| Wylie | e-texts produced with BDRC’s OCR application |
འཁར་གསིལ་འཆང་ཤྲཱི་ཀུན་ཏཱ་སྤྱོད་པའི་ཆོ་ག་རྫོགསོ།།།།རྒྱ་གར་ད་དུ།དྷརྨ་ཙཀྲ་སུ་ཏྲ།བོད་སྐད་དུ།ཆོས་ཀྱི་འཁོར་ལོའི་མདོ།།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འདི ་སྐད་བདག་གིས་ཐོས་པའི་དུས་གཅིག་ན།སངས་རྒྱས་བཅོམ་ལྡན་འདས་བ་ར་ཎཱ་སི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་ཏེ་དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ།འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་གྱི ་པ་དང་བློ་དང་རྟོགས་པ་སྐྱེ་སོ།།དགེ་སློང་དག་ཟླ་སྔོན་མ་ཐོས་པའི་ཆོས་རྣམས་ལ།འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།།འདི་ནི་སྡུག་བསྔལ་འགོག་པའོ།།འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྫོགས་པ་སྐྱེསོ།།དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ ་དེས་མངོན་པར་ཤེས་པས་ཡོངསུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེ་སོ།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེ་སོ།།དགེ་སློང་དགང་སྔོན་མ་ཐོས་པའི་ཆོས་རྣམས ་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།།། ་དགེ་སློང་དགེ་བ་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་བྱེ་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པོས་མངོན་སུམ་དུ་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས།། ་ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།།དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས ་བསྒོམ་པར་བྱའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྟོག་པ་སྐྱེསོ།།དགེ་སློང་དགེ་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི ་བདེན་པ་དེ་ངོས་མངོན་པར་ཤེས་པས་ཡོངསུ་ཤེསོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།།དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས ་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངསོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།། ་དགེ་སྦྱོང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ལ་འགོག་པ་ཤེས་པའི་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱསོ་ཞེས་ཚུལ་བཞིན་ཡིད་ལོ་བྱེད ་པན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།།དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངེས ་མངོན་པར་ཤེས་པས་བསྒོམ་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།།དགེ་སློང་དག་ང་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉི་སུ་བསྐོར་པོའི་མིག་མ་སྐྱེས།ཤེས་པ་མ་ཡིན་རིག་པ་མ་ཡིན་བློ་མ་ཡིན་རྟོགས་པ་མ་སྐྱེས་པ་དེ་སྲིད་དུ།ང་ལྷ་དང་བཅས ་པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་།ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་འབྱུང་བ་དང་མི་ལྡན་པ་དང་།རབ ་ཏུ་གྲོལ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང་།དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས ་རྒྱསོ་ཞེས་བྱ་བར་མ་ཤེསོ།།དགེ་སློང་དག་ངས་གང་ནས་འཕགས་པའི་བདྲེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ།རྣམ་པ་བཅུ་གཉིས་སུ། ་བསྐོར་བའི་མིག་སྐྱེས་ཤིང་ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་པ་དེ་ནས་ང་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པའི ་སྐྱེ་དགུ་དང་།ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་འབྱུང་བ་དང་མི་ལྡན་པ་དང་།རབ་ཏུ་གྲོལ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་གྱུར་ཅིང་།། ་དགེ་སློང་དག་ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱསོ་ཞེས་བྱ་བར་ཤེསོ།།ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་པ་ན་ཚེ་དང་ལྡན་པ་ཀཽཿ ་ནྱ་དང་།ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མྱ་དང་བྲལ་བ་སྐྱེས་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ་པ།ཀཽཎྜི་ནྱ་ཁྱོད་ཀྱིས ་ཆོས་ཀུན་ཤེས་ས་མེ།བཅོམ་ལྡན་འདས་ཀུན་འཚལ་ལགསསོ།།ཀཽཎྜི་ནྱས་ཁྱོད་ཀྱིས་ཀུན་ཤེས་སམྦ་ཀུན་ཤེས་སམ།བདེ་བར་གཤེགས་པ་ཀུན་འཚལ་ལག་སོ།།ཀུན་འཚལ ་ལག་སོ།།ཚེ་དང་ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས་པས་དེའི་ཕྱིར་ཚེ་དང་ལྡན་པ་ཀཽཎྜི་ནྱས་ཀུན་ཤེས་ཀཽཎྜི་ནྱ་ཞེས་ཚིག་བླ་དག་སུ་བཏག་སོ།།ཚེ་དང་ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས ་ཞེས་ས་དྷཱའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད།གྲོགས་པོ་དག་བཅོམ་ལྡན་འདས་བཱ་ར་ཎ་སོར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནག་སུ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉི་སུ་ཆོས་ཀྱི ་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ།ལྷ་འམ་བདུད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བ།སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ ་པོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངསུ་ཉམས ་ཞེས་དབྱངས་སྒྲགསོ།།ས་བླའི་གནོད་སྦྱིན་རྣམས་ཀྱི་སྒྲ་ཐོས་ནས་ན་མཁའ་ལ་རྒྱུ་བའི་གནོད་སྦྱིན་དང་རྒྱལ་ཆེན་བཞི་པོའི་རིས་དང་སུམ་ཅུ་རྩ་གསུམ་པོའི་ལྷ་དང་འཐབ་བྲལ་དང་དགའ ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནས།སྐད་ཅིག་དེ་དང་ཐང་ཅིག་དེ་དང་ཡུད་ཙམ་དེ་དང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན ་གྱི་བར་དུ་སྒྲ་བསྒྲག་སོ།།ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྒྲ་སྒྲོགས་པར་བྱེད།གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་བཱ་ར་ཎ་སེར་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་གནསུ་ལན་གསུམ ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་འགའ ་ཡང་མ་བསྐོར་བ།སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་བསྐོར ་བླ་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངསུ་ཉམ་སོ་ཞེས་དབྱངས་བསྒྲགསོ།།བཅོམ་ལྡན་འདས་ཀྱིས་བཱ་ར་ཎ་སེར་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགསུ་ལན་གསུམ ་དུ་བཟླས་ཏེ་རྣམ་པ་བཅུ་གཉིསུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཚིག་བླ་དག་སུ་བཏག་སོ།།ཆོས ་ཀྱེཀྱི་འཁོར་ལོའི་མདོ་རྫོག་སོ།།།རྒྱ་གར་སྐ་དུ།ཀརྨ་བི་བྷ་ག།བོད་སྐད་དུ།ལས་རྣམ་པར་འབྱེད་པ།བམ་པོ་དང་པོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐཾད ་