CLOSE WINDOW

N329: 'phags pa byams pa lung bstan pa
Wyliee-texts produced with BDRC’s OCR application

ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག།།།རྒྱ་གར་སྐད་དུ།ཨཱརྱ་མཻ་ཏྲི་ཡཱ་བྱཱ་ཀ་ར་ཎ།བོད་སྐད་དུ།འཕགས་པ་བྱམས་པ་ཡུ ་བསྟན་པ།འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།།ཆོས་ཀྱི་སྡེ་དཔོན་ཁྱབ་བདག་དཔལ།།ཤེས་རབ་ཆེན་པོ་ཤཱ་རིའི་བུས།།འཇིག་རྟེན་རྣམས་ལ་སྙིང་བརྩེའི་ཕྱིར།།སྟོན་པ ་ལ་ནི་ཡོངས་ཞུས་པ།།སྔོན་དང་ཕྱི་མཐའི་མདོ་ལས་ནི།།མ་འོངས་པའི་སངས་རྒྱས་གང་།།འཇིག་རྟེན་འདྲེན་པར་མཛད་པ་པོ།།བྱམས་པ་ཞེས་བྱ་བསྟན་པ་དེ།།འདྲེན་པ་བདག ་ནི་དེའི་མཐུ་དང་།།རྫུ་འཕྲུལ་དང་ནི་དོན་ཐམས་ཅད།།རྒྱས་པར་རབ་ཏུ་ཉན་འཚལོ་ན།།དེ་ནི་མི་མཆོག་བདག་ལ་གསུངས།།དེ་ལ་སྟོན་པས་བཀའ་སྩལ་པ།།སངས་རྒྱས ་བྱམས་པ་མི་མཆོག་དེའི།།འབྱོར་པ་རྒྱས་པར་ཁྱོད་ལངས།།ལུང་བསྟན་བྱ་ཡིས་ང་ལ་ཉོན།།དེའི་ཚེ་ན་རྒྱ་མཚོ་ནི།།ཁོར་ཡུག་ཏུ་ནི་དཔག་ཚད་བརྒྱ།།སྐམ་པར ་འགྱུར་ཏེ་དེ་ཡང་ནི།།འཁོར་ལོས་སྒྱུར་པའི་ལམྲ་བཟང་ཡིན།།དེ་ཚོ་འཛམྦུའི་གླིང་འདི་ཡང་།།ཆུ་ཞེང་ཐག་གྲུ་མཉམ་པར་ནི།།དཔག་ཚད་སྟོང་ཕྲག་བཅུ་པ་སྟེ།།འབྱུང་པོ་ཀུན ་གྱི་གན་སུ་འགྱུར།།དེའི་ཚེ་ན་ཡུལ་གྱི་མི།།དར་ཅིང་འབྱོར་ལ་ཆད་པ་མེད།།འཚེ་མེད་མི་ནི་དེ་དག་ཀྱང་།།དགེ་བ་བྱེད་པ་དག་ཏུ་འགྱུར།།ས་གཞི་ཚེར་མ་མེད་པ་དང་།།མཉམ་ཞིང ་ནེའུ་བསིང་སྔོ་དང་ལྡན།།འཕང་ཞིང་ནེམས་ཤེས་བྱེད་པ་སྟེ།།ཤིང་བལ་མདབ་མ་བཞིན་དུ་འཇམ།།མངར་ཞིང་དྲི་ནི་ཞིམ་པ་ཡི།།ས་ལུམ་རྨོས་པར་སྐྱེའོ།།སྣ་ཚོགས་ཚོན་གྱིས ་མཛེས་བྱས་པའི།།གོས་ཀྱི་ལྗོན་ཤིང་འབྱུང་བར་འགྱུར།མེ་ཏོག་ལོ་མ་འབྲས་ལྡན་པའི།།ལྗོན་ཤིང་འཕང་དུ་རྒྱང་གྲགས་འབྱུང་།།དེ་དག་རྣམས་ཀྱི་ཚེ་ལོ་ནི།།བརྒྱད་ཁྲི་ཁོ་ན་ཐུབ་པར ་འགྱུར།།སེམས་ཅན་དེ་དག་སྐྱོན་མེད་ཅིང་།།ཉེས་བྲལ་སྤྲོ་བ་ཚེ་དང་ལྡན།།ལུས་ཆེན་ཁ་དོག་ལྡན་པ་སྟེ།།ཚན་པོ་ཆེ་ཡི་སྟོབས་དང་ལྡན།།ནད་ནི་གསུམ་ཞིག་འབྱུང་བར་འགྱུར།།འདོད་དང་མི ་ཟ་རྒ་བའོ།།བུ་མེ་ལོ་ནི་ལྔ་བརྒྱད་ག།ལོན་ནས་ཁྱོལ་བག་མར་འགྲོ།།དེ་ཚེ་ཏོག་ལྡན་ཞེས་བྱ་བའི།།རྒྱལ་པོའི་ཕོ་བྲང་འབྱུང་འགྱུར་ཏེ།།སྲོག་ཆགས་དགེ་བ་བའི་ལས་བྱེད་པའི།།སེམས ་ཅན་རྣམས་ཀྱི་གནས་ཡིན།།ཆུར་ནི་དཔག་ཚད་བཅུ་གནས་ཏེ།།རྒྱུར་ནི་དཔག་ཚད་བདུན་ཡོད་པའི།།བསོད་ནམས་བྱས་པ་རྣམ་དག་གི།ཕྲང་ཁྱེར་ཡིད་འོང་འབྱུང་བར་འགྱུར།།རན་ཆེན་བདུན་ལས ་བྱས་མཐོ་བའི།།ར་བ་འཕང་དུ་རྒྱུང་གྲགས་འབྱུང་།།ཤིང་ཐགས་དང་ནི་སྒོ་ཁང་རྣམས།།རིན་ཆེན་སྣ་ཚོགས་དག་གིས་བརྒྱན།།རིན་ཆེན་མོ་ཕག་གིས་དེ་རྫོགས་ཤིང་།།པདྨ་ཨུ་ཏ་པ་ལ ་གཅལ་དུ་བཀྲམྦ།།དུང་སས་མཛེས་པར་བྱས་པ་ཡི།།འོབས་ཀྱང་འབྱུང་བ་ཁོ་ནར་འགྱུར།།ཁོར་ཡུག་ཏུ་ནི་ཏ་ལ་ཡི།།ཕྲེང་བ་བདུན་གྱིས་ཡོངསུ་བསྐྱོར།།དྲིལ་བུའི་དྲ་བས་མཛེས་བྱས་པ། ་རིན་ཆེན་པོཞི་རྒྱུའི་ཏ་ལ་དགྲ།རླུང་བསྐྱོད་ཏ་ལ་དེ་དག་ལས།།སྙན་པའི་སྒྲ་ནི་འདི་ལྟར་དཔེར།།སིལ་སྙན་ཡན་ལག་ལྔ་ལྡན་བཞིན།།དེ་ལས་ཡིད་འོང་སྒྲ་གྲག་འགྱུར།།མི་རྣམས་གང་དག ་གྲོང་ཁྱེར་དེ་།།ཙྪ་དགའ་བྱེ་དེ་དེ་ནི་གཏོར་བ་རྣམས།།དེ་དག་ཏ་ལའི་སྒྲ་དེ་ཡིས།།རབ་ཏུ་མགུ་ཞིང་སྦྱིན་པར་བྱེད།།ུད་པེ་ལ་ཀུ་མུ་ངས་གང་བའི།།ལྡིང་བུ་དག་ཀྱང་འབྱུང་བར་འགྱུར།།དྲང ་དེ་བསྐྱེད་མོས་འཚལ་དང་ནི།།ནགས་ཚུལ་ཕུན་སུམ་ཚོགས་པར་འགྱུར།།དེར་ནི་དུང་ཞེས་བྱ་བ་ཡི།།རྒྱ་ལོ་པོ་གཎྜཱི་ཚེ་ལྡན་ཞིང་།།སྟོབས་ཚེ་གླིང་བཞི་དབང་ཕྱུག་པ།།མངའ་བདག ་འཁོར་ལོས་སྒྱུར་བ་འབྱུང་།།དཔུང་གི་ཡན་ལག་བཞི་འབྱོར་ཅིང་།།རིན་ཆེན་བནི་དང་ཡོང་དག་ལྡན།།རྒྱལ་པོའི་དིའི་སེཾས་རྣམས་ནི།།སྣོང་དུ་ཚང་བར་འབྱུང་བར་འགྱུར།།མེ་ཡིད ་པོ་དེ་ཡང་ནི།།ས་འདི་རྒྱུ་མཚོ་མ་འ་ཀླས་པར།།ཆུད་པ་མེད་ཅིང་ཆོས་དང་ནི།།འཐུན་པས་ཡོངས་སུ་སྐྱོང་བྱུར་འགྱུར།།དེ་ཚེ་དང་ཞེས་བྱ་བའི།།སྣ་བདག་རྒྱུལ ་པོ་དེ་ལ་ནི།།རིན་ཆེན་ཁྲག་ཁྲིག་བརྒྱས་མཚོན་པའི།།གཏེར་ཆེན་བཞི་ནི་འབྱུང་བར་འགྱུར།།སུའི་མཚན་ནི་སེར་སྐྱ་སྟེ།།བཅོམ་བརླག་ན་ནི་དཀར་པོ་ཡིན།།ས་འཛིན་ན་ནི་ཨི ་ལའི་མདབ།།བཱ་ར་ན་སའི་གྲོང་ཁྱེར་དུང་།གཏེར་ནི་བཞི་པོ་ཁོ་ན་དང་།རྒྱལ་པོ་ཡང་དག་ལྡན་པར་མི།།འབྱུང་འགྱུར་དཔའ་པོ་ཆེན་པོ་དེ།།བསོད་ནམས་བརྒྱའི་སྟོབས་ལས ་སྐྱེས།།དེ་ཚེ་རྒྱལ་དེའི་མདུན་ནི་འདོན།།བྲམ་ཟེ་ཚངས་རབ་ཅེས་བྱ་བ།།ཐོས་མང་རིག་བྱེད་བཞི་འདོན་པའི།།མཁན་པོ་ཞིག་ནི་འབྱུང་བར་འགྱུར།།འདོན་དུ་འཇུག་དང་གསང་ཚིག ་འཛིན།།དྲན་ལྗོན་རིག་བྱེད་གཞུང་འགྲེལ་དང་།།སྒྲ་དེས་སྦྱོར་བཙོས་ཕ་རོལ་ཕྱིན།།བརྡོ་སྤྲོད་པ་དང་ཚིག་དང་ལྡན།།དེ་ཚེ་དེ་ཡི་ཆུང་མ་ནི།།ཚངས་ལྡན་མ་ཞེས་བྱ་བ་སྟེ།།མཛེས ་ཤིང་བལྟ་ནི་སྡུག་པ་དང་།།གཟུགས་མཐོང་གྲགས་དང་ལྗོན་པ་འབྱུང་།།བྱམོས་པ་གང་ཟག་མཆོག་གྱུར་པ།།དགའ་ལྡན་གནས་ནས་ཤི་འཕྲོས་ནས།།དེང་ཚེ་དེའི་ལྷུམས ་སུ་ནི།།ངེས་པར་ཉིད་མཚམས་སྦྱོར་བར་འགྱུར།།གཟི་བརྗིད་ཆེན་པོ་ཟླ་བ་བཅུ།།ཆད་པར་ལྷུམས་སུ་ཞུགས་ནས་ཀྱང་།།བྱམས་པའི་ཡུམ་ནི་བསྐྱེད་མོས་ཆེལ།།མེ་ཏོག ་བཟང་རྒྱས་ནང་གཤེགས་ནས།།ཆོས་སྟོན་མདེ་མི་འདུག་ཅིང་།།མི་ཉལ་འགྲེང་བཞིན་དག་ཏུ་ནི།།ཤིང་གི་ཡལ་གྲཝ་ལ་བཟུང་ནས།།བྱམས་པ་བལྟམ་པ་ཉིད་དུ་འགྱུར།།མི་ཡ་མཆོག ་ཏུ་གྱུར་པ་དེ།།གློ་གཡས་ནས་ནི་འབྱུང་འགྱུར་ཏེ།།དཔེར་ན་སྤྲིན་གྱི་ཕུང་པོ་ནས།།ཉི་མ་བྱུང་བ་བཞིན་དུ་གསལ།།ཇི་ལྟར་ཆུ་ཡི་པདྨ་བཞིན།།མངལ་གྱི་འདམ་གྱིས་མི་གོས་སོ།།ཁམས ་གསུམ་འདི་ནི་ཐམས་ཅད་དུ།།འོད་ཀྱིས་རྒྱས་པར་འགེངས་པར་འགྱུར།།དེ་ནས་རྒྱ་བྱིན་ལྷ་དབང་པོ།།བདེ་སོགས་མངའ་བདག་དགའ་འགྱུར་ནས།།བྱམས་པ་རྐང་གཉིས་མཆོག ་གྱུར་པ།།བལྟམ་པའི་ཚེ་ན་ལོན་པར་འགྱུར།།དེ་ནི་བལྟ་མ་མ་ཐག་ཏུ་ཡང་།།གོམ་པ་བདུན་དག་འདོར་བར་འགྱུར།།གྲོམ་པ་རེ་རེར་གཏེར་དང་ནི།།པདེ་དེ་རེའིབྱུང་བར་འགྱུར།།ཕྱོགས ་བཞི་དག་ཏུ་གཟིགས་ནས་ནི།།བདག་གི་སྐྱེ་བ་ཐ་མས་ནི།།འདི་ཡིན་ཡང་སྲིད་ཡོད་མ་ཡིན།།ཡང་དང་ཡང་དུ་ཕྱིར་མི་འོང་།།ཟག་མེད་མྱ་ངན་འདས་འགྲོ་ཞེས།།གསུང་ཡང་རབ་ཏུ་བཀའ ་སྩལ་ཏོ།།ཀླུ་རྣམས་ཀྱིས་ནི་ཆུ་ཡི་རྒྱུན།།བསིལ་དང་འཇམ་བྱས་སྐུ་བསིལ་འགྱུར།།ན་མཁའི་ངོས་ནས་ལྷོ་རྫས་ཀྱི།།གོས་དང་མེ་ཏོག་འབབ་པར་འགྱུར།།དེའི་དབུ་ལ་གདགས ་དཀར་པོ།།ལྷ་རྣམས་ཀྱིས་ནི་འཛིན་པོར་འགྱུར།།ན་མཚན་མཆོག་སུམ་ཅུ་གཉིས་མངའ་བ།།བྱམས་པ་དཔལ་གྱིས་འབར་བ་དེ།།མ་མས་ཡང་དག་བླངས་ན་སུ།།ཡུམ་གྱི ་ཕྱག་ཏུ་འབུལ་བར་འགྱུར།།རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི།།ཁྱོགས་ནི་ཡིད་དུ་འོང་བ་ལ།།སྲས་དང་བཅས་པར་ཞུགས་གསོལ་ནས།།ལྷ་རྣམས་ཀྱིས་ནི་ཁྱེར ་བཱར་འགྱུར།།སིལ་སྐྱོན་སྟོང་ཕྲག་དུ་མ་དག།སྒྲ་འབྱིན་འཁྲིལ་པའི་གྲོང་ཁྱེར་དེར།།བྱམས་པ་གཤེགས་པ་ཙམ་གྱིས་ནི།།མེ་ཏོག་ཆར་བ་འབབ་པར་འགྱུར།།དེའི་ཉིན་པར་སྦྲུམ་པོ ་ཡི།།བུད་མེད་རྣམས་ཀྱང་བཙལ་པོར་འགྱུར།།དེ་དག་ཐམས་ཅད་ཉམྱོས་བདེ་ཞིང་།།བདེ་ལེག་སུ་ནི་བཙའ་བར་འགྱུར།།ཚངས་རབ་མཚན་མཆོག་སུམ་ཅུ་གཉིས།།ལྡན་པའི ་སྲས་དེ་མཐོང་ནས་ནི།།གསང་ཚིག་དག་ལ་རབ་བརྟགས་ནས།།དེའི་འོག་ཏུ་དགའ་བར་འགྱུར་ཇི་ལྟར་གསང་ཚིག་ལས་འབྱུང་བཞིན།།གཞོན་ནུའི་འགྲོ་བ་གཉིས་ཡིན་ཏེ།།མི་དབང ་འཁོར་ལོས་སྒྱུར་བ་འམ།།སངས་རྒྱས་རྐང་གཉིས་མཆོག་ཏུ་འགྱུར།།བྱམས་པ་རྐང་གཉིས་མཆོག་གྱུར་པ།།དཔལ་དེ་ན་ཆོད་རྫོགས་ནས་ནི།།སྐྱེ་དགུ་འདི་ནི་སྡུག་བསྔལ་སྙམ།། ་ཆོས་ཀྱི་བདག་ཉིད་དགོངས་པར་མཛོད།།དབྱངས་ཚེ་ཚངས་པའི་དབྱངས་དང་ལྡན།།འོད་ཆེ་གསེར་གྱི་མདོག་དང་ལྡན།།སྟང་ཕེལ་ཆེ་ཞིང་ཐལ་གོང་རྒྱས།།པདྨའི་མདབ་མ ་འདྲ་བའི་སྤྱན།།དེའི་སྐུའི་ཁྲུན་དུ་ནི།།ཁྲུ་ནི་བརྒྱད་ཅུ་དག་ཏུ་འགྱུར།།ཞེང་ན་ཁྲི་རྣམས་ཉི་ཤུ་སྟེ།།ཞལ་གྱི་དཀྱིལ་འཁོར་དེ་ཡི་ཕྱེད།།བྱམས་པ་དོན་བྲམ་ཟེའི་བུ།།སྟོང་ཕྲག ་བཞི་པོ་དག་དང་ནི།།བརྒྱད་ཅུས་མདུན་དུ་འདུར་ནས་ནི།།གསང་ཚིག་དག་ཀྱང་འདྲོན་དུ་འཇུག།དེ་ནས་རྒྱལ་པོ་ཆེན་པོ་དུང་།།སྤྱོམ་སུ་འརློམ་ནི་དྲུག་ཅུ་བཞི།།འབང་དུ་འདོམ་ནི་སྟོང་ཡོད་པའི།། ་མཆོད་སྟོང་ཞིག་ནི་འཛུགས་པར་འགྱུར།།མེ་དབང་དེ་ཡིས་མཆོད་སྡོང་དེ།།རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་ནས།།མཆོད་སྦྱིན་གྱིས་ནི་མདུན་དྲངས་ཏེ།།བྲམ་ཟེ་དག་ལ་རབ་ཏུ་འབུལ།། ་མཆོད་སྡེང་ཡིད་འོང་རིན་ཆེན་རྒྱུ།།དེ་ནི་ཕུལ་མ་ཐག་ཏུ་ཡང་།།བྲམ་ཟེ་སྟོང་པོ་རྣམས་ཀྱིས་ནི།།དེའི་མོད་ལ་བགེད་པར་གྱུར།།བྱམས་པས་མཆོད་སྡོང་དེ་ཡི་ནི།།མི་རྟག་ཉིད་དེ་མཐོང ་ནས་ཀྱང་།།འཁོར་བ་མཐའ་དག་རྣམས་བསམས་ཏེ།།རབ་ཏུ་འབྱུང་བར་འདོད་པར་འགྱུར།།འདིར་བདག་རབ་ཏུ་བྱུང་ནས་ནི།།བདུད་རྩིའི་གོམ་འཕང་རེག་འགྱུར་དང་།།སྐྱེ་བོ་འཆི་བདག ་ནད་རྒ་བའི།།འཇིགས་ལས་འགྲོལ་པར་འགྱུར་སྙམ་ཞེས།།སྐྱེ་བོ་རབ་དང་གཟིགས་ནས་ནི།།སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་།།སྡུག་བསྔལ་ཡཱ་དག་འོང་བ་དང་།།བདེ་བ་མྱ་ངན་ལྦ་འདྲ་འགྲོ།།འཕཊ ་ཡན་ལག་བརྒྱད་པ་ཡི།།བདེན་བདག་ཀྱང་སྟོན་པར་འགྱུར།།དེའི་ཆོས་དེ་ཐོས་ནས་ཀྱང་།།བསྟན་པ་ལ་ནི་ནུན་ཏན་སྒྲུ་བ།།བྱམས་པ་གང་ཟག་མཆོགས་གྱུར་ཏེ།།སྟོང་ཕྲག་བཞི་པོ་དག ་དང་ནི།།བརྒྱད་ཅུ་དག་གིས་མདུན་འདར་ནས་རབ་ཏུ་འབྱུང་བར་ངེས་འབྱུང་འགྱུར།།དེ་ཚེ་དེ་ཡི་བྱང་ཆུབ་ཤིང་།།ཀླུ་ཤིང་ཞེས་བྱ་འབྱུང་འགྱུར་ཏེ།།དེའི་ཡལ་ག་གནམ་འཕང་དུ།དཔག ་ཚད་ཙམ་དུ་ཡང་དག་འཕགས།།དེ་ནི་བྱང་ཆུབ་ཤིང་དེའི།།ཡལ་ག་གེལ་པ་ཐམས་ཅད་དུ།།དོར་ཁོར་ཡུག་རྒྱང་བྲག་ས་དྲུག།ཁེངྱས་པ་ཁོ་ན་དག་ཏུ་འགྱུར། ་བྱམས་པ་རྐང་གཉིས་མཆོག་གྱུར་དེ།།དེའི་དྲུང་དུ་གཤེགས་ནས་སུ།།བླ་མེད་བྱང་ཆུབ་ཞི་བ་ནི།།ཐོབ་འགྱུར་འདི་ལ་ཐེ་ཙོམ་མོད།།གང་གྲི་ནུབ་མོ་ཁོ་ན་ལ།།རབ་ཏུ་འབྱུང་བར་མངོན ་འབྱུང་བ།།དེ་ནི་ནུབ་མོ་ཁོ་ན་ལ།།བྱང་ཆུབ་དམ་པ་འཐོབ་པར་འགྱུར།།དེ་ཡི་འོག་ཏུ་ཐུབ་མཆོག་དེ།།དམ་ཆོས་སྡུག་བསྔལ་ཀུན་སྤོང་ཞིང་།།ཞི་བ་ཡན་ལག་བརྒྱད་ལྡན་པའི།།གསུང ་གིས་སོན་པར་མཛད་པར་འགྱུར།།མེ་ཏོག་མཛེས་པ་རྒྱས་པ་ཡི།།བསྐྱེད་མོས་ཚལ་དུ་དེའི་འཁོར།།དཔག་ཚད་བརྒྱ་ཁྱོན་གང་བ་དག།ཡང་དག་འདུ་བ་ཁོ་ནར་འགྱུར།།དེ་ནས་མི ་དབང་རྒྱལ་པོ་དང་།།གྲགས་པ་ཆེན་པོས་ཐོས་ནས་ནི།།སྦྱིན་པ་གྲངས་མེད་བྱས་ནས་ཀྱང་།།རབ་ཏུ་འབྱུང་བར་འདོད་པར་འགྱུར།།རྒྱལ་པོ་སྟོང་ཕྲག་བཞི་དང་ནི།།བརྒྱད་ཅུ་དག་གིས ་མདུན་འདར་ཏེ།།ཁྱིམ་ནས་ངེས་པར་བྱུང་ནས་ནི།།རབ་ཏུ་འབྱུང་བར་འགྲོ་བར་འགྱུར།།བྱམས་པའི་ཡབ་ཀྱང་དེ་བཞིན་དུ།།དེའི་ཚད་དང་མཉམ་པའི།།བྲམ་ཟེ་རྣམས་ཀྱིས ་མདུན་བདར་ན་ས།རབ་ཏུ་འབྱུང་བར་འགྲོ་བར་འགྱུར།།དེ་ནས་དེ་ཚེ་ཁྱིམ་བདག་ནི།།ནོར་བཟང་ཚོགས་ནི་རྣམ་གྲགས་པ།།ཆོས་ཀྱི་བདག་ཉིད་སྟོང་དག་གིས།།བསོར ་ནམ་རབཏུ་འབྱུང་བར་འགྱུར།། ག་ཟུང་མད་རླུང་ཆ།།ས་གགོས་ནི་རྣམ་གླགས་པ།།རྒྱུ་མེད་སྣང་དྲུག་སྐྱོད་ནི།།བརྒྱུད་རྒྱུདག་གོས་མདུན་མེད་།།དཡྀ་འོག་ཏུ་ན ་བྱུ་ནས།།ཤྠ་འབྱུང་བར་འགྲོ་བར་འགྱུར།།དེ་ཡི་ཆེན་བྱམས་པ་ཡི།།བསྟན་པ་ལ་ནི་སྲོག་ཆགས་དགེ།སྦྱོང་ཕྲག་དང་ནི་བརྒྱུ་ཕྲག་རྣམས།།ར་ཏུ་འབྱུང་བར་འགྲོ་བར་འགྱུར ་དེའི་འོག་ཏུ་ཕྱོགས་རྗེ་ཅན།།སྟོན་པ་བྱམས་པ་དང་གཉིས་མཆོག།འཁོར་ལ་རྣམ་པར་གཟིགས་ནས་ནོ།།ཤཱཀྵུ་སེང་གེ་ཐུབ་པ་སྟེ།།གཙོ་བ་སྐྱོབ་པར་མཛད་པ་པོ།།དམ་པ ་ཆོས་དབྱིངས་གཟིགས་གྱུར་པ།།འཇིག་རྟེན་མགོན་པོས་འདི་དག་ཀུན།།ཐར་པའི་ལམ་དེ་བསྐྱེད་ནས་ཀྱང་།།དོན་གྱིས་ང་ཡི་བསྟན་ལ་བཏང་།།གདུགས་དང་རྒྱན་མཚན་བ་དན་དང་།། ་དྲེདང་བྲོང་བ་རྩུག་པ་ཡིས།།ཤཱཿཐུབ་ལ་མཆོད་ནས་ནི།། ཡི་བསྙེན་ལ་ལྷགས་པ་ཡིན།།གུར་གུམ་ཆུ་ཡི་ས་གདུབ་པ་དང་།།ཙན་དན་གྱི་ནི་དྷུ་པ་ཡིས།།ཤཱཀྱ་ཐུ་པོ ་མཆོད་རྟེན་ལྀ།།མཆོད་ནས་ཡི་བསྙེན་ལ་ཞུགས།།དེ་ཀྱི་སངས་རྒྱས་ཆོས་དང་ནི།།དགེ་འདུན་ལ་ཡང་སྐབས་སོང་ཤིང་།།དགེ་བའི་ལས་ཀྱང་བྱས་ནས་ནི།། བསྦྱིན་ལ་ལྕགས ་ཡིན།།ཤཱ་ཀྱང་འི་བསྟན་པ་ལ།།བསླབ་གཞི་ཡང་དག་བླངས་ན་སུ།།དེ་སྟང་གསུང་བཞིན་བསྒྲུབས་ནས་ནི།།ངའི་བསྟན་ལ་ལྷགས་པ་ཡིན།།དགེ་འདུན་ལ་ཡང་ཆོས་གོས་དང་།།ན ་ཟས་དང་ནི་བཏུང་བ་དང་།།སྤྱན་གསོས་སྣ་ཚོགས་སྦྱིན་པ་རྣམས།།ཕུལ་ནས་ང་ཡི་བསྟན་ལ་ལྷགས།།བཅུ་བཞི་དང་ནི་བཅོ་ལྔ་དང་།།དེ་བཞིན་ཟུ་གཅིག་ཆོས་བརྒྱད་དང་།།ཆོས ་འཕྲུལ་ཝ་ཡི་ཟླ་བ་ལ།།ཡན་ལག་བརྒྱད་ལེགས་མཉམ་བཞག་ཅིང་།།བསྙེན་གནས་གསོ་སྦྱོང་བྱས་ནས་ནི།།དཱ་ཡི་བསྟན་ལ་ལྷགསོ་ཞེས།།དྲོན་འདིར་རབ་ཏུ་གསུང་བར་འགྱུར།།དེ་ཡི་ཉན་ཐོས ་རྣམས་ཀྱང་ནི།།ཆོ་འཕྲུལ་གསུམ་གྱིས་འདུལ་བར་འགྱུར།།དེ་ཚེ་དེ་དག་ཐཾད་ནི།།ཟག་ཟད་འགྲོགས་ན་བདེ་བར་འགྱུར།།དེའི་འདུས་པ་དང་པོ་ནི།།ཉན་ཐོས་སྲིད་པ་བཅད་གྱུར་པ།།དུང་ཕྱུར་ཕྲག་དགུ་བྱེ་ཕྲག ་དྲུག།ཚང་བའི་ཉན་ཐོས་འབྱུང་བར་འགྱུར།།དེའི་འདུས་པ་གཉིས་པ་ནི།།ཉོན་མོངས་འཆིང་བ་ལས་གྲོལ་བའི།།དུང་ཕྱུར་ཕྲག་དགུ་བྱེ་ཕྲག་བཞི།།ཆིངས་པའི་ཉན་ཐོས་འབྱུང་བར་འགྱུར།།དེ་ཡི་འདུས ་པ་གསུམ་པ་ནི།།སེམས་ཞི་རྣམ་པར་གྲོལ་གྱུར་པ།།དུང་ཕྱུར་ཕྲག་དགུ་བྱེ་ཕྲག་གཉིས།།ཚངས་པའི་ཉན་ཐོས་འགྱུ་བར་འགྱུར།།ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས།།ལྷ་དང་མི་རྣམས་རྣམ་བཏུལ་ཏེ།། ་།ཉན་ཐོས་དགེ་འདུན་ཐབས་གཅིག་ཏུ།།གྲོང་དུ་བསོད་སྙམས་སྤྱོད་ལ་རྒྱུ།།དེ་ནས་རྟོག་ལྷུན་དགའ་ལྟ་ཡི།།གྲོང་ཁྱེར་དེར་ནི་གཤེགས་པ་ན།།གྲོང་ཁྱེར་མཆོག་ཏུ་མནྟ་རའི།།མེ་ཏོག་ཆར་ཆེན་འབབ་པར ་འགྱུར།།ཐུབ་པ་གྲོང་དེར་གཤེགས་པ་ལ།།ལྷ་ཡིས་མེ་ཏོག་འཐོར་བར་འགྱུར།།རྒྱལ་པོ་ཆེན་པོ་བཞི་དག་དང་།བརྒྱ་བྱིན་སུམ་ཅུ་རྩ་གསུམ་དབང་།།ཚངས་པ་ལྷ་ཚོགས་ཐབས་གཅིག་ཏུ།།དེ་ལ ་མཚོ་བ་བྱེད་པར་འགྱུར།།ལྷའི་བུ་ནི་མཐུ་ཆེན་གྱིས།།ུད་པ་ལ་པད་མ་ཀུ་མུ་ཏ།།པདྨ་དཀར་པོ་དྲི་ཞིམ་དང་།། ག་རཱ་དང་ནྡན་དང་།།དེ་བཞིན་ལྷ་རྫས་ཕྲེང་བ་དང་།ལྷ་རྫས་གོས་ཀྱང་འཐོར་བར་འགྱུར།།འཇིག་རྟེན་མགོན་དེ་གྲོང་། ་ཁྱེར་གྱི།།མཆོག་ཏུ་གཤེགས་པ་མཐོང་ནས་ནི།།ཤིང་བལ་མདབ་ལྟར་འཇམ་པ་ཡི།།ས་དེར་གེ་དིང་བ་རྒྱ་ཆེར་འདིངས།།དེ་དག་ལམ་ཀར་ཕྲེང་བ་ནི།།སྣ་ཚོགས་མཛེས་པ་རྣམ་པར་འགྲེམས།།ལྷའི་བུ་ནི་མཐུ་ཆེན་དང་།།མི ་རྣས་ཡིད་ནི་རབ་དང་བ།།གདུགས་དང་རྒྱལ་མཚན་བ་དན་དང་།།སྤོས་དང་ཕྲེང་བ་བྱུག་པ་དང་།།རོལ་མོ་སྒྲ་སྙན་བསྐྲུཌ་པ་ཡིས།།སྟོན་པ་ལ་ནི་མཆོད་པར་འགྱུར།།བརྒྱ་བྱིན་མིག་སྟོང་ལྷ་རྣམས་ཀྱི།།རྒྱལ་པོ་བདེ་སོགས་བདག ་པོདེ།།རབ་མགུ་ཐལ་མོ་སྦྱར་ནས་ནི།།འཇིག་རྟེན་མགོན་ལ་བསྟོད་པར་བྱེད།།སྐྱེས་བུ་བཅང་ཤེས་ཁྱོད་ལ་འདུད།།སྐྱེས་མཆོག་ཁྱེད་ལ་ཕྱག་འཚལོ།།གང་ཟག་མཆོག་གྱུར་བཅྡོཾས།།སྐྱེ་དགུ་ལ་ནི་ཐུགས་བརྩེར ་མཛོད།།དེའི་ཚེ་ན་ལྷའི་བུ།།མཐུ་ཆེན་བདུད་ཅེས་བྱ་བ་འབྱུང་།།དེ་ཡང་ཐལ་མོ་རབོ་སྦྱར་ནས།།འཇིག་རྟེན་མགྲོན་ལ་བསྟོད་པར་བྱེད།།ཚངས་པའི་འཁོར་གྱིས་ཡོངས་བསྐོར་ཅིང་།།ཚངས་པས་ཀྱང་ནི་མདུན་བདར་ཏེ།།ཙམ ་པའི་དབྱངས་ནི་སྒྲོག་བཞིན་དུ།།དམ་པའི་ཆོས་ནི་གསུང་བར་འགྱུར།།ཟག་ཛད་ཉེས་པ་རྣམས་གྲོལ་ཞིང་།།སྲིད་པའི་འཆིང་བ་རབ་སྤངས་པའི།།དགྲ་བཅོམ་རྣམས་ཀྱིས་ས་འདི་ནི།།ཐཾད་ཀུན་ཏུ་གང་བར་འགྱུར།།ལྷ་དང་མི ་ད་དྲི་ཟོ་དང་།།གནོད་སྦྱིན་དང་ན་སྲིན་པོ་ཀླུ།།མཐུ་ཆེན་རྣམས་ནི་མགུ་གྱུར་ནས།།སྟོན་ལ་མཆོད་པ་བྱེད་པར་འགྱུར།།གང་དག་བྱམས་པའི་བསྟན་པ་ལ།།ཚངས་པར་སྤྱད་པ་སྤྱོད་བྱུར་བ།།དེ་དག་གདོན་མི་ཟ་བ་ནི།།ཉོན་མོང ་མཽད་ཅི་པོ་ཙོམ་མེད།གདག་བྱམས་པའི་བསྟན་པ་ལ།།ཆངས་པ་སྤྱད་པ་སྣོད་འགྱུར་།དག་གདོན་མ་ཟ་།ངམི་རུང་རྩི་ཡོངས་འཛིན་མེད།།གསེ་ངུལ་ལ་འཛིན་མེད་ཅིང།།གནས་མང་རྒཎཔའང་ཡོད་པ་ཡོན།། ་གད་དག་བྱིས་པའི་བསྟན་པ་ལ།།ཚངས་པར་སྤྱད་པ་སྤྱོད་འགྱུར་བ།དེ་དག་གདོན་མི་ཟ་བར་ནི།།སྲིད་པའི་དྲ་བ་གཅད་པ་དང་།།བས་གཏན་རྫོགས་པར་བྱས་ནས་ནི།།དགའ་དང་བདེ་དང་ཡང་དགེ་ལྡན།།འབྱུང་པོ་ཀུན་ལ་ཐུན་རྩེ་ག།།བྱམས་པ་རྐང ་གཉིས་རྣམས་ཀྱི་མཆོག།ལོ་ནི་དྲུག་ཁྲི་དག་ཏུ་ཡང་།།དམ་པའི་ཆོས་ནི་སྟོན་པར་འགྱུར།།དེ་ན་སྲོག་ཆགས་བརྒྱ་སྟོང་དང་།།འབུམ་ཕྲག་རྣམ་པར་འདྲེན་པ་སྟེ།།དམ་པའི་ཆོས་ལ་བཏུལ་ནས་ནི།།དེ་ནས་མྱ་ངན་འདའ་བར་འགྱུར།། ་ཐུབ་པ་ཆེན་པོས་གསུངས་པ་དེ།།ཡོངསུ་མྱ་ངན་འདས་ནས་ཀྱང་།།དེ་ཚེ་དེའི་དམ་ཆོས་ནི།།ལོ་ཁྲི་ངག་ཏུ་གནས་པར་འགྱུར།།རྒྱལ་བ་ཤཱཀྱ་ཐུབ་དེ་ལ།།སེམས་ནི་རབ་ཏུ་ད་པར་གྱིས།།དེས་ན་བྱམས་པ་རྐང་གཉིས་མཆོག། ་རྫོགས་པའི་སངས་རྒྱས་མཐོང་བར་འགྱུར།།དེ་ཕྱིར་སངས་རྒྱས་ཆོས་དག་དང་།།དགེ་འདུན་ཚོགས་ཀྱི་མཆོག་ལ་ནི།།སེམས་ནི་རབ་ཏུ་དགྱེས་དང་།དོན་ཆེན་རབ་ཏུ་འགྲུབ་པར་འགྱུར།།ཐུ་རྗེ་ཆེ་ལྡན་དེ་ལྟ་བུའི།།བྱམས་པ་རྐང། ་གཉིས་མཆོག་གྱུར་པ།དེ་ཚེ་གཉིས་པར་བྱས་ནོས་ནི།།དེ་ནས་མྱ་ངན་འདའ་བར་འགྱུར།།ཡ་མཚན་འདི་དག་ཐོས་གྱུར་ཅིང་།།འབྱོར་པ་མེ་ཉུང་མཐོང་མཛད།།ནག་པོའི་རིགས་ཀྱང་དང་འགྱུར་ན།།མཁས་པ་སུ་ཞིག་དང་མི་འགྱུརའི ་ཕྱི་འདི་ན་བདག་ཉིད་ཆེ།།འདོད་ཅིང་བདག་ལ་ལེར་འདོད་པས།།སངས་རྒྱས་བསྟན་པ་དྲན་བཞིན་དུ།།དམ་པའི་ཆོས་ལ་གུས་པར་བྱ།།འཕེཊ་པ་བྱམས་པ་ལུང་བསྟན་པ་རྫོག་སྷོ།།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་ད་།ལོ་ཙྪབ་བརྙེ་པ་ལ་བརྩེགས་དཀྵི་ཏས་བསྒྱུར།།མདྷཱཿ ་