CLOSE WINDOW

N324: las kyi rnam par 'gyur ba zhes bya ba'i chos kyi gzhung
Wyliee-texts produced with BDRC’s OCR application

གསུངས་པ་ལ་མངོན་པར་དགའ་སྟེ།རྗེ་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་གན་ནས་སོང་ངོ་དོ།།ལུས་རྣམ་པར་འབྱེད་པ་རྫོགསོ།།།།རྒྱུ་གར་སྐད་དུ་ཀརྨ་བེ་དྷངྒ་ནཱ་མ ་དྷརྨ་གྲན་ཐ།བོད་སྐད་དུ།ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བ་ཆོས་ཀྱི་གཞུང་།བམ་པོ་གཅིག།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མ་ཉན་དུ་ཡོད་པ་ན་རྒྱལ་བུ་རྒྱུལ་བྱེད་ཀྱི་ཚལ་མགོན་མེད་ཟླས་སྦྱིན་གྱི་ཀུན་དགའ་རབ་མ་དགེ་སློང་གི་དྲུག་འདུན་ཆེན་པོ་བརྒྱ་ཕྱུག་ཕྱེད། ་དང་བཅུ་གསུམ་དང་ལྷན་ཅིག་ཏུ་བཞུགས་ཏེ།དེ་ནས་ཏཻའུ་དེ་ཡིའི་བུ་ཤུ་ཀློ་མ་ནོ་བ།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ཡང་དག་པོར་མགུརྗེ ་དང་།ཡང་དག་པར་རངས་པའི་གཏམ་རྣམ་པ་མང་པོ་བཤུད་ཕྱོགས་གཅིག་ཏུ་འདུག་གོ།།ཏེའུ་ཏེ་ཡའི་བུ་ཤུ་ཀོ་མན་པ་ཕྱོགས་གཅིག་ཏུ་འདུག་ནས།བཅོམ་ལྡན་འདས་ལྔ་འདི་སྐད་ཅེས ་གསོལ་ཏོ།།གཽ་ཏ་མ་ཁྱོད་ལ་བདག་ཅུང་ཤས་ཤིག་འདྲི་ན་དྲིས་པའི་ལན་སླར་བཀའ་སྩལ་དུ་གསོལ།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཏོའུ་ཏྲེ་ཡའི་བུ་ཤུ་ཀོ་མ་ན་བ ་ལྷ་འདི་སྐད་ཅེས་གསུང་ས།།མན་བ་ཇི་ལྟར་འདོད་པ་བཞིན་དུ་དྲིས་ཤིག།ངས་ཁྱོད་ལ་བཤད་པར་བྱའོ།།དེ་ནས་ཏཾ་ལུ་ཡའི་བུ་ཤུ་ཀོ་མ་ན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསལ་ཏོ།། ་གཽ་ཏ་མཾ་སེམྦས་ཅན་རྣམས་ལ་ཚེ་ཐུང་བྱ་དང་།ཚེ་རིང་བ་དང་།ནད་མང་བ་དྲུང་།ནད་ཉུང་པོ་དང་།མི་སྡུག་པ་དང་།བཟང་པོ་དང་།དབང་ཆུང་བ་དང་།དབང་ཆེ་བ་དྲང་།མ་རབས་ཀྱི་རིགས ་དང་ཡ་རབས་ཀྱི་རིགས་དང་།དངུལ་པོ་དང་།ཕྱུག་པོ་དང་།ངན་པ་དང་།ཤེས་རང་ཆེ་ཆུང་དང་སྒྱིད་སྡུག་ལེ་ལོགས་མ་རྣམ་པ་མང་དུ་མཆིས་ན་ཀྱེ་གཽ་ཏ་མ་ལས་ཀྱི་རྣམ་པར་སྨིན་པ་གང་གི་ཕྱིར་ན་སོན་སྣ་མང་པོར་འགྱུར ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།མ་ན་པ་ཁྱོད་ཉོན་ལ་དགེ་བར་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་།དེའི་ཕྱིར་ངས་བཤ་དོ།།མ་ན་པ་སེམས་ཅན་རྣམས་ནི་ཚེ ་རབས་ཀྱི་ལས་ལས་གྱུར་ཏེ།སྦྱིན་པའི་རྣམས་ཀྱང་ལས།སྐྱེ་བའི་རྣམས་ཀྱང་ལས།སོ་སོར་རྒྱུ་བའང་ལས་ཏེ།མ་ན་བ་སེམས་ཅན་རྣམས་ནི་ལས་ཀྱིས་རྣམ་པར་བསྒྱུརོ།།དེ་བས་ན་ངན་པ་དང་།། ་བར་མ་དང་།བཟང་པོའི་ཕྱིར་སེམས་ཅན་རྣམ་པ་མང་པོའང་ལས་རྣམ་པ་མང་པོ་དང་།མྱ་ངན་རྣམ་པ་མང་པོ་དང་།ལྟ་བ་རྣམ་པ་མང་པོར་སྦྱར་བ་དེ་འདི་ལྟར་ན་ག་པོ་དང་།དཀར་པོ་ལས ་རྣམ་པར་སྨིན་པའི་འབྲས་བུ་བཤད།།མ་ན་བ་འདི་ལྟ་སྟེ།ལས་ནག་པོ་རྣམས་ཀྱིས་ནི་སེམས་ཅན་དམྱལ་བ་དང་།བྱོལ་སོང་དང་།ཡི་དགོས་དང་།རིང་དུ་འཁྱམ་པ་དང་། སུ་ར་ལ ་སོགས་པ་ངན་སོང་དུ་སྐྱེའོ།།ལས་དཀར་པོ་བགྱིས་པ་རྣམས་ཀྱིས་ནི་ལྷ་དང་མིར་སྐྱེའོ།།མ་ན་བ་དེ་ལྟ་བས་ན་ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བའང་ཡོད།ལས་ཀྱིས་ཚེ་རིང་པོར་གྱུར ་པའང་ཡོད།ལས་ཀྱིས་ནོད་མང་པོར་གྱུར་པའང་ཡོད།ལས་ཀྱིས་ནད་ཉུང་ངུར་འགྱུར་བའང་ཡོད།ལས་ཀྱི་མི་སྡུག་པར་གྱུར་པའང་ཡོད།ལས་ཀྱིས་བཟང་པོར་འགྱུར་བའང་ཡོད།ལུས་ཀྱི ་དབང་ཆུང་ངུར་འགྱུར་བའང་ཡོད།ལས་ཀྱིས་དབང་ཆེ་བར་འགྱུར་བའང་ཡོད།ལས་ཀྱི་མ་རབས་ཀྱི་རིགསུ་འགྱུར་བའང་ཡོད།ལས་ཀྱིས་ཡང་བས་ཀྱི་རིགསུ་འགྱུར་བའང་ཡོད།ལས་ཀྱིས ་དབུལ་བར་འགྱུར་བའང་ཡོད།ལུས་ཀྱུ་ཕྱུག་པོར་འགྱུར་བ་འང་ཡོད།ལས་ཀྱིས་ངན་པར་འགྱུར་བའང་ཡོད།ལས་ཤེས་རབ་ཆེན་པོར་འགྱུར་བའང་ཡོད་ལ་རྒྱས་སེམས་ཅན་དམྱལ་བར་འགྱུར་བ ་འང་ཡོད།ལུས་ཀྱིས་བྱོལ་སང་གི་སྐྱེ་གན་ས་འགྱུར་བའང་ཡོད།ལས་ཀྱི་རིང་དུ་འཁྱམ་པར་འགྱུར་བའང་ཡོད།ལས་ཀྱི་ཨ་སྨ་རང་སྐྱེ་བར་འགྱུར་བའང་ཡོད།ལས་ཀྱིས་མིར་སྐྱེ་བར་འགྱུར་བའ། ་ཡོད།ལས་ཀྱིས་གཟུགས་ཡོད་པོའི་ལྷར་སྐྱེ་བའང་ཡོད།ལས་ཀྱིས་གཟུགས་མེད་པའི་ལྷར་སྐྱེ་བའང་ཡོད།ལས་བཞིན་དུ་མི་འགྱུར་བར་སྐྱེ་བའང་ཡོད།ལས་ཀྱིས་འགྱུར་བོར་སྐྱེ་བའིང་ཡོད། ་ལས་ཀྱི་ཡུལ་གཞན་དུ་སྐྱེ་བར་འགྱུར་བ་འོང་ཡོད།ལས་མ་བསམས་པར་བྱས་པས་སྐྱེ་བར་འགྱུར་བའང་ཡོད།ལས་བསྣམས་ཏེ་མ་བྱས་ཀྱང་སྐྱེ་བར་འགྱུར་བའང་ཡིད།ལས་བསམས་ཏེ ་བྱས་ནས་སྐྱེ་བར་འགྱུར་བའང་ཡོད།ལས་མ་བསམས་མ་བྱས་ཀྱང་སྐྱེ་བར་འགྱུར་བའང་ཡོད་དོ།།གང་ཟག་ལས་འདི་ལྟ་བུ་འདུས་པས་ནི་སེམ་ཅུ་དམྱལ་བ་སྐྱེས་ནས་སེམས་ཅན ་དམྱལ་བའི་ཚེ་ཀུན་རྫོགས་ཏེ།སྐྱེ་བའི་ལས་ཀྱང་ཡོད།གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སེམས་ཅན་དམྱལ་བའི་ཚེ་ཕྱིད་ཟད་ནས་སྐྱེ་བའི་ལས་ཀྱང་ཡོད་དོ།།སེམས་ཅན ་དམྱལ་བར་ཕྱིན་མ་ཐག་ཏུ་སྐྱེས་པོའང་སྔོ།།གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་བ་ལ་ཕྱི་ནས་མི་བདེ་བའི་ལས་ཀྱང་ཡོད།གང་ཟག་ཡང་འདི་ལྟ་བུ་འདུས་པ་ལས་ན་སྔར་མི་བདེ ་བ་ལ་ཕྱི་ནས་བདེ་བར་གྱུར་པའི་ལས་ཀྱང་ཡོད།སེམས་ཅན་གང་ཟག་ཐམས་ཅད་ཀྱང་འདི་ལྟ་བུ་འདུས་པས་ན་སྔར་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས ་ཀྱང་ཡོད།གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་སེར་སྣ་བྱེད་པའི་ལས་ཀྱང་ཡོད།གང་ཟག་ཡང་འདི་ལྟ་བུ་འདུས་པས་ནི་དབུལ་བ་གཏོང་ཕོད་པའི་ལས་ཀྱང་ཡོད།གང་ཟག་ཡང་འདི།། ་ལྟ་བུ་འདུས་པས་ན་ཕྱུག་པོར་འགྱུར་ཞིང་གཏོང་ཕོད་པའི་ལས་ཀྱང་ཡོད།གང་ཟག་ཡང་འདི་ལྟ་བུ་འདུས་པས་ན་དབུལ་བ་སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད།།གང་ཟག་ཚེ ་ཟད་ལ་ལས་མ་ཟད་པའང་ཡོད།གང་ཟག་ལས་ཟད་ལ་ཚེ་མ་ཟད་པའང་ཡོད།གང་ཟག་ཚེ་དང་ལས་བཅས་ཏེ་ཟད་པར་འགྱུར་བའང་ཡོད།གང་ཟག་ཚེ་དང་ལས་བཅས་ཏེ་མ་ཟད་ཀྱང་མ ་ངན་སྤངས་པར་འགྱུར་བའང་ཡོད།གང་ཟག་ལུས་བདེ་ལ་སེམས་མི་བདེ་བར་འགྱུར་བའང་ཡོད།གང་ཟག་ལུས་ཀྱང་འདི་ལ་སེམས་ཀྱང་བདེ་བར་འགྱུར་བའང་ཡོད།གང་ཟག་ལུས ་མི་བདེ་ལ་སེམས་ཀྱང་མི་བདེ་བར་འགྱུར་བའང་ཡོད།གང་ཟག་ལས་འདི་ལྟ་བུ་འདུས་པས་ན།སེམས་ཅན་ངན་པའི་སར་སྐྱེས་ཏེ།གཟུགས་ངན་པ་དང་།བཟང་པོ་དང་།སྡུག་གུ་དང་།། ་ཁ་དོག་མཛེས་པ་དང་།མདོག་སྣུམ་པ་དང་།མཐོང་ན་དགའ་བའི་ལས་ཀྱང་ཡོད།གང་ཟག་ཡང་ལས་འདི་ལྟ་བུ་འདུས་པོས་ན་ངན་པའི་སར་ཡང་སྐྱེས་ལ་གཟུགས་ངན་པ་དང་། ་ལུས་རྩུབ་པ་དང་།མི་སྡུག་པར་སྣང་བ་དང་།མཐོང་ན་ཡིད་དུ་མི་འོང་བའི་ལས་ཀྱང་ཡོད་དེ།མ་ན་བ་ཡང་འདི་ལྟ་སྟེ།མི་དགེ་བ་བཅུའི་ལས་ཀྱི་ལམ་བྱས་པའི་རྒྱུས་ཕྱི་རོལ་གྱི་ཡུལ་སའི་དོན ་ངན་དུ་འགྱུར་བའང་ཡོད།།དེ་ལ་ཇི་ལྟར་ལས་ཀྱི་ཚེ་ཐུང་བར་འགྱུར་ཞེ་ན།ཆོས་བཅུས་ན་ཚེ་ཐུང་བར་འགྱུར་ཏེ།བཅུ་གང་ཞེ་ན།སྲོག་གཅོད་པ།སྲོག་ག་ཅད་དུ་བཅོད་པ།སྲོག་གཅོད་པ ་ལ་སྟོད་པ།སྲོག་གཅོད་པ་ལ་སྨོན་པ།མངལ་གནས་མེད་པར་བྱེད་པ།མངལ་གནས་མེད་པར་བྱེད་དུ་བཅུག་པ།དགྲ་བོ་ལ་བསད་པར་སེམས་པ།མི་མཛའ་བ་ཤི་ན་དགའ་བ།རྟེན་བཅས ་ཤིང་སེམས་ཅན་བསད་པ།ཐབ་མོ་ལ་ལྟ་ཞིང་དད་པ་དང་བཅུ་སྟེ།ཆོས་འདི་བཅུས་ན་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ།།ཇི་ལྟར་ལས་བཟང་པོ་བྱས་པས་ཚེ་རིང་པོར་འགྱུར་ཞེ་ན།ཆོས་རྣམ། ་པ་བཅུས་ན་ཚེ་རིང་པོར་འགྱུར་ཏེ།བཅུ་གང་ཞེ་ན།སྲོག་གཅད་པ་སྤངས་པ།སོག་གཅོད་པ་སྤོང་བར་བྱེད་པ།སྲོག་གཅོད་པ་སྤངས་པ་ལ་སྟོད་པ།སྲོག་གཅོད་པ་སྤངས་པ་ལ་སྨོན་པ། ་བསད་པར་ཆད་པའི་སེཾན་རྣམས་གཏོང་བ།གསོད་པར་ཆད་པའི་མི་རྣམས་གྲེ་ཏོང་ག་འཇིགས་ཤིང་སྐྲག་པའི་སེམས་ཅན་རྣམས་སྐྱ་བྱས་བྱས་པ།མགོན་མེད་པའི་སེམས་ཅན་རྣམས་ལ། ་སྙིང་རྗེ་བར་སེམས་པ།ན་བའི་སེམས་ཅན་རྣམས་ལ་བྱམས་པས་སྡུད་པ།བྲེལ་ཞིང་ཕོངས་པོའི་སེམས་ཅན་རྣམས་ལ་གོས་དང་ཟས་སྐོམ་སྦྱིན་པ་དང་ཆོས་བཅུས་ན་ཚེ་རིང་ཞིང་ནད་མེད་པ།།། ་འགྱུར།།ཇི་ལྟར་ལས་ཀྱིས་ནད་མང་པོ་འགྱུར་ཞེ་ན།ཆོས་བཅུས་ནཱ་ནད་མང་པོར་འགྱུར་ཏེ།བཅུ་གང་ཞེ་ན།དབྱུག་པ་དང་ཐལ་མོ་པ་སོམས་པས་བཙོགས་པ་དང་། ་དབྱུག་པ་དང་།ཐལ་མོ་ལ་སོགས་པས་མཆོག་ཏུ་བཅུག་པ་དང་།དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་པ་ལ་སྟོང་བ་དང་།དདྲུག་པ་དང་ཐལ་མོ་ལ་སོགས་པས་འཆག ་བ་ལ་སྨོན་པ་ཕ་མ་རྣམས་ཀྱི་སེམས་ཉོན་མོངས་པ།མྱ་ངན་བསྲིང་བ་རྣམས་ཀྱི་སེམས་ཉོན་མོངས་པ་མི་མཛའ་བ་རྣམས་ན་ན་དགའ་གི་མི་མཛའ་བ་རྣམས་ནང་མི་སོས་ན་དགའ་བ། ་སྨན་ལོག་པ་བྱིན་གཟས་མི་ཞུ་བ་ཟ་བ་དང་བཅུ་སྟེ།ཆོས་འདི་བཅུ་སེན་ནད་མང་བ་འགྱུརོ།།ཇི་ལྟར་ལས་བཟང་པོ་བྱས་པས་ནད་ཉུང་ངུར་འོང་ཞེ་ན།ཆོས་བཅུས་ན་ནད་ཉུང་བར་འགྱུར་ཏེ། ་བིནུ་གང་ཞེ་ན།དབྱུག་པ་དང་ཐལ་མོ་ལ་སོགས་པས་གཞན་མི་འཆག་པ།དབྱུག་པ་དང་ཐལ་མོ་ལ་སོགས་པས་མཆོག་ཏུ་མི་གཞུག་པ།དབྱུག་པ་དང་ཐལ་མོ་ལ་སོགས་ཧཱ ་འཚིག་པ་ལ་མི་སྟོད་པ།དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་པ་ལ་མི་སྨིན་པ།ཕ་མ་ལ་སོགས་པ་ན་པ་རྣམས་ལ་རོམ་གྲོ་བྱེད་པ།མྱ་ངན་བསྒྱིངས་པ་རྣམས་ན་བ་ལ ་རིམ་གྲོ་བྱེད་ག་མི་མཛའ་བ་རྣམས་ན་ན་མི་དགའ་ག་མི་མཛའ་བ་རྣམས་ནད་སོས་ན་དགའ་གནང་པ་ལ་སྨན་བྱིན་པ།ཟས་ཞུ་ནས་ཟ་བོ་དང་བཅུ་སྟེ།ཆོས་འདི་བཅུས་ནད་ཉུང་བར་འགྱུར ་ཇིལྟར་ལས་ཀྱིས་མ་སྡུག་པར་འགྱུར་ཞེ་ན།ཆོས་བཅུས་མི་སྡུག་པར་འགྱུར་ཏེ།བཅུ་གང་ཞེ་ན།ཁྲོ་བ་གནོད་བཅབས་པ་ཅུང་ཟད་ལས་ཀྱང་འཁོན་དུ་འཛིན་པ།གཏུམ་པ་ཕ་མ་རྣམས་ལ་ངན ་དུསྨྲི་ག་མྱ་ངན་བསྲིངས་པ་རྣམས་ལ་དྲན་དུ་སྐྲ་ག་མྱ་ངན་བསྲིངས་པའི་སྤྱད་པ་ཀུན་ལྔ་ངན་དུ་བྱེད་པ།ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་འོད་གཅོད་པ།གང་དགེ་མི་སྡུག་པ ་རྣམས་ལོ་མངོན་ཅན་བྱེད་པ་ཅི་ལའང་མི་གཙང་བར་བྱེད་པ་འདི་དང་ཆོས་བཅུའོ།།ཇི་ལྟར་ལས་ཀྱིས་བཟང་པོར་འགྱུར་ཞེ་ན།ཆོས་བཅུས་བཟང་པོར་འགྱུར་ཏེ།བཅུ་གང་ཞེ་ན།མི་ཁྲོ་བ ་གོས་བྱིན་པ།ཡང་དག་པར་གཤེགས་པའི་མཆོ་རྟེན་ལ་རྟག་ཏུ་ཕྱག་དར་བྱེད་པ།གཙུག་ལག་ཁང་ལ་དྲི་དོར་བྱེད་པ།ཕ་མ་ལ་སྙན་དུ་སྨྲ་ག་མྱ་ངན་ལས་བསྲིངས་པ་རྣམས་ལ་སྙེན ་དུ་སྨྲས་པ།གང་ཟག་མི་སྡུག་པ་རྣམས་ལ་མངོན་ཅན་མི་བྱེད་པ།ཅི་ལོ་ཡང་གཅོད་པར་བྱེད་སྟེ།ཆོས་འདི་དང་བཅུའོ།།ཇི་ལྟར་ན་ལས་ཀྱིས་དབང་ཆུང་ངུར་འགྱུར་ཞེ་ན།ཆོས་བཅུས ་ན་དབང་ཆུང་ངུར་འགྱུར་ཏེ།བཅུ་གང་ཞེ་ན།གཞན་གྱིས་ཐོབ་པ་ལ་ཕྲག་དོག་པ་དང་།གཞན་གྱིས་མ་ཐོབ་པ་ལ་དགའ་བ་དང་།གཞན་གྱིས་ཐོབ་པ་ལ་མི་དགའ་བ་དང་།གཞན་སྐྱིད་པ ་དང་།གྲགས་པ་དང་།ཚིག་སུ་བཅད་ཅིང་སྒྲ་བསྟོད་པ་མེད་པ་ལ་དགའ་བ་གཞན་སྐྱིད་པ་དང་།གྲགས་པ་དང་།ཚིག་སུ་བཅད་ཅིང་སྒྲ་བསྐྱོད་པ་ལས་དགའ་ག་ཕ་མ་དག་དགེ་སློ ་བཤེས་བསྙེན་ལ་སྲི་ཞུ་མི་བྱེད་པ།མྱ་ངན་བསིངས་པ་རྣམས་ལ་རིམ་གྲོ་མི་བྱེད་པ།དབང་ཆུ་ངུལ་མི་དགེ་བའི་རྩ་བ་བསྐྱེད་པ།དབང་ཆེན་པོ་ལ་དགེ་བའི་རྩ་བ་བཅོད ་པ།གང་ཟག་ངན་པ་བྱེད་པ་རྣམས་ལ་སྟོང་པ་འདི་དང་བཅུའོ།།ཇི་ལྟར་ལས་ཀྱིས་དབང་ཆེ་བར་འགྱུར་ཞེ་ན།ཆོས་བཅུས་ན་དབང་ཆེ་བར་འགྱུར་ཏེ།བཅུ་གང་ཞེ་ན།གཞན་གྱིས་ཐོབ་པ་ལ ་ཕྲག་དོག་མི་བྱེད་པ།གཞན་གྱིས་ཐོབ་ན་དགའ་བ་གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ་གཞན་སྐྱིད་པ་དང་།གྲགས་པ་དང་།ཚིག་སུ་བཅད་ཅིང་སྒྲས་སྟོད་པ་མེད་པ་ལ་མི་དགལ ་ག་གྲགས་པ་དང་ཚིགསུ་བཅད་ཅིང་སྒྲས་སྟོད་པ་ལ་དགའ་བ།བྱང་ཆུབ་ཀྱིས་སེམས་སྐྱེས་པར་བྱེད་པ།ཡང་དག་པར་གཤེགས་པའི་མཆོད་རྟེན་དང་གནས་བྱེད་པ།དབང་ཆུང ་དུ་ལ་མི་དགེ་བའི་རྩ་བ་གཅོད་པར་བྱེད་པ།དབང་ཆེན་པོ་རྣམས་ལ་དགེ་བའི་རྩ་བ་སྐྱོད་པ་དང་བཅུའོ།།ཇི་ལྟར་ལས་ཀྱིས་མ་རབ་སུ་སྐྱེ་བར་འགྱུར་ཞེ་ན།ཆོ་སོ་བཅུས་ན་མ ་རབ་སུ་སྐྱེ་བར་འགྱུར་ཏེ།བཅུ་གང་ཞེ་ན།ཕ་མ་ལ་ཕ་མར་མི་འཛིན་པ།དགེ་སྦྱོང་དུ་མི་ཤེས་པ།བྲམ་ཟེར་མི་ཤེས་པ།རིགས་ཀྱིས་བོ་ནུན་པ་ལ་མི་བཀུར་བ།ང་བ་དང་།མཁན ་པོ་དང་།བློ་མ་དང་ཐར་པར་ཞུགས་པ་རྣམས་ལ་རིམ་གྲོ་དང་།སྟི་སྟང་དུ་མི་བྱེད་པ་རྣམས་ཀྱང་འགྲོན་མི་གཉེར་བ་ཕ་མ་ལ་སྲི་ཞུ་མི་བྱེད་པ།མཁན་པོ་དང་བླ་མ་དང་།ཐར་པར ་ཞུགས་པ་རྣམས་ཁྱུད་དུ་གསོད་ཅིང་སྲི་ཞུ་མི་བྱེད་པ།རིགས་ཆེན་པོ་ལས་སྐྱེས་པའི་གང་ཟག་རྣམས་སྤོང་བ་རིགས་ཆུང་ངུ་ལས་སྐྱེས་པ་གང་ཟག་རྣམས་ལྔ་བཀུར་བ་འདི་དང་བཅུའོ།།། ་ཇི་ལྟར་ལས་ཀྱིས་ཡ་རབ་སུ་སྐྱེས་པར་འགྱུར་ཞེས་ན།ཚེས་བཅུས་ན་ཡ་རབ་སུ་སྐྱེས་པར་འགྱུར་སྟེ།བཅུ་གང་ཞེ་ན།ཕ་མ་དྲན་པ་ཐར་པར་ཞུགས་པར་ཤེས་པ།བྲམ་ཟེར་ཤེས་པ ་རིགས་ཀྱི་བཙུན་པ་ལ་བཀུར་གཽ་མཁན་པོ་དང་།བླ་མ་དང་།ཐར་པར་ཞུགས་པ་རྣམས་དང་།ཐར་པར་སྤྱོད་པ་གཞན་ལ་འདུ་སྟན་ལས་ལངས་ཏེ་སྐྲག་ཅིང་བསྟི་སྟང་རི་མོ་དང་།སྟན་ལ་སོཊ ་པ་སྟོབས་པ་དང་།ཕ་མ་ལ་སྲི་ཞུ་བྱེད་པ་དང་།མཁན་པོ་དང་།བླ་མ་ཐར་པར་ཞུགས་པ་རྣམས་ལ་གཞན་ལ་འང་སི་ཞུ་བྱེད་པ།ཡ་རབས་དང་།མ་རབ་སུ་ཡང་ཁྱད་པར་མེ་འབྱེད་ཅིང ་སྙོམས་པ།ཡང་དག་པར་གཤེགས་པའི་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པ།མི་ཏོགས་གིས་འཕྲེང་བ་དང་།གདུགས་འགྲུ་པ་དང་བཅུའོ།།ཇི་ལྟར་ལས་ཀྱིས་དབུལ་པོར་འགྱུར་ཞེས་ན ་ཆོས་བཅུས་ན།དབུལ་པོར་འགྱུར་ཏེ།བཅུ་གང་ཞེ་ན།མ་བྱིན་པར་ལེན་པར་འཇུག་པ།མ་བྱིན་པར་ལེན་པ་ལ་སྟོད་པ།མ་བྱིན་པར་ལེན་པ་ལ་སྨོན་པ།ཕ་མ་ལ་ངོ་ཆེ་བ་རྣམས་བཅོད་པ། ་མཁན་པོ་དང་བླ་མ་དང་།ཐར་པར་ཞུགས་པ་རྣམས་ཀྱིས་གཙུག་ལག་ཁང་དང་།གནས་ཁང་དང་།མཆོད་ཅིང་སྤྱོད་པ།ཀུན་གཅོད་པ།གཞན་ཐོབ་ཏུ་མི་དགའ་བ་གཞན་གྱི་མི་ཐོབ་ན་དགར་བ ་གཞན་གྱིས་ཐོབ་པ་ལ་བྱུགླེགས་བྱེད་པ།སུ་གོ་བྷྱ་དུ་སྟོན་པ་དང་། ཨུ།ཛིམ+Wཱར་ལུས་ཀྱི་རྒྱུག་འབྱུང་ནན་རྒྱམ་ས་ན་ཕྱུག་པར་འགྱུར་ཏེ།བཅུགན ་ནམ་བྱིན་པ་ལེན་པ་སྤོང་བམ་བྱིན་པར་ལེན་པ་སྤྱོང་བར་འཇོག།བི་མ་བྱིན་པ་ལེན་པ་སྤོང་བ་ལཱྀ་དགའ་ག།པ་མ་ལ་འཆོག་སྦྱིན་པ་མཁན་པོ་དང་།བླ་མི་ལྷག་མ་དང་གཞན་རྣམས་ལ ་གཅུགས་ལག་ཁང་དང་།གནས་དང་རིམ་པར་སྤྱོད་པ་དང་།ཆོས་གོས་པ་དང་།མལ་སྟན་དང་ན་བའི་གསོས་སྨན་དང་།གཡོག་དང་།འཚོ་བ་སྦྱིན་པ་གཞན་གྱིས་ཐོབ་པ་ལ་དགའ་བར་སེམས ་གཞན་གྱིས་དོན་ཐོབ་པར་ནན་ཏན་དུ་བསྒྲུབས་པ།།གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ།ཕྱོགས་བཅུ་ཐམས་ཅད་དུ་ལོ་ལེགས་པར་སྨོན་པ།སྦྱིན་པ་ལ་སོགས་པ་གཏོང་བའི་གང་ཟག ་རྣམས་ལ་རབ་ཏུ་དགའ་བ་དང་བཅུའོ།།ཇི་ལྟར་ལས་ཀྱིས་ངན་པར་འགྱུར་ཞེ་ན།ཆོས་བཅུས་ནི་ངན་པར་འགྱུར་ཏེ།བཅུ་གང་ཞེ་ན།གང་ཟག་སུ་འོང་རུང་སྟེ།འདྲི་མི་ཤེས་པ།ཡང་དག ་མ་ཡིན་པ་ཀུན་འཕེལ་བར་བྱེད་པ་ཡང་དག་པས་ཆོས་སྤོང་བ།ཡང་དག་པའི་ཆོས་འཆང་པ་ལ་བསྟི་སྟང་དེང་རཱི་མོར་མི་བྱེད་པ།མ་བཅིགས་པར་སྨྲ་བ་ལ་དགེ་བར་སྤྱོད་པ།ངན་པའི ་གང་ཟག་རྣམས་ལ་འཁོར་ཞིང་སྦྱིན་པ།ཡང་དག་པ་ལ་མཁས་པ་རྣམས་སྤོང་བ་ལོག་པར་ལྟ་བ་ལ་ཚད་མར་འཛིན་ཅིང་བསྟོད་པ།ཡང་དག་པར་ལྟ་བ་ལ་སྤོང་ག་ཤེས་རབ་དང་ལྡན་པ ་གང་ཟག་རྣམས་ལ་སྤོང་བ་དང་བཅུའོ།།ཇི་ལྟར་ལས་ཀྱི་ས་ཤེས་རབ་ཆེན་པོར་འགྱུར་ཞེ་ན།ཆོས་བཅུ་སྟ་ནྱ་ཤེས་རབ་ཆེན་པོར་འགྱུར་ཏེ།བཅུ་གང་ཞེ་ན།གང་ཟག་སུའང་རུང་སྟེ།རིམ་པར་འདྲི་ཤེས།། ་གམི་མཁས་པའི་དགེ་སྦྱོང་དང་།བྲམ་ཟེ་དང་།ངན་པའི་གང་ཟག་རྣམས་ལ་མི་འཁོར་མི་སྟེན་ཅིང་རི་མོ་བསྟྲཱི་སྦྱང་མི་བྱེད་པ།མཁས་པའི་གང་ཟག་རྣམས་ལ་འཁོར་ཞིང་བསྙེན་ནས་རི་མོ་ང ་སྟང་བྱེད་པ།ཡང་དག་པའི་ཆོས་མ་ཡིན་པ་ཀུན་གཏོད་པ།ཡང་དགེ་པའི་ཆོས་འཕེལ་བར་བྱེད་པ།ཆོས་ཀྱི་སྣོད་གང་ཟག་རྣམས་མི་འཇིགས་པ་ལ་གོམས་པར་བྱེད་པ།ཡང་དག་པའི་ཚིག་སྙན ་པར་སྨྲ་བ་ལ་དགེའོ་ཞེས་བསྟོད་པ།ངན་པར་སྨྲ་བ་ལ་དགེའོ་ཞེས་མི་བསྟོད་པ།ལོག་པར་ལྟ་བ་ལྔ་མི་སྨོན་པ།ཡང་དག་པར་ལྟ་བ་ལ་བསྟོད་པ་དང་བཅུའོ།།ཇི་ལྟར་ལས་ཀྱི་སེམས་ཅན་དམྱལ ་བར་སྐྱེ་བར་འགྱུར་ཞེ་ན།ཆོས་བཅུས་ན་སེམས་ཅན་དམྱལ་བར་འགྱུར་ཏེ།བཅུ་གང་ཞེ་ན།ལུས་ཀྱིས་ངན་པ་ཆེར་སྤྱོད་པ།ངག་གིས་ངན་པ་ཆེར་སྤྱོད་པ།ཡིད་ཀྱིས་ངན་པ་ཆེར་སྤྱོད་པ།ཆད་པར ་ལྟལྷ་གརྟག་པར་ལྟ་བ་བྱ་བའི་མི་རིགས་པར་ལྟ་གྲཝ་ཕན་པོ་མེད་པར་བྱེད་པ།མྱ་ངན་བསྲིངས་པ་ལ་ངན་དུ་སྨྲ་བ་འདོད་པས་ལོག་པར་སྤྱོད་དུ་བཅུག་པ་དང་།བཅུའོ།།ཇི་ལྟར་ལས་ཀྱིས་བྱོལ་སོང་དུ ་འགྱུར་ཞེ་ན།ཆོས་བཅུས་ན་བྱོལ་སོང་དུ་འགྱུར་ཏེ།བཅུ་གང་ཞེ་ན།ལུས་ཀྱིས་ངན་པར་འབྲིང་དུ་སྤྱོད་པ།ངག་གིས་ངན་པ་འབྲིང་དུ་སྤྱོད་པ།ཡད་ཀྱིས་ངན་པ་འབྲིང་དུ་སྤྱོད་པ།འདོད་པ་སྣ་ཚོག ་ཀུན་གཡོས་པའི་ལས་བྱས་པ།ཁྲོ་བ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ།གླེན་པ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ།མི་རིགས་པ་བྱིན་པ་བྱོལ་སོང་དུ། ་འགྱུར་བ་རྣམས་ལ་ཁྲོ་ག་བྱང་ཆུབ་སེམས་དཔོའི་སྨོན་ལེམ་གྱི་མཐུས་སིངྒེར་སྐྱེས་པ་།བྲམ་ཐོ་ཆོད་པར་བྱེད་པ།ཁེ་ངན་པར་བྱས་པའི་ལན་གྱིས་སྤྲེའུར་སྐྱེས་པ་ལྟ་བུ་དང་བཅུའོ།། ་ལྟར་ལས་ཀྱིས་རིང་དུ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན།ཆོས་པོཅུས་ན་རིང་དུ་ཁྱམས་པའི་འཇིག་རྟེན་དུ་སྐྱེས་པར་འགྱུར་ཏེ།ལུས་ཀྱིས་དོན་པ་ཆུང་ངུ་སྤྱོད་པ།ངག་གིས ་ངན་པ་ཆུང་ངུ་སྤྱོད་པ།ཡོད་ཀྱིས་ངན་པ་ཆུང་ངུ་སྤྱོད་ག།ངན་པ་ལ་དང་གཤིན་ཏུ་དང་གལོག་པས་འཚོ་གསེར་སྣ་ལ་དད་ཅིང་མི་གཏོང་ག་སྦྱིན་པ་ལ་གེགས་བྱེད་དོ།།འདོད་པ་ལ་ཆ ་པ་བཞིན་དུ་ཤི་བ།བྲུ་བ་ཚ་ཞིང་སྐོམ་བཞིན་དུ་ཤོ་བ་དང་བཅུའོ།།ཇི་ལྟར་ལས་ཀྱིས་ཨ་སུ་རའི་འཇིག་རྟེན་པར་འགྱུར་ཞེ་ན།ཆོས་བཅུས་ན་ཨོཾ་སུ་རའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ་བཅུ་གང་ཞེ་ན།ཐམས་ཅད་ལའང་ལུས་ཀྱིས་ངན་པ་ཅུང་ཟད་སྤྱད་པ།ཐད་ལའང་ངག་གི་ངན་པ་ཆུང་ཟད་སྤྱོད་པ།ཐམས་ཅད་ལའང་ཡིད་ཀྱིས་ངན་པ་ཆུང་ཟད་སྤྱོད་པོ།།ངར་སེམས་པ ་མི་མཚུངས་པའི་བཟླ་ལས་ལྷག་པའི་ག་གོང་མ་ལས་ལྷག་པོའི་ང།གོང་མ་ལས་ཀྱང་གོང་མའི་ང་།བདག་ལ་མི་སྲིད་པའི་ང།དགེ་བའི་རྩ་བ་བསྐྱེད་པ་ལ་ལོག་པར་སྨོན་པ་དང ་བཅུ་སྟེ།ཆོས་འདི་བཅུས་ན་ཨ་སུ་རར་སྐྱེ་བར་འགྱུར་རོ།།ཇི་ལྟར་ལས་ཀྱིས་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན།ཆོས་བཅུས་ན་མའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ།བཅུ་གང་ཞེ་ན།དགེ་བ ་བཅུའི་ལམ་མ་ཉམས་ཤིང་མ་གོང་བས་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།།ཇི་ལྟར་ལས་ཀྱིས་འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན།།ཆོས་བཅུས་ན་འདོད་པ་དྲུག་ན་སྤྱོད་པའི ་ལྷར་སྐྱེ་བར་འགྱུར་ཏེ།དགེ་བ་བཅུའི་ལམ་ལཱ་མ་ཉམས་ཤིང་བརྩོན་འགྲུས་སུ་བསྡམས་པས་ན་འདོད་པ་དྲུག་ནི་སྤྱོད་པའི་ལྷར་སྐྱེ་བར་འགྱུརརོ།།ཇི་ལྟར་ལས་ཀྱིས་གཟུགས་ཡོད་པ་ན་སྤྱོད ་པའི་ལྷར་སྐྱེ་བར་འགྱུར་ཞེ་ན།ཆོས་བཅུས་ན་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ།བཅུ་གང་ཞེ་ན།དགེ་བ་བཅུའི་ལས་ཀྱི་ལམ་ལ་དད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཚད་མེད ་པཱ་བཞི་ཀུན་རྫོགས་པ་ནི་གཟུགས་ཡོད་པ་ན་སྤྱོད་པའི་ལྷུར་སྐྱེ་བར་འགྱུར་རོ།།ཇི་ལྟར་ལས་ཀྱིས་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན།དགེ་བ་བཅུའི་ཆོས་དང་།མི་གཡོ ་འཛིན་པ་བཞིའི་ཆོས་སྤྱད་ན་གཟུགས་མེད་པ་ནི་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏོ།།མི་གཡོ་བཞི་ནི་གཟུགས་ཐམས་ཅད་ལས་འོངས་ཏེ།རེག་པའི་མིང་ཐམས་ཅད་བརྗོད་དུ་མེད་པ་ནས།། ་ཆོས་སྣ་ཚོགས་སྨྲ་བསམ་ལས་འདས་པར་ན་མཁོའི་མཐའ་ཡོས་བསམས་ནས་ན་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་།ན་མཁའ་མཐའ་ཡས་པའི་སྐྱེ ་མཆེད་ཐམས་ཅད་ཀུན་ལས་འདས་ནས་རྣམ་པར་ཤེས་པ་མཐའ་ཡས་པ་བསམས་ནས་རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་སྐྱེས་ཀྱི་མུ་གསོ་མི་འཛིན། ་པ་དང་།རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ལས་འདས་ནས་ཅུང་ཟད་ཀྱང་མེད་པར་བྱསེམས་ཏེ།ཅུང་ཆུད་མེད་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ལངས་ཏེ།སེམས་མེད་པ་སེམས་མེད་པ་མ་ཡིན་པ་བས་མྱ་ཏེ།མི་མ་མེད་པ་དང་མ་མེད་པ་མ་སྟྲཱི་པའི་སྟེངས་ཀྱི་མི་གཡོ་མོ་འཛིན་པ་དང་།ཆོས་བཞིན ་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུརརོ།།ཇི་ལྟར་ལས་ཀྱིས་བཞིན་མི་འགྱུར་བར་སྐྱེ་བ་གང་ཞེ་ན།དགེ་བའི་རྩ་བ་ལས་བྱས་ལ་དེས་བདག་ཅིར་སྨོན་ལམ་བཏབ་པ་དང་། ་མཚམས་མེད་པའི་སྡིག་ལས་བྱས་པ་དེ་ལྟ་བུ་ནི་ལས་ཀྱིས་བཞིན་མི་འགྱུར་བར་སྐྱེ་བར་འོང་ངོ་།།ཇི་ལྟར་ལས་ཀྱིས་འགྱུར་བར་སྐྱེ་ཞེ་ན།སུས་དགེ་བའི་ལས་བྱས་ནས་སྨོན་ལམ ་བཏབ་པ་ནི་ལས་དེས་འགྱུར་ཞིང་སྐྱེ་བར་འོང་ངོ་།།ཇི་ལྟར་ལས་ཀྱིས་གླང་ཡུལ་གཞོན་དུ་སྐྱེ་བར་འགྱུར་ཞེ་ན།སངས་རྒྱས་ཀྱང་རུང་།ཆོས་ཀྱང་རུང་།དགེ་འདུན་ཀྱང་རུང་།ཚུལ་ཁྲིམས ་ཐུབ་པའི་གང་ཟག་ཀྱང་རུང་སྟེ།དེ་ལོ་ཤིན་ཏུ་དད་པར་བསམས་ནས་བྱིན་པས་ཡུལ་གཞོན་དུ་སྨོན་ལམ་བཏབ་པ་དང་།ལས་གང་བྱས་ཀྱང་རུང་སྟེ།བཟང་པོ་དང་།ངན་པ་གར་འགྱུར ་བ་ནི་འདི་ལྟ་སྟེ།དཔེར་ན་ཚོང་པ་བཞིན་ཏེ།ལས་དེ་ལྟ་བུས་ཡུལ་གཞན་དུ་སོང་ནས་རྣམ་པར་སྨིན་པར་འགྱུར་རོ།།ཇི་ལྟར་ལས་ཀྱིས་མ་བསམས་པར་བྱས་པ་གང་ཞེ་ན།ལས་བྱས་ནས་འགྱོད་པ ་དང་།ཁྲེལ་གྱིས་དོགས་པ་དང་།ཉེས་པར་སེམས་པ་དང་།མི་རིག་པ་དང་།འཆགས་པ་དང་།ཡལ་བར་མི་གཏོང་བ་དང་།སླར་མི་འཇུག་པ་དང་།ཕྱིན་ཅད་མི་བྱེད་པར་དམ་འཆའ་བ་དང་། ་འདི་ལྟ་བུའི་ལས་ནི་མ་བསམས་པར་བྱས་པའོ།།ཇི་ལྟར་ལས་བསམས་ལ་མ་བྱས་པ་གང་ཞེ་ན།ལུས་ཀྱིས་མ་བྱས་པ་དང་།སེམས་རྒྱུས་ཤིང་ལས་འདི་བྱའོ་ཞེས་ཁར་སྨྲས་ལ་མ་བྱས་པ་དེ ་ལྟ་བུའི་ལས་ནི་བསམས་ཏེ་མ་བྱས་པའོ།།ཇི་ལྟར་ལས་བསམས་ཏེ་བྱས་པ་གང་ཞེ་ན།ལས་གང་བྱས་ཀྱང་རུང་སྟེ་མི་འགྱོད་པ་ཁྲེལ་གྱིས་མི་དོགས་པ་ཉེས་པར་མི་སེམས་པ་མི་འཆ ་པ།ཡལ་བར་གཏོང་བ།སླར་འཇུག་པར་ཕྱིན་ཅད་མི་བྱེད་པར་དམ་མི་འཆའ་བའོ།།ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ནི་སེམས་ཅན་ལས་དམྱལ་བར་སྐྱེས་ཏེ།སེམས་ཅན ་དམྱལ་བའི་ཚེ་ཀུན་རྫོགས་ནས་སྐྱེ་བའི་ལོམ་ཡིན་ཞེ་ན།གང་ཟག་སུའང་རུང་སྟེ།སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས།དེས་ཀྱང་མི་འགྱོད་པ་ཁྲེལ་གྱིས་མི་དོགས་པ་དང་། ་ཉེས་པར་མི་སེམས་པ་མི་རིགས་པར་མི་སེམས་པ།མི་འཆགས་པ།ཡལ་བར་གཏོང་བ།སླང་དོན་དུ་འཇུག་པ།ཕྱིན་ཅད་བྱེད་པར་དམ་མཚའ་བ།དེ་ལྟ་བུའི་སེམས་དགའ་བ་དེ་ལྟ་བུ ་སྨོན་པ།དེ་ལྟ་བུའི་ལས་འདུས་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ཏེ།སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སླར་སྐྱེའོ།།ཇི་ལྟར་གང་ཟག་ལས་འདི་ལྟ ་འདས་པས་སེམས་ཅན་དམྱལ་བར་སྐྱེས་ཏེ་སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སློར་སྐྱེས་པོའི་ལས་གང་ཡིན་ཞེ་ནོ།།གང་ཟག་སུའང་རུང་།སེམས་ཅན་དམྱལ་བའི་ལས་བྱས་ནས་འགྱོད ་པ།ཁྲེལ་གྱིས་དོགས་པ།ཉེས་པར་སེམས་པ།མི་རིགས་པར་སེམས་པ།།འཆགས་པ།ཡལ་བར་མི་གཏོང་བ་སླར་ངན་དུ་མི་འཇུག་པ།ཕྱིན་པད་མི་བྱེད་པར་དམ་འཆའ་བ་འདི་ལྟ་བུའི་ལས ་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེ་སྟེ།སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱེའོ།།ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས ་མ་ཐག་ཏུ་སླར་སྐྱེ་བའི་ལས་གང་ཡིན་ཞེ་ན།གང་ཟག་སུ་འང་རུང་སྟེ།སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས་ལས་དེ་བྱས་པ་དང་འགྱོད་པ།ཁྲེལ་གྱི་དོགས་གཉིས་པར་སོམས ་པ།མི་རིགས་པས་སེམས་པ།འཆགས་པ།ཡལ་བར་མི་གཏོད་པ།སླར་ངན་དུ་མི་འཇུག་པ།ཕྱིན་ཅད་མི་བྱེད་པར་དམ་འཆའ་བ།དེ་ལྟ་བུའི་ལས་ལ་ཕྱིས་མི་དགའ་ཞིང་མི་སྨོན་པ ་སྤོང་ཞིང་གཏོང་བ་ཕྱིས་ཤིན་ཏུ་མི་དགའ་བའི་ཡིད་སྐྱོད་པ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྨྱོས་ཏེ།དེ་ནི་རྒྱལ་པོ་མ་སྐྱེས་དགྲ ་བཞི་ནོ།།ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་སྔར་བདེ་ལ་ཕྱིས་མི་བདེ་བའི་ལས་གང་ཡིན་ཞེ་ན།གང་ཟག་སུའང་རུང་སྟེ་སྦྱིན་པ་བྱིན་ཡང་ཡི་རངས་བཞིན་དུ་མི་བྱིན་དགའ་ཞིང་བདེ་བ་ཡིད ་དུ་མ་བྱས།བྱིན་ནས་བྱིས་འགྱོད་པར་སེམས་པ།གང་ཟག་དེ་ལྟ་བུ་མིར་སྐྱེ་ནའང་ཕྱུག་པོའི་རིགསུ་སྐྱེ་སྟེ་ནོར་མང་པོ་དང་།སྤྱོད་པ་མང་པོའི་ཇོ་བོར་འགྱུར་ཏེ།བློན་པོ་དང་གྲགས་པོ་དང་།གཉེན ་དང་།རིགས་གཅིག་པོ་མང་དུ་བདོག་པ་དང་།མཛོད་དང་བདྲ་བ་གང་བ་ཀུན་ཀྱང་གང་གི་ཤིན་ཏུ་བདེ་ཞིང་བཞོན་པ་མང་པོ་དང་ལྡན་པ་དེ་ལྟ་བུ་ནི་སྐྱིད་པ་ཀུན་སྤྱོད་དེ་ཕྱིས་དམས་པ་དང་།ཟད་པར ་འགྱུར་ཏེ་མི་བདེ་བར་སོང་བ་ལས་འདི་ལྟ་བུ་འདུས་པའི་གང་ཟག་ནི་སྔར་བཙན་ཕྱུག་ཅིང་བདེའང་ཕྱིས་བཀྲེས་ཤིང་དམས་པས་མི་བདེ་བར་འགྱུརརོ།།ཇི་ལྟར་གང་ཟག་ལས་འདུས་པས ་སྔར་མི་བདེ་བ་ལ་ཕྱིས་བདེ་བར་འགྱུར་བའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན།གང་ཟག་སུའང་རུང་སྟེ།སྦྱིན་པ་སྔར་མ་དད་པར་བྱིན་ནས་དད་ཅིང་རངས་པ་སེམས་ཡིད་ལ་སྐྱེས་པའི་གང ་ཟག་དེ་ནི་མིར་སྐྱེས་ནའང་དབུལ་པོའི་རིགསུ་སྐྱེ་སྟེ།ཟས་དང་སྤྱོད་པ་ཉུང་བ།ཉོན་མོངས་ཤིང་ཟས་དང་གིས་མེད་པ་ལས་ཕྱིས་བཙོན་ཕྱུག་ཅིང་སྐྱིད་པར་གྱུར་ཏེ།ཅིའང་འཕེལ་ཏེ།ཅིས ་ཀྱང་མི་བྲེལ་བ.རོ་འགྱུར་བ་འདི་ལྟ་བུའི་གང་ཟག་ནི་སྔར་མི་བདེ་ལ་ཕྱིས་བདེ་བར་གྱུར་པའོ།།ཇི་ལྟར་གང་ཟག་ལས་འོདདི་ལྟ་བུར་གྱུར་པས་སྔར་ཀྱང་བདེ་བར་འགྱུར་བའི་ལས་གང ་ཡིན་ཞེ་ན།གང་ཟག་སུའང་རུང་སྟེ་སྦྱིན་པ་བྱིན་པའང་མང་པོ་དང་རངས་པར་བྱིན།བདག་ཀྱང་ཡི་དགའ་སྟེ་བྱིན་པས་ཕྱིས་མི་འགྱོད་པའི་གང་ཟག་དེའི ་འབྲས་བུ་ནི་མིར་སྐྱེས་ནའང་ཕྱུག་པའི་རིགསུ་སྐྱེས་ཏེ།ནོར་མོང་པོ་སྤྱོད་པ་དང་།མང་པོའི་ཇོ་བོར་གྱུར་ནས་བློན་པོ་དང་།གྲོགས་པོ་དང་།གཉེན་དང་རིགས་གཅིག་པ་མང་དུ་བདོག་པ ་དང་།བང་མཛོད་ཐམས་ཅད་ཀྱང་གང་བ།ཤིན་ཏུ་བདེ་ཞིང་བཞོན་པོ་མང་པོ་དང་།དེ་ལྟ་བུའི་རིགསུ་སྐྱེ་སྟེ།སྐྱིད་པ་དེ་ལྟ་བུ་ཕྱིར་སྐྱེ་ཞིང་འཕེལ་བར་འགྱུར་ཏེ།གང་ཟག་ལས་འདི་ལྟ ་བུ་འདུས་པས་སྔར་ཡང་བདེ།ཕྱིས་ཀྱང་བདེ་བར་འགྱུར་རོ།།ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པ་སྔར་མི་བདེ་ལ་ཕྱིས་ཀྱང་མི་བདེ་བར་འགྱུར་བའི་ལས་ཀྱིས་འབྲས་བུ་ནི་གང་ཡིན་ཞེ ་ན།གང་ཟག་སུའང་རུང་སྟེ།དགེ་བའི་གྲོགས་པོ་སྤངས་པ་ཡིན།སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན།བདག་ཉིད་ཀྱིས་ཀྱང་གཞན་ལ་སྦྱིན་པ་མ་བྱས་པ་ཡིན་པའི་གང་ཟག་དེ ་ལྟ་བུ་ནི་མིར་སྐྱེས་ནའང་དབུལ་པོ་བཀྲེས་པ་དང་།ཟས་སྐོམ་གྱིས་ཕོངས་པ།གོས་རྒྱར་གྱི་ཕོངས་ཤིང་བྲེལ་ཏེ།ཉོན་མོངས་བཞིན་དུ་འཚེ་བ་དང་།ཟས་སྐོམ་དང་།གོས་རྒྱབ་ཀྱིས་མི ་འཚེ་བ་དང་།ཕྱིས་ཀྱང་དེ་ལས་སྐྱིད་ཅིང་སྤྱོད་པ་འཕེལ་བར་འགྱུར་བའང་མེད་དེ།གང་ཟག་ལས་དེ་ལྟ་བུ་འདུས་པས་ན་སྔར་ཡང་མི་བདེ།ཕྱིས་ཀྱང་བདེ་བར་མི་འགྱུར་རོ།།ཇི་ལྟར ་གང་ཟག་ལས་འདི་ལྟ་བུ་འདུས་པས་ཕྱུག་ལ་སེར་སྣ་ཅན་ཏུ་བྱེད་པར་འགྱུར་བའི་ལས་ཀྱི་འབྲས་བུ་གང་ཡིན་ཞེ་ན།གང་ཟག་སུའང་རུང་སྟེ།སྦྱིན་པའི་གནས་ལ་ཅིའང་བུངས་མི་ཆེ་ཞིང་ཉུང ་དུ་བྱིན་པ་ཡིན།གཏོང་བ་ལ་ནི་བསྲི་ཞིང་གོམས་པར་བྱས་པས་གང་ཟག་དེ་མིར་སྐྱེས་ནའང་ཕྱུག་པོའི་རིགསུ་སྐྱེ་སྟེ།ནོར་དང་སྤྱོད་པ་མང་པོ་ཡོད་ཀྱང་སེར་སྣ་བྱེད་པར་འགྱུར་ཏེ།དེ་ལྟ་བུའི་ལྔ ་འདུས་པའི་གང་ཟག་ནི་ཕྱུག་ལ་སེར་སྣ་ཆེ་བ་ཡིནོ།།ཇི་ལྟར་ཕྱུག་ལ་གཏོང་ཕོད་པའི་ལས་ཀྱི་འབྲས་བུ་ནི་གང་ཞེ་ན།གང་ཟག་སུའང་རུང་།སྦྱིན་པའི་གནས་མི་ཡིན་པ་ལ་མང་དུ་བྱིན་ཡང ་སྦྱིན་པ་ཕྱིར་ཞིང་གོམས་པར་བྱས་པ་ཡིན་པས་གང་ཟག་དེ་མིར་སྐྱེས་ནའང་དབུལ་པོའི་རིགསུ་སྐྱེ་སྟེ།ཟས་དང་སྤྱོད་པས་མི་འཚོ་ཞིང་ཉོན་མོངས་ནས་སྡུག་ཅིང་གོས་ཟས་ཀྱིས་མི་འཚོ་འང ་གཏོང་བ་ཡིན་ཏེ།ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་ལ།གཏོང་ཕོད་པའོ།།ཇི་ལྟར་གང་ཟག་ལས་འདི་ལྟ་བུས་འདུས་པས་དབུལ་ལ་སེར་སྣ་བྱེད་པའི་ལསུ་གྱུར་པ་ཡིན་ཞེ་ན།གང་ཟག ་སུའང་རུང་།དགེ་བའི་གྲོགས་པོ་སྤངས་པ་སུས་ཀྱང་སྤྱི་བ་ལ་མ་བཅུག་པ་ཡིན།ཉིད་ཀྱིས་ཀྱང་སྦྱིན་པ་མ་བྱིན་པ་ཡིན།སྡིག་པའི་ལས་ཀྱང་མ་བསམས་མ་བྱས་པ་ཡིན་ཏེ།གང་ཟག་སུའང ་རུང་སྟེ།དེ་མིར་སྐྱེ་ནའང་དབུལ་པོའི་རིགསུ་སྐྱེ་སྟེ།ཟོས་དང་སྤྱོད་པ་ལ་སོགས་པས་མི་འཚོ་ཞིང་ཉོན་མོངས་ནས་སྡུག་ཅིང་གོས་ཟས་ཀྱིས་བྲེལ་ནས་སེར་སྣ་བྱེད་པ་ཡིན་ཏེ།ལས་དེ་ལྟ་བུ ་འདུས་པའི་གང་ཟག་ནི་དབུལ་པོ་ལ་སེར་སྣ་བྱེད་པའོ།།གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་གང་ཞེ་ན།གང་ཟག་སུའང་རུང་།སེམས་ཅན་དམྱལ་བར་ཤི་ནས་ཡང་སེམས ་ཅན་དམྱལ་བར་སྐྱེ་བ།བྱོལ་སོང་ལས་ཤི་ནས་ཡང་བྱོལ་སོང་དུ་སྐྱེ་ག་རིང་དུ་འཁྱམས་པ་ལས་ཤི་ན་ཡང་རིང་དུ་འཁྱམས་པར་སྐྱེ་བ། སུ་ར་ལས་ཤི་ནས་ཡང་ཨ་སུ་རར་སྐྱེ་བ།མི་ལས ་ཤི་ནས་ཡང་མིར་སྐྱེ་བ་དེ་ལྟ་བུའི་གང་ཟག་ནི་ཚེ་ཟད་ལ་ལས་མ་ཟད་པ་ཡིན་ནོ།།གང་ཟག་ལས་ཟད་ལ་ཚེ་མ་ཟད་པ་གང་ཞེ་ན།གང་ཟག་སུའང་རུང་སྟེ།སྔོན་སྐྱིད་ལ་ཕྱིས་སྡུག་པར་གྱུར་པ། ་སྔ་ནས་སྡུག་ལ་ཕྱི་ནས་སྐྱིད་པར་གྱུར་པ་དེ་ལྟ་བུའི་གང་ཟག་ནི་ལས་ཟད་ལ་ཚེ་མ་ཟད་པ་ཡི་ནོ།།གང་ཟག་ལས་དང་ཚེ་གཉིས་ཀ་ཟད་པ་གང་ཞེ་ན།གང་ཟག་སུའང་རུང་སྟེ།སེམས་ཅན་དམྱལ ་བ་ལས་ཤི་ནས་བྱོལ་སོང་དུ་སྐྱེས་པ།བྱོལ་སོང་ལས་ཤི་ནས་རིང་དུ་འཁྱམས་པར་སྐྱེས་པ།རིང་དུ་འཁྱམས་པ་ལས་ཤི་ནས་ཨ་སུ་རར་སྐྱེས་པ། སུ་ར་ལས་ཤི་ནས་མིར་སྐྱེས་པ།མི་ལས ་ཤི་ནས་ལྷར་སྐྱེས་པ།དེ་ལྟ་བུའི་གང་ཟག་ནི་ལས་དང་ཚེ་གཉིས་ཀ་ཟད་པ་ཡི་ནོ།།གང་ཟག་ལས་གང་གིས་ན་ཚེའང་མ་ཟད་ལས་ཀྱང་མ་ཟད་ལ་མྱ་ངན་སྤངས་པ་གང་ཞེ་ན།རྒྱུན་དུ་ཞུགས་པ ་དང་།ལན་ཅིག་ཕྱིར་འོང་བ་དང་།ཕྱིར་མི་འོང་བ་དང་།ངགྲ་བཅོམ་པ་གང་ཟག་དེ་རྣམས་ལས་དང་ཚེ་མ་ཟད་མོད་ཀྱི་མྱ་ངན་སྤངས་པའོ།།གང་ཟག་ལུས་བདེ་ལ་སེམས་མི་བདེ་བ་གང་ཞེ་ན། ་མ་རབས་ཀྱི་བསོད་ནམས་བྱས་ནས་འཁོར་ལོ་སྦྱོར་བའི་རྒྱལ་པོར་གྱུར་པ་དེ་ལྟ་བུའི་གང་ཟག་ནི་ལུས་བདེ་ལ་སེམས་མི་བདེ་བའོ།།གང་ཟག་སེམས་བདེ་ལ་ལུས་མི་བདེ་བ་གང་ཞེ་ན།བསོད ་ནམས་མ་བྱས་པའི་དགྲ་བཅོམ་པ་སྟེ་ཁྲིམས་རྫོགས་པ།འགུག་པ་ལྟ་བུ་དགྲ་བཅོམ་པའི་གང་ཟག་ནི་སེམས་བདེ་ལ་ལུས་མི་བདེ་ཞེས་བྱའོ།།གང་ཟག་ལུས་དང་སེམས་གཉིས་ཀ་བདེ་བ ་གང་ཞེ་ན།བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ།ཁྲིམས་རྫོགས་པ་རྡོ་སྟོབས་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉིས་ཀ་བདེ་བའོ།།གང་ཟག་ལུས་དང་སེམས་གཉིས་ཀ་མི་བདེ་བ་གང ་ཞེ་ན།མ་རབས་ཀྱིས་བསོད་ནམས་མ་བྱས་པ་དེ་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉིས་ཀ་མི་བདེ་བའོ།།ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་གཟུགས ་ལེགས་པ་དང་།བཟང་པོ་དང་།སྡུག་གུ་དང་།ཁ་དོག་མཛེས་པ་དང་།མདོག་སྣུམ་པ་དང་།མཐོང་ན་དགའ་བའི་ལས་གང་ཞེ་ན།ཆགས་པ་གཡོས་ཏེ་ཚུལ་ཁྲིམས་ཉམས་པ་དང་ལྡན་པའི་གང ་ཟག་ནི་ངན་པའི་སྐྱེས་ལ་གཟུགས་ལེགས་པ་དང་།བཟང་པོ་དང་སྡུག་གུར་འགྱུར་རོ།།ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སང་སྐྱེས་ལ།གཟུགས་ངན་པ་དང་ལུས་རྩུབ་པ ་དང་།མི་སྡུག་པ་དང་།མཐོང་ན་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན་ཁྲོ་བ་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པའི་གང་ཟག་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་གཟུགས ་ངན་པ་དང་།ལུས་རྩུབ་པ་དང་།མི་སྡུག་པར་སྣང་བ་དང་།མཐོང་ན་ཡིད་དུ་མི་འོང་བར་འགྱུར།།ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན་ངན་པའི་སར་སྐྱེས་ལ་། ་མི་ཞིམ་པ་དང་།དབང་པོ་མ་ཚང་བ་དང་།དབང་པོ་མི་མཐུན་པར་འགྱུར་བའི་ལས་གང་ཡིན་ཞེ་ན།གླེན་པར་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པ་གང་ཟག་ལས་འདི་ལྟ་བུ་འདུས་པ ་ན་ངན་པའི་སར་སྐྱེས་ལ་དྲི་མི་ཞིམ་པ་དང་།དབང་པོ་མ་ཚང་བ་དང་།དབང་པོ་མི་མཐུན་པར་འགྱུརརོ།།ཇི་ལྟར་མི་དགེ་བ་བཅུའི་ལས་བྱས་པའི་རྒྱུས་ཕྱི་རོལ་གྱི་ཡུལ་ས་རྣམས་ངན་དུ་འོང་བར ་འགྱུར་བ་ཡིན་ཞེ་ན།སྲོག་གཅོད་ན་དེའི་ལས་ཀྱིས་སའི་མདོག་ཉམས་པར་འོང་ངོ་།།མ་བྱིན་པར་བླངས་པ་དེའི་ལས་ཀྱིས་སེར་བ་དང་།བྱེ་བ་དང་།བྱི་བ་དང་།སྲིན་མང་དུ་འོང་བར་འགྱུརརོ།། ་མི་ཚངས་པར་སྤྱོད་པ་བྱིས་པས་དེའི་ལས་ཀྱིས་ཁུག་རྣ་དང་།རླུང་དང་རྡུལ་དང་རྡུལ་ཆེན་པོ་འོང་བའི་སར་སྐྱེའོ།།བརྫུན་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི་ཁར་མནམ་པོར་འགྱུར ་དབུགས་མི་ཞིམ་པོར་འོང་ངོ་།།བྲ་མ་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི་ཡུལ་མཐོ་དམན་ཅན་དང་།ལྕང་ལྕོང་ཅན་དང་།མི་གཙོང་བ་དང་།ན་རྒོད་དང་།རྡོ་བགྲ་མ་ཁྲོད་ཅན་གྱི་ཡུལ་དུ་སྐྱེའོ།། ་ཁ་འཁྱལ་པ་བྱས་པའི་ལས་ཀྱི་འབྲས་བུ་ནི་གྲོག་པོ་མང་གརྩི་ཤིང་དང་།ཡལ་ག་དང་།འདབ་མཚར་མ་ཅན་དང་།ནགས་ཚང་ཚིང་ཅན་གྱི་ཡུལ་དུ་སྐྱེའོ།།བརྐམ་པར་བྱས་པའི་འབྲས ་བུ་ནི་འབྲུ་འབྲས་ཅིའང་ཕྲ་མར་འོང་ངོ་།།ཁྲོ་བ་བྱས་པའི་ལས་ཀྱིས་ས་བོན་འབྲས་བུ་ཆེ་བྱ་དང་།སྦྱར་བ་དང་།ཁ་བར་འོང་ངོ་།།ལོག་པར་ལྟས་པ་དང་།བྱེད་དུ་བཅུག་པའི་ལས་ཀྱི་རྒྱུས་ནི་ས་བོན ་དང་འབྲས་བུ་ཆུང་ཞིང་ངན་པར་འོང་ངོ་།།འདི་ལྟར་མི་དགེ་བ་བཅུའི་ལས་བྱས་པས་ཕྱི་རོལ་གྱི་ཡུལ་ས་རྣམས་ངན་པར་འགྱུར་ཞིང་མི་དདེ་བའི་གོན་སུཾ་སྐྱེ་བར་འགྱུརརོ།།བཅོམ་ལྡན་འདས ་ཀྱིས་ཡང་དཀའ་བུ་ལ་པ།མན་བ་ངན་པ་རྣཾ་པ་བཅུར་འགྱུར་བ་།ཡང་གི་ཞིང་ཤོས་པར་བྱོས་ཤིག།བཅུ་གང་ཞེ་ན།དགྲ་མང་དུ་འགྱུར་བ་ཡིད་དུ་མི་འོང་བར་སྣང་གི་ཚེ་ཐུང་གི་སྡིག་པའི་ལས་ལ ་སེམས་པ།སེམས་ཅན་རྣམས་འཇིགས་པར་འགྱུར་བ་མི་དགའ་བཞིན་ཉལ་བ།མཽ་དགའ་བཞིན་སད་པ།རྨི་ལམ་ན་སྡིག་པ་མཐོང་བ།ཕྱིས་འགྱོད་པ།ཚེ་འཐུང་བའི་ལས་སེམས་ཤིང་བྱེད ་བྲ་ཡིན་ཏེ།ཤི་ནས་ལུས་དང་བྲལ་ན་ལས་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།།མ་བྱིན་པར་བླངས་ན་ལས་ཀྱི་རྣམ་པར་སྨིན་བཅུར་འགྱུར་ཏེ།ཅུ་གང་ཞེ་ན།དགྲར་འགྱུར་རོ ་ཡིན།དོགས་པར་འགྱུར་བ་ཡིན།མི་རིགས་པར་འགྲོ་བ་ཡིན།མཚན་མོའོ་ཁྱམ་པ་ཡིན།སྡིག་པའི་གྲོགས་པོ་ཀུན་གྱི་ནད་ཀྱིས་ཟིན་པ་ཡིན།དགེ་བའི་གྲོགས་པ་ཀུན་སྤངས་པ་ཡིན ་ཁྲིམས་མི་ཐུབ་པ་ཡིན།རྒྱལ་པོས་གྱོང་བཏབ་པ་ཡིན།ཆད་པས་བཅད་པོ་ཡིན།མི་སྐྱེད་པར་བྱེད་པར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ།ཤི་ནས་ལུས་དང་བྲལ་ནས ་།ཡངན་པར་ས་། སུམ་ས་ཅན་དམྱ་པར་སྷོ།རྒྱས་པར་སྤྱོད་པསན་ནུབ་བ་གྱུ་བྱ་ཤེས་པ་།ཤློཀདྷཱ་ནཱ་ག་།གཞན ་ཤུག་དང་ཉལ་བ་ཡིན།གླགས་ཚོལ་བ་ཡིན།ཁྱོ་ཤུག་དང་འཐབ་པ་ཡིན།ཁྱོ་ཤུག་འཕྲོགས་པ་ཡིན།མི་དགེ་བོའི་ཆོས་ཀུན་སྐྱེ་བ་ཡིན།དགེ་བའི་ཆོས་བྱང་ཞིང་འབྲི་བོར ་འགྱུར་བ་ཡིན།བདག་ཀྱང་བདེན་པར་མི་སྲུང་བ་ཡིན།བུ་སྨད་ལ་སོགས་པའང་བདེན་པར་མ་བསྲུངས་པ་ཡིན།དོགས་པར་འགྱུར་བ་ཡིན།མཉེན་དང་།གྲོགས་པོ་དང་།རིགས་གཅིག ་བ་དགྲར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ།ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམལ་བར་སྐྱེའོ།།བརྫུན་བྱས་ན་ངན་པ་བཅུར་འགྱུར་ཏེ།། ་བཅུ་གང་ཞེ་ན།དེའི་ལུས་ལ་ལྷ་རྣམས་མི་འཁོར་བ།གཞན་གྱིས་སླུ་བ།བདག་གི་ཚིག་མི་བརྟན་པ།ཁ་མནམ་པ།དྲང་པོར་སྨྲས་ཀྱང་སུ་འང་ཡོད་མི་ཆེས་པ།བརྫུན་པོ་ཆེ་དེ་ལ ་དྲི་བའི་མི་རིགས་ཞེས་ཟེར་བ།དེ་ལ་ཚིག་སུ་བཅད་ཅིང་བསྟོད་པ་མེད་པར་གྲགས་པར་འགྱུར་བ།སུའང་མི་ཉན་པའི་ཚིག་ཏུ་འགྱུར་བ་ཀུན་ཏུ་ངན་དུ་རྗོདཔའི་ལས་སེམས་ཤིང ་བྱེད་པ་ཡིན་ཏེ།ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།།ཆང་འཐུངས་ན་ངན་པ་བག་མེད་པ་སུམ་ཅུ་རྩ་ལྔར་འགྱུར་བ་ཤེས་པར་བྱོས ་ཤིག།སུམ་ཅུ་རྩ་ལྔ་གང་ཞེ་ན།མངོན་པར་སྣང་བཞིན་དུ་ནོར་ཟད་པ།ནད་མང་པོ་འདུག་འཐབ་མོ་དང་རྩོད་པ་རྣམས་སྐྱེ་བ།ཁྲེལ་ཞིང་ངོ་ཆོས་མི་འཛེམ་པ།མི་སྙན་པར་གྲགས་པར་བྱེད་པ།། ་ཤེས་རབ་ཉམས་པར་བྱེད་པ།སྐྱིད་པ་ངན་ཅིང་མ་བསམས་པ།དའང་མི་སོགས་པ།སྐྱིད་པའི་བསགས་པ་ཀུན་ཟད་ཅིང་མེད་པར་བྱས་པ།གསང་བ་རྣམས་སྨྲ་ག་ལས་སུ་བྱ་བོ་རྣམས ་ཤོར་བ།ཞན་ཏེ་ཉམ་ཆུང་བར་གྱུར་པ།མྱ་ངན་གྱི་རྩ་བ།མར་མི་འཛིན་པ།ཕར་མི་འཛིན་པ།ཐར་པར་མི་ཤེས་པ།བྲམ་ཟེར་མི་ཤེས་པ།རིགས་བཙུན་པ་ལ་བསྟི་སྟོང་རིམ་གོ་མི ་བྱེད་པ།སངས་རྒྱས་ལ་རིམ་གྲོ་མོ་བྱེད་པ།ཆོས་ལ་རིམ་གྲོ་མི་བྱེད་པ།དགེ་འདུན་ལ་རིམ་གྲོ་མི་བྱེད་པ།སྡིག་བྱེད་པའི་གྲོགས་པོ་ལ་རིམ་གྲོ་བྱེད་པ།དགེ་བའི་གྲོགས་པོ་ཀུན་སྤོང་ཞིང ་ཁྱད་དུ་གསོད་པ།ངོ་ཚ་མི་ཤེས་པ།ཁྲེལ་གྱི་དོགས་པ་མེད་པ།སྦ་ཞིང་མཛེས་པའི་བག་མི་བྱེད་པ།གཡེམ་པ་ལ་བག་མེད་པ།འགྲོ་བ་མང་པོའི་ཡིད་དུ་མི་འོང་བ་འགྲོ་བ་མང་པོས ་སྨད་པ།རིགས་ཆེན་པོ་དང་།གཉེན་པ་དང་།རིགས་གཅིག་པ་སྤངས་པ།ཡང་དག་པའི་ཆོས་མ་ཡིན་པ།ཀུན་འཛིན་པ།ཡང་དག་པའི་ཆོས་ཀུན་སྤོང་གཱཉེས་པར་བྱེད་སྟོང་པའི་མི་རི ་ཤེས་བླ་མས་སྨད་པ།མྱ་ངན་ལས་འདས་པ་ཉྫང་རིང་དུ་བྲལ་བ་སྨྱོན་པར་གྱུར་པའི་ལས་སེམས་ཤིང་ངན་པའི་སྐྱོན་རྣམས་སྣ་ཚོགསུ་བྱེད་པ་ཡིན་ཏེ།ཤི་ནས་སེམས་ཅན་དམྱལ་བར ་ན་སྨྱུང་ཤིང་ལུས་དང་བྲལ་ན་འདུ་སམ་ངན་པར་འགྲོ་བས་དྨ་འོག་ཀུན་གྱིས་ཀྱུ་མྦི་གངྒཱ་ཞིང་སྤྱོང་པར་བྱའོ།།མན་པ་བདེ་བར་གཤེགས་པའི་མཆོད་རྟེན་མ།། ་ཐལ་མོ་སྦྱར་ནས་གུས་པ་ཕྱག་བྱས་ནས་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།ཆེན་པོའི་རིགས་སྐྱེ་བ།གཟུགས་ཆོ་ག་འཁོར་མང་ག་ཕ་མ་ལ་རིམ་གྲོ་བསྟི་སྟང་ཆེག ་ནོར་མང་བ།མང་དུ་ཐོས་པ།དང་བ་དང་ལྡན་པ།མང་དུ་དྲན་པ་ཤེས་རབ་ཆེན་པོ་མཐོ་རིས་ཀྱི་ལམ་ཆེན་པོ་ཐོབ་པར་འོང་ངོ་།།ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།གཟུགས་བཟང་པོར་འགྱུར།སྐད་སྙན་པར་འགྱུར།ངག་ཀུན་གྱིས་མཉན་པར་འགྱུར།འཁོར་ཀུན་གྱི་བསྟོད་པར་འགྱུར།སྐྱིད་པ ་དང་ལྡན་པར་འགྱུར།ལྷ་དང་མིའི་ནང་ནའང་དབང་ཆེ་བར་འགྱུར།སྤྱོད་པ་མང་པོར་འགྱུར།ཐོ་རིགསུ་སྐྱེ་བར་འགྱུར།མྱ་ངན་ལས་འདས་པའང་མྱུར་དུ་མ་ཐོབ་པར་འགྱུར་རོ།།ཡང་དག ་པར་གཤེགས་པའི་མཆོད་རྟེན་ལ་གདུགས་འཕྲུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།གདུགས་དང་འདྲ་བར་འགྱུར།འཇིག་རྟེན་ལ་མི་གནོད་པར་འགྱུར།སྨྱོན ་པའི་གན་སུ་འགྱུར།འཇིག་རྟེན་གྱི་དབང་པོར་འགྱུར་བའི་ལས་སེམས་ཤིང་བྱེད་པར་འགྱུར་ཕྱི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར།དབང་པོ་ཆེན་པོར་འགྱུར།སྤྱོད་པ ་མང་པོར་འགྱུར།མཐོ་རིས་སུ་སྐྱེ་བར་འགྱུར།མྱ་ངན་ལས་འདས་པའང་མྱུར་དུ་ཐོབ་པར་འགྱུརརོ།།ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་འཕྲུལ་ན་ལེགས་པ་བཅུ་མ་ཐོབ་པར ་འགྱུར་ཏེ།བཅུ་གང་ཞེ་ན།གཟུགས་བཟང་པོར་འགྱུར་བ་ཡིན།དབྱང་སྙན་པ་ཡིན།ཡིད་དུ་འོང་བ་སྨྲ་བ་ཡིན།བྱ་ཀ་ལ་བིངྐའི་སྒྲ་སྐད་སྨྲ་བ་ཡིན།ཀུན་གྱི་མཉན་པར་འགྱུར་བ་ཡིན།རྟག་ཏུ ་དགའ་ཞིང་རངས་པ་ཡིན།ཕྱི་ཕྱིར་ཡིད་དུ་འོང་བའི་སྒྲ་ཐོས་པ་ཡིན།སྤྱོད་པ་མང་པོ་ཡིན།མཐོ་རིས་སུ་སྐྱེ་བ་ཡིན།མྱ་ངན་ལས་འདས་པར་གྱུར་པ་ཡི་ནོ།།ཡང་དག་པར་གཤེགས་པའི ་མཆོད་རྟེན་ལ་ན་བཟའ་ཕུལ་ནོ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།མདོག་འཇམ་པ་ཡིན།ལུས་རྡུལ་མི་ཆགས་པ་ཡིན།ཁྲེལ་ལྟས་དང་ལྡན་པ་ཡིན།མཐོང་ན་དགུའ་བ ་ཡིན།རྟག་ཏུ་གོས་དང་ལྡན་པ་ཡིན།འཇམ་ཞིང་བཟང་པོའི་གོས་རྟག་པ་ཡིན་ཅིའང་རྙེད་པ་ཡིན།སྤྱོད་པ་མང་པོ་ཡི་ནི།མཐོ་རིསུ་སྐྱེ་བ་ཡིན།མྱུར་དུ་མྱ་ངན་ལེས་འདས་པ་ཐོབ་པ་ཡིནོ།། ་ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།འཇིག་རྟེན་གྱི་ནང་ན་མེ་ཏོ་ག་དང་འདྲ་བར་འགྱུར།གསུང་གི་དབང་པོ ་གཙང་མར་འགྱུར།ལུས་ལ་བསྣམ་པ་དྲི་ཞིམ་པར་འགྱུར།ལུས་གཙང་མར་འགྱུར།ཕྱོགས་བཅུར་ཁྲིམས་ཐུབ་པའི་གཟུགས་རྒྱས་པར་འགྲོ།ཀུན་ཀྱང་དེ་ལས་འདུ་བར་འགྱུར། ་འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར།དད་པའི་ཆོས་རྣམས་མང་དུ་འགྲུབ་པར་འགྱུར།།མཐོ་རིས་སུ་སྐྱོ་བར་འགྱུར།མྱུར་དུ་མྱ་ངན་ལས་འདས་པར་འགྱུ་རོ།།ཡང་དག་པར ་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕྲེང་བ་ཕུལ་བའི་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།འཇིག་རྟེན་གྱི་ནང་ན་མེ་ཏོག་གི་ཕྲེང་བ་དང་འདྲ་བར་ལུས་ལ་སྣུམ་པའི་བྲི ་ཞིམ་པར་འགྱུར།ལུས་གཙང་བར་འགྱུར།རྟག་ཏུ་དྲི་དམ་པར་འགྱུར།རྒྱན་དང་ལྡན་པར་འགྱུར།འཁོར་རྣམས་སྟོང་ཞིང་ཉེ་བར་འགྱུར།ཕོ་མོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར། ་སྤྱོད་པ་མང་དུ་འགྱུར།མཐོ་རིས་སུ་སྐྱེ་བར་འགྱུར།།མྱུར་དུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ།།ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་ན་ལེགས་པ་བཅུ་ཐོབ ་པར་འགྱུར་ཏེ།བཅུ་གང་ཞེ་ན།འཇིག་རྟེན་གྱི་ནང་ན་མར་མོ་དང་འདྲ་བར་འགྱུར།ཤའི་མིག་གཙང་བར་འགྱུར།འཕྲུལ་གྱི་མིག་ཐོབ་པར་འགྱུར།མི་ཤེས་པའི་མུན་པ་ནག་པོ་མེད་པར ་འགྱུར།ཤེས་རབ་ཀྱི་འོད་ཐོབ་པར་འགྱུར།དགེ་བ་དང་མི་དགེ་བའི་དོན་རྣམས་བྱེ་བྲག་ཕྱེད་པར་འགྱུར།འཁོར་བ་ནི་འཁོར་ཡང་མུན་པ་དང་མྱོས་པར་མི་འགྱུར།སྤྱོད་པ་མང་པོར་འགྱུར ་མཛེ་རིས་བུ་སྐྱེ་བར་འགྱུར།མྱུར་དུ་མྱ་ངན་ལས་འདས་པར་འགྱུརརོ།།ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་སྤྲོས་ཕུལ་ནི་ལེགས་པོ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ ་ནའཇིག་རྟེན་གྱི་ནང་ན་སྤོས་དྲང་འདྲ་བར་འགྱུར།སྣའི་དབང་པོ་རྣོ་བར་འགྱུར།ལུས་དྲི་ཞིམ་པ་གཙང་མར་འགྱུར།རྟག་ཏུ་དྲི་ནིམ་པར་འགྱུར།།གཟུགས་བཟང་པོར་འགྱུར།སེམས་ཅན་དགའ ་ཞིང་འདུ་བར་འགྱུར།འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར།དད་པའི་ཆོས་རྣམས་མང་དུ་འགྲུབ་པར་འགྱུར།མཐོ་རིས་སུ་སྐྱེ་བར་འགྱུར།མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།།ཡང ་དག་པར་གཤེགས་པའི་མཆོད་རྟེན་ལ་རྔ་ཕུལ་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།གཟུགས་བཟང་པོར་འགྱུར།སྐད་སྙན་པོར་འགྱུར།སྨྲས་པ་ཡིད་དུ་འོང་བར ་འགྱུར།སྐྱིད་པ་དང་ལྡན་པར་འགྱུར།རྟག་ཏུ་དགའ་བར་འགྱུར།ཚིག་ཀུན་གྱིས་ཉན་པར་འགྱུར།ཕྱི་ཕྱིར་སྒྲ་སྐད་སྙན་པ་ཐོབ་པར་འགྱུར།སྤྱོད་པ་མང་པོར་འགྱུར།མཐོ ་རིས་སུ་སྐྱོ་བར་འགྱུར་རོ།།མྱ་ངན་ལས་འདས་པར་འགྱུར་རོ།།ཡང་དག་པར་གཤེགས་པའི་མཆོད་རྟེན་བརྩིགས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།རིགས ་ཆེན་པོ་འགྱུར།གཟུགས་དང་མིག་བཟང་ཞིང་སྡུག་པར་འགྱུར།དབང་ཆེ་ཞིང་འཁོར་མང་ལ་འཁོར་སྙིང་ཉེ་བར་འགྱུར།སྤྱོད་པ་མང་པོར་འགྱུར།ཀུནྡ་འདུས་པའི་གནས་སུ ་འགྱུར།ཚིགས་སུ་བཅད་པ་དང་།བསྟོད་ཅིང་བསྐྱེད་པས་ཕྱོགས་བཅུར་ཆེར་གྲགས་ཤིང་ལྷ་དང་།མི་རྣམས་ཀྱིས་མཆོད་པར་འགྱུར།ཕྱི་ཕྱིར་ནོར་མང་ཞིང་འཁོར་ལོས་སྒྱུར་བའི ་རྒྱལ་པོར་འགྱུར།བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ལུས་སུ་འགྱུར།མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།།སྤྱན་གྱི་སྦྱིན་པ་གཏོང ་བ་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།འཇིག་རྟེན་གྱི་ནང་ན་བླ་མར་འགྱུར།བཟང་པོར་སྣང་པོར་འགྱུར།འགྲོ་བ་མང་པོ་སྐྱིད་པའི་སྒྲ་གྲགོས་པར་འགྱུར ་སྤྱོད་པ་མང་པོར་འགྱུར།མཐོ་རིས་སུ་སྐྱོ་བར་འགྱུར།མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།།ལྷམ་གྱི་སྦྱིན་པ་བྱས་པས་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ ་ནོ།བཞོན་པ་ཀུན་གྱིས་མི་བྲེལ་བར་འགྱུར།རྐང་པ་ལེགས་པར་འགྱུར།ལམ་དུ་ཞུགས་ན་མཐུ་དང་ལྡན་པར་འགྱུར།།ལུས་མི་ཞན་པར་འགྱུར།ལམ་དུ་ཞུགས་ནཱ་ཛ ་ཤིང་གིས་མི་སྣང་བར་འགྱུར།རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར།གཡོག་བྲན་དང་ལྡན་པར་འགྱུར།མཐོ་རིས་སུ་སྐྱེ་ཞིང་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ་སྣོད་ཀྱི་སྦྱིན་གཏོང་བྱས་ནི་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།སྣོད་སྤྱོད་དང་ལྡན་པར་འགྱུར།འཇིག་རྟེན་གྱི་ཡོན་ཏན་དུ་འགྱུར།སྐོམ་དད་ཆུང་བར ་འགྱུར།སྒོམ་ན་ཡོང་བཏུང་བ་དང་ལྡན་པར་འགྱུར།སེམས་གཉེན་པར་འགྱུར།རིང་དུ་ལ་ཁྱམས་པར་མི་སྐྱེ་བར་འགྱུར།ལྷ་དང་།མི་ཀུན་དགའ་བར་འགྱུར། ་སྤྱོད་པ་མང་པོར་འགྱུར།།མཐོ་རིས་སུ་སྐྱེ་བར་འགྱུར།མྱུར་དུ་མྱ་ངན་ལས་འདུས་པར་འགྱུརོ།།ས་ཀྱི་སྦྱིན་པ་གཏོ་བབྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།ཚེ་རིང ་བོར་འགྱུར།དབང་དང་ལྡན་པར་འོགྱུར།སྟོབ་ས་དང་ལྡན་པར་འགྱུར།དྲན་པ་དང་ལྡན་པར་འགྱུར།སྨྲ་བ་དང་ལྡན་པར་འགྱུར།འཁོར་འདུ་ཞིང་མགུ་བར ་བྱེད་པར་འགྱུར།ལྷ་དང་མི་ཀུན་མགུ་བར་འགྱུར།ལོངས་སྤྱོད་མང་པོར་འགྱུརརེ།བདེ་བར་འགྱུར།མཐོ་རིས་སུ་སྐྱེ་བར་འགྱུར།མྱུར་དུ་མྱ་ངན་ལས་འདྲེས་པར ་འགྱུར་རོ།།གནས་ཀྱི་སྦྱིན་གཏོང་བྱས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།རྒྱལ་ཕྲན་དུ་འགྱུར།འཁོར་གྱི་རྒྱལ་པོར་འགྱུར།གཞན་གྱིས ་མི་ཚུགས་པའི་རྒྱལ་པོར་འགྱུར།གླིང་གཅིག་གི་རྒྱལ་པོར་འགྱུར།གླིང་གཉིས་ཀྱིས་རྒྱལ་པོར་འགྱུར།གླིང་གསུམ་གྱི་རྒྱལ་པོར་འགྱུར།གླིང་བཞིའི་རྒྱལ ་པོར་འགྱུར།སྤྱོད་པ་མང་པོར་འགྱུར།མཐོ་རིས་སུ་སྐྱེ་བར་འགྱུར།མྱུར་དུ་མྱ་ངན་ལས་འདས་པར་འགྱུར།ཐར་ལམ་ཞུགས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏོ།། ་བཅུ་གང་ཞེ་ན།བུཾ་དང་།ཆུང་མ་དང་།གཉེན་དང་འདུ་འོ་ཛ་ལི་མ་ཚོགས་པ་དང་།སེར་སྣ་མེད་པ་ཡིན།འདོད་པ་ལེན་པ་མེད་པ་ཡིན།ཤིང་ཁྲོད་ན་གནས་པ་ལ་མི་དགའ་བ་ཡིན ་རིན་པོ་ཆེ་གསུམ་ལ་རི་མོ་བྱེད་པ་ཡིན།མི་ཤེས་པའི་གནས་དང་བྲལ་བ་ཡིན།ངན་པར་འགྲོ་བའི་ཆོས་དང་བྲལ་བ་ཡིན།།དགེ་བའི་ཆོས ་ཀུན་ཚོལ་བ་ཡིན།ལྷ་དང་།མི་ལ་དབེན་པ་ཡིན།རྟག་ཏུ་ཡང་དག་པར་གཤེགས་པའི་འཕགས་པ་བཞིན་དུ་ཐར་པར་ཞུགས་ཤིང་ཆོས་བྱེད་པ་ཡིན།མྱུར་དུ་མི་བདེ ་བ་ལས་ཐར་ཏེ་མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་རོ།།སྐོམ་གྱིས་སྦྱིན་པ་བྱས་ན་ལེགས་པ་བཅུ་ཐོབ་སྟེ།བཅུ་གང་ཞེ་ན།དབང་པོ་ཐམས་ཅད་ཆེང་བར་འགྱུར། ་དཔྲལ་བའི་དབྱེས་ལེན་པར་འགྱུར།སྨྲས་པ་ཀུན་མགུ་བར་འགྱུར་རོ།།སེམས་མཉམ་པར་འགྱུར།སྐོམ་དད་ཆུང་བར་འགྱུར།སྐོམ་ནའང་བཏུང་བ་དང་ལྡན་པར་འགྱུར། ་རིང་དུ་འཁྱམས་པར་མི་སྐྱེ།ལོངས་སྤྱོད་མང་བར་འགྱུར།མཐོ་རིས་སུ་སྐྱེ་བར་འགྱུར།མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།།གཞོན་པ་སྦྱིན་གཏང་བྱས་ན་ལེཎ ་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞོ་ན།རྐང་པ་འཇམ་པ་ཡིན།རྐང་པའི་དབྱིགས་ལེགས་པར་འགྱུར།རྐང་གིས་འགྲོ་ན་ལུས་ལ་གནོད་པར་མི་འགྱུར།མི་མཛའ ་བ་མེད་པར་འགྱུར།རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་འགྱུར།།གཞོན་པས་མི་དྲིལ་བར་འགྱུར།སྤྱོད་པ་མང་བར་འགྱུར།བདེ་བར་འགྱུར།མཐོ་རིས་སུ་སྐྱེ་བ་འགྱུར ་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།།ཁྱོད་དབེན་པར་གནས་པ་ལ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བནྡྷ་གང་ཞེ་ན།མང་པོ་འདུས་པ་རྣམས་སྤངས་པཱ།ཤིན་ཏུ་དབེན ་པར་སྤྱོད་པ།བསམ་གཏན་ལ་དམིགས་པའི་སེམས་སུ་འགྱུར་བྱ།ཆུང་ངུ་བྱེད་པ།སངས་རྒྱས་ལ་བསྙེན་པ།ལུས་དགེ་ཞིང་བདྲེ་བར་སྤྱོད་པ།བྱར་མ་དོར་མི་འཁྱམ་པ། ་ཆོས་ཇི་ལྟ་བུར་ཐོས་པའི་དོན་རྒྱས་པར་ཤེས་པ།མི་ཤེས་གཡོ་འཛིན་རབ་ཏུ་ཐོབ་པ།ཤོས་རབ་ཤིན་ཏུ་ཐོབ་པའོ།།སློང་བ་ལེགས་པོ་བཅུ་ཐོབ་པར་འགྱུར་ཏོ།།བཅུ་གང ་ཞེ་ན།འགྲོ་བ་ལ་གོམས་པར་འགྱུར།གནས་ཀུན་རིང་བར་འགྱུར།ང་སྤངས་པར་འགྱུར།བདག་རང་ཁེ་དང་ལྡན་པར་འགྱུར།གཞན་བསོད་ནམས་ལ་བགོད་པར་འགྱུར།། ་བསྟན་པའི་ཆོས་རྒྱས་པར་འགྱུར།ཕྱིས་བྱུང་བ་རྣམས་ལ་སྣང་བར་བྱེད་པར་འགྱུར།ཐར་པར་ཞུགས་པའི་ཚུལ་ལས་མི་འགྲལ་བར་བྱེད་པར་འགྱུར།སྨྲ་བའི་སེམས་སུ་འགྱུར།དགེ ་བའི་ཁྲིམས་ཆང་བའི་སེམས་སློང་སོ་མོ་ལ་ཞུགས་པས་ཕྱོགས་གོང་དུའང་མུན་པར་མི་འགྱུར་བ་ཡིན་ནོ།།ཐུབ་ཅིང་མི་འཇིགས་པས་ན་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ།བཅུ ་གང་ཞེ་ན།མི་འཇིགས་བཞིན་དུ་གྲོང་དུ་འཇུག་པ།མི་འཇིགས་བཞིན་དུ་གྲོང་ནས་འབྱུང་བ།མི་འཇིགས་བཞིན་དུ་རིགས་འཇུག་པ།མི་འཇིགས་བཞིན་དུ་འཁོར་ལ་ཆོས ་འཆད་པ།མི་འཛུགས་བཞིན་དུ་དགེ་འདུན་གྱི་ནང་དུ་འཇུག་པ།མི་འཇིགས་བཞིན་དུ་མཁན་པོ་དང་སློབ་དཔོན་གྱི་ནང་དུ་འཇུག་པ།བྱམས་པར། ་སྟོབས་རྣམས་ལ་སྦྱོང་བ།མི་འཇིགས་བཞིན་དུ་ཆོས་གོས་དང་།ཟས་དང་།མལ་སྟན་དང་།སྨན་དང་།གཡོག་ལ་སོགས་པ་རྣམས་སྤྱོད་པ།མི་འཇིགས་པར་ཁ་ཏོན་དང་།ཀློག ་པ་དུས་ཟད་པའི་ཚེ་འོང་མི་འཇིགས་པ་ཡིན་ནོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་།ཏོའུ་ཏེ་ཡའི་བུ་ཤུ་ཀོ་མ་ན་བསྟན་ལས་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་ཏེ། ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་གསལ་ཏོ།།བཅོམ་ལྡན་འདས་དཀོན་མཆོག ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།དེང་ཕན་ཅད་བདག་གི་ནམ་དུའང་དོག་བའི་བཤེས་གཉེན་མཛད་པར་དགོངས་སུ་གསོལ་ཞེས་གསོལ་ཏོ།།ལས ་