CLOSE WINDOW

N337: gser mdog gi sngon gyi sbyor ba zhes bya ba
Wyliee-texts produced with BDRC’s OCR application

དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན།དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང ་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུག་སོ།།བཅོམ་ལྡན་འདས་ལ་དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་དང་།རྒྱལ་པོ་དང་།བློན ་ཆེན་པོ་དང་།མུ་སྟེགས་ཅན་སྣ་ཚོགས་དང་།དགེ་སྦྱོང་དང་།བྲམ་ཟེ་དང་།སྤྱོད་པ་དང་།ཀུན་ཏུ་རྒྱུ་དང་།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།བྷམ ་ཡིན་དང་།ན་མཁའ་ལྡིང་དང་།མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཌཱུར་བསྟིར་བྱས།ཟླུ་མར་བྱས།རི་མོར་བྱས་ཤིང་མཆོད་དེ།།བཅོམ་ལྡན་འདས་ཀྱིས ་ཆོས་གོས་དང་།ཞལ་ཟས་དང་།གཟིམས་ཆ་དང་།སྐྱོན་གྱི་རྐྱེན་སྨན་དང་།ལྷ་དང་མི་རྣམས་ཀྱི་ཡོ་བྱད་དོམ་པ་རབ་ཏུ་མང་པོ་ཡང་བརྙེས་ཏེ།དེ་དག་ལ་བཅོམ་ལྡན ་འདས་རྗེསུ་ཆགས་པ་ཡང་མི་མངའ་སྟེ།པདྨ་ལ་ཆུ་མི་ཆགས་པ་དེ་བཞིན་ནོ།།བཅོམ་ལྡན་འདས་ཀྱི་རང་བཞིན་ནི།འདི་ལྟ་སྟེ།རྒྱ་ཆེ་ཞིང་དགེ་ལ།གྲགས་པ་དང་།། ་སྒྲ་དང་།ཚིག་སུ་བཅད་པས་མངོན་པར་འཕགས་པ་སྟེ།འདི་ལྟར་བཅོམ་ལྡན་འདས་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རིག་པ་དང་ཞབསུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ་དང་།སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།བླ་ན་མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས ་བཅོམ་ལྡན་འདས་དེ།ལྷ་དང་བཅས་པའི་འཇིག་རྟེན་དང་།བདུད་དང་བཅས་པ་དང་།ཆས་པ་དང་བཙོས།དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་།ལྷ་དང་མིར་བཅོས ་བ་འདི་རྣམས་རང་གི་མངོན་པར་མཁྱེན་པས་མངོན་གསུམ་དུ་མཁྱེན་པར་མཛད་ནས།དམ་པའི་ཆོས་སྟོན་ཏོ།།ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང ་པོ།ཚིག་འབྲུ་བཟང་པོ།།མ་འདྲོས་པ་ཡོངསུ་རྫོགས་པ།ཡོངསུ་དག་པ།རྣམ་པར་བྱང་བ།ཚངས་པར་སྤྱོད་པ།ཡང་དག་པར་རབ་ཏུ་སྟོན་ཏོ།།དེ་ནས་བཅོམ་ལྡན ་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་ཇི་ལྟར་ངེས་སྦྱིན་པའི་འབྲས་བུ་དང་།སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར།སེམས་ཅན་རྣམས ་ཀྱིས་ཀྱང་སྦྱིན་པའི་འབྲས་བུ་དང་སྦྱིན་པ་ལ་འགེད་པའི་རྣམ་པར་སཱིནྡྲ་པྲྀ་ཤིས་པར་གྱིས་ཤིག།གང་འདི་ཁམ་ཕྱེ་མའི་ཁམ་ཕྱི་མི་གཅིག་བློ་དུ་ཡང་གཞན་དག་ལ་མ་བྱིན་མ ་བགོས་པ་རི་བདག་གིས་མི་བཟའ་བ་རི་གྱིས་ཤིག།སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་ཏེ་མ་འདུག་ཤིག།དགེ་སློང་དག་གང་གི་ཕྱིར་ཇི་ལྟར་ངས་སྦྱིན་པའི་འབྲས ་བུ་དང་།སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར།སེམས་ཅད་རྣམས་ནི་སྦྱིན་པའི་འབྲས་བུ་འང་།།སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ ་མི་ཤེས་ཏེ།དེ་ལྟ་བས་ན་སེམས་ཅན་རྣམས་གང་འདི་ཁམ་ཕྱི་མིའི་ཁམ་ཕྱི་མ་གཅིག་པོ་དེ་ཡང་གཞན་དག་ལ་མ་བྱིན་མ་བགོས་པར་བདག་ཉིད་ཟ་བར་བྱེད།སེར་སྣའི་སེམས་ཀྱི་དྲི ་མ་སྐྱེས་པས།ཀུན་ནས་དཀྲིས་ཏེ་འདུག་གོ།དེ་ཅིའི་ཕྱིརརོ་ཞེ་ན།དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ནི།རྒྱལ་པོ་གསེར་མདོག་ཅེས་བྱ་བ་གཟུགས་བཟང་བ་མཛེས་པ། ་བལྟ་ན་སྡུག་པ།ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ་།།རྒྱལ་པོ་གསེར་མདོག་དེ་ཕྱུག་སྟེ་ནོར་མང་ལ།ལོངས་སྤྱོད་ཆེ་ཞིང་།།བདག་དབང་བ་མང་བ ་དང་དབྱིག་དང་ཡོ་བྱད་མང་བ་དང་།ནོར་དང་འབྲུ་དང་།ནོར་བུ་དང་།མུ་ཏིག་དང་།མན་ཤེལ་དང་།བྱུ་རུ་མང་བ་དང་།གསེར་དང་དངུལ་མང་བ་དང་།གླང་པོ ་ཆ་དང་རྟ་དང་བ་ལང་དང་།རྟ་ཕོ་རྒོད་མང་བ་དང་།མཛོད་དང་བངདྲ་བ་ཡོངསུ་གང་བ་ཞིག་བྱུང་ངོ་།།རྒྱལ་པོ་གསེར་མདོག་གི་ཕོ་བྲང་གྲོང་ཁྱེར་གསེར་ཅན་ཞེས་བྱ་བར་བཏགས། ་ཏེ།ཚུར་ནི་ཤར་ནས་ནུབ་ཏུ་དཔག་ཚད་བཅུ་གཉིས་ཡོད་དོ།།།ཞེང་ནི་ལྷོ་ནས་བྱང་དུ་དཔག་ཚོད་བདུན་ཡོད་དོ།།འབྱོར་པ་དང་།རྒྱས་པ་དང་བདེ་བ་དང་།།ལོ་ལེགས་པ་དང་། ་ཉམས་དགའ་སྙིང་སྐྱོ་བོ་དང་།སྙི་མང་པོ་རྣམས་ཀྱིས་གང་གཱ།རྒྱལ་པོ་གསོར་མདོག་ལ་གྲོང་ཁྱེར་བརྒྱ་ཟླ་མཛན།འབྱོར་པ་དང་།རྒྱས་པ་དང་བདེ་བ་དང་། ལོགས་པ་དང ་ཉམས་དགའ་ཞིང་སྐྱེ་བོ་དང་།མི་མང་པོ་རྣམས་ཀྱིས་གང་ངོ་།།གྲོངས་ཡ་བྷག་ལྔ་བདུན་འཛུམ་མ་དོ།འབྱོར་པ་དང་།རྒྱས་པ་དང་།བདེ་བ་དང་།།ལོ་ལེགས་པ་དང་།1 ་དགའ་ཞིང་སྐྱེ་བོ་དང་།།མི་མང་པོ་རྣམས་ཀྱིས་བྱུང་ངོ་།།རཱི་འོར་བ་དྲུག་ཁྲི་ཡོད་དོ།།འབྱོར་བ་དང་།རྒྱས་པོ་དང་།བདེ་བོ་དང་།ལོ་ལེགས་པ་དང་།རྣམས་དགལ་ནི ་དང་།མ་མང་པོ་རྣམས་ཀྱིས་གང་ངོ་།།རྒྱལ་པོ་གསེར་མདོག་གི་བློན་པ་ཁྲི་རྒྱུད་སྟོང་ཡོདདེ།།དྲུད་མེདོ་སྨྲས་ཉི་ཁྲི་ཡོད་པར་གྱུར་ཏོ།།དེ་ནས་རྒྱལ་པོ་གསེར་མདོག་ཆོས་དང་ལྡན་པ ་ཆོས་ཀྱིས།རྒྱལ་པོའི་ཆོས་ཀྱིས་རྒྱལ་སྤྲིད་བྱེད་བྱར་གྱུར་ཏོ།།རྒྱལ་པོ་གསོར་མདག་ཐམས་ཅད་སྦྱིན་པར་བྱེད་དེ།དེས་ཐུ་ན་རིང་གི་ལུས་ཀྱི་ཤ་མོན་ཆད་ཡོངསུ་མི་ག་ཙྪ་བནི་མང་མེའོ།། ་དེའི་དུས་ན་མི་རྣམས་ཀྱི་ཚེའི་ཆང་ལོ་བརྒྱད་ཁྲི་བོ་ནི་སྟོང་ཐུབ་པར་གྱུར་ཏོ།།དེའི་ཚེ་དུས་གཞན་ཞིག་ནོ།།རྒྱལ་པོ་གསེར་མདོག་གཅིག་པུ་དབྱིན་པར་རླུང་དུ་ཡང་དག་འཇོག་ལ་ཞུགས་ནས ་སེམས་ཀྱིས་སེམས་ཀྱི་ཡོངསུ་རྟོག་པོ་འདི་སྙམ་དུ་སྐྱེས་ཏེ།གང་བདག་གིས་ངེས་པར་ཚང་བ་ཐམས་ཅད་ལ་ནི་ལ་ཅན་ད།ཤོག་མོ་རྣམས་མི་དབབ་པར་བྱའོ།།འཛམ་བུའི ་གླིང་གི་མི་ཐམས་ཅད་ལ་ནི་དཔྱ་དང་།སྒྱུ་རྣམས་མི་དབབ་པར་བྱའོ་སྙམ་མོ།།དེ་ནས་རྒྱལ་པོ་གསེར་མདོག་གིས།རྩིས་པ་དང་།སྣ་ཆེན་པོ་ལ་གཏོགས། ་པ་དང་།བློན་པོ་དང་།སྐྱོ་བ་དང་།འཁོར་རྣམས་བོས་ཏེ་འདི་སྐད་ཅེས་སྨྲསོ།།དེང་ཕྱིན་ཆད་གྲོང་མི་དང་།ཚོང་པ་ཐམས་ཅད་ལ་ལ་གཅན་དང་།ཤོ་གམ་རྣམས་མི་དཔག ་པར་བྱའོ།།འཛམ་བུའི་གླིང་གི་མི་ཐམས་ཅད་ལ་དཔྱ་དང་།རྒྱུ་རྣམས་མི་དབབ་པར་བྱའོ་ཞེས་བསྒོའོ།།དེའི་ཐབས་འདིས་ལོ་མང་པོ་ཞིག་ཏུ་རྒྱལ་སྲིད་བྱེད་པ་ན།དུས་གཞན ་ཞིག་གི་ཚེ།ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འཐོབ་པའི་རྒྱུ་སྐར་ངན་པ་ཞིག་བྱུང་བར་གྱུར་ཏོ།།དེའི་ཚེ་བྲམ་ཟེ་མཚན་ཉིད་འདོན་པ་དང་།ལྟས་ངན་པ་དང་།མོས་པ ་རྣམས་དང་།བར་སྣང་གི་རྒྱུ་སྐར་དང་།གཟའ་དང་།པ་བོ་སངས་རྒྱུ་བ་དག།དེ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པར་བྱས་ནས།རྒྱལ་པོ་གསེར་མདོག་ག་ལ་བ་དེར་སོང་སྟེ། ་ཕྱིན་ནས།རྒྱལ་པོ་གསེར་མདོག་ལ་འདི་སྐད་སྨྲསོ།།ལྷ་མཁྱེན་པར་མཛོད་ཅིག།དགུང་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པའི་རྒྱུ་སྐར་ངན་པ་དེ་བྱུང་བར་གྱུར་ཏོ།། ་དེ་ནས་རྒྱལ་པོ་གསེར་མདོག་དངོས་པོ་བསྒྲགས་པ་དེ་ཐོས་ནས།རབ་ཏུ་ངུས་ཏེ།མཆེ་མི་ཕྱུང་ནས།ོཾ་མའོ།།ངའི་འཛམ་བུའི་གླེང་གི་མེ་རྣམས་ཨེ་མིའོ་ཨེ་མའོ།། ་འཛམ་བུའི་གླིང་གི་མི་རྣམས།ེ་མའོ་ཨེ་མའོ།།ངའི་འཛེམ་བུའི་གླིང་འབྱོར་པ་དང་།རྒྱས་པ་དང་།བདེ་བ་དང་།ལོ་ལེགས་པ་དང་།ཉམས་དགའ་ཞིང་སྐྱེ་བོ་དང་།མི་མང ་པོས་གང་བ་རྣམས་རིང་པོར་མི་ཐོགས་པ་ཉིད་དུ་སྟོང་ཞིང་མི་དང་བྲལ་བར་འགྱུར་རོ།།དེ་ནས་རྒྱལ་པོ་གསེར་མདོག་ཡུད་ཙམ་ཞིག་མྱ་ངན་དང་།སྨྲེ་སྔགས་འདོན་པ་སངས་ནས།འདི ་སྙམ་དུ་གྱུར་ཏེ།གང་འདི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དེ་དག་ནི།འཚོ་བར་ནུས་ཀྱི།གང་དག་དབུལ་ཞིང་ནོར་ཉུང་ལ་བཟའ་བཏུང་དང་།ལོངས་སྤྱོད་ཆུང་བ་དེ་དག་ནི། ་ཅི་ལྟར་བྱེད་ཅིག་གུ།དེ་འདི་སྙམ་དུ་གྱུར་ཏེ།བདག་གིས་ངེས་པར་འཛམ་བུའི་གླིང་གིས་ཟས་ལ་སོགས་པ་ཐམས་ཅད་བསྡུ་བར་བྱའོ།།ཟས་ལ་སོགས་པ་བསྡུས་ཏེ།གྲོང་དང ་གྲོང་ཁྱེར་དང་།གྲོང་བརྡལ་དང་།རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་བང་བ་གཅིག་བརྩིག་པར་བྱའོ།།བང་བ་གཅིག་བརྩིགས་ཏེ།འཛམ་བུའི་གླིང་གི་མི་ཐམས་ཅད་བཟའ་བ ་མཉམ་པར་བགོ་བར་བྱའོ་སྙམ་མོ།།དེ་ནས་རྒྱལ་པོ་གསེར་མདོག་གིས་རྩིས་པ་དང་།སྣ་ཆེན་པོ་ལ་གཏོགས་པ་དང་།བློན་པོ་དང་།སྒོ་བ་དང་།འཁོར་རྣམས་བོས་ཏེ་འདི་སྐད ་ཅེས་སྨྲསོ།།གྲོང་གཽ་གཙོ་བོ་དག་ཁྱེད་རྣམས་དེང་ལ་འཛམ་བུའི་གླིང་གིས་ཟས་ལ་སོགས་པ་ཐམས་ཅད་སྡུས་ཤིག།ཟས་ལ་སོགས་པ་སྡུས་ཏེ་བཅོལ་ལ་གྲོངསེ་ཤིག།གཅལ་ཏེ ་བགྲངས་ནས་ཀྱང་།གྲོང་དང་གྲོང་ཁྱེར་དང་།གྲོང་རྡལ་དང་།རྒྱལ་པོའི་ཕོ་དྲང་འཁོར་ཐམས་ཅད་དུ་བང་བ་བཟང་པོ་གཅིག་རྩིགས་ཤིག་ཅེས་བསྒོའོ།།དེ་ནས ་རྩིས་པ་དང་།སྣ་ཆེན་པོ་ལ་གཏོགས་པ་དང་།བློན་པོ་དང་།སྒོ་བ་དང་།འཁོར་རྣམས་ཀྱིས་རྒྱལ་པོ་གསེར་མདོག་གི་ལྟར་མཉན་ནས།འཛམ་བུ་གླིང་གི་ཟས་ལ་སོགས་པ་ཟད ་བསྡུ་སོ།།ཟས་ལ་སོགས་པ་བསྡུས་ནས།གཅལ་བགྲངས་ཏེ།གྲོང་དང་།གྲོང་ཁྱེར་དང་།གྲོང་རྡརྡུལ་དང་།རྒྱལ་པོའི་ཕོ་བྲང་འཁོར་རྣམ་སུ་བང་བ་གཅིག་བྱས་ནས་དྲུག་སོ།།རྒྱལ ་བོ་གསེར་མདོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས།རྒྱལ་པོ་གསེར་མདོག་ལ་འདི་སྐད་ཅེས་སྨྲས།།ལྷ་མཁྱེན་པར་མཛོད་ཅིག།གྲོང་དང་གྲོང་ཁྱེར་དང་།གྲོང་རྡལ་དང་།རྒྱལ་པོའི ་ཕོ་བྲང་འཁོར་ཐམས་ཅད་ཀྱི་ཟས་ལ་སོགས་པ་བསྡུསོ།།བསྡུས་ནས་ཀྱང་གཅལ་ཞིང་བགྲངས་ལེགས།།གཅལ་ཞིང་བགྲངས་ནས།གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།། ་རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་བང་བ་བགྱིས་ནས།སྩལ་ཀྱང་ལགས་ཀྱིས།ཁྱོད་གང་གིས་དུས་ཉིད་དགོངས་སམ།དེ་ནས་རྒྱལ་པོ་གསེར་མདོག་གིས་གྲངས་པ་དང་། ་རྩིས་པ་དང་།ཡི་གེ་བའི་མི་རྣམས་བོས་ནས་འདི་སྐད་ཅེས་སྨྲས་སོ།།གྲོང་གི་གཙོ་བོ་དག་ཁྱེད་རྣམས་དེང་ལོ།འཛམ་བུའི་གླིང་གི་མི་ཐམས་ཅད་གྲོངས་ཤིག།ང་མན་ཆད ་ལེགས་པར་གྲོངས་ལ།འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་བཟའ་བ་ལེགས་པར་མཉམ་པར་བགོ་བར་གྱིས་ཤིག།གྲངས་པ་དང་།རྩིས་པ་དང་།།ཡི་གེ་པའི་མི་རྣམས་ཀྱིས།རྒྱལ་པོ ་གསེར་མདོག་གི་ལྟར་མཉན་ནས།འཛམ་བུའི་གླིང་གི་མི་ཐམས་ཅད་ལེགས་པར་བགྲངསོ།།རྒྱལ་པོ་གསེར་མདོག་མན་ཆད་ལེགས་པར་བགྲངས་ནས།འཛམ་བུའི་གླིང་གི་མི་ཐམས ་ཅད་ལ་བཟའ་བ་མཉམ་པར་འགེད་དོ།།ལོ་བཅུ་གཅིག་གི་བར་དུ་ནི་ཤི་བ་མེད་དོ།།ལོ་བཅུ་གཉིས་པ་བྱུང་བའི་ཚེ་ཟླ་བ་གཅིག་ལ་དེར་མི་མང་དུ་སྐྱེས་པ་དང་བུད་མེད་དང་།ཁྱེའུ་དང་བུ་མོ ་བཀྲེས་པ་དང་སྐོམ་པས་ཤིའོ།།ལོ་བཅུ་གཉིས་པ་བྱུང་བའི་ཚེ་ཟླ་བ་ལྷག་མ་གཉིས་དང་གསུམ་དང་།བཞི་དང་ལྔ་དང་བཅུ་གཅིག་གི་བར་དུ་དེར་མང་དུ་སྐྱེས་པ་དང་།བུད་མེད་དང ་ཁྱེའུ་དང་བུ་མོ་རྣམས་ཤི་བར་གྱུར་ཏོ།།དེའི་ཚེ་ན་འཛམ་བུའི་གླིང་གི་ཟས་ལ་སོགས་པ་ཐམས་ཅད་ཡོངསུ་ཟད་དོ།།གཞན་དུ་ན་གསེར་མདོག་ལ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག ་ཡོད་དོ།།དེའི་ཚེ་དུས་གཞན་ཞིག་ན།བསྐལ་པ་བཞི་བཅུར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞིག།མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་པར་གྱུར་ཏོ།།བྱང་ཆུབ་སེམས ་དཔའ་དེས་གཞན་ཞིག་ཏུ།ནགས་ཁྲོད་ཞིག་ན།བུ་དང་མ་གཉིས་ཉལ་པོ་བྱེད་པ་ཞིག་མཐོང་ངོ་།།མཐོང་ནས་ཀྱང་འདི་སྙམ་དུ་གྱུར་ཏེ།ེ་མའོ་ཉོན་མོངསོ།།སེམས་ཅན ་འདི་དག་ནི་ཉོན་མོངས་གང་གི་ཚེ་ཟླ་བ་དགུ་རུམ་དེ་ཉིད་གནས་ལ།དེ་ཉིད་ཀྱི་ནུ་མ་ལྔ་འཐུངས་ནས།དེ་ཉིད་དུ་དེ་ལྟར་བྱེད།འདི་འདྲ་བའི་སེམས་ཅན་ཆོས་མ་ཡིན ་པའི་འདོད་ཆགས་ཀྱིས་ཞེན་པ།ལོག་པར་ལྟ་བ་འདོད་པ་མི་བཟད་པས་ཟིལ་གྱིས་ནོན་པ།ཕར་མི་འཛིན་པ།མར་མི་འཛིན་པ།དགེ་སྦྱོང་དུ་མི་འཛིན་པ།བྲམ་ཟེར་མི་འཛིན་པ།། ་རིགས་ཀྱི་རྒན་རབས་ལ་བཀུར་བསྟི་མི་བྱེད་པ་རྣམས་ཀྱི་བདག་མཆོག་སྟེ།འདི་འདྲ་བའི་སེམས་ཅན་རྣམས་ཀྱི་དོན།བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་སུ་ཞིག་སྤྲོ།བདག་ནི་ངེས་པར ་བདག་གཅིག་པུའི་དོན་བསྒྲུབ་པོ་སྙམོ།།དེ་ནས་བྱང་ཆུབ་སེམས་དཔའ་དེ་གཞན་གཞན་དུ་ཤིང་ལྗོན་པའི་དྲུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས།ཤིང་ལྗོན་པའི་དྲུང་དེར་སྐྱིལ་མོ་ཀྲུང་བཅས ་ནས་ལུས་བསྲང་སྟེ།དགའ་བ་དང་།བདེ་བ་དང་།དྲན་པ་མངོན་དུ་བཞག་ནས་འདུག།དེ་ནས་བྱང་ཆུབ་སེམས་དཔའ་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ།།སྐྱེ་བ་དང་། ་འཇིག་པར་རྗེ་སུ་ལྟ་ཞིང་གནས་ཏེ།འདི་ནི་གཟུགས་ཏེ།གཟུགས་འདི་ནི་སྐྱེ་བའོ།།གཟུགས་འདི་ནི་འཇིག་པའོ།།འདི་ནི་ཚོར་བ།འདི་དག་ནི་འདུ་ཤེས་འདི་དག་ནི་འདུ ་བྱེད།འདི་དག་ནི་རྣམ་པར་ཤེས་པ་སྟེ།རྣམ་པར་ཤེས་པ་འདི་ནི་སྐྱེ་བའོ།།རྣམ་པར་ཤེས་པ་འདི་ནི་འཇིག་པའོ་ཞེས།དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་སྐྱེ་དེ། ་དང་།འཇིག་པར་རྗེ་སུ་ལྟ་ཞིང་གནསོ།།གང་ཅུང་ཟད་སྐྱེ་བའི་ཆོས་དེ་ཐམས་ཅད་ནི།ཡུན་མི་རིང་བ་ཉིད་དུ་འགག་པའི་ཆོས་ཡིན་པར་རིག་ནས།དེ་ཉིད་དུ་རང་བྱང་ཆུབ་རྗེསུ་ཐོབ་བོ།། ་དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེའི་རྐྱེན་ཇི་ལྟ་བ་བཞིན་གྱིས།ཆོས་ཐོབ་པ་མཐང་ནས།དེའི་ཚེ་ཚིགསུ་བཅད་པ་འདི་སྨྲས་པ།ཡང་དག་བསྙེན་ནས་ཆགས་གྱུར་ལ། ་ཆགས་ལས་སྡུག་བསྔལ་འདི་བྱུང་སྟེ།།ཚོགས་ལས་སྡུག་བསྔལ་འདི་འཇུག་པས།།དེ་ཕྱིར་མཁས་པས་ཆགས་སུན་ཕྱུང་།།བསེ་རུ་ལྟ་བུར་གཅིག་པུ་སྤྱད།།དེ་ནས་བཅོམ ་ལྡན་འདས་རང་སངས་རྒྱས་དེ་འདི་སྙམ་དུ་གྱུར་ཏེ།བདག་གིས་སེམས་ཅན་རྣམས་ཀྱི་ཕྱིར།དཀའ་བ་མང་ཞིག་སྤྱད་པས་ནི་སུ་ལ་ཡང་ཕན་པ་བྱས་པས་མ་ཡིན་ཏེ།བདག་གིས ་དེ་སུ་ཞིག་ལ་ས་བརྩེ་བར་བྱ་ཞིང་བདག་གོས་དང་སུ་ཞིག་ལ་བསོད་སྙོམས་སྨྲངས་ཏེ།ཡོངསུ་བཟར་བར་བྱ་སྙམ།།དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་མ་ལས་ཤིན་ཏུ ་འདས་པའི་ལྷའི་སྤྱན་གྱིས་འཛམ་བུའི་གླིང་འདི་ཀུན་ཏུ་བལྟས་པ་དང་།བཅོམ་ལྡན་འདས་རང་སངས་རྒྱས་ངོས་འཛམ་བུའི་གླིང་གི་ཟས་ལ་སོགས་པ་ཡོངསསུ་ཟད་པར་མཐོང་སྟེ།གཞན ་དུ་རྒྱལ་པོ་གསེར་མདག་ལ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་ཡོད་དོ།།དེ་འདི་སྙམ་དུ་གྱུར་ཏོ།བདག་གིས་ངེས་པར་རྒྱལ་པོ་གསེར་མདོག་ལ་སྙིང་བརྩེ་བར་བྱ་ཞིང་།བདག ་གིས་ངེས་པར་རྒྱལ་པོ་གསེར་མདོག་ལ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་ཡོད་པ་ལས་བླངས་ཏེ།ཡོངསུ་བཟའ་བར་བྱའོ་སྙམོ།།དེ་ནས་བཅོམ་ལྡན་འདས་རང ་སངས་རྒྱས་དེ་དེའི་རྫུ་འཕྲུལ་འདི་ལྟ་བུས་ན་མཁའ་ལ་མངོན་དུ་སོང་སྟེ།ལུས་སྣང་བར་བྱ་བཞིན་དུ་རྫུ་འཕྲུལ་གྱིས།རྒྱལ་པོའི་ཕོ་བྲང་གསེར་ཅན་གང་ན་བ་དེར་སོང་ངོ་།།དེའི་ཚེ་རྒྱལ ་པོ་གསེར་མདོག་བློན་པོ་ལྔ་སྟོང་ཙམ་དང་།ཁང་བཟངས་ཀྱིས་སྟེང་ན་འཁད་པར་གྱུར་ཏོ།།བཅོམ་ལྡན་འདས་རང་སངས་རྒྱས་དེ་རྒྱང་རིང་པོ་ནས་འདི་ལྟར་འོང་བ་ན།སྣ་ཆེན་པོ་ལ ་གཏོགས་པ་གཅིག་གིས་མཐོང་ངོ་།།མཐོང་ནས་སྣ་ཆེན་པོ་ལ་གཏོགས་པ་དག་བོས་ནས།གྲོང་གི་གཙོ་བོ་དག་ལྟོས་ཤིག།འདི་ལྟར་རྒྱང་རིང་པོ་ནས།བྱ་དམར་པོ་འཕུར་བ་ཞིག་འོང་ངོ་།།། ་སྣ་ཆེན་པོ་ལ་གཏོགས་པ་གཉིས་པས་སྨྲས་པ།གྲོང་གི་གཙོ་བོ་དག་འདི་ནི་བྱ་དམར་པོ་འཕུར་བ་མ་ཡིན་གྱི།འདི་ནི་སྲིན་པོ་མདངས་འཕྲོག་ཞིག་འོང་སྟེ།འདིས་ནི་དིང་བདག་ཅག ་ཟོས་པར་འགྱུརརོ།།དེ་ནས་རྒྱལ་པོ་གསེར་མདོག་ལག་པ་གཉིས་ཀླས་བཞིན་ལེགས་པར་ཕྱིས་ཏེ་།སྣ་ཆེན་པོ་རྣམས་ལ་སྨྲས་པ།གྲོང་ག་གཙོ་བོ་དག་འདི་ནི་བྱ་དམར་པོ་འཕུར ་བ་མ་ཡིན་ལ།སྲིན་པོ་མདངས་འཕྲོག་པ་ཡང་མ་ཡིན་ནོ།།འདི་ནི་དྲང་སྲོང་སྟེ།བདག་ཅིག་ལ་སྙིང་བརྩེ་བའི་ཕྱིར་འོང་ངོ་།།དེ་ནས་བཅོམ་ལྡན་འདས་རང་སངས་རྒྱས་དེ་རྒྱལ་པོ ་གསེར་མདོག་གི་ཁང་ཟངས་ཀྱི་སྟེང་དུ་བབ་སོ།།དེ་ནས་རྒྱལ་པོ་གསེར་མདོག་ལངས་ནས།བཅོམ་ལྡན་འདས་རང་སངས་རྒྱས་དེ་བསུས་ནས།བཅོམ་ལྡན་འདས་རང་སངས་རྒྱས་དེའི་ཞབས ་ལ་མགོ་བོས་ཕྱག་འཚལ་ཏེ།སྟན་བཤམས་པ་ལ་བཞུགས་པར་གསོལ་ཏོ།།དེ་ནས་རྒྱལ་པོ་གསེར་མདོག་གིས།བཅོམ་ལྡན་འདས་རང་སངས་རྒྱས་དེ་ལ་འདི་སྐད་ཅེས་སྨྲས།། ་དྲང་སྲོང་ཅིའི་ཕྱིར་འདིར་བྱོན།།དྲང་སྲོང་གིས་སྨྲས་པ།རྒྱལ་པོ་ཟས་ཀྱི་ཕྱིར་རོ།།དེ་ནས་རྒྱལ་པོ་གསེར་མདོག་རབ་ཏུ་ངུས་ཏེ།མཆི་མ་ཕྱུང་ནས།ེ་མའོ་བདག་དབུལ་ཏེ་འདི་ལྟར ་འཛམ་བུའི་གླིང་གི་དབང་ཕྱུག་དམ་པ་བྱས་ཀྱིས་ཀྱང་།དྲང་སྲོང་གཅིག་ལ་བསོད་སྙོམས་དབུལ་བར་མ་ནུསོ།།དེ་ནས་རྒྱལ་པོའི་ཕོ་བྲང་གསེར་ཅན་ན་གནས་པའི་ལྷ་དེས་རྒྱལ་པོ་གསེར ་མདོག་ལ་ཚིགསུ་བཅ་དེ་སྨྲས་པ།ཅི་ཞིག་སྡུག་བསྔལ་ཡིན་ཞེས་པ་དེ་ནི་དབུལ་བའོ།།ཤིན་ཏུ་སྡུག་བསྔལ་གང་ཡིན་དབུལ་བ་དེ་ཉིད་དེ།དབུལ་བ་དག་གི་ནང་ན་ཤི་དང་མཚུངས ་པར་གྱུར་པ་སྟེ།བདག་ནི་ཤི་ཡང་བླ་ཡི་དབུལ་བར་མི་འདོད་དོ།།དེ་ནས་རྒྱལ་པོ་གསེར་མདོག་གིས་མཛོད་ལ་བོས་ནས།འདི་སྐད་ཅེས་སྨྲས།།གྲོང་གི་གཙོ་བོ་ཁྱིམ་ན་བཟའ་ཅུང ་ཟད་ཡོད་ན།དྲང་སྲོང་འདི་ལ་དབུལ་བར་བྱའོ།།དེས་སྨྲས་པ།གང་ལྷ་ཉིད་མཁྱེན་པ་ལགས་ཏེ།འཛམ་བུའི་གླིང་གི་ཟས་ལ་སོགས་པ་ཐམས་ཅད་ཡོངསུ་བས་སོ།།གཞན ་དུན་ཉུག་གཅིག་བཤོས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་མཆིསོ།།དེ་ནས་རྒྱལ་པོ་གསེར་མདོག་འདི་སྙམ་དུ་གྱུར་ཏེ།ཀལ་ཏཱ་ཟོས་ནན་ལན་སྟེ་མཐོས་ནན་ཛི་སྣ། ཡང་། ་འདི་སྙམ་དུ་གྱུར་ཏེ།གལ་ཏེ་ཟོས་ཀྱང་ངེས་པར་བདག་འཆི་བར་འགྱུར་ཏེ།འཚོ་བས་མཆོག་གིས་ཇི་ལྟར་ན།འདི་འདྲ་བའི་དྲང་སྲོང་ཚུལ་ཁྲིམས་དང་ལྡན་པ།དགེ་བའི་ཆོས ་ཅན་ཏེ།དེ་ནས་རྒྱལ་པོ་གསེར་མདོག་གིས།རྩིས་དང་སྣ་ཆེན་པོ་ལ་གཏོགས་པ་དང་།སྒོ་བ་དང་།འཁོར་རྣམས་བསྡུས་ནས།འདི་སྐད་ཅེས་སྨྲས།།གྲོང་གི་གཙོ་བོ་དག ་ཀྱི་ཧུད།འདི་ནི་གསེར་མདོག་གི་སྦྱིན་པ་གཏོང་བ་མཐའ་མ་ཡིན་ཏེ།རྗེ་སུ་ཡི་རང་བར་གྱིས་ཤིག།དགེ་བའི་རྩ་བ་འདིས།འཛམ་བུའི་གླིང་གི་མོ་ཐམས་ཅད་ཀྱི་དབུལ་བ་ཡང ་དག་པར་གཅོད་པར་གྱུར་ཅིག།དེ་ནས་རྒྱལ་པོ་གསེར་མདོག་གིས་ཟས་བྲེའུ་ཆུང་གང་ཡོད་པ་དེ།བཅོམ་ལྡན་འདས་རང་སངས་རྒྱས་དེའི་ལྷུང་བཟེད་དུ་བླུགས་ནས།བཅོམ ་ལྡན་འདས་རང་སངས་རྒྱས་དེའི་ལག་པ་གཡས་པར་ལྷུང་བཟེད་བྱིན་ནོ།།གང་རང་སངས་རྒྱས་ཀྱི་ལུས་ཀྱིས་ཆོས་སྟོན་པ་ནི་ཆོས་ཉིད་དེ།ཚིག་གིས་ནི་མ་ཡིན་ནོ།།དེ་ནས ་བཅོམ་ལྡན་འདས་རང་སངས་རྒྱས་ཏེ།རྒྱལ་པོ་གསེར་མདོག་གི་བསོད་སྙོམས་བླངས་ནས།འདི་ལྟར་རྫུ་འཕྲུལ་གྱིས་ན་མཁའ་ལ་སོང་ངོ་།།དེ་ནས་རྒྱལ་པོ་གསེར་མདོག ་ཐལ་མོ་སྦྱར་ནས།མིག་རྒྱང་གིས་སོད་དག་གི་བར་དུ་མིག་མི་འཛུམས་པར་བལྟསོ།།དེ་ནས་རྒྱལ་པོ་གསེར་མདོག་གིས།རྩིས་པ་དང་།སྣ་ཆེན་པོ་ལ་གཏོགས་པ་དང་།བློན་པོ་དང་། ་སྒོ་བ་དང་།འཁོར་རྣམས་བོས་ནས་འདི་སྐད་ཅེས་སྨྲསོ།།གྲོང་གི་གཙོ་བོ་དག་རང་རང་གི་གནས་ཇི་ལྟ་བ་བཞིན་དང་ཤིག་ཁང་བཟངས་འདིར་བཀྲེས་པ་དང་།སྐོམ་པས་འཆི་བའི་དུས་མ ་བྱེད་ཅིག།དེ་དག་གིས་སྨྲས་པ།གང་གི་ཚེ་ལྷའི་དཔལ་དང་སྐུ་དཔལ་དང་ལྡན་པར་གྱུར་པ་དེའི་ཚེ།བདག་ཅག་ལྷའི་ཞྭ་འབྲིང་ན་རྩེ་ཞིང་དགའ་ལ་ལོངས་སྤྱོད་པ་ལགས་ན།འདི་ལྟ་སྟེ། ་བདག་ཅག་ལྷའི་དུས་ཕྱི་མ་དང་།དུས་ཚོད་ཕྱི་མ་ཡོངསུ་བཏང་བ་ག་ལ་ཞིག་བཟོད།དེ་ནས་རྒྱལ་པོ་གསེར་མདོག་རབ་ཏུ་ངུས་ཏེ་མཆི་མ་ཕྱུང་ངོ་།།མཆི་མ་དེ་ལེགས་པར་ཕྱིས་ནས།རྩིས ་པ་དང་།སྣ་ཆེན་པོ་ལ་གཏོགས་པ་དང་།བློན་པོ་དང་།སྒོ་བ་དང་།འཁོར་རྣམས་ལ་འདི་སྐད་ཅེས་སྨྲསོ།།གྲོང་གི་གཙོ་བོ་དག་རང་གི་གནས་ཇི་ལྟ་བ་བཞིན་དང་ཤིག།ཐམས་ཅད ་ཀྱིས་ཁང་བཟངས་འདིར་བཀྲེས་པ་དང་སྐོམ་པ་དག་གིས་འཆི་བའི་དུས་མ་བྱེད་ཅིག།དེ་ནས་རྩིས་པ་དང་།སྣ་ཆེན་པོ་ལ་གཏོགས་པ་དང་།བློན་པོ་དང་།སྒོ་བ་དང་།འཁོར་རྣམས་རབ་ཏུ ་དུས་ཏེ།མཆི་མ་ཕྱུང་ངོ་།།མཆི་མ་ལེགས་པར་ཕྱིས་ནས།རྒྱལ་པོ་གསེར་མདོག་གལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་གསེར་མདོག་གི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ།ཐལ ་མོ་སྦྱར་ནས།རྒྱལ་པོ་གསེར་མདོག་ལ་འདི་སྐད་ཅེས་སྨྲས།།བདག་ཅག་གིས་ལྷའི་ཞལ་ཏ་བའི་ཕྱི་མ་དང་ལགས་ཏེ་བདག་ཅག་གིས་གང་ཅུང་ཟད་ལྟ་བཀ་ལས ་འགལ་བ་ཅི་བགྱིས་པ་བཟོད་པར་གསོལ་ལོ།།འདི་ལྟ་སྟེ།བཅོམ་ལྡན་འདས་རང་སངས་རྒྱས་དེས་བསོད་སྙོམས་དེ་ཡོངསུ་ཟོས་སོ།།དེ་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཞི་ནས ་སྦྱིན་སྟུག་པོ་བཞི་ལངས།།རླུང་གྲང་བ་ཡང་ལངས་ཏེ།དེའི་ཚེ་འཛམ་བུ་གླིང་ཕྱག་སོ།།དེ་ནས་དེའི་དུས་ཀྱི་བྱེ་བྲག་ལ།བཅའ་བར་བྱ་བ་དང་།བཟའ་བར་བྱ་བ་རྣམ་པ་སྣ་ཚོགས ་ཀྱི་ཆར་བབ་སྟེ།བཟའ་བར་བྱ་བ་དངོས་པོ་འདི་ལྟ་བུ་འབྲས་ཅན་དང་།ཕྱེ་དང་ཟན་དྲོན་དང་ཤ་དང་ཉ་ཤོ་དང་།བཅའ་བར་བྱ་བའི་དངོས་པོ་འདི་ལྟ་བུ་བཅའ་བར་བྱ་བ་ལ་ཕུག་དང་། ་བཟའ་བར་བྱ་བ་ལོ་མ་དང་།བཟའ་བར་བྱ་བ་མེ་ཏོག་དང་།བཟའ་བར་བྱ་བ་འབྲས་བུ་དང་།བཟའ་བར་བྱ་བ་ཏིལ་དང་།བཟའ་བར་བྱ་བ་ཏིལ་མར་དང་།བཟའ་བར་བྱ་བ་བུ ་རམ་དང་།བཟའ་བར་བྱ་བ་ཀ་ར་དང་།གཞན་ཡང་བཟའ་བར་བྱ་བ་དང་།བཅང་བར་བྱ་བ་དང་།མྱོང་བར་བྱ་བ་རྣམ་པ་མང་པོའི་བཟའ་བ་དག་གི་ཆར་བབ་པོ།།དེ་ནས་རྒྱལ ་པོ་གསེར་མདོག་མགུ་ལ་དགའ་ཞིང་ཡིད་རངས་ཏེ།རབ་ཏུ་དགའ་ནས་དགའ་བ་དང་།ཡིད་བདེ་བ་སྐྱེས་ཏེ།རྩིས་པ་དང་།སྣ་ཆེན་པོ་ལ་གཏོགས་པ་དང་།བློན་པོ་དང་། ་སྤྲོ་བ་དང་།འཁོར་རྣམས་བོས་ནས་འདི་སྐད་ཅེས་སྨྲས།།གྲོང་གི་གཙོ་བོ་དག་ལྟོས་ཤིག།ཀྱེ་མ་དང་བསོད་སྙོམས་གཅིག་ཕུལ་བའི་མྱུ་གུ་བྱུང་བར་གྱུར་ཏེ།འབྲས་བུ་དང་ལོ་མ་དང་མེ་ཏོག ་ནི་ཕྱིས་འབྱུང་བར་འགྱུརརོ།།དེ་ནས་ཉི་མ་གཉིས་པ་ལ།ཉིན་བདུན་དུ་ནོར་དང་འབྲུའི་ཆར་རབ་ཏུ་ཕབ་བོ།།འདི་ལྟ་སྟེ།ཏིལ་དང་།འབྲས་ཐུག་པོ་ཆེ་དང་།མོན་སྲན་གླེའུ་དང་། ་མོན་སྲན་དཀར་བུ་དང་།ནས་དང་གྲོ་དང་།སྲན་ཆུང་དང་།འབྲས་ས་ལུ་དང་།འབྲུའི་རིགས་ཐམས་ཅད་དང་།ཞག་བདུན་མར་སར་གྱི་ཆར་བབ་བོ།།ཞག་བདུན་དུ་ཏིལ་མར་གྱི ་ཆར་བབ་པོ།།ཞག་བདུན་དུ་བེའུ་རིས་ཀྱི་ཆར་བབ་བོ།།ཞག་བདུན་དུ་རྫས་རྣམ་པ་སྣ་ཚོགས་ཀྱི་ཆར་བབ་པོ།།ཞག་བདུན་དུ་རིན་པོ་ཆེ་སྣ་བདུན་ལ།གསེར་དང་།དལ་དང་།ཤེལ ་དང་།བཻ་ཌཱུརྱ་དང་།མུ་ཏིག་དམར་པོ་དང་།རྡོའི་སྙིང་པོ་དང་།སྤུག་རྣམས་ཏེ།རིན་པོ་ཆེ་སྣ་བདུན་པོ་འདི་དག་གི་ཆར་བབ་བོ།།རྒྱལ་པོ་གསེར་མདོག་གི་མཐུས།འཇམ ་བུའི་གླིང་གི་མི་ཐམས་ཅད་ཀྱི་དབུལ་བ་ཡང་དག་པར་བཅད་པར་གྱུར་ཏོ།།དགེ་སློང་དག་དེའི་ཚེ།དེའི་དུས་ནི་རྒྱལ་པོར་གྱུར་པ་དེ།གཞན་ཞིག་ཡིན་སྙམ་དུ་ཁྱོད་ཀྱིས་སོམ་ཉྫི་དང་། ་ཡིད་གཉིསུ་མི་བྱའོ།།དགེ་སློང་དག་དེའི་ཚེ་དེའི་དུས་ན།རྒྱལ་པོ་གསེར་མདོག་ཅེས་བྱ་བ་བྱུང་བ་དེ་ནི།ང་ཉིད་ཡིན་པར་བལྟ་བར་བྱའོ།།དགེ་སློང་དག་རྣམ་གྲངས་དེས་ཀྱང་འདི་ལྟར ་རིག་པར་བྱ་སྟེ།ཇི་ལྟར་ངས་སྦྱིན་པའི་འབྲས་བུ་དང་།སྦྱིན་པ་ལ་འགོད་པའི་རྣམ་པར་སྨིན་པ་ཤེས་པ་ལྟར།སེམས་ཅན་རྣམས་ཀྱིས་ཀྱང་།སྦྱིན་པའི་འབྲས་བུ ་དང་སྦྱིན་པ་ལ་འགེད་པའི་རྣམ་པར་སྨིན་པ་ཤེས་པར་གྱིས་ཤིག།གང་ཁ་མོ་ཕྱི་མའི་ཁམ་ཕྱི་མ་གཅིག་པུ་དེ་ཡང་གཞན་དག་ལ་མ་བྱིན་མ་བགོས་པར་བདག་གིས་བོར་མི་བྱའོ།། ་སེར་སྣའི་སེམས་ཀྱི་དྲི་མ་སྐྱེས་པས་ཀུན་ནས་དཀྲིས་ཏེ་འདུག་པར་མི་བྱའོ།།ཇི་ལྟར་ངེས་ཤེས་པ་དེ་བཞིན་དུ།འདི་ལྟར་སེམས་ཅན་གྱི་སྦྱིན་པ་ལ་འགེད་པའི་རྣམ་པར་སྨོན་པ་མི ་ཤེས་ཏེ།དེ་ལྟ་བསྔ་ན་སེམས་ཅན་དགྲ་ཕྱི་མ་ཕྱི་མའི་ཁམ་གཅིག་པུ་དེ་ཡང་གཞན་དག་ལ་མ་བྱིན་མ་བགོས་པར་བདག་ཉིད་ཀྱིས་བཟའ་བོར་མི་བྱའོ།།སེར་སྣའི་སེམས་ཀྱི་དྲི་མ ་སྐྱེས་པས་ཀུན་ནས་དཀྲིས་ཏེ་འདུག་པར་མི་བྱའོ།།སྔོན་གྱི་དགེ་དང་མི་དགེ་བྱས་པ་ཆུད་མི་ཟ།།མཁས་པ་དག་ལ་བརྟེན་པ་ཆུད་མི་ཟ་སྟེ།།འཕགས་པའི་སྐྱེ་བོས་ལེགས་པར་བཤད། ་པོ་ཆུད་མི་ཟད།།བྱས་པ་གཟོལ་བྱས་པ་རྣམས་ཀྱང་ཆུད་མི་ཟ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།དགེ་སློང་དེ་དག་དང་།། ་ལྷ་དང་།མི་དང་ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།། ་གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ་རྫོག་སོ།།།བོད་སྐད་དུ།འཕགས་པ་རྒྱལ་བུ་དོན་གྲུབ། ་