཁ་ཅོག་གིས་ནི་མགོ་གཅིག ་པའི་རིག་སོ་ཞེས་བློན་པོ་རྣམས་སོ་སོ་ནས་བཀྲེས་ཏེ་གསོལ་བའི་ཚིག་རྒྱལ་པོས་ཐོས་ནས།རབ་ཏུ་མི་དགའ་ཞིང་མྱ་ངན་གྱིས་ནོན་ཏེ།བློན་པོ་རྣམས་ལ་འདི་སྐད་ཅེས་བསྒོའོ།།ངའི ་འདི་ལེགས་པའི་དོན་ལ་མོས་ཏེ།སྦྱིན་པ་ལ་དགའ་བ་ཡིན་ན།ཅི་ལྟར་མཐོ་བ་ཙམ་ཞིང་གཟུང་བར་བྱ།དེའི་ནང་ན་བློན་པོ་གཅིག་གིས་བློན་པོ་སྔ་མ་རྣམས་ཀྱིས་བགྲོས་པ་མི་རུང ་ཞེས་དཔྱས་ནས་འདི་སྐད་ཅེས་གསོལ་ཏེ།།རྒྱལ་པོ་ལ་སྲས་གཅིག་པུ་ཞིག་མངའ་བ་ལ་རབ་ཏུ་སྡུག་ཅིང་གཅས་པས་རྒྱལ་བུ་རྒྱལ་ཚབ་ལགས་ན།དེ་ལ་མཐོ་བ་ཙམ་ཞིང་བཟུང ་གདགསོ་བྱ་བའི་སེམས་བསྐྱེད་པ་ནི་རིགས་ཏེ།བདག་ནི་རྒྱལ་པོ་ཆེན་པོའི་སྲས་ལ་བཟུང་བདགས་བྱ་བར་མི་གསོལ་གྱི།རྒྱལ་བུ་འདི་ཡུལ་འདི་ནས་སྐྱུགས་ཏེ།ལོ་བཅུ་གཉིས་ཀྱི ་བར་དུ་དགོན་པར་སྤངས་ནས།སླ་བབ་ཅིང་ངོ་ཚ་བར་འགྱུརརོ།ཞེས་བསོབ་པ་དང་།རྒྱལ་པོས་ཀྱང་བློན་པོ་ཆེན་པོའི་ཚིག་མཉན་ཏེ།།དེ་ནས་རྒྱལ་པོས་རྒྱལ་བུ་རྒྱལ་ཚིས ་བཀུག་ཏེ།འདི་སྐད་ཅེས་སྨྲས།།ཁྱོད་ཀྱིས་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་པ་བདེན་ནམ་ཞེས་དྲིས་པ་དང་།རྒྱལ་བུས་གསོལ་པ།བདག་གིས་སྐུལ་བ་མེད་དོ་ཞེས་གསོལ་ཏོ།།རྒྱལ ་བས་སྨྲས་པ།རྒྱལ་བུ་ཁྱོད་ཅིའི་བྱོར་དེ་ལ་མ་ཞུས་པར་ངའི་བལ་གྱི་གླང་པོ་ཆེ་དགྲ་ཟླ་ལ་བྱིན་ཞེས་དྲིས་པ་དང་།རྒྱལ་བུས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།།སྔར་ཡབ་རྒྱལ་པོ་དང་དམ ་བཅས་པ་ན།སྦྱིན་པ་ཅི་སྦྱིན་ན་ཡང་མི་འགལ་བར་མཛད་དོ་ཞེས་གསུངས་པ།ང་རྒྱལ་པོ་ལ་མ་ཞུས་པ་ལགས།།རྒྱལ་པོས་སྨྲས་པ།སྔར་དམ་བཅས་པ་ནི།ནོར་དབྱིག་དང་།རིན ་བོཔོ་ཆེ་དབང་བར་བྱས་ན།བལ་གྱི་གླང་པོ་ཆེ་ཅི་གཏོགས།རྒྱལ་བུས་གསོལ་པ།དེ་དག་ཐམས་ཅད་རྒྱལ་པོ་མངའ་བའི་བཀོད་ལགས་ན།ཅིའི་སླད་དུ་འདི་བཀོལ་ཏེ་མ་གཏོགས་ཞེས ་གསུངས།རྒྱལ་པོས་རྒྱལ་བུ་རྒྱལ་ཚབ་ལ་སྨྲས་པ།ཁྱོད་རིད་ན་ཏིག་ཏུ་ལོ་བཅུ་གཉིས་སྤངས་ཀྱིས།ཡུལ་འདི་ནས་མྱུར་དུ་བྱུང་སྟེ་སོང་ཤིག།རྒྱལ་པོ་ལ་གསོལ་པ།བདག ་རྒྱལ་པོ་ཆེན་པོས་བཀའ་སྩལ་པའི་བཀའ་ནི་མི་བཅོག་ན།ད་དུང་ཡང་ཞག་བདུན་ཞིག་སྦྱིན་པ་བགྱིས་ཏེ།བདག་གིས་བསམ་པ་རྫོགས་ནས།ཡུལ་འདི་ནས་བྱུང་སྟེ།མཆི་བར ་འཚལ་ལོ་ཞེས་གསོལ།རྒྱལ་པོས་སྨྲས་པ།ཁྱོད་ཀྱིས་སྦྱིན་པ་མ་འོས་པར་བྱས་པས་ཡུལ་གྱི་ངང་མཛོད་ཀུན་སྟོངས་ཏེ།ངའི་བལ་གླང་རིན་པོ་ཆེ་ཡང་མེད་པར་བྱས་པས་ཁྱོད ་སྦྱངས་པ་ཡིན་ཏེ།དཕྱིར་འདུག་ཅིང་ཞག་བདུན་སྦྱིན་པ་བྱུར་མ་གནང་གིས།མྱུར་དུ་སོང་ཤིག་ཅེས་བསྒོའོ།།རྒྱལ་བུས་གསོལ་པ།རྒྱལ་པོ་ཆེན་པོའི་བཀའ་བདག ་མི་གཅོག་སྟེ།རྒྱལ་པོའི་བཙུན་མོ་ནི་ཁྲི་སྙེད་ཀྱང་རྒྱལ་པོ་གང་ན་བ་དེར་ལྷགས་ནས།།རྒྱལ་བུ་རྒྱལ་ཚོ་ཞིག་བདུན་ཞིག་སྦྱིན་པ་བྱིན་དྷི།ཡུལ་ནས་མཆི་བར་གསོལ་པ།རྒྱལ་པོས ་ཀྱང་དེ་བཞིན་དུ་གནང་ངོ་།།དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱིས་སོ་སོ་བྲན་གཡོགས་མངགས་ཏེ།ཕྱོགས་བཞི་ནས་ནོར་རྫས་འདོད་པ་རྣམས་ཕོ་བྲང་སྐོར་འདུས་ཤིག།ནོར་ཟས་ཐམས་ཅད་ནི ་རྟག་པ་དང་བརྟན་དུ་རུང་བ་མ་ཡིན་ཏེ།མཐར་འཇིག་ཅིང་མེད་པའི་ཆོས་ཅན་ནོ་ཞེས་བསྒོ་བས།ཕྱོགས་བཞི་ནས་སློང་བ་མང་པོ་ལྷགས་པ་ལ་རྒྱལ་བུ་རྒྱལ་ཚབ་ཀྱིས།ཟས་དང་སྐོམ་དང་ཚོར། ་དང་རིན་པོ་ཆེ་རྣམས་ཞག་བདུན་གྱི་བར་དུ་ཡིད་བཞིན་དུ་བྱིན་ནས།དཔལ་ཕོངས་པ་རྣམས་ལོངས་སྤྱོད་དང་ལྡན་ཞིང་།ཐམས་ཅད་བདེ་སྐྱིང་པོར་བྱས་སོ།།དེ་ནས་རྒྱལ་བུ་རྒྱལ་ཚབ་ཀྱིས། ་ཆུང་མ་ལ་སྨྲས་པ།བཞིན་བཟས་ལོངས་ལ་བདག་ཅི་ཟོར་བ་ཉོན་དྲུག།རྒྱལ་པོ་ཆེན་པོས་ནི།བློདག་ལོ་བཅུ་གཉིས་ཀྱི་བར་དུ་རི་ངན་ཏོག་ཅེས་བྱ་བར་སྤྱ་སོ།།ཆུང་མས་རྒྱལ་བུས་སྨྲས ་པའི་ཚིག་བྲིས་ནས།ཡིད་ཅེས་མདངས་ཏེ།ལངས་ནས་འདི་སྐད་ཅེས་སྨྲས།།རྒྱལ་བུ་ལ་ཉེས་པ་ཅི་ཞིག་མཆིས་ནི་རྒྱལ་པོས་དེ་ལྟ་དེ་ལྟར་མཛད་པར་གྱུར།རྒྱལ་བུས་སྨྲས་པ།བདག ་གིས་སྦྱིན་པ་མ་འོས་པ་ཞིག་བྱས་ཏེ།རྒྱལ་པོའི་བང་མཛོད་ཀྱང་སྟོངས།བལ་གླང་རིན་པོ་ཆེ་ཡང་དགྲ་ཟླ་ལ་བྱིན་ཞེས་རྒྱལ་པོ་དང་བློན་པོ་རྣམས་ཁྲོས་ནས།བདག་སྤངས་པ་ཡིན་ནོ།།བཙུན་མོ ་མན་ཏེ་སྨྲས་པ།རྒྱལ་པོའི་ཡུལ་དུ་ལོ་ལེགས་པ་དང་།རྒྱལ་པོ་ཆེན་པོ་དང་།བློན་པོ་དང་།འབངས་ཀྱིས་བར་དུ་བདེ་སྐྱིད་པ་དང་།ལོངས་སྤྱོད་ཆེ་བར་སྨོན་ལམ་ལེགས་པར་བཏབ་ལ། ་བདག་ཅག་རི་ལ་སྒོམ་དུ་འདོང་ངོ་།།རྒྱལ་བུས་སྨྲས་པ།བཞིན་བཟངས་རི་ནི་འཇིགས་པའི་གནས་ཡིན་ཏེ།ཤིན་ཏུ་བྱ་དཀའ་བ་བསམ་དགོས་ལ།སེང་གེ་དང་སྟག་ལ་སོགས་པ་གཅན ་ཟན་མ་རུངས་པ་ཡོད་པས།རབ་ཏུ་འཇིགས་ན་ཁྱེད་ནི་ལོངས་སྤྱོད་མང་བ་ཡིན་པས།ཁྱོད་དེ་ལྟ་བུ་བདག་ལ་བཟོད་དམ།ཁྱོད་ཕོ་བྲང་གི་ནང་ན་གོ་སུ་ནི་ཕྲ་བ་དང་འཇམ་པ་གྱོན་པ།གནསུ་ནི ་གུར་དང་ཡོལ་བས་བསྐོར་བ་ན་འདུག།ཟསུ་ནི་ཅི་ལ་དགའ་བོ་བཞིན་ཞིམ་པ་དང་མངར་བ་ལ་ཟ་ན།རི་ལ་ནི་སྟན་དུ་ནི་ཌཱི་དངས།ཟསུ་ནི་འབྲས་བུ་ཟན།ཁྱོད་དེ་ལ་མོས་ཤིང་དགའ་བ་ཅི ་ཞིག་ཡོད།དེ་མ་ཡིན་པ་གཞན་ཡང་རླུང་དང་ཆར་པ་དང་འབྲུག་དང་སེར་བ་ཆེ་ཞིང་བ་མོ་དང་ཟིལ་པས་མིའི་སྤུ་ཡང་ལངས་པ་ཙམ་དུ།གྲང་བའི་ཚེ་ན་ནི་གྲང་རབ་ལ།ཚ་བའི་ཚེ་ན་ནི་ཆ ་རབ་སྟེ།ཤིང་གི་གསེབ་ན་འདུག་པའི་གན་སུ་ཡང་མི་རུང་ན།ས་ལ་གཟེ་མ་དང་།གསེག་མ་དང་།རྡོ་བ་ཡང་མང་ཞིང་།སྦྲུལ་གདུག་པ་ཡང་ཡོད་ན།ཁྱོད་དེ་ལྟ་བུ་དག་བཟོད་དང་། ་མན་ཏེས་སྨྲས་པ།བདག་ལ་མཉན་ཞིང་འཇམ་པ་དང་།བུར་དང་ཡོལ་བ་དང་།མངར་བ་དང་།ཞིམ་པས་ཅི་ཞིག་བགྱིས།རྒྱལ་བུ་དང་བྲལ་ཞུངས་སར ་མཆི་བ་བདག་མི་བཟོད་དེ།ནམ་དུ་ཡང་རྒྱལ་བུ་དང་མི་འབྲལ་ཞིང་ལྷན་ཅིག་འགྲོགས་པར་དགའོ།།རྒྱལ་པོའི་ཐོག་མར་འགྲོ་བ་ནི་རྒྱུལ་མཚན།མེའི་ཐོག་མར་འགྲོ་བ་ནི་དུད་པ།ཆུང ་མཱམའི་ཐོག་མར་འགྲོ་བ་ནི་ཁྱིམ་ཐབ་ཡིན་པས་བདག་ནི་རྒྱལ་བུ་ལ་ཡིད་བརྟན་ཏེ།སྐྱབསུ་མཆིའོ།།རྒྱལ་བུ་ནི་བདག་གི་ལྔ་ལེགས་ཏེ།རྒྱལ་བུས་ཕྱོགས་བཞི་ནས་འདུས་པའི་སྦྱིན་པ ་བྱིན་པའི་ཚེ།བདག་གིས་ཀྱང་རྒྱལ་བུའི་གྲོགས་བགྱི་བས།ང་རྒྱལ་བུ་ལམ་རིང་དུ་འགྲོ་བ་ལས།གལ་ཏེ་ཕ་རོལ་པོ་སློང་བ་འོངས་ན།བདག་གིས་དེ་བཞིན་དུ་གྲོགས་པ་རྒྱ ་རྒྱལ་བུས་སྦྱིན་དུ་མཛད་ན།བདག་གི་སྲོག་ལ་བབ་ཀྱང་མི་བྱར་མི་རུང་བས།ཐེ་ཚོམ་མི་མཛད་དུ་གསོལ།རྒྱལ་བུས་སྨྲས་པ།བདག་ལ་ནི་སྦྱིན་པ་ལ་དགའ་བས།ཕ་རོལ་གྱི ་སེམས་ནི་ཟློགས་ཏེ།ཕ་རོལ་པོས་བདག་ལ་གལ་ཏེ།བུ་འམ་ཁྱོད་ཉིད་སློང་བ་འོངས་ན་ཡང་།བདག་གིས་མི་གཏོང་མི་ནུསོ།།ཅི་སྟེ་བདག་གིས་བསམས་པ་ཁྱོད་ཀྱིས་དེ་བཞིན ་མ་བྱས་ན་ནི།བདག་གིས་དགེ་བའི་སེམས་འཁྲུགས་པར་གྱུར་པས།།འགྲོ་བ་མི་རིག་སོ།།མན་ཏེས་སྨྲས་པ།རྒྱལ་བུས་སྦྱིན་པ་མཛད་པ་ནི།འཇིག་རྟེན་གང་ནི་ཡང་འདི་འདྲ་བ ་མེད་པས།ཡིད་བཞིན་དུ་སྟོན་པ་མཛད་དུ་གསོལ།རྒྱལ་བུས་སྨྲས་པ།ཁྱོད་དེ་ལྟར་ནུས་ན་ཤིན་ཏུ་ལེགས།།ཞེས་རྒྱལ་བྷ་དང་།བཙུན་མོ་དང་།སྒྲས་གཉིས་དང་བཅས་འགྲོགས་ཏེ། ་ཡུམ་གང་ན་བ་དེར་སང་ནས།ད་བདག་ཅིག་མཆིའོ་ཞེས་མཆི་ཕྱག་བྱས་ནས།ཡུམ་ལ་འདི་སྐད་ཅེས་གསོལ་ཏོ།།ཡུམ་གྱིས་སྐབས་སྐབསུ་རྒྱལ་པོ་ཆེན་པོ་ལ།ཇི་ནས་དཀར་པོའི་ཆོས་ཀྱིས ་ཡུལ་གྱི་སྲིད་བདེ་ཞིང་འབངས་མང་པོ་སྙམས་ལས་མི་བཅད་པར་གྲོས་གདབ་པར་གསོལ་ལོ།།ཡུམ་གྱིས་རྒྱལ་བུ་འགྲོའོ་ཞེས་མཆི་ཕྱག་བྱས་པ་མཐོང་ནས།ལྷག་པར་མྱ་ངན་གྱིས་གདུངས་ཏེ ་དྲུང་ན་འདུག་ལ་འདི་སྐད་ཅེས་སྨྲསོ།།ཁོ་མོའི་ལུས་འདི་ནི་རྡོ་བ་ཡིན་པ་ལྟ།སྙིང་ནི་རྡོ་རྗེ་ཡིན་པ་ལྟ་སྟེ།བདག་གི་རྒྱལ་པོ་ཆེན་པོའི་རིམ་གྲོ་བྱ་བ་ལ་སྐྱོན་མ་བྱུང་ན།དེ་ཁོ་མོའི་བུ་གཅིག ་བུ་འདི་དང་བྱ་བྲལ་ཏེ།འགྲོ་ན་ཅིའི་ཕྱིར་ཁོ་མོའི་སྙིང་འདིགས་ཏེ་ཤི་བར་མ་གྱུར།བུ་འདི་ཁོ་མའི་ཁོངས་པ་ན་འདུག་པ་ན།སྐྱེད་ཤིང་གི་འདབ་མ་ལྷོར་ཉིན་མཚན་ཆེར་སྐྱེས་ཏེ།དེ་སྐྱེད ་རྫོགས་ནས།ཁོ་མོ་བོར་ཏེ་སོང་བས་ན།བཙུན་མོ་ཐམས་ཅད་ཀྱང་བདག་ལ་སྙིང་ཚིམ་མོ་ཞེས་བརྗོད་ལ་རྒྱལ་པོས་ཀྱང་བཀུར་བོར་མི་འགྱུར་ན།གལ་ཏེ་ལྷ་རྣམས་ཀྱིས།།བདག་གིས ་སྨོན་ལམ་བཞིན་མི་འགལ་བར་མཛད་ན།བདག་གི་བུ་བྱིར་ཡུལ་དུ་འཁོར་བར་ཤོག་ཤིག།ཅེས་སྨོན་ལམ་བཏབ་བོ།།དེ་ནས་རྒྱལ་བུ་བཙུན་མོ་དང་སྲས་གཉིས་དང་བཅས་ཏེ ་ཡབ་དང་ཡུམ་ལ་མཆི་ཕྱག་བྱས་ཏེ།དོང་ངོ་།།དེའི་ཆེ་བཙུན་མ་ཉི་ཁྲིས་ནི་སོ་ས་ནས་མུ་ཏིག་གི་རྐུན་མོ་རི་རཱི་བགྷྣཱ་སོ།།ཟིན་པ་ཆེན་པོ་བཞི་སྟོང་གིས་ནི་རིན་པོ་ཆེ་སྣ་བདུན ་ལས་བྱས་པའི་མེ་ཏོག་དང་པདྨོ་རེ་རེ་རྒྱལ་བུ་ལ་བརྡུང་སོ།།དེ་ནས་རྒྱལ་བུ་པོ་བླང་ནས་བྱུང་སྟེ།གྲོང་ཁྱེར་གྱི་བྱང་སྒོར་ཕྱིན་ནས།རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་།དོ་ཤལ་ཡང་རིལ་གྱིས ་ཕྱོགས་བཞི་ནས་འདུས་པ་ལ་མི་ལུས་པར་བྱིན་ནོ།།ཡུལ་དེ་ན་གནས་པའི་མི་མང་པོ་ཁྲི་ཕྲག་དུ་མས་རྒྱལ་བུ་བསྐྱལ་ཏེ།དེ་དག་འདི་སྐད་ཅེས་གཏམ་དུ་བརྗོད་དོ།།རྒྱལ་བུ་འདི་ནི་ཤིན ་ཏུ་དགེ་བ་ཡུལ་གྱི་ལྷ་མཉན་ལྟ་བུ་ཡིན་ན།ཅིའི་ཕྱིར་ཡངབ་ཡུམ་གྱིས་སྲས་རིན་པོ་ཆེ་འདི་ལམ་རིང་དུ་སྤངས་ཤེས་མཐོང་བ་ཐམས་ཅད་ཀྱིས་ཕང་སོ་ཞེས་སྨྲསོ།།དེའི་ཚེ་རྒྱལ་བུ ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ།སྐྱེད་ཤིང་གི་དྲུང་ན་འདུག་སྟེ།སྐྱེལ་བའི་མི་རྣམས་ལ་འདི་ནས་ཕྱིར་དང་ཤིག་ཅེས་སྤྲོ་བའི་ཚིག་སྨྲས་པ་དང་།སྐྱེལ་སྐྱེལ་བ་ཆེ་ཆུང་ཐམས་ཅད་མཚོ་མ་བླགས ་ཏཱི།དུས་ནས་ཕྱིར་དང་ངོ་།།དེ་ནས་རྒྱལ་བུས་བཙུན་མོ་དང་སྲས་གཉིས་ཤིང་རྟའི་ནང་དུ་བཞག་ནས།རྒྱལ་བུ་ཉིད་ཀྱི་ཤིང་རྟ་ཁ་ལོ་བ་སྒྱུར་ཏེ།སོང་བ་ལས་རྒྱངས་ཆད་པ ་ཕྱིན་ཏེ།སྐྱེང་ཤིང་གི་དྷུ་ན་ངལ་བསོ་ཞིང་འདུག་པ་ལས།བྲམ་ཟེ་དག་ཅིག་ལྷགས་ནས།རྒྱལ་བུ་ལོ་ཤིང་རྟ་ཁྲིད་པའི་རྟ་བསླང་སོ།།རྒྱལ་བུས་སློང་བ་ལ་རྟ་སྦྱིན་ནས། ་སྲས་བུ་གཉིས་ཤིང་རྟའི་སྟང་དུ་བཞག་སྟེ།བཙུན་མོས་ནི་ཤིང་རྟའི་བྱིནས་ཕུལ།རྒྱུལ་སྨྲས་ནི་མདུན་ནས་པྲས་ཏྭཱ།རྐང་པས་ཤིང་རྒྱུ་འདུན་ཅིང་སོང་བ་ལས།རིང་པོ་མལོན་པར་ཡང ་བྲམ་ཟེ་ཞིག་དང་ཕྲད་ནས།ཤིང་རྟ་བསླངས་པ་དང་།རྒྱལ་བུས་ཤིང་རྩཝ་ཡང་བྲམ་ཟེ་ལ་བྱིན་ནོ།།དེ་ནས་ཡང་སོང་བ་ལས།རིང་པོ་མ་ལོན་པར་ཡང་བྲམ་ཟེ་སློང་བ་དང་ཕྲད་ནས།རྒྱལ ་བུས་དེ་དག་ལ་འདི་སྐད་ཅེས་སྨྲས།།གལ་ཏེ་བདག་གིས་ཁྱོད་ལ་མ་བྱིན་ན་ནི།ཆགས་ཤིང་སེར་སྣ་བྱེད་པར་འགྱུར་ན།ད་ནི་བདག་ལ་ནོར་ཟས་ཟད་དོ་ཅི་ཡང་མེད་དོ་ཞེས་སྨྲས་པ་དང་། ་བྲམ་ཟེ་ན་རེ།ནོར་རྫས་མེད་ན་ལུས་ལ་གྱོན་པའི་གོས་དེ་ང་ལ་བྱིན་ཅིག་ཅེས་སྨྲས་པ་དང་།རྒྱལ་བུས་ལུས་ལ་གྱོན་པའི་གོས་རིན་པོ་ཆེ་ཡང་སློང་བ་ལ་བྱིན་ཏེ།གོས་སྙིང་པོ་ཞིག་གྱོན་ཏེ ་དོང་བ་ལས།རིང་པོ་མ་ལོན་པར་བྲམ་ཟེ་ཡང་སློང་བ་ཞིག་དང་ཕྲད་ནས།རྒྱལ་བུས་བཙུན་མོའི་གོས་བྱིན་ནོ།།དེ་ནས་དོང་བ་ལས།རིང་པོ་མ་ལོན་པར་བྲམ་ཟེ་སློང་བ་དང་ཕྲད་ནས་རྒྱལ ་བུས་སྲས་གཉིས་ཀྱི་གོས་ཀྱང་བྱིན་ནོ།།དེ་ལྟར་རྒྱལ་བུས་རྟ་དང་།ཤིང་རྟ་དང་།ནོར་རྫས་དང་།བསྔོ་བའི་གོས་ཀྱི་བར་དུ་མ་ལུས་པ་ཟད་པར་བྱིན་པ་ཡང་།ཐོག་མ་ནས་འགྱོད་པའི ་སེམས་སྒྲའི་ཉག་མ་ཙམ་ལམ།།བ་སྤུ་ཙམ་ཡང་མེད་དོ།།རྒྱལ་བུས་ནི་སྲས་བུ་ཁུར་དུ་ཐོགས།བཙུན་མོས་ནི་སྲས་མོ་ཕང་དུ་ཁྱེར་ནས།རྐང་པས་སོང་ཡང་རྒྱལ་བུ་དང་།བཙུན ་མོ་དང་།སྨྲས་གཉིས་ཀྱིས་བར་དུ་དགའ་བའི་མདངས་དང་བཅས་ཏྭ།རིག་ལ་བ་དང་སོང་ངོ་།།རི་ད་ན་ཏིག་ཅེས་བྱ་བར་ཡུལ་ཡ་བ་ནས་ལམས་རབ་ཏུ ་རིང་སྟེ།དཔག་ཚད་ཕྲག་སྟོང་ཞིག་ཡོད་དོ་དེ་ལྟར་སོང་སོང་བ་ལས།འབྲོག་དགོན་པར་ཕྱིན་ནས།བཀྲེས་པ་དང་།སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་ལས།སུམ་ཅུ་རྩ་གསུམ ་གནས་ཀྱི་ལྷའི་དབང་པོས་འབྲོག་དགོན་པ་དེར།གྲོང་ཁྱེར་ཁྱིམ་བཟང་པོ་ཚོང་དུས་དང་།ལམ་སྲང་ཡོད་པ།རོལ་མོ་དང་།གོས་དང་།བཟའ་བ་དང་།བཏུང་བ་དང་ལྡན་པ། ་གྲོང་ཁྱིམ་དོན་མི་དག་གིས།རྒྱལ་བུ་བསྡུ་བ་དག་སྤྲུལ་ཏོ།།མི་མང་པོས་རྒྱལ་བུ་གྲོང་ཁྱིམ་དུ་བསུས་ཏེ།ཟས་དང་།སྐོམ་དང་།བདེ་བའི་ཡོ་བྱད་ཀྱིས་བསྟབས་པ་དང་།བཙུན ་མོས་རྒྱལ་བུ་ལ་སྨྲས་པ།ལམ་རིང་པོར་བགྲོད་པས་རབ་ཏུ་ང་ལད་ཐལ་བྱུང་འདུག་དུ་མི་རུང་ངམ།རྒྱལ་བུས་སྨྲས་པ།ཡབ་རྒྱལ་པོ་བདག་ཅག་ལ།རི་དན་ཏིག་ཏུ་སོང་ཤིག་ཅེས ་བཀའ་སྩལ་ཏེ།ད་འདིར་འདུག་པར་གྱུར་ན།ཡབ་རྒྱལ་པོའི་བཀའ་དང་།འགལ་བར་འགྱུར་ཏེ།བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་གསུང་ནས་གྲོང་ཁྱེར་དེ་ནས་བྱུང་སྟེ།མོད་ལ ་སོང་ངོ་།།དེ་ལྟར་སོང་བ་ལས།རིང་པོ་མ་ལོན་པར།རི་དན་ཏིག་གི་དྲུང་དུ་ཕྱིན་པ་དང་།རི་དེའི་དྲུང་ན།ཆུ་ཆེན་པོ་ཤིན་ཏུ་ཟབ་པ།རྒལ་བར་མི་ཐར་པ་ཞིག་དང་ཕྲད་དོ།། ་དེ་ནས་བཙུན་མོས་རྒྱལ་བུ་ལ་རེ་ཤིག་འདིར་བསྡད་དོ།།ཆུ་ཆེན་པོ་བྲི་ནས་རྒལ་ཏེ་འདོང་།ཞེས་སྨྲས་པ་དང་།རྒྱལ་བུས་སྨྲས་པ།ཡབ་རྒྱལ་པོས་བདག་ཅག་ལ།རི་དན་ཏིག་ཏུ་སོང་ཤིག་ཅེས།། ་བཀའ་སྩལ་པས།ད་འདིར་འདུག་པར་གྱུར་ན།རྒྱལ་པོའི་བཀའ་དང་འགལ་ཏེ།བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་སྨྲས་པས།རྒྱལ་བུ་དེ་མ་ཐག་ཏུ་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་དུ ་ཞུགས་པ་དང་།མོད་ལ་ཆུའི་ནང་ནས་རི་ཆེན་པོ་ཞིག་བྱུང་ནས།ཆུའི་རྒྱུན་བཅད།།དེ་ནས་རྒྱལ་བུ་དང་བཙུན་མོ་གོས་བརྗེས་ཏེ།ཆུ་རྒལ་ནས།ཕར་རྒལ་མ་ཐག་ཏུ།རྒྱལ་བུས་ཡང ་འདི་སྙམ་དུ་བསམ་སོ།།ཐལ་བྱུང་སོང་བར་གྱུར་ན།ཆུ་འཁྱིལ་པ་འདིས་སེམས་ཅན་མང་དུ་འཆི་སྟེ།གྲོག་སྦུར་མང་པོ་ཆུས་ཁྱེར་བར་འགྱུར་སྙམ་བསམས་ནས།རྒྱལ་བུ་ཕྱིར་ཆུ་ལ་བལྟས ་ཏེ།འདི་སྐད་ཅེས་སྨྲསོ།།ཆུ་ཁྱོད་སྔ་མ་པོ་བཞིན་དུ་རྒྱུན་ཏུ་འབབ་ཅིང་གལ་ཏེ་བདག་འདོད་པ་ཞིག་འོངས་ན་ཡང་ཐར་བར་བྱོས་ཤིག་ཅེས་བྱས་མ་ཐག་ཏུ་མུ་ཡང་སྔ་མཁོ་བཞིན་དུ་འབབ་པར ་གྱུར་ཏོ།།དེ་ནས་སོང་བ་ལས་རི་དྲན་ཏིག་ཏུ་ཕྱིན་ནས།རྒྱལ་བུས་རི་དེ་ལ་བལྟས་ན།རི་དེ་རང་རོང་དང་ཟད་ཟེད་དུ་འདུག་ལ།ཤིང་མང་པོ་རབ་ཏུ་རྒྱས་ཤིང་།བྱ་སྣ་ཚོགས་ཀྱང་སྙན་པའི ་སྒྲ་འབྱིན།འབབ་ཆུ་དང་།ཆུ་མིག་དང་།མཚེའུ་དང་།ལྟེང་ཀར་ལྡན་ཏེ།ཆུ་ནི་མངར།འབྲས་བུ་ཞིམ།ཆུ་བྱ་དང་།ངང་ངུང་དང་།འཛིན་མོ་དང་།རི་སྐེགས་ལ ་སོགས་པ་བྱ་རྣམ་པ་སྣ་ཚོགས་དག་ཀྱང་གནས་པ་མཐོང་ནས།རྒྱལ་བུས་བཙུན་མོ་ལ་ཡང་འདི་སྐད་ཅེས་སྨྲསོ།།རི་འདི་ལ་བལྟས་ན།ཤིང་དང་།ཚལ་གནམ་ལ ་རེག་པ་ཙམ་དུ་སྐྱེས་ན་ཡང་།བརྔས་པ་འམ།བཅད་པ་མེད་པས།ཆུ་མིག་ཞིམ་པོ་ལ་འཐུང་ཞིང་།འབྲས་བུ་མངར་བ་ཟ་བ་སྟེ།རི་འདི་ལ་སྒོམ་པ་དག་ཡོད་པས།འདིར་གནས ་པར་བྱའོ།།རྒྱལ་བུ་རི་དེ་ལ་ཕྱིན་པ་དང་།རི་དེ་ལ་གནས་པའི་འདབ་ཆགས་བྱ་དང་།གཅན་ཟན་དང་།རི་དགས་ཐམས་ཅད་རབ་ཏུ་དགའ་ནས།རྒྱལ་བུ་བསུ་སོ།།དེའི་ཚེ་རིལ་སྒོམ་པའི ་དགེ་སློང་ཨ་ཙུ་ཏཱ་ཞེས་བྱ་བ།ལོ་ལྔ་བརྒྱ་ལོན་པ།ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ།རྒྱལ་བུ་དེའི་དྲུང་དུ་སོང་ནས།ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས།འདི་སྐད ་ཅེས་སྨྲསོ།།རི་འདྲི་ལ་གང་ཕྱོགས་ན་འབྲས་བུ་དང་ཆུ་མིག་བཟང་པོས་ལྡན་པ་གནསུ་རུང་བ་ཅི་ཡོད་ཅེས་དྲིས་པ་དང་། ཙུ་ཏས་སྨྲས་པ།རི་འདི་གནས་ཐམས་ཅད་དུ།བསོད་ནམས ་དང་ལྡན་པའི་ས་གཞི་ཡིན་པས་གང་དུ་གནས་ཀྱང་རུང་སྟེ།རི་འདི་ནི་ཤིན་ཏུ་དབེན་པོའི་གནས་གཙང་བ་ཡིན་པས་ན།ཅི་རྒྱལ་བུ་ཁྱོད་ཆུང་མ་དང་བུ་སྨད་དུ་བཅས་ཏེ།ཆོས་སློབ་དུ ་འོངས་སམ།དེ་ལ་རྒྱལ་བུས་སྨྲས་མ་ཁོམ་པར།བཙུན་མོ་མན་ཏས་སྨྲས་པ།དགེ་སློང་ལ་འདི་སྐད་ཅེས་སྨྲསོ།།བཙུན་པ་རི་ལོ་ལམ་བསྒོམས་ནས་ཅི་སྲིད་ཅིག་ལོན།དགེ་སློང ་ནས་སྨྲས་པ།ར་འདོད་བྱིན་ནས།མ་བན་བངྒཱའམ་ལྔ་བརྒྱ་ཙམ་ཡིན་ནོ།།བཙུན་མོ་མན་ཏེས་སྨྲས་པ།དདུང་བདག།དང་བདག་སློ་འཛིན་ན།ནམ་ཞིག་ལམ་ཐོབ་པར་ཤཱགྱུ་།རཱ། ་མུ་གནས་ཀྱང་། ཤིང་དུང་ཐ་མེདད་།བདག་དང་བདག་གར་མི་འཛིན་ན།འདུ་ལ་མཐའ་པརའི་འགྱུར་ནིའོ།།དས་སློང་གིས་སྨྲས་པ།བདག་གས་ཡང་ད་།བྱཱ་ནཱ ་ཤེས།།དེ་ནས་རྒྱལ་བུས་དགེ་སློང་ལ་སྐྱེས་པ།བཙུན་པ་ཡུལ་ཡ་བའི་རྒྱལ་དུ་རྒྱལ་ཆ་བདུན་གྲུབ་ཅེས་བྱ་བ་ཐོས་སམ།དགེ་སློང་གིས་སྨྲས་པ།བདག་གིས་རྒྱུན་ཏུ་ཐོས་ཀྱི་མཚ ་མ་ཡིན་ནོ།།རྒྱལ་དུས་སྨྲས་པ།བདག་ནི་རྒྱལ་དུ་རྒྱལ་ཚེ་བ་དོན་གྲུབ་ཅེས་བྱ་བ་ཡིན་ནོ།།དགེ་སློང་གིས་རྒྱུལ་བུ་ཁྱོད་གར་འ་ཅི་འདོད་ཅེས་དྲིས་པ་དང་།རྒྱལ་བུས་སྨྲས་པ།བདག་ནི ་ཐེག་པ་ཆེན་པོའི་ལམ་འདི་དོ་ཞེས་སྨྲས།།དགེ་སློང་གིས་སྨྲས་པ།རྒྱལ་པོའི་ཡོན་ཏན་དང་སྦྱ་ནི།རིང་པོར་མརྫོགས་པར་ཐོག་པ་ཆེན་པོ་ལ་མཐོབ་པར་འགྱུརཏེ།རྒྱལ་བུ་རྫུན ་ད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པན།བདགན་ཏེ་གནས་རྫུ་འཕྲུལ་གྱི་མཆོག་ཏུ་མྱུར་ཅིག་ཅེས་སྨྲས་ནས།རྒྱལ་དུ་ཁྲིད་དེ་འདུག་པའི་གནས་བསྟན་ཏེ།།དེ་ནས་དགེ་སློ་གས ་ཆེ་མེ་བཞིན་དུ་རྒྱལ་བུ་སྒྲཟླས་ནས།མདུད་པ་བར་ནས།ས་སུ་ནི་ཤིང་གི་འབྲས་བུ་ཤིང་ཏོག་ཟ།སྐུམ་དུན་ནུ་མག་འཐུང་ངོ་།།དེ་ནས་རྒྱལ་བུས་ཤིང་དང་རྣ་བསྡུས་ཏེ།།བ་དགེ་འདུན ་པའི་རྒྱའི་སྐྱིལ་པོ་ཆུང་ངུ་མ་ཅིག་བྱས།བཙུན་མོ་མུན་ཏྟེ།བུ་མིང་སྲིད་གཉིས་འདུག་པའི་སྐྱིལ་པོ་རེ་རེ་ཡང་བྱས།།དེའི་ཆེན་ཁྱེའུ་ཡི་མིང་ནི་ཡ་རཱི་ཞེས་བྱ་བ་སྟེ། ་ལོ་བདུན་ལོན་ནས།གོས་རང་གྱོན་ནུས་ཏེ་ཕའི་ཕྱི་བཞིན་དུ་འགྲོའོ།།བུ་མོའི་མིང་ནི་གེ་ནོ་ལན་ཞེས་བྱ་སྟེ།ལོ་དྲུག་ལོན་པས།།རི་དགས་ཀྱི་ལྤགས་པ་གྱོན་ཅིང་།མིའི་ཕྱེ་བཞིན ་འགྲོའོ།།རི་དེ་ལ་གནས་པའི་གཅན་ཟན་དང་།རི་དགས་དང་།འདབ་ཆགས་བྱ་ལ་སོགས་པ་ཐམས་ཅད་ཀྱང་།རབ་ཏུ་དགའ་ནས།རྒྱལ་བུ་ལ་རྟེན་ཅིང་གནསོ།།རྒྱལ་བུ་རི་དེ ་ལ་ཕྱིན་ནས།ཞག་ཅིག་ལོན་པ་དང་།སྔོན་སྐམས་པའི་ཆུ་མིག་དང་།རྫིང་ཡོང་ཆུབ་གང་བར་གྱུར།སྐྱེད་ཤིང་སྐམས་པ་རྣམས་ཀྱང་།ཐམས་ཅད་མེ་ཏོག་དང་འདབ་མ་སྐྱེས་པར། ་གྱུར་ཏེ།སྲིན་བུ་འདུག་པ་རྣམས་ཀྱང་མེད་པར་གྱུར་ནས།གཅན་ཟན་གཅིག་ལ་གཅིག་ཟ་བ་ཡང་སོ་སོ་ནི་རྩལ་ཟ་བར་གྱུར།འབྲས་བུའི་ཤིང་རྣམས་ཀྱང་རྒྱས་ཤིང་བཟང་པོར ་གྱུར།བྱ་སྣ་ཚོགས་སྙིང་རྗེའི་སྐད་ཀྱིས་སྒྲ་སྐད་སྙན་པ་འབྱིན་པར་གྱུར་ཏེ།བཙུན་མོ་མན་ཏཱས་ནི།ཤིང་གི་འབྲས་བུ་དང་།ཤིང་ཏོག་རྔ་ཞིང་རྒྱལ་བུ་ལ་ཕུལ་ཏེ།སྲས་མིང ་སྲསྲིང་གཉིས་ཀྱང་བསྟོད་དོ།།སྲས་བུ་མང་སྲང་གིཉིས་ནི་སྐབས་སྐབསུ་ཕ་མ་གཉིས་དང་བྲལ་ཏེ།ཧ་ཅང་ཡང་མི་རིང་བའི་ཆུ་མིག་འགྲམ་དག་ཏུ།ག་ཅན་ཟན་ནམ།རི་དགས་དག ་དང་ལྷན་ཅིག་རྩེ་སྟེ།བར་འགའ་ཞིག་ལོན་པར་ཡང་རྩཝའོ།།ཕྱིས་དུས་གཞན་ཞིག་ན།སྲས་ཁྱེའུ་ཡ་སེང་གེ་ལ་ཞོན་པ་ལས།སེང་གོ་རྒལ་ནས།རྔབ་ཅིག་བསྣུན་པས།སྲས་བུའི ་གདོང་བ་ཅུང་ཟད་སྣོད་དེ་ཁྲག་བྱུང་བ་ལས།སྤྲེའུ་ཞིག་གིས་ཤིང་གིས་ལོ་མ་བླངས་ཏེ།གདོང་གི་ཁྲག་ཕྱིས་ནས།ཆུ་འགྲམ་དུ་ཁྲིད་དེ་ཁྲག་ཕྱིས་པ་ཡང་།རྒྱའི་བུས་རྒྱུང་མ་ནུས ་མཐོང་།དྲིའི་ཚེ་ཡུལ་ཀེའུ་ལེའུ་ཞེས་བྱ་བར།བྲ་ཟེ་དབུལ་པོ་ཞིག།ལོ་བཞི་བཅུ་ལོན་ནས་ཆུང་མ་བླངསོ།།ཆུང་མ་ནི་རབ་ཏུ་བཟང་ཞིང་སྡུག་ལ།བྲམ་ཟེ་དེ་ནི་རབ་ཏུ་མི་སྡུག་པའི་མཎྜ ་མ་བཅུ་གཉིས་རྫོགས་པར་ཡོད་དེ།དེའི་ལུས་མདོག་སོལ་བ་ལྟར་གནག་ལ།གདོང་ལ་འབུར་པོ་གསུམ་ཡོད་པ།སྣ་འབྱོར་ཞིང་།མིག་གཉིས་ཤེལ་ལྟར་སྔོ་བ།གདོང ་གཉེར་མ་ཅན་ལ།མ་མཆུ་འཕྱང་བ།སྨྲ་བའི་སྐད་མི་སྙན་པ།གསུས་པ་ཆེ་ལ་རྐུ་བ་འབུར་བ།རྐང་པ་གཉིས་གྱོལ་བ།མགོ་ཤུ་བ་ཙ་ཅན་ལ།སྐྲ་མེད་པ།འདྲེ་ལྟར་མི ་སྡུག་པ་ཞིག་སྟེ།ཆུང་མས་ཀྱང་མཐོང་མི་འདོད་པ་ཙམ་དུ་ཤི་ཡང་བླ་ཞེས་རྒྱུན་ཏུ་དམོད་མོ་བྱེད་པ་ཞིག་ཡོད་དོ།།དུས་གཞན་ཞིག་ན་ཆུང་མ་དེ་ཆུ་ཆུར་སོང་སོང་བ་ལས།ལམ་དུ་ཁྱེ ་ག་གཞོན་ནུ་མ་དག་ཁ་ཅིག་དང་ཕྲད་ནས།ཁྱོག་རྣམས་ཀྱིས་ཁྱིམ་ཐབས་ཀྱི་ཁ་གཟུགས་འདྲའོ།།ཞེས་ཅོ་དྲི་ཞིང་བརྒད་ནས།ཁྱོད་ནི་དཔེ་མེད་པར་བཟང་ཞིང་སྡུག་ན།ཅི་ལྟར ་འདི་འདྲ་བའི་ཆུང་མ་བྱེད་ནུས་ཤེས་སྨྲས་པ་དང་།ཆུང་མས་ཁྱོ་ག་དེ་དག་ལ་འདི་སྐད་ཅེས་སྨྲས།།རྒན་མོའི་མགོ་ནི་ཤིང་ལ་བ་མོ་ཆགས་པ་ལྟར་སྐྱ་བ་དེ།ནང ་ནུབ་ཤེ་བར་དགའ་ན།ཤེར་མི་བཏུབ།ཅི་ལྟར་བྱ་ཞེས་ཆུ་སྣོད་ཐོགས་ནས།ཕྱིར་ཁྱིམ་དུ་འོངས་ཏེ།ཁྱིམ་ཐབ་ལ་འདི་སྐད་ཅེས་སྨྲསོ།།བདག་ཆུ་ཆུར་སོང་སོང་བ་ལས།ལམ ་དུ་ཁྱོ་ག་གཞོན་ནུ་དག་ཅིག་དང་ཕྲད་དེ།དེ་དག་བདག་ལ་ཅོ་བྲོ་ཞང་བརྒད་པས།ང་ཁྱོད་ཀྱིས་བཀོལ་བའི་བྲན་ཡོད་ན།ཆུ་ཆུ་ཡང་མི་དགོས་ཏེ།གཞན་གྱིས་དཔྱས་པར་ཡང་མི ་འགྱུར།།ཁྱིམ་ཐབ་ཀྱིས་སྨྲས་པ།བདག་ཅག་ནི་ཤིན་ཏུ་དབུལ་ཕོངས་པ་ཡིན་ན།བྲན་ཁོལ་ག་ལས་རྙེད་པར་འགྱུར།ཆུང་མས་སྨྲས་པ།གལ་ཏེ་བདག་གིས་ཕྱིར་བྲན་ཁོལ ་མ་བཙལ་ནུ།བདག་ཀྱང་འགྲོ་སྟེ།ཁྱོད་དང་ལྷན་ཅིག་མི་གནས།།ཆུང་མས་ཡང་འདི་སྐད་ཅེས་སྨྲས།།ཁོ་མོས་ཐོས་ན།རྒྱལ་བུ་དན་གྲུབ་སྦྱིན་པ་མ་འོས་པར་བྱིན་པས།ཡབ ་རྒྱལ་པོས་རི་དན་ཏིག་ཅེས་བྱ་བར་སྤངསོ།།རྒྱལ་བུ་དེ་ལ་ཁྱེའུ་གཅིག་དང་།བུ་མོ་གཅིག་ཡོད་ཅེས་གྲག་གིས་ཁྱོད་དེར་སློང་དུ་སོང་ཤོག།ཁྱིམ་ཐབ་ཀྱིས་སྨྲས་པོ།རི་དན་ཏིག ་ཅེས་བྱ་བ།འདི་ནས་དཔག་ཚད་དྲུག་སྟོང་ལྷག་ཙམ་གཅིག་གི་ལམ་སོ་ཡོད་ལ།སྔོན་ལ་ལུང་བགྲོད་ཀྱང་མ་མྱོང་ན།དེ་ཅི་ལྟར་བགྲོད་པར་བྱ།ཆུང་མས་སྨྲས་པ།བདག་གི། ་ཕྱིར་བན་ཁོལ་མ་བཙལ་ན།བདག་འགེགས་ཏེ་འཆིའོ།།ཞེས་སྨྲས་པ་དང་།ཉིས་ན་ཁོ་བོ་ནི་གཅིག་གུས་བསད་ཀྱང་སླའོ།།ཁྱོད་ཤི་བར་མི་འདོད་དོ་ཞེས་སྨྲས་ནས།ཁྱོད་ཀྱིས་བདགེ་སློང ་དུ་འགྲོ་བར་དད་ན།ཁོ་བོའི་རྒྱགས་དང་།དགོས་པ་སྦྱོར་ཅིག་ཅེས་བསྒོའོ།།ཆུང་མས་སྨྲས་པ།ད་སོང་ཤིག་རྒྱགས་དང་དགོས་པ་ཡང་མེད་དོ་ཞེས་སྨྲས་ནི།བྲམ་ཟེས་རྒྱགས་རང་སྦྱར ་ཏེརྐང་པས་ལམ་དུ་ཞུགས་ཏེ་སོང་ངོ་།།དེ་ནས་བྲམ་ཟེ་ཡུལ་ཡ་བ་ཞེས་བྱ་བ་གཽ་ལ་བ་དེར་སོང་སྟེ།དེར་ཕྱིན་པ་དང་།རྒྱལ་པོའི་ཕོ་བྲང་གི་སྒོར་འོངས་ནས།སྒོ་སྲུང་བ་ལ།རྒྱལ་བུ ་དོན་གྲུབ་ད་ལྟར་ག་ལ་འདུག་ཅེས་དྲིས་པ་དང་།སྒོ་སྲུངས་དེ་ཕོ་བྲང་གི་ནང་དུ་སོང་ནས།རྒྱལ་བུ་ལ་ད་ལྟར་ཕྱི་རོལ་ན།བྲམ་ཟེ་ཞིག་རྒྱལ་བུ་དོན་གྲུབ་ག་རེ་ཞེས་འདྲིའོ།།རྒྱལ་པོས་རྒྱལ ་བུ་ག་རེ་ཞེས་སྨྲས་པའི་ཚིག་ཐོས་པ་ཙམ་གྱིས་སེམས་འཁྲུགས་ཤིང་ཁྲུས་ནས།འདི་སྙམ་དུ་འདི་འདྲ་བ་ཤ་དག་གི་ཕྱིར།ངའི་སྲས་སྤངས་པར་གྱུར་ན།ད་ཡང་སླད་དུ་འོང་སྙམ་བསམས ་ནས།དཔེ་འདི་སྐད་ཅེས་བརྗོད་པར་གྱུར་ཏོ།།དཔེར་ན་མ་ནི་རང་བཞིན་གྱིས་ཚ་ཞིང་འབར་བ་ཡིན་ན།དེའི་སྟེང་དུ་ཤིང་བསྟན་པ་དང་འདྲ་སྟེ།བདག་ཀྱང་ད་ལྟར་མྱ་ངན་གྱིས་གདུངས་ཏེ་མེ ་དང་འདྲ་བ་ལས་ད་ལྟར་རྒྱལ་བུ་གཽ་རེ་ཞེས་འདྲི་བ་ནི་མེ་ལ་ཤིང་གི་བསྣན་པ་དང་འདྲའོ།།བྲམ་ཟེས་གསོལ་པ།བདག་ནི་ལམི་རང་པོ་ནས་འོངས་པ་ཡང་།རྒྱལ་བུ་རྒྱལ་ཚབ་མོའི་ཡིད ་དང་མི་འགལ་བར་སྦྱིན་པ་བགྱིད་དོ་ཞེས་མིང་སྙན་པ་སྟུང་དུ་གནམ་ལ་ཐུག།འོག་ཏུ་ཆུ་མིག་གི་གཏིང་ལ་ཐུག་གི་བར་དུ་གྲགས་པ།བདག་ལམ་རིང་པོ་ནས་རེང ་མོཡོད་པར་འོངས།།རྒྱལ་པོས་སྨྲས་པ།རྒྱལ་བུ་དོན་གྲུབ་ནི་ད་ལྟར་རི་ཤིན་ཏུ་དབེན་པ་ན་གནས་ཏེ།རབ་ཏུ་དབུལ་ཞིང་ཅི་ཡང་མེད་ན།ཁྱེད་ལ་ཅི་ཞིག་སྦྱིན་དུ་ཡོད།བྲམ་ཟེས་སྨྲས ་བ་རྒྱལ་བུ་ལ་ཅི་ཡང་མེད་ཀྱ་བདག་ཕྲད་པར་དགའོ་ཞེས་སྨོས་པ་དང་།རྒྱལ་པོས་ཀྱང་གཞན་ཞིག་ལ་ལམ་སྟོན་ཅིག་ཅེས་བསྒོའོ།།དེ་ནས་བྲམ་ཟེ་སང་སྲིང་བ་ལས།ད་ནི ་ནི་དྲོང་དུ་རྒྱ་ཆེན་པོ་ཞིག་ཡོད་པར་བྱིན་ནས།རྒྱལ་བུ་འཚོའི་ཤིག་བསམས་ཤིང་།ཡིད་ལ་བྱས་པས་ཆུའི་ཕ་རོལ་དུ་ཕྱིན་པར་གྱུར་ཏོ།།དེ་ནས་བྲམ་ཟེ་རི་དེར་ཕྱིན་ནས། ་མངོན་པ་ཞིག་དང་བྲད་དེ།རྔོན་པ་དེ་ལ།ཁྱོད་རི་ལ་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་མཐོང་དམ་ཞེས་དྲིས་པ་དང་།རྔོན་པ་དེས་ཀྱང་རྒྱལ་བུ་སྦྱིན་པ་ལ་དགའི་བས།བྲམ་ཟེ་འདི་དག ་ཕྱིར།རི་ལ་སྤངས་པར་ཤེས་པས།རྔོན་པ་དེས་ཀྱང་བྲམ་ཟེ་བཟུང་ནས།ཤིང་ལ་བཅིངས་ཏེ།བརྡེགས་པས་ལུས་ལ་རྨ་ཡང་བྱུང་།།རྟོན་པས་ཡང་སྨྲས་པ།ཁྱོད་རྒྱལ་བུ ་དྲིས་ཏེ་ཅི་ཞིག་བྱེ།མངའ་འཕང་ངོ་ཞེས་བྱས་པ་དང་།བྲམ་ཟེ་དེ་ལ་འདི་སྙམ་དུ།ད་ནི་འདིས་བདག་གསོད་ཡང་དགུན།བརྫུན་ཞིག་བྱའོ་སྙམ་བསམས་ནས།རྔོན་པ་ལ ་བདག་ལ་འདྲེན་ཅི་ཉིས་ཤེས་སྨྲས།།དེ་ནས་རྟོན་པས།ནན་ཅི་ཞིག་སྨྲ་བར་སེམས་ཤེས་དྲིས་པ་དང་།བྲམ་ཟེ་བརྫུན་ཚིག་འདི་སྐད་སྨྲས།།རྒྱལ་པོ་ཡབ་རྒྱལ་བུ་མཐོང་བར་དགའ་བས། ་བདག་འདིར་རྒྱལ་བུ་ཕྱིར་འགྲིག་སུ་འོངས་སོ།།ཞེས་སྨྲས་མ་ཐ་།རྔོན་པས་ཀྱང་བཀྲོལ་ཏེ།བཏང་ནས་སྔར་མ་རྟོགསཏེ།རྒྱུས་མ་ཤེས་སོ།།ཞེས་བཟོད་པ་གསོལ་ནས།རྒྱུ ་བུ་གང་ན་བདུག་པའི་གནས་བསྟན་ཏོ།།དེ་ནས་བྲམ་ཟེ་དེ་རྒྱལ་བུའི་ཐད་དུ་བྱིན་པ་དང་།རྒྱལ་བུས་ཀྱང་རྒྱང་མ་ནས་བྲམ་ཟེ་འོངས་པ་མཐོང་ནས།རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ་བསུས་ནས་གུས་པར་ཕྱག་བྱས་ཏེ།ཁྱོད་ག་ལས་འོངས།ལམ་དུ་ཉོན་མོངས་ཤིང་ངལ་བར་མ་གྱུར་ཏམ།ཅི་འདོད་ཅེས་སྤྲོ་བའི་གཏམ་བྱས་སོ།།བྲམ་ཟེས་སྨྲས་པ།བདག་ལམ ་རིང་པོ་ནས་འོངས་ཏེ།ལུས་ཐམས་ཅད་བརྩེ་ཞིང་ངལ་ཏེ།བཀྲེས་སྐོམ་ཞེས་སྨྲས་པ་དང་།རྒྱལ་བུས་ནང་དུ་ཁྲིད་ནས།སྟན་ལ་འདུག་ཏུ་བཅུག་སྟེ།ཤིང་ཐོག་དང་ཤིང་གི ་འབྲས་བུ་དང་།བདུང་བའི་སྐོམ་མདུན་དུ་ཕབ་ནས།བྲམ་ཟེས་ཀྱང་སྐོམ་འཐུངས།ཤིང་ཏོག་ཟོས་ཏེ།ཐལ་བྱུང་རྒྱལ་བུ་ལ་འདི་སྐད་ཅེས་སྨྲོས།།བདག་ནི་ཡུལ་ཀེའུ་ལེའུ ་ཞེས་བྱ་བའི་ཡུལ་མི་ཡིན་ཏེ།སྔ་ཞིག་ནས་རྒྱལ་བུ་སྦྱིན་པ་ལ་དགའོ།།ཞེས་ཕྱོགས་བཅུར་གྲགས་ཤིང་ཐོས་པས།བདག་ནི་རྒྱལ་བུ་དབུལ་ཕོངས་ཏེ།རྒྱལ་བུ་ལ་སློང་དུ ་མས།།རྒྱལ་བུས་སྨྲས་པ།བདག་ལ་ཡོད་པ་ལས་ཁྱོད་ལ་མ་བྱིན་ན་ན།ཆགས་ཤིང་སར་སྣ་བྱེད་པར་ཡང་འགྱུར་ན།བདག་ལ་ཅི་བདག་པ་སྔར་བཏང་ང།། ་ད་ནི་ཅི་ཡང་སྦྱིན་དུ་མེད་དོ།།བྲམ་ཟེས་སྨྲས་པ།དེ་ལྟར་ནོར་རྫས་སྦྱིན་དུ་མེད་ན།ཁྱོད་ཀྱི་བུ་གཉིས་བདག་རྒད་པོའི་བཀོལ་བ་འམ།བྲན་དུ་བྱིན་ཅིག་ཅེས་དེ་བཞིན་དུ་ལེན་གཉིས ་ལན་གསུམ་གྱི་བར་དུ་སྨྲས་ནས།རྒྱལ་བུས་ཀྱང་ཁྱོད་ལམ་རིང་པོ་ནས་འངས་ལ།བདག་གི་བུ་གཉིས་འདོད་པ་རབ་ཏུ་ལེགས་ཀྱིས།།དེ་སྦྱིན་ནོ་ཞེས་སྨྲས།།དེའི་ཚེ་ན་བུ་མིང་སྲིང་གཉིས ་རྩེར་སོང་སང་བ་ལས།རྒྱལ་བུས་བོས་ནས།བུ་ལ་འདི་སྐད་ཅེས་བསྒོའོ།།བྲམ་ཟེ་འདི་ལམ་རིང་པོ་ནས།བུ་ཁྱོད་གཉིས་སྐྱོང་ངོ་ཞེས་ཟེར་ནས།ཁྲོ་བོས་ཀྱང་སྦྱིན་པ་ཡིན་གྱིས ་ཁྱེད་གཉིས་འདིའི་ཕྱི་བཞིན་སོང་ཤིག་ཅེས་བསྒྲེ་བ་དང་།བུ་གཉིས་རྒྱལ་བུའི་མཚན་དུ་བྲོས་ནས།ངུ་སྟེ་འདི་སྐད་ཅེས་སྨྲས།།བདག་ཅག་གིས་བྲམ་ཟེ་དུ་མ་མཐོང་ན།འདི་འདྲམ ་མིང་སྟེ།འདི་ནི་བྲམ་ཟེ་མ་ལགས་ཀྱིས།ཡང་དག་པར་ཡི་དགས་ལགས་པས།དེ་བདག་ཅག་གི་མ་ཤིང་ཏོག་ཚལ་དུ་མཆིས་པ་ལས།སླར་མ་འཁོར་བར།བདག་ཅག ་གཉིས་ཡི་དགས་འདིའི་ཟསུ་སྩལ་ན།གདོན་མི་འཚལ་བར་འགུམོ།།བདག་གི་མ་སླར་མཆིས་ཏེ།བུ་དང་མ་མཇལ་ན།ཅི་ལྟར་བ་དང་བེའུ་བྲལ་བ་ལྟར།ངུ་ཞིང་ཆོ་ངེས་འདེས ་མི་དགའ་བའི་མྱ་ངན་གྱིས་གདུངས་པར་འགྱུར་རོ།།རྒྱལ་བུས་བུ་ལ་བསྒོ་བ།ཁོ་བོས་སྦྱིན་པར་གནང་བས།བསྡད་དུ་མི་རུང་སྟེ།འདི་བྲམ་ཟེ་ཡིན་གྱིས།ཡི་དགས་མ་ཡིན་པས། ་ཟོས་ཀྱིས།ཁྱེད་གཉིས་འདིའི་ཕྱི་བཞིན་སོང་ཤོག།བྲམ་ཟེས་སྨྲས་པ།བདག་ནི་ད་ཆས་ཏེ་འགྲོའོ།།གལ་ཏེ་བུའི་མི་འོངས་ན་འགྲོར་མེད་དེ།མ་བཏང་ན་རྒྱལ་བུས་བདག་ལ་བྱིན་པའི ་དགེ་བའི་སེམས།བུའི་མས་ཟློག་ཅིང་ཉམས་པར་འགྱུར་དུ་དོགསོ།།རྒྱལ་བུས་སྨྲས་པ།བདག་གིས་སྦྱིན་པ་ཅི་བྱས་ཀྱང་ཐོག་མ་ནས།ཅི་ལ་ཡང་འགྱོད་པའི་སེམས་བྱུང་མ་མྱོང་།། ་དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ།བྲམ་ཟེའི་ལག་པར་ཆུ་བླུགས་ནས།བུ་གཉིས་ཀྱི་ལག་པ་ནས་བཟུང་སྟེ།བྲམ་ཟེ་ལ་ཕུལ་བ་ན།ས་ཡང་རབ་ཏུ་གཡོས་སོ།།བུ་གཉིས་བྲམ་ཟེའི ་ཕྱི་བཞིན་མཆིར་མ་བཏུབ་ནས།ཕྱིར་རྒྱལ་བུའི་དྲུང་དུ་འོངས་ཏེ།དབུས་མོ་ས་ལ་བཙུགས་ནས།ཕ་རྒྱལ་བུ་ལ་འདི་སྐད་ཅེས་གསོལ་ཏོ།།བདག་ཅག་གཉིས་ཀྱི་ཚེ་རབས་སྔ་མ་ལ ་མི་དགེ་བའི་སྡིག་པ་ཅི་བགྱིས་ནས།འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར།བདག་ནི་རྒྱལ་པོའི་རིགསུ་སྐྱེས་ནས།ཅིའི་སླད་དུ་ཕ་རོལ་པོའི་བྲན་ཁོལ་དུ་གྱུར་ཅེས།ཕ་རྒྱལ་བུ་ལ ་སྡིགས་བཤེགས་ནཱ།འདིའི་རྒྱུ་འདིའི་རྐྱེན་གྱིས་སྡིག་པ་བྱང་ཞིང་།བསོད་ནམས་སྐྱེས་ཏེ།གང་ནས་གོང་དུ་སྐྱེས་ཀྱང་།འདི་ལྟ་བུའི་སྡུག་བསྔལ་དང་ཕྲད་པར་མ་གྱུར་ཅིག་ཅེས ་སྨྲས།རྒྱལ་བུས་བུ་ལ་སྨྲས་པ།འཇིག་རྟེན་ན་མཛའ་ཞིང་སྡུག་གཅོག།མཐར་བྱེ་དཱ་ལ་བར་གྱུར་ཏེ།ཐམས་ཅད་མི་རྟག་པས།ཡིད་བརྟན་དུ་མི་རུང་། ་ཁོ་བོ་ནམ་བླ་ན་མེད་པའི་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པ་ན།ཁྱོད་ཐར་པའི་དོན་བྱའོ་ཞེས་བསྒོའོ།།བུ་གཉིས་ཀྱིས་ཡང་ཡབ་རྒྱལ་བུ་ལ་སྨྲས་པ།བུས་ནི་མ་ལ་མི་ཚེ་ཕྱག་བགྱི ་བ་ལགས་ནི།དེ་གཞར་ཡང་མི་ཕྲད་དེ།མེའི་ངོ་མ་མཐོང་བ་ཡང་།བདག་ཅིག་གི་སྔོན་གྱི་སྡིག་པ་ལས་ཀྱིས་གདུས་པར་ཟད་ན།བདག་ཅག་གྲོམ་ཅིའི་ཕྱིར།མྱ་ངན ་གྱིས་གདུངས་ཤིང་།སྡུག་བསྔལ་བར་མི་འགྱུར་ཞེས་སྨྲེ་སྔགས་འདོན་ཏོ།།བྲམ་ཟེས་སྨྲས་པ།བདག་རྒས་ལ་ཉམ་ཆུང་བས།བུས་པ་འདི་གཉིས་བདག་བོར་ཏེ།མའི ་ཐད་དུ་བྲོས་པར་གྱུར་ན།བདག་གིས་བྱར་མེད་པར་འགྱུར་གྱིས།ཁྱོད་ཀྱིས་ཆིངེས་ལ་སྐྱེས་ཅེས་སྨྲས་པ་དང་།རྒྱལ་བུས་ཀྱང་བུ་གཉིས་ཀྱི་ལག་པ་ཕྱིང་ཀ་ལོག་ཏུ་བཟུང་སྟེ།བྲམ ་ཟེ་ཉིད་འཆིང་དུ་བཅུག་ནས།ཕྱིན་ཀ་ལོག་ཏུ་བཅིངས་པའི་ཐག་པ།བྲམ་ཟེའི་ལག་པར་བྱིན་ཏེ།སྦྲེལ་ནས་ཁྲིད་དོ།།བུ་གཉིས་ནི་དེ་ལྟར་ཁྲིད་ཀྱང་འགྲོར་མ་བཏུབ་སྟེ།འཛིན ་པ་ལས།བྲམ་ཟེས་ལྕགས་ཐོགས་ཏེ།དེད་ནས་བཞུགས་པའི་ལམ་དུ།ཁྲག་བྱུང་བ་ཡོངས་ལ་འཚལ་བར་གང་ངོ་།།རྒྱལ་བུས་དེ་ལྟར་མཐོང་ནས།མཆི་མ་བྱུང་སྟེ།མཆིན ་ས་ལ་བོ་བས།སྭ་ཡང་ཁོལ་བར་གྱུར་ཏོ།།རྒྱལ་བུ་དང་ར་ངགས་དང་གཅན་ཟན་མ་པོ་ཐམས་ཅད་ཀྱིས་བུ་གཉིས་བསྐྱལ་ཏེ།མི་སྣང་བར་གྱུར་པ་དང་།བཟོད་ཕྱིར་ལོག་གོ།རི་དགས་དང་།། ་གཅན་ཟན་ལ་སོགས་པས་རྒྱལ་བུ་བསྐྱལ་ཏེ།ཕྱིར་རྒྱལ་བུ་དང་།རྩ་བའི་གན་སུ་ཕྱིན་ནས།སྙིང་རྗེའི་སྐད་ཕྱུང་སྟེ།ལུས་ས་ལ་རྡིབས་ཤིང་འགྲེའོ།།བྲམ་ཟེ་དེས་ལམ་དུ་ཞུགས་ཏེ ་སོང་སོང་བ་ལས་ལམ་ཁར་སྐྱེད་ཤིང་ཞིག་ཡོད་པ་ལ་བུ་གཉིས་བཏགས་ཏེ་འདུག།དེ་ནས་ཚལ་དབང་བུ་གཉིས་ཕ་མ་དང་བྲད་དུ་རེ་ནས།ཤིང་གི་ཕག་འཁྲི་ཞིང་འགྲོར་མ་བཏུབ་ནས།བྲམ ་ཟས་ཡང་བཞུས་པ་ལས།བུ་གཅིས་ཀྱིས་འདི་སྐད་ཅེས་སྨྲས།།བདག་ཅག་ལ་མ་རྡེག་ཤིག།བདག་ཅག་རང་འགྲོའོ།།ཞེས་གནམ་ལ་ཡང་བལྟས་ཏེ།ཡང་འདི་སྐད་ཅེས་སྨྲས།།རི ་མཉན་གྱི་ལྷ་དང་།ནགས་ཚལ་གྱི་ཤིང་ལྷ་རྣམས།བདག་ཅག་ལ་ཅུང་ཟད་ཐུགས་བརྩེ་བའི་དགོངས་པ་མི་མངའ་འམ།བདག་ཅག་ནི་ལམ་རིང་པོར་གཞན་གྱི་བྲན་ཁོལ་བྱེད་དུ་འགྲོ་སྟེ། ་མ་དང་བྲལ་བར་གྱུར་ན།བདག་ཅག་གི་མ་རི་ལ་ཤིང་ཐོག་ཚོལ་ཞིང་རྔ་ར་བཏང་སྟེ།མྱུར་དུ་བདག་ཅད་དང་ཕྲད་པར་ཤོག་ཤིག་ཅེས་མི་སྦྲན་ནམ་ཞེས།དེ་སྐད་སྨྲས་པ་དང་།བུའི ་མ་རི་ལ་འདུག་པའི་རྐང་པ་གཡོན་པ་མཐེལ་གཡའ་ཞིང་གཡོ་བ་དང་།མིག་གཡོན་པ་ཡང་འགུལ།ནུ་མ་གཉིས་ནས་ནུ་ཞོ་ཡང་རང་ཟག་པར་གྱུར་ནས་འདི་སྙམ་དུ་འདི་འདྲ་བའི་ལྟས ་ངན་པ་གནའ་ནས་མ་བྱུང་ན།བདག་གི་བུ་གཉིས་ལ་ཡེ་འདྲོག་མ་བྱུང་ངམ་སྙམ་བསམ་ནས།ཤིང་ཏོག་གིས་ཅི་ཞིག་བྱ་སྙམ་སྟེ།ཤིང་ཐོག་རྔ་བ་ཡང ་བཏང་ནས།མྱུར་བར་ཕྱིར་གནསུ་འགྲོ་བར་ཆས་སོ།།དེའི་ཚེ་སུམ་ཅུ་རྩ་གསུམ་པའི་གནམ་གྱི་ལྷའི་དབང་པོས་རྒྱལ་བུས་གཞན་ལ་བུ་བྱིན་པར་ཤེས་ནས།བཙུན་མོས་དགེ་བར་བསམས།། ་བའི་སེམས་ཀྱིས་བར་ཆད་བྱེད་དུ་དོགས་པས་སེང་གེ་ཞིག་དུ་སྤྲུལ་ནས།ལམ་གྱི་སྲང་དུ་བསྟད་དོ།།བཙུན་མོས་སེང་གེ་ལ་སྨྲས་པ།ཁྱོད་ནི་གཅན་ཟན་གྱི་ཀྱལ་པོ་ཁོ་མ་ནི་མོའི ་རྒྱལ་མོ་ཡིན་ཏེ།རིལ་འཁོད་པར་འདྲ་ན།ཅུང་ཟད་ལ་མཾ་ལས་བྱོལ་ཏེ་བདག་ཐོང་ཤིག།བདག་ལ་བུ་ཆུང་ངུ་མ་ཤེད་མ་བྱེ་བ་གཉིས་ཤིག་ཡོད་དེ།ད་ཙམ་གྱི་བར་དུ་ཅི་ཡང ་མ་ཟོས་པས།བདག་འོང་དུ་ར་སྟེ་སྡུད་དོ།།སེང་གྲེས་ཀྱང་།བྲམ་ཟེ་དེ་རྒྱང་རིང་དུ་ཐལ་བར་ཤེས་ནས།ལམ་ལས་བྱོལ་ཏེ།བཙུན་མོ་བཏང་ངོ་།།བཙུན་མོ་ཕྱིར་གནས ་འོངས་ནས།རྒྱལ་བུ་འབའ་ཤིག་སྣང་གི།བུ་གཉིས་མ་མཐོང་བས་བདག་ཉིད་འདུག་པའི་སྤྱིལ་བུར་བལྟས་ན་ཡང་བུ་མ་མཐོང་།བུ་གཉིས་འདུག་པའི་སྤྱིའི་བུལ་ལ་ལྟས་ན་ཡང ་བུ་མ་མཐོང་སྟེ།དེ་ནས་བུ་རྩེ་བའི་གནས་ཆུ་འགྲམ་དུ་བཙལ་ན་ཡང་མ་མཐོང་ངོ་།།སྔོན་བུ་དང་རྩེ་བའི་རི་དགས་ཤ་བ་དང་།ཁ་ཤ་དང་།གཅན་ཟན་སེང་གོ་དང་།སྤྲེའུ ་ལགས་ཏེ།མདུན་ནས་ལུས་ས་ལ་རྡོབས་ཤོ་སྒྲ་འབྱིན་པ།ལྡན་\ུ0f7fཔའི་རྫིང་བུའི་ཆུ་ཡང་སྐམས་མ་མྱོང་ནས།མྱུར་རྒྱལ་བུ་གདུན་པ་དེར་སོ་མྦྷ།སྐྱོན་པ་དང་།རྡུལ་བུསུ་བདག་ག། ་བུ་གཉིས་ག་རེ་ཞེས་དྲིས་ན།རྒྱལ་བུ་ཅང་མི་སྨྲའོ།།བཙུན་མོས་ཡང་སྨྲས་པ།བདག་ནམ་ཤིང་ཐོག་ཐོགས་ཏེ།བྱོར་གོན་སུ་འཁོར་བ་ན།བདག་གི་བུ་གཉིས་རྒྱ་ནས་རྒྱུག་ཅིང་།།མདུན ་དུ་བསུས་ཏེ།རྡེག་ཆོས་ན་ཡང་ཕྱིར་ལངས་ཏེ།དཀྱུ་མཆོང་ཞིང་། མ་འོངས་ཨ་མ་འོང་སོ་ཞེས་འབོད་དོ།།བདག་འདུག་པ་ན་གཉིས་ཀ་གཡས་གཡོན་ན་འདུག་ཅིང་།ཕྲག་པ་འམ། ་ལུས་ལ་རྡུལ་གོས་ན་ཡང་ལངས་འཕྱི་ཞིང་སྤྲུག།ད་བདག་གི་བུ་རེ་མ་མཐོང་ན།གཞན་ལ་མ་བྱིན་ནམ།འདི་ལྟར་མ་མཐོང་བས།བདག་གི་སྙིང་གས་པར་འགྱུར་གྱིས།བདག་གི་བུ་ག ་ལ་འདུག་མྱུར་དུ་སྨྲོས་ཤིག་བདག་མྱོས་པར་འགྱུར་རོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ།དྲིས་ཀྱང་ལན་མ་སྨྲསོ།།བཙུན་མོས་ཡང་སྨྲས་པ།ལྷག་པར་སྡུག་བསྔལ་རྒྱས ་གཱརྫྫ་སཾ་ཧཱུ~ཾ།བུ་གཉིས་མ་མཐོང་བ་ལྟ་ཚད་འདོན།རྒྱལ་བུས་ལྡན་མ་སྦྱོར་བས་ལྷག་པར་མྱོས་ཤིང་འཁྲུགས་པར་གྱུར་ཏོ།།རྒྱལ་བུས་སྨྲས་པ།ཡུལ་ཀེ་འུ་ལེའུ་ཞེས་བྱ་བ་ནས།བླ ་ཟོ་ཞིག་འོས་ཏེ།བདག་གི་བུ་གཉིས་བསླངས་པ་ལས།བདག་གི་བྱིན་ནོ།།བཙུན་མོས།རྒྱལ་བུས་སྨྲས་པ་ཐོས་མ་ཐག་ཏུ།རི་རྫོབ་པ་ལྟར་ས་ལ་འགྱེལ་ཏེ།།འགྲོ་ཞིང་ཆོངས ་རྒྱལ་བུས་སྨྲས་པ།རེ་ཤིག་སྡོད་ཅིག།ཁྱོད་སྔོན་འདས་པའི་དུས་ན།སངས་རྒྱས་མར་མེ་མཛད་ཀྱི་རྒྱུ།དམ་ཇི་ལྟར་བཅས་པ་མི་དཱན་ནམ།དཱར་ཚེ་དེའི་དུས་ན། ་བདག་ནི་བྲམ་ཟེའི་བུ་གཞོན་ནུ་ཞེས་བྱ་བ།ཁྱོད་ནི་བྲམ་ཟེའི་བུ་མོ་སུ~ཾ་ཏ་རི་ཞེས་བྱ་སྟེ།ཁྱོད་ནི་དེའི་ཚེ།མེ་ཏོག་པདྨོ་བདུན་ཞིག་ཐོགས།བདག་ལ་དངུལ་གྱི་དོང་ཆེ་ལྔ་ཞིག་ཡོད་དེ ་ཁྱོད་ལ་པདྨོ་ལྔ་ཞིག་ཉོས་ནས།སངས་རྒྱས་ལ་ཕུལ་བར་བྱས་པ་ལས།ཁྱོད་ཀྱིས་པདྨོ་ལྷག་མ་གཉིས་པོ་ཡང་ང་ལ་བྱིན་ཏེ།སངས་རྒྱས་ལ་འབུལ་གྱིས།སྨོན་ལམ་དུ ་ཡང་།བདག་སྐྱེ་བ་ཕ་རོལ་ཏུ་རྟག་པར་ཁྱོད་ཀྱིས་ཆུང་མར་ཤོག་ཤིག།ཅེས་སྨོན་ལྡུམ་བཏིབ་པ་ལས།བདག་དེའི་ཚེ།ཁྱོད་དང་འདི་སྐད་ཅེས་དམ་མ་བཅས་སམ།ཁྱེད་བདག་གི ་ཆུང་མར་དགའ་ན།བདག་གི་ཡིད་དང་འགལ་བར་མ་བྱེད་ཅིག།བདག་སྦྱིན་པ་ཞིག་བྱེད་ན།ཕ་མ་གཉིས་མ་གཏོགས་པར་གཞན་སྦྱིན་ཡང་།བདག་གི་ཡིད་བཞིན་དུ་སྦྱིན ་ལས་འགལ་བར་མ་བྱེད་ཅིག་ཙེས་དམ་བཅས་པ་ལས།ཁྱོད་ན།དེ་བཞིན་དུ་བྱའོ་ཞེས་མི་ཟེར་རམ། ཁྱོད་ཀྱི་བུ་གཉིས་གཞན་ལ་བྱིན་པ།བདེན་། ་དགེ་བའི་སེམས་དཀྲུག་ཏུ་ཡང་ཅི་ཞིག་ཡོད་ཅེས།རྒྱལ་དུས་སྤྲས་མཐག་ཏུ།བཙུན་མོ་ཟས་བཅོམ་གྱིས།སེམས་དང་ཡོད་ཀྱིས་སྔོན་གྱི་གནས་དྲན་པའི་མངོན་པར་ཤེས་པ ་ཚོར་བར་གྱུར་ཏེ།རྒྱལ་བུའི་བསམ་པ་མྱུར་དུ་རྫོགས་པར་འདོད་པས།ཡིད་བཞིན་དུ་སྦྱིན་པ་ལ་རྗེ་སུ་ཡི་རང་བར་གྱུར་ཏེ།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རྒྱལ་བུས་སྦྱིན་པ་བྱིན་པ།ཅི་ལྟར ་སེམས་པ་བསམ་པའི་ཕྱིར།བྲམ་ཟེ་ཞིག་ཏུ་སྤྲུལ་ཏེ།བྲམ་ཟེ་དེ་ཡང་མི་སྡུག་པ་རྣམ་པ་བཅུ་གཉིས་དང་ལྡན་ཏེ།རྒྱལ་བུ་ག་ལ་བ་དེར་སོང་ནས།འདི་སྐད་ཅེས་སྨྲས།།རྒྱལ་བུ་ཁྱོད་སྦྱིན། ་པ་ལ་དགའ་བས།ཕ་རོལ་པོའི་ཡིད་དང་འགྲོལ་བར་མི་བྱེད་ཅེས་གྲག་སྟེ།བདག་ཀྱང་ཚོད་དུ་འདིར་སློང་དུ་འོངས་ཀྱིས།ཁྱོད་ལ་བཙུན་མོ་ཡོད་པ་དེ་བདག་ལ་བྱིན་ཅིག།རྒྱལ་བུས ་སྨྲས་པ།ཤིན་ཏུ་ལེགས་ཏེ།དེ་བཞིན་དུ་སྦྱིན་ནོ་ཞེས་སྨྲས།།བཙུན་མོས་སྨྲས་པ།བདག་ཀྱང་ཕ་རོལ་པོ་ལ་བྱིན་ན།རྒྱལ་བུའི་གཡོག་སུས་བྱ།རྒྱལ་བུས་སྨྲས་པ།ད་ཁྱོད ་ཀྱང་སྦྱིན་པ་མ་བྱས་ན།ཅི་ལྟར་ཡང་བླ་ན་མེད་པ་མཉམ་སྙོམས་པའི་བྱང་ཆུབ་ཐོབ་པར་འགྱུར།དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ།བྲམ་ཟེའི་ལག་པ་བཀྲུ་བའི་ཕྱིར།ལག་པར་ཆུ ་བླུགས་ནས།བཙུན་མོ་ཡང་བྲམ་ཟེ་ལ་ཕུལོ།།དེ་ལྟར་རྒྱལ་བུ་ལ་འགྱོད་པའི་སེམས་ཅུང་ཟད་ཀྱང་མེད་པར་བརྒྱ་བྱིན་གྱིས་རྟོགས་ནས།ལྷ་རྣམས་ཀྱིས་བསྟོད་ཅིང་བསྔགས་ཏེ།གནམས ་ཡང་ཆེར་གཡོསོ།།དེ་ནས་བྲམ་ཟེས་བཙུན་མོ་ཁྲིད་དེ།གོམ་པ་བདུན་ཙམ་དུ་ཕྱིན་པ་དང་།ཕྱིར་ལོག་ནས་བཙུན་མོ་འདི་རྒྱལ་བུ་ལ་ཕྱིར་གདམས་ཀྱིས་སུ་ལེ་ཡང་མ་བྱིན་ཅིག ་ཅེས་སྨྲས།།རྒྱལ་བུས་སྨྲས་པ།ཅིའི་ཕྱིར་མི་ཁྲིད།མི་འདོད་དམ།མིར་སྐྱེས་པའི་ཆུང་མའི་ནང་ན།ཆུང་མ་འདི་ནི་ཤིན་ཏུ་ཡང་བཟང་ཞིང་མཛེས་ཏེ།། ་རྒྱལ་བའི་བུ་མོ་ཡིན་ལ།རྒྱལ་པོ་དེ་ལ་བུ་མོ་འདི་གཅིག་པུ་ལས་མེད་དེ།ཆུང་མ་འདི་བདག་ལ་ཆུ་གང་ཚ་བས།ཁ་ཟས་གཙོ་བ་དང་།བསྲེག་པ་ཡང་ལག་དར་ཏེ་བྱེད།བཟའ ་པབ་དང་།བཏུང་བ་ངན་ཀྱང་ངན་ཅེས་མི་མཁོང་སྟེ།རྟག་ཏུ་འགྲུབ་ཆེ་ལ།བྱད་བཞིན་ཡང་བཟང་ལ་མཛེས་པས།ཁྱོད་ཁྱེར་ན་བདག་དགའ་བོ་ཞེས་སྨྲསོ།།བྲམ་ཟེས་རྒྱལ་བུ་ལ ་སྨྲས་པ།བདག་ནི་བྲམ་ཟེ་མ་ཡིན་གྱི་བརྒྱ་བྱིན་ལྷའི་དབང་པོ་ཡིན་ཏེ།ཆེད་དུ་ཁྱོད་བག་པའི་ཕྱིར་འོངས་པ་ཡིན་ནོ་ཞེས་ཕྱིར་བརྒྱ་བྱིན་གྱི་ལུས་བཟང་པོར་བསྒྱུར་ནས་ཁྱོད་ཅི་དང་ཅིར ་སྨིསྨན་ཅེས་སྨྲས།།དེ་ནས་བཙུན་མོས་གུས་ཕྱག་འཚལ་ཏེ།སྨོན་ལམ་རྣམ་པ་གསུམ་ཞིག་གསོལ་ཏེ།གང་ཞེ་ན།གཅིག་ཏུ་བུ་ཁྲིད་པའི་བྲམ་ཟེ་ཕྱིར་ཡང་བདག་གི་ཡུལ་དུ་ཕྱིན་པར ་གྱུར་ཅིག།གཉི་སུན་བདག་གི་བུ་གཉིས་བཀྲེས་པ་དང་སྐོམ་པས་སྡུག་བསྔལ་བར་མ་གྱུར་ཅིག།གསུམ་དུ་ན་རྒྱལ་བུ་དང་བདག་ཅག་གཉིས་ཀྱང་།བདག་གི་ཡུལ་དུ་མྱུར་དུ་འཁོར ་བར་གྱུར་ཅིག་ཅེས་སྨྲས་པ་དང་།བརྒྱ་བྱིན་ལྷའི་དབང་པོས་ཀྱང་།དེ་བཞིན་དུ་གྲུབ་པར་གྱུར་ཅིག་ཅེས་སྨྲས།།རྒྱལ་བུས་སྨྲས་པ།བདག་ནི་སེམས་ཅན་ཐམས་ཅད་སྐྱེ་བ་དང་། ་རྒྱུ་དུ།ན་འད་རྫོག་ལ་ལས་རྣམ་པར་མྱུར་རྫོགཅོས་ལྡན་ལམ་ང། སྦྱིན་ལྟའི་ད་ང་ས་སྨྲ་ན།ན་ལམ་དུ་གན་དྷ་མབྷཱ་རྨཱནྟུ།རྨྨཱ ་མེད་པ་ཡིན་ནོ།།དག་ཏེ་མཐོ་རིས་སུ་སྐྱེ་ཞིང་ཉི་ཟླ་ལ་དབང་བའི་བདག་པོར་འདོད་དམ།འཇིག་རྟེན་གྱི་རྒྱལ་པོར་འདོད་དམ།ཆེ་རིང་ཞིང་ཡུན་དུ་གནས་པར་འདོད་ན།བདག་གི་སྦྱིན་དུས ་ཁྱོད་ཀྱིས་སྨྲས་པའི་སྨོན་ལམ་ཁམས་གསུམ་ལས་མཆོག་ཏུ་འདས་པ་ཡིས།བདག་གིས་ནུས་པ་མ་ཡིན་ནོ།།རྒྱུལ་བུས་སྨྲས་པ།ད་ལྟར་རེ་ཤིག་མཆོག་ཏུ་ཕྱུག་པོར་གྱུར་ཏོ།།སྔོན་པས ་ཀྱང་ལྷག་པར་རྟག་པར་སྦྱིན་པ་སྦྱིན་ཞིང་།ཡང་རྒྱལ་པོ་དང་།བློན་པོ་རྣམས་དང་།དེ་དག་ཅག་ཕྲད་པར་ཤོག་ཤིག་ཅེས་སྨྲས་པ་དང་།བརྒྱ་བྱིན་གྱིས་སྨོན་པ་བཞིན་དུ་ངེས་པར ་གྲུབ་པར་གྱུར་ཅིག་ཅེས་སྐྱེས་མི་ཐག་ཏུ་མི་སྣང་བར་གྱུར་ཏོ།།ཡུ་ལི་ཀ་རུ་ལེའུ་མི་བྲམ་ཟེ་དྲིས་བྱིས་པ་གཉིས་ཁྲིད་དེ།ཁྱིམ་དུ་འོངས་ན།ཆུང་མོས་འདི་སྐད་དུ།ཁྱད་ང་ས་འདི་ལྟ་དུ ་འཁོར་ཏེ་འི་ས་པ་ལྟ་ངོ་མཚའམ།བུས་པ་འདི་གཉིས་ནི་རྒྱལ་བའི་གདུང་ལ་གིཏོགས་པ་ཡིན་ན།སྙིང་རྗེའི་སེམས་ཀྱང་མིད་དེ།འདི་ལྟར་བཙིགས་བརྫོགས་ཤིང་མྱོས་ལ་རྨང་པ ་ཁྲག་གིས་བརྩོག་པརྫོགས་ལྟར་བྱས་པ་བཟོད་དམ་ཞེས་སྤྱོས་བརྒྱད་ནས།བུས་པ་འདི་གཉིས་ཚངས་ལ་ཤཱཀོལ་དུ་རུང་བ་ཁྲིད་དེ་ཤོག་ཤིག་ཅེས་བསྒོ་བ་དང་།ཁྱིམ་ཐབ་ཀྱང་ཆུང་མ ་བསྒོ་བ་བཞིན།ཚང་དུས་སུ་སོང་བ་ལས།བརྒྱ་བྱིན་ལྷའི་དབང་པོ་སྤྲུལ་ཏེ།ཚད་དུས་སུ་འོངས་ནས།བྲམ་ཟེ་དེ་ལ་བུས་པ་འདོན་ཤིན་ཏུ་རིན་ཆེ་བ།སུ་ཡང་། ་ཉོ་མི་ནུས་སོ་ཞེས་སྨྲསོ།།བུས་པ་དེ་གཉིས་བཀྲེས་ཤིང་སྐོལ་བ་ལས།བརྒྱ་བྱིན་གྱིས་ལྷའི་རྫུ་འཕྲུལ་གྱིས་ལྕིའི་དྲི་གསུང་སྤྲུལ་ཏེ།བུས་པ་གཉིས་ཀྱི་སྤུའི་ཁུང་བུ་ནས།ལྟོ་འདྲངས ་པར་བྱས་ཏེ།བརྒྱ་བྱིན་གྱིས་བྲམ་ཟེའི་སེམས་ཀྱང་བསྒྱུར་ནས།ཡུལ་ཡ་བར་ཕྱིན་པར་བྱས་སོ།།ཡུལ་དེའི་བློན་པོ་དང་།ཡུལ་མི་ཐམས་ཅད་ཀྱིས།རྒྱལ་བུའི་སྲས།རྒྱལ་པོ ་ཆེན་པོའི་ཆེ་བ་ཡིན་པར་མི་ཤེས་པ་མེད་པས།ཡུལ་མི་ཐམས་ཅད་མྱ་ངན་གྱིས་གདུངས་ཏེ།བློན་པོ་ལ་སོགས་པས།བུ་འདྲི་གཉིས་ག་ལས་འོངས་ཤོས་དྲིས་པ་དང་།བྲམ་ཟེ ་ན་རེ།བདག་གིས་བསླངས་ཏེ་འོངས་པ་ལ།ཁྱེད་ཀྱིས་དྲིར་ཅི་ཡོད་ཅེས་སྨྲས།།བློན་པོ་རྣམས་ཀྱིས་སྨྲས་པ།བདག་ཅག་གི་ཡུལ་དུ་འོངས་པས་ན།བདག་ཅག་གིས་འདྲི ་བར་རིགས་ཀྱི།མི་འདྲི་བ་མ་ཡིན་ནོ་ཞེས་བློན་པོ་དང་།ཡུལ་མི་རྣམས་ཀྱིས་བགྲོས་ཏེ།བྲམ་ཟེ་ལས་བུ་གཉིས་དབྲོག་པར་བྱས་པ་ལས།དེའི་ནང་ནས་ཁྱིམ་བདག་གིས་འདི་སྐད ་ཅེས་གྲོས་བཏབ་བོ།།འདི་ནི་རྒྱལ་བུས་སྦྱིན་པར་བསམས་ཏེ།སྦྱིན་པ་འདི་ལ་རྒྱལ་བུས་བསམས་པའི་ཡིད་དང་འགལ་ཞིང་དབྲོག་པར་མི་རིགས་ཀྱི།ཉེས་ན་རྒྱལ་པོ་ཆེན་པོ་ལ ་གསོལ་ན།རྒྱལ་པོ་ཆེན་པོ་ཉིད་ཀྱིས་རིན་གྱིས་བསླུ་བར་འགྱུརརོ་ཞེས་བྱས་པ་དང་།གློས་སྔ་མ་བཏང་ནས།བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།།རྒྱལ་པོ་ཆེན་པོའི ་དཔོན་པོ་གཉིས་ད་ལྟར་བྲམ་ཟེ་ཞིག་འཚང་ཞིང་མཆིས་ཞེས་གསོལ་པ་དང་།རྒྱལ་པོས་ཚིག་ཐོས་མ་ཐག་ཏུ་ཆེར་དངངས་ཏེ།བྲམ་ཟེ་དང་བུ་གཉིས་ཕོ་བྲང་ནང་དུ་ཁྲིད་དེ་ཤོག་ཤིག་ཅེས ་བསྒོ་ནས།བུ་གཉིས་ཕོ་བྲང་དུ་འོངས་པའི་ཚེ།རྒྱལ་པོ་དང་།བཙུན་མོ་དང་།ཕོ་བྲང་གི་སྲས་དང་།བློན་པོ་རྣམས་ཀྱིས་བུ་གཉིས་མཐོང་ནས།ཐམས་ཅད་དབུགས་ཀྱིས་བསྣངས་པ ་ཙམ་དུ་མ་ངུས་པ་མེད་དོ།།དེ་ནས་རྒྱལ་བུས་བྲམ་ཟེ་དེ་ལ་ཁྱོད་ཀྱིས་བུ་འདི་གཉིས་ཅི་ལྟར་ཐོབ་ཅེས་དྲིས་ནས།བྲམ་ཟེ་ན་རེ།བདག་གིས་རྒྱུལ་བུ་ལ་བསླངས་ཏེ་ཐོབ་བོ་ཞེས་ཟེར་རོ།།རྒྱལ ་པོས་བུ་གཉིས་བོས་ཏེ།ཕངས་པར་བླང་སྙམ་པ་ལས་བུ་གཉིས་འོང་དུ་མ་བཏུའོ།།དེ་ནས་རྒྱལ་པོས་བུ་འདི་གཉིས་ཀྱིས་རིན་ཅི་ཙམ་འདོད་ཅེས་དྲིས་ན།བྲམ་ཟེས་སྨྲ་མ་ཁོམ་པར།ཁྱེའུ ་ཡིས་འདི་སྐད་ཅེས་གསོལ།བདག་བུ་ཕོ་ནི་དངུལ་གྱི་དོང་ཆེ་སྟོང་དང་བ་གླང་ཞིག་རིའོ།།བུ་མོ་ནི་གསེར་གྱི་དོང་ཚ་སྟོང་དང་བ་བཞོན་ཉིས་བརྒྱ་ར་པོ་ཞེས་གསོལ་པ་དང་།རྒྱལ་པོས ་ཁྱེའུ་ལ་འདི་སྐད་ཅེས་སྨྲས།།འཇིག་རྟེན་གྱིས་ཆོས་ཀྱིས་མིའི་ནང་ན་པོ་ནི་རིན་ཆེ་བ་ཡིན་ན།ཅིའི་ཕྱིར་བུ་ཕོ་ནི་རིན་ཆུང་།བུ་མོ་ནི་རིན་ཆེ་བར་འདེབས།བུ་ཁྱེའུ་ཡིས་གསོལ་པ།ཕོ ་དྲང་གི་སྒྲས་ལྟ་བུ།རྒྱལ་པོ་དང་ཉེ་བ་མ་ལགས་ལ།པ་རབས་བྲན་ལས་སུ་སུ་བཞེས་ཏེ།དེ་ལ་ཐུགས་དགྱེས་པས།བཀུར་ཞིང་བཙུན་པར་མཛད་དེ། ་རིན་པོ་ཆེའི་གོས་སྐོན་ཞིང་།བཟའ་བ་དང་།བཏུང་བ་རོ་བརྒྱད་དང་ལྡན་པ་བསྟབས་ནས།སྲས་གཅིག་པུ་ཞིག་མངའ་བ་རི་ལ་སྤངས་ཏེ།ཡ་བ་ཅན་ཕོ་བྲང་གིས་སྨྲས་དང་རོལ་ཅིང ་རོལ་མོ་མཛད་ཀྱང་།སླས་ལ་ཅུང་ཟད་ཙམ་ཡང་དགོངས་པའི་ཐུགས་ཀྱང་མ་མངའ་བས།དེ་བས་ནི་ཕུ་བོ་ནི་རིན་ཆུང་ལ།བུ་མོ་ནི་རིན་ཆེ་བར་མངོན་ནོ།།རྒྱལ་པོས་དེ་སྐད་ཅེས་སྨྲས ་པ་ཐོས་ནས།ལྷག་པར་མི་དགའ་བའི་མྱ་ངན་སྐྱེས་ཏེ་འདི་སྐད་དུ།བདག་ནི་རབ་ཏུ་གནོང་ན།ཁྱེད་ཅིའི་ཕྱིར་ཁོ་བོའི་ཕང་དུ་མི་འོང་།ཁྱེད་ང་ལ་མི་དགའ་འམ།འན་ཏེ་བྲམ ་ཟས་འཇིགས་ཤེས་དྲིས་ན།བྱིས་པ་ན་རི།བདག་ཅག་ནི་རྒྱལ་པོ་ཆེན་པོ་ལ།མི་དགའ་བ་འམ།གྲོམ་ཟེས་སྐྲག་པ་ཡང་མ་ལགས་ན་ཐོག་མ་རྒྱལ་པོ་ཆེན་པོའི་ཚ་བོ་ལས།། ་ད་ལྟར་མིའི་བྲན་ཁོལ་དུ་གྱུར་པས།གང་ན་ཡང་མིའི་བྲན་ཁ་ལ།རྒྱལ་པོའི་ཕང་དུ་འདུག་པའི་ཆོས་མེད་པས་མི་སློབ་སོ།།རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས།ལྷག་པར ་མྱ་ངན་གྱིས་གདུངས་པར་གྱུར་ཏེ།མི་དགའ་བར་གྱུར་ནས།བུས་གསོལ་པ་བཞིན་དུ།བྲམ་ཟེ་ལ་རིན་བྱིན་ཅིག་ཅེས་བསྒོ་ནས།བུ་གཉིས་གདོང་རྒྱལ་པོའི་བང་དུ་བླངས།། ་བུ་གཉིས་རྒྱལ་བས་བླངས་ནས།ཕྱག་གིས་བུ་གཉིས་ཀྱི་མགོ་ནས་བྱུགས་ཏེ།འདི་སྐད་ཅེས་སྨྲསོ།།ཁྱེད་རི་ལ་གནས་པ་ན།ཟ་སུ་ནི་ཅི་ཟ།གོ་སུ་ནི་ཅི་གྱོན་ཅེས་དྲིས་ན།བུ་གཉིས་ན་རེ།། ་ཟསུ་ནི་ཤིང་གི་འབྲས་བུ་ཤིང་ཏོག་ཟ།གོ་སུ་ནི་ལྤགས་པ་དང་།སྣམ་བུ་གྱོན་ཏེ།བྱ་མང་པོ་དང་རྩ་དགའ་བས།མྱ་ངན་གྱིས་སེམས་མེད་དོ་ཞེས་གསོལ་ཏོ།།དེ་ནས་རྒྱལ་པོས་བྲམ་ཟེ ་ལས་ཕྱི་རོལ་དུ་སོང་ཤིག་ཅེས་བསྒོ་བ་དང་།བུ་གཉིས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།།བྲམ་ཟེ་འདི་རབ་ཏུ་བཀྲེས་སྐོམ་གྱིས་ཉེན་ན།དེ་ལ་ཁ་ཟས་ཀྱིས་ཚིམ་པར་མཛད་དུ་གསོལ ་ལོ།།རྒྱལ་བས་སྨྲས་པ།ཁྱེད་ལ་མི་དགའ་བ་འམ།ཁོན་དུ་འཛིན་པ་མེད་པར།ཕྱིར་ཁ་ཟས་སྦྱིན་པར་སེམས་བུས་སྨྲས་པ།བདག་གི་ཕ་བྱང་ཆུབ་ཀྱི་ལམ་ལ་དགའ་བས། ་ནོར་རྫས་ཀྱི་སྦྱིན་དུ་མེད་དེ།བདག་གི་ལུས་ཀྱི་སློང་བ་ལ་བྱིན་པ་ཡང་།བདག་ཅག་ལ་དབང་བའི་བདག་པོ་ལགས་ཏེ།འདིས ་བདག་ཅག་ལ་བཀོལ་བའི་ལས་ཙམ་བྱེད་དུ་མ་བཅུག་པ་ཡང་།ཐོག་མ་ཕས་བསམ་པ་ལྟར་མ་གྱུར་ཏེ།དེ་སྙིང་རྗེའི་སེམས་ཙམ་ཡང་མ་མཆིས་ཏེ།ལྟོགས་ཤིང་སྐོམ་པ་བཞིན་དུ ་འདུག་པ་འདི།མིག་གིས་ཀྱང་སུ་ཞིག་གིས་བཟོད།བདག་གིས་པས་ནི་བུ་ཡང་ཕངས་པར་ཕ་རོལ་པོ་ལ་སྦྱིན་པ་བྱེད་ན།རྒྱལ་པོ་ཆེན་པོས་མི་གཅིག་གིས་ཁ་ཟས་ཙམ་ལ་སེར་སྣ ་མཛད་དམ་ཞེས་གསོལ་པ་དང་།རྒྱལ་པོས་ཀྱང་བྲམ་ཟེ་དེ་ལ་ཁ་ཟས་ཀྱིས་ཚིམ་པར་བྱིན་ནས།བྲམ་ཟེ་ཡང་རབ་ཏུ་དགའ་སྟེ།ཕྱིར་བདག་གི་ཡུལ་དུ་སོང་ངོ་།།དེ ་ནས་རྒྱལ་པོས།རྒྱལ་བུ་འགུགས་པའི་ཕོ་ཉ་བཏང་ནས།ཕོ་ཉ་ཡང་དེ་མ་ཐག་ཏུ་ཆས་ཏེ།རྒྱལ་བུ་ག་ལ་བ་དེར་སོང་ངོ་།།དེར་ཕྱིན་པ་དང་།ཆུ་ཞིག་ལ་མ་མཐར་ནས།ཕོ་ཉ་དེས ་རྒྱལ་བུ་ཉིད་ཡིད་ལ་བྱས་ཏེ།བསམས་མ་ཐག་ཏུ་ཆུ་དེ་ལས་ཐར་ནས།རྒྱལ་བུ་གང་ན་བ་དེར་ཕྱིན་ཏེ།རྒྱལ་པོའི་བཀས་རྒྱལ་བུ་སླར་ཡུལ་དུ་གཤེགསུ་གསོལ་ཞེས་བསྒོའོ།། ་རྒྱལ་བུས་ཕོ་ཉ་ལ་སྨྲས་པ།ཐོག་མ་རྒྱལ་པོས་ལོ་བཅུ་གཉིས་ཀྱི་བར་དུ་རི་ལ་བསྒོམས་ཤིག་ཅེས་བསྒོ་སྟེ།ད་དུང་ལོ་གཅིག་མ་ཚང་བས།ད་ལོ་ཚང་ནས་བདག་འགྲོའོ་ཞེས་བསྒོའོ།། ་དེ་ནས་ཕོ་ཉ་ཡང་ཕྱིར་ལོག་ནས།རྒྱལ་པོ་ལ་དེ་བཞིན་དུ་གསོལ་བ་ལས།རྒྱལ་པོ་ཉིད་ཕྱག་དར་།ཡི་གེ་བྲིས་ནས།ཕྱིར་ཕོ་ཉ་ལ་བསྐུར་ཏེ།འདི་སྐད་ཅེས་བསྒོའོ།། ་ཁྱོད་ནི་མིའི་ནང་ན་མཁས་པ་ཤེས་རབ་ཅན་ཡིན་པས།འགྲོ་བ་ལ་ཡང་བཟོད་ཅིང་།འོང་བ་ལ་ཡང་བཟོད་པ་ཡིན་ན།ཅིའི་ཕྱིར་ཁྲོས་ཏེ་འོང་དུ་མི་བཏུབ།ཁྱོད་དང་ལྷན་ཅིག ་བཟའ་བ་དང་བཏུང་བ་བཏང་དགོས་ཀྱིས།མྱུར་དུ་ཤོག་ཤིག་ཅེས་ཕོ་ཉ་འགུགསུ་བཏང་ངོ་།།དེ་ནས་ཕོ་ཉ་ཡི་གེ་ཐོགས་ཏེ།རྒྱལ་བུ་གང་ན་བ་དེར་སོང་ནས་ཕྱིན་པ་དང ་རྒྱུལ་བུ་ལ་ཡི་གེ་པུ་ལོ།།རྒྱལ་བུས་ཡི་གེ་བླངས་ནས།ཡི་གེ་ལ་ཕྱག་འཚལ་ནས།ལན་བདུན་བསྐོར་བ་བྱས་ཏེ།མོད་ལ་ཕྱིར་ཡུལ་དུ་འགྲོ་བར་ཆསོ།།དེའི་ཚེ་རི་དེ་ནས་ཆས་བུ་དང་། ་རིདེ་ལ་གནས་པའི་རི་དགས་དང་།གཅན་ཟན་ལ་སོགས་པ།རྒྱལ་བུ་འགྲོའོ་ཞེས་ཐོས་ནས།ཐམས་ཅད་ལུས་ས་ལ་བརྡབས་ནས།ས་ལ་འགྲོ་ཞིང་ངུ་བའི་སྐད་ཕྱུང་ངོ་།།ཆུ་མིག ་རྣམས་ཀྱང་སྐམས་ཏེ།གཅན་ཟན་དང་།རི་དགས་ཀྱི་ཕྲུ་གུ་ཡང་མི་ནུ།འདབ་ཆགས་བྱ་མང་པོ་ཡང་།སྙིང་རྗེའི་སྐད་ཀྱི་སྒྲ་ཕྱུང་ངོ་།།དེ་ནས་རྒྱལ་བུ་གོས་གྱོན་ནས།བཙུན་མོ ་དང་འགྲོགས་ཏེ།ཕྱིར་ཡུལ་དུ་སོང་བ་ལས།དགྲ་ཟླའི་ཡུལ་གྱིས་རྒྱལ་པོས།རྒྱལ་བུ་ཕྱིར་འོང་ངོ་ཞེས་ཐོས་ནས།བལ་གྱི་གླང་པོ་ཆེ་དཀར་པོ་ལ་གསེར་གྱི་སྒྲས་བསྟད་དེ།།གསེར ་གྱི་སྣོད་དུ་ནི་དངུལ་གྱི་ཉེའུ་གྱིས་བཀང་།དངུལ་གྱི་སྣོད་དུ་ནི་གསེར་གྱི་ཉེའུ་གྱིས་བཀང་བ་བཤམས་ནས།རྒྱལ་བུ་བསུ་བའི་ཕྱིར་ན་མཁའ་ལ་སྟོད་དེ།རྒྱལ་བུ་བསུས་ནས ་རྒྱལ་པོའི་འཕྲིན་དུ་འདི་སྐད་ཅེས་གསོལ་ཏོ།།བདག་ནི་མི་ཤེས་པའི་དབང་དུ་གྱུར་ཏེ།རྒྱལ་བུ་ལས་བལ་གྱི་གླང་པོ་ཆེ་བསླངས་པས།དེའི་རྐྱེན་གྱིས་རྒྱལ་བུ་སྤངས་པར་གྱུར་པ ་དེ་འགྱོད་པས་ན།མཐོལ་ཚངསུ་གསོལ་ལོ།།ང་རྒྱལ་བུ་སླར་གཤེགསུ་གསོལ་ཞེས་ཐོས་ནས།རབ་ཏུ་དགའ་སྟེ།བལ་གྱི་གླང་པོ་ཆེ་དེ་ཉིད་ཀྱང་སླར་ཕུལ་ཞིང་གསེར ་དངུལ་གྱི་ཉེའུ་རྣམས་ཀྱང་ཕུལ་ན།འདི་དག་རྣམས་ཀྱང་བཞེས་ཤིང་།ནོངས་པའི་སྐྱོན་རྣམས་ཀྱང་སྦྱང་བར་གསོལ་ཏོ།།རྒྱལ་བུས་སྨྲས་པ།དཔེར་ན། ་མི་ཞིག་གིས་ཁ་ཟས་རོ་བརྒྱ་དང་ལྡན་པ་སྦྱར་ཏེ།ཕ་རོལ་པོ་གཅིག་ལ་བྱིན་པ་ལས།མི་དེས་ཁ་ཟས་ཟོས་ནས།ཕྱིར་ས་ལོ་སྐྱུགས་ན།ཕྱིར་སྐྱུགས་པའི་ཁ་ཟས་དྲི་བསུང་དང ་ལྡན་ཏེ།བཟར་རུང་བར་འགྱུར་རམ།བདག་གིས་སྦྱིན་པ་བྱས་པ་ཡང་སྐྱུགས་པ་དང་འདྲ་བས།ཕྱིར་མི་འདོད་དོ།།ཕོ་ཉ་ཁྱོད་བལ་གྱི་གླང་པོ་ཆེ་འདི་ལ་ཞོན་ལ་བདག ་གི་ཡུལ་དུ་སོང་ཤིག།ཡུལ་དུ་ཁྱོད་ཀྱི་རྒྱལ་པོ་འདི་ལྟར་བདག་བསུ་ཞིང་།སྤྲོ་བའི་ཚིག་གིས་སྙན་པར་སྨྲས་པ།རབ་ཏུ་དགའོ་ཞེས་གསོལ་ཅིག་ཅེས་བསྒོ་བ་དང་།ཕོ་ཉིད ་ཡང་བལ་གྱི་གླང་པོ་ཆེ་ལ་ཞོན་ཏེ།ཕྱིར་བདག་གི་ཡུལ་དུ་སོང་ནས།རྒྱལ་པོ་ལ་དེ་བཞིན་དུ་གསོལ་པ་ལས།།ཐ་བལ་གྱི་གླང་པོ་ཆེ་དེའི་རྐྱེན་གྱིས།འཐབ་པའི་དགྲ་ཟླ་དེ ་གཅིག་ལ་གཅིག་བྱས་ཤིང་སྡུག་པའི་སེམསུ་གྱུར་ཏེ།རྒྱལ་པོ་དང་ཡུལ་མི་ཐམས་ཅད།བླ་ན་མེད་པའི་མཉམ་སྙོམས་པའི་སེམས་བསྐྱེད་པར་གྱུར་ཏོ།།དེའི་ཚེ་རྒྱལ་པོ ་ཡབ་ཀྱང་།བལ་གྱི་གླང་པོ་ཆེ་ལ་བཅིབས་ཏེ།རྒྱལ་བུ་བསུས་སོ།།རྒྱལ་བུས་མགོ་དང་།གདོང་གིས་ཕྱག་འཚལ་ནས།རྒྱལ་པོའི་ཕྱི་བཞིན་ཕྱིར་ཡུལ་དུ་སོང་སྟེ། ་ཡུལ་མི་ཐམས་ཅད་ཀྱང་རབ་ཏུ་དགའ་མགུ་རངས་ནས།མེ་ཏོག་དང་།བདུག་སྤོས་དང་།བ་དན་དང་།རྒྱལ་མཚན་དང་།བླ་རེ་ལ་སོགས་པས།མཆོད་པ་བྱ་བའི་ཕྱིར་བ་ཤམས་ཏེ། ་ས་གཞི་ཡང་སྤོས་ཆུས་ཆག་ཆག་བཏབ་ནས་བསྡད་དོ།།རྒྱལ་བུ་ཕོ་ཟང་གི་ནང་དུ་འོངས་ནས།ཡུམ་གྱི་དྲུང་དུ་ཕྱིན་པ་དང་།མགོ་བོས་ཕྱག་འཚལ་ནས།སྤྲོ་བའི་ཚིག་གིས་སྙུན ་གསོལ་ཏོ།།དེ་ནས་རྒྱལ་པོས་རིན་པོ་ཆེའི་བང་མཛོད་ཐམས་ཅད་རྒྱལ་བུ་ལ་གཏད་དོ།ཡིད་བཞིན་དུ་སྦྱིན་པ་བྱེད་དུ་བཅུག་ནས།སྦྱིན་པ་སྔ་མ་བས་ཀྱང་ལྷག་པར་རྒྱུན་མ་ཆད་པར ་སྦྱིན་པ་བྱེད་དུ་བཅུག་པས།མངོན་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏེ།བཅོམ་ལྡན་འདས་ཀྱི་ཀུན་དགའ་བོ་ལ་བཀའ་སྩལ་པ།ངས་སྔོན་གྱི་སྦྱིན་པ་བྱས་པ་མངོན་དུ་དྲན་པ་ནི ་དེ་ལྟ་བུ་ཡིན་ནོ།།དེའི་ཚེ་དེའི་དུས་ན།རྒྱལ་བུ་དོན་གྲུབ་ཅེས་བྱ་བ་ནི་ད་ལྟར་ང་ཉིད་ཡིན་ནོ།།དེའི་ཚེ་ཡབ་རྒྱལ་པོར་གྱུར་པ་དེ་ནི་དེ་ལྟར་ངའི་ཡབ་རྒྱལ་པོ་ཟོས་གཙང་མ་ཡིན་ནོ།།དེའི་ཚེ ་ཡུམ་དུ་གྱུར་པ་དེ་ནི་ད་ལྟར་ཡུམ་ལྷ་མཛེས་ཡིན་ནོ།།དེའི་ཚེ་ན་བཙུན་མོར་གྱུར་པ་དེ་ནི་ད་ལྟར་གྲགས་འཛིན་ཉིད་ཡིན་ནོ།།དེའི་ཚེ་དགེ་སློང་ཨ་ཙུ་ཏ་ཞེས་བྱ་བ་ད་ལྟར་མོའུ་དགལ་གྱི་བུ་ཆེན་པོ ་ཡིན་ནོ།།དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོར་གྱུར་པ་དེ་ནི་ད་ལྟར་ཤཱ་རིའི་བུ་ཡིན་ནོ།།དེའི་ཚེ་རྔོན་པར་གྱུར་པ་ད་ལྟར་ཀུན་དགའ་བོ་ཁྱོད་ཡིན་ནོ།།དེའི་ཚེ་ཁྱེའུ་ཡ་རི་ཞེས་བྱ་བ་ནི་ད་ལྟར་ངའི་སྲས ་།ཀུན་ན་རྒྱུན་ན་ཏུ་དབྱུང་བ་དུན་སུམ་རྒྱུན་ནས་བྱབ་ཡིནན།། ཚ་བྲས་ནི་སློང་མོ་བདུན་དུལྟར་སྦྱིན་ཉིད་ཡིན་ནོ།།དེ་མ་བྱ་། ་རླུང་མར་གྱུར་པ་དེ་ནི་ད་ལྟར་བྲམ་ཟེ་མོ་ཅན་ཙམན་ཡིན་ནོ།།དེ་ལྟར་ནི་ང་ཤིན་ཏུ་བྱེད་དཀའ་བ་ཡོད།གྲངས་མེད་དཔག་ཏུ་མེད།དགེ་བའི་ལས་བྱིས་པ་ཡང་གྲངས་མེད་དཔག་ཏུ་མེད་དེ། ་དེབས་ན་མདོ་སྡེ་འདི་དགེ་སློང་དང་བྲམ་ཟེ་ལ་སོགས་པ་རྒྱས་པར་སྟོན་ཅིག།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་དག་ཡིན་ནོ།། ་འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ཞེས་བྱ་བའི་བམ་པོ་གཅིག་རྫོག་སོ།།།སྔོན་བརྒྱ་ལས་འགྱུར་བའི་བརྡ་སྙིང་པར་འདུག། ་