| Wylie | e-texts produced with BDRC’s OCR application |
བསྟོད།།འཕགས་པ་དགབ་ཅན་གྱི་མདོ་རྫོག་སོ།།།།འཕགས་པ་འཁར་གསིལ་གྱི་མདོ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ ་སློང་རྣམས་ལ་བཀའ་སྩལ་པ།ཁྱོད་ཀྱིས་འཁར་གསིལ་འདི་ཡོངསུ་བཅང་བར་བྱ་སྟེ།དེ་ཅིའི་ཕྱིར་ཞེ་ན།འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་འཁོར་གསིལ་འདི་བསྣམ་སོ།།མ་བྱོན་པའི་སངས་རྒྱ ་རྣམས་ཀྱིས་ཀྱང་འཁར་གསིལ་འདི་བསྣམསོ།།ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་འཁར་གོསིལ་འདི་བསྣམས་པ་ཡིན་ཏོ།།དདུ་ལྟར་མངོན་པར་སངས་རྒྱས་ནས་འཁར་གསིལ་བསྣམས་པ་དེ་བནི། ་དུ་འདས་པ་དང་།མ་བྱོན་པ་དང་།ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཉན་ཐོས་རྣམས་ལ་འཁར་རི་གསིལ་བཅད་པར་བྱའོ་ཞེས་སྟོན་པར་མཛད་པ་དང་དུ་མདོ་པར་རྫོགས་པར་སངས་རྒྱས་ནས ་།།ཀྱང་སངས་རྒྱས་རྣམས་ཀྱི་ཆོས་ཇི་ལྟ་བ་བཞིན་དུ་ཁྱེད་ལ་བསྟན་པ་ཡིན་རྗེས་བྱེད་ཀྱིས་ཀླུང་ལ་བ་གསིལ་བཅང་པར་བྱ།།དེ་ཅིའི་ཕྱིར་ཞེན་ལ་བདུག་སྣརེལ་ཞེས་བྱུ ་ནི་ཡེ་ཤེས་ཀྱི་འབར་བ་ཞེས་ཀྱང་བྱའོ།།ཡོན་ཏན་གྱི་འཁོར་བ་ཞེས་ཀྱང་བྱ་སྟེ།འཕགས་པའི་ཡེ་ཤེས་རབ་ཏུ་སྟོན་པའི་ཕྱིར་ཡེ་ཤེས་ཀྱི་འཁོར་བ་ཞེས་བྱའོ།།ཡོན་ཏན་གྱི་གཞི་སྒྲུབ་པའི་ཕྱིར ་ཡོན་ཏན་གྱི་འཁོར་བ་ཞེས་བྱ་སྟེ།འ་བར་གསིལ་འདི་ནི་འཕགས་པའི་གང་ཟག་གི་རིགས་ཅན་སྐྱེས་བུ་དམ་པར་མཚན་པའི་ལམ་གྱི་ཆོས་ལ་ཕྱོགས་པའི་རྒྱལ་མཚན་རྗེ་སུ་དྲན་པ་རྣར ་བཞག་པའི་དོན་གྱི་སྤྱོད་པ་ཡིན་པས་དེའི་ཕྱིར་ཁྱོད་ཀྱིས་ཆོས་བཞིན་དུ་བཅད་པར་བྱའོ།།དེ་ན་སྡེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྟན་ལས་ལངས་ཏེ།གོས་ཚོགས་བཅོས་ནས་བླ་གོས་ཕྲག ་པ་གཅིག་ཏུ་གཟར་ཏ་ཐལ་མོ་སྦྱར་ནས་པུས་མོ་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།བཅོམ་ལྡན་འདས་ཅིའི་སླད་དུ་འཁར་གསིལ་ཞེས་བགྱི་ཇི་ལྟར་ན ་བཅང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།།བདག་ཅག་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་སྦྱོར་བར་འཚལོ་ཞེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ ་སྩལ་གལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་ངས་བཤད་པར་བྱའོ།།དེ་ལ་འཁར་གསིལ་ཞེས་བྱ་བ་ནི་ཡང་བ་ཡིན་ཏེ།གང་གིས་འཁར་བ་འདི་ལ་བརྟིནས་འདི་དག་ཉོན་མོངེས་པ་བསལ་ན ་ཁམས་གསུམ་ལས་ངེས་པར་འབྱུང་བའི་ཕྱིར་ཡང་ནས་བྱའོ།།འཁར་གསྩོལ་ནུས་བྱ་བ་ནི་སྣང་བར་བྱེད་པ་ཡིན་ནོ།།ལ་བར་གྲས་ལ་འཛིན་པའི་གང་ཟག་གང་ཡིན་པ་དེ་དག་ཤེས་རབ་ཀྱི་སྣང་བཟབ་། ་འགྱུར་བའི་ཕྱིར་སྣང་བར་བྱེད་པ་ཞེས་བྱའོ།།འཁར་གསོལ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པར་བྱེད་པ་ཡིན་ཏེ།ཁར་གསིལ་འཛིན་པའི་གང་ཟག་གང་ཡིན་པ་དེ་དག་སྲིད་པ་གསུམ་ལས་ངེས་པར་འབྱུང ་ཡང་མངོན་པར་ཟིན་པ་ཉིད་དུ་མི་འགྱུར་བའི་ཕྱིར་ཕྱིར་མི་ལྡོག་པར་བྱེད་པ་ཞེས་བྱའོ།།འཁོར་གསིལ་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་བྱེད་པ་ཡིན་ཏེ།གང་འཁར་གསོལ་འཛིན་པར་བྱེད་པ་ཡིན་ཞེ་ན་དྲུ ་བསྔལ་དང་།སྟོང་པ་དང་།།ཁམས་གསུམ་གྱི་ཉོན་མོངས་པའི་ཀུན་ནོས་བཀྲིས་པར་ཁོང་དུ་ཆུད་པ་དང་།བདེན་པ་བཞི་དང་།རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་པོ་འདི་དག་གསལ་བར་རྟོགས ་འགྱུར་བའི་ཕྱིར་ཁོང་དུ་ཆུད་པ་ཞེས་བྱའོ།།འཁར་གསིལ་ཞེས་བྱ་བ་ནི་དེ་རྒྱལ་མེད་པར་བྱེད་པ་ཡིན་ཏེ།གང་འཁར་གསོལ་འཛིན་པ་དེ་དག་ང་རྒྱལ་གྱི་ལས་རབ་ཏུ་སྤོང་བར་འགྱུར་བའི་ཕྱིར ་དེ་རྒྱལ་མེད་པར་བྱེད་པ་ཞེས་བྱའོ།།འཁར་གསིལ་ཞེས་བྱ་བ་ནི་རྒྱང་བསྲིངས་པ་ཡིན་ཏོ།།གང་འཁོར་བསིལ་འདི་འཛིན་པའི་གང་ཟག་གང་ཡིན་པ་དེ་དག་འདོད་པ་ལྟ་ཐག་རིང་དུ་བྱེད་པོས་སྨྲ ་འདོད་པས་སྲེད་པའི་ཀུན་ནས་བཀྲིས་པ་སྤོང་བ་དང་།ཕུང་པོ་ལྔ་པོ་རྣམས་རྣམ་པར་འཐོར་བ་དང་།སྲིད་པ་ལྔ་པོ་དག་ཡོངས་སུ་སྤོང་བ་དང་།མྱ་ངན་ལས་འདས་པ་ལ་ཕྱོགས་ཤིང་འདུ་བྱེད་ཀྱི ་ལས་ཀྱང་ཐག་རིད་དུ་སྤོང་བའི་ཕྱིར་རྒྱད་བསྲིངས་པ་ཞེས་བྱའོ།།འཁར་གསོལ་ཞེས་བྱ་བ་ནི་ལེན་པར་བྱེད་པ་ཡིན་ཏེ།གང་འཁར་གསོལ་འཛིན་པར་བྱེད་པ་དེ་དག་སངས་རྒྱས། ་རྣམས་ཀྱི་ཚུལ་ཁྲིམས་དང་།ཏིང་ངེ་འཛིན་དང་།ཤེས་རབ་རིན་པོ་ཆེ་བླངས་པས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་ཕྱིར་ལེན་པར་བྱེད་པ་ཞེས་བྱའོ།།འཁར་གསིལ་ཞེས་བྱ་བ་ནི་ཡོ ་སུ་གྲུབ་པར་འགྱུར་བ་ཡིན་ཏེ།གང་འཁར་གསིལ་འཛིན་པ་དག་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྣོད་མངོན་པར་གྲུབ་པ་དང་།ཇི་ལྟར་བསྟེན་པ་བསྒྲུབས་པས་མ་ཉམས་པར་ཕུན་སུམ་ཚོགས་པར།། ་འགྱུར་བའི་ཕྱིར་མངོན་པར་འགྲུབ་པར་འགྱུར་བ་ཞེས་བྱའོ།།བཅོ་ལྡན་འདས་ཀྱིས་བཀའ་སྩལ་པ།འོད་སྲུང་འཁར་གསིལ་ཞེས་བྱ་བའི་ཡི་གེའི་དོན་རྒྱ་ཆེ་ཞིང་མང་བས་ཡོངས་སུ་རྫོགས ་པར་རྗོད་མི་ནུས་ཀྱང་ཁྱེད་ཀྱིས་རེ་ཞིག་དེ་བཞིན་དུ་ཡོངས་སུ་གཟུང་བར་བྱའོ།།བཅོམ་ལྡན་འདས་ལ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་འཁར་གསིལ ་ཞེས་བྱ་བའི་དོན་ནི་དེ་ལྟ་བུ་ལགས་ན།ཅིའི་སླད་དུ་ཡེ་ཤེས་ཀྱི་འཁར་པ་ཞེས་བགྱི་བ་ནས་དྲན་པ་ཉེ་བར་བཞག་པའི་དོན་གྱི་སྤྱོད་པ་ཞེས་བགྱི་བའི་བར་གྱི་དོན་གང་ལགས ་པ་བཅོམ་ལྡན་འདས་ཀྱི་སོགས་བཤ་དུ་གསོལ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཁར་གསིལ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྤོདབསྒྲུབ་པ་དང་།མང་དུ་ཐོས་པ་བརྒྱ ་ཆེར་སྒྲུབ་པ་དང་།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་།དགེ་བ་དང་།མི་དགེ་བ་དང་།འདུས་བྱས་དང་།འདུས་མ་བྱས་དང་།ཟག་པ་དང ་བཅས་པ་དང་།ཟག་པ་མེད་པ་རྣམས་པར་ཐོགས་པ་མེད་པར་ཁོང་དུ་ཆུད་ཅིང་ཤེས་རབ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་འཁར་བ་ཞེས་ཀྱང ་བྱའོ།།ཚུལ་ཁྲིམས་དམ་པོར་སྲུང་བ་དང་།བཟོད་པ་དང་།བསྡམ་གཏན་ལ་སེམས་རྩེ་གཅིག་ཏུ་གཡེང་པོ་མེད་པར་བསྒོམ་པོ་དང་།རྟག་ཏུ་བསོད་ནམས་ཀྱི་ལས ་བསྒྲུབས་པས་མགོ་འམ་ཐོད་ལ་མེ་འབར་བ་བཞིན་དུ་སྐད་ཅིག་ཙམ་དུ་འང་མི་གཉེད་པའི་ཕྱིར་ཡོན་ཏན་གྱི་འཁར་བ་ཞེས་བྱའོ།།འཁར་གསིལ་འདི་ཡོངས་སུ ་འཛིན་པ་གང་ཡིན་པ་དེ་དག་ནི་གང་གི་སྤྱོད་པ་རྣམ་པ་བཅུ་དྲུག་པོ་འདི་ལྟ་སྟེ།བདེན་པ་བཞི་པོ་སྡུག་བསྔལ་དང་།ཀུན་འབྱུང་བ་དང་།འགོག་པ་དང་།ལམ་དང་།། ་ཚད་མེད་པ་བཞི་པོ་བྱམས་པ་དང་།སྙིང་རྗེ་བ་དང་།དགའ་བ་དང་།བཏང་སྙོམས་དང་།བསམ་གཏན་བཞི་པོ་བསམ་གཏན་དང་པོ་དང་།བསམ་གཏན་གཉིས་པ ་དང་།བསམ་གཏན་གསུམ་པ་དང་།བསམ་གཏན་བཞི་པ་དང་།གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་།རྣམ ་ཤེས་མཐའ་ཡས་སྐྱེ་མཆེད་དང་།།ཅིའང་མེད་པའི་སྐྱེ་མཆེད་དང་།འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཕུན་སུམ ་ཚོགས་པ་དང་།གཞན་ཡང་སྤྱོད་པ་སུམ་ཅུ་རྩ་བདུན་པོ་འདི་ལྟ་སྟེ།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཕུན་སུམ་ཚོགས་ཤོང་ཆོས་དེ་དག་གསལ ་བཱར་རྣམ་པར་བྱེད་པ་དང་།བདོག་ཉིད་ཀྱི་ལུས་ཀྱིས་མངོན་སུམ་དུ་བྱས་པས་སྒྲའི་རྗེས་སུ་མི་འབྲང་བ་དང་།ཆོས་དེ་དག་བདག་ཉིད་རྣམ་པར་རྩེན་པ་དང་།།སྟོང་པ ་ཉིད་དང་།མཚོན་མ་མེད་པ་དང་།སྨོན་པ་མེད་པ་འི་རྣམ་པར་ཐར་པའི་སྒོར་འཇུག་པ་ལ་རང་དབང་དུ་གྱུར་ཅིང་དགའ་བ་མེད་པ་གང་ཡིན་པ་དེ་ནི་འཕགས་པ་ཞེས ་བྱ་སྟེ།ནད་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་ཕྱི་རོལ་འཁར་བསིལ་འཛིན་པ་ཡིན་ཏེ།འདིས་ནི་གང་གདོན་མི་ཟ་བར་འཕགས་པའི་ཡོན་ཏན་ཚུལ་ཁྲིམས་དང་།བཟོད ་པ་དང་།བསམ་གཏན་དང་།ཤེས་རབ་དང་།རིག་པ་གསུམ་དང་།མངོན་པར་ཤེས་པ་དྲུག་དང་།རྣམ་པར་ཐར་པ་བརྒྱད་པོ་རྣམས་ཕུན་སུམ་ཚོགས ་པ་ཡིན་ཏེ།གང་ཟག་དེ་འཕགས་པ་ཡིན་པར་མཚོན་པ་ཉིད་ཀྱིས་གུས་པ་སྐྱེད་པར་འགྱུར་བའི་ཕྱིར་འཕགས་པའི་གང་ཟག་གི་རྟགས་ཞེས་བྱའོ།།སྐྱེས་བུ་དམ ་པཔར་མཚོན་པ་ཞེས་བྱ་བ་ནི་ནང་ན་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་ལྡན་པས་དམ་པ་ཞེས་བྱ་སྟེ།གང་ཟག་དོ་འཕགས་པ་ཡིན་པར་མཚོན་པ་ཉིད་ཀྱིས་གུས་པ་སྐྱེད་པར་འགྱུར ་བའི་ཕྱིར་འཕགས་པའི་ནང་ན་ཡིས་ཀྱི་ངོ་བོ་ཉིད་དང་ལྡན་པས་ཡོན་ཏན་གྱི་གཞི་སྒྲུབ་པ་དང་།ཆོས་གོང་ནས་གོང་དུ་རྩོལ་ཞིང་ལེགས་པར་སྒྲུབ་པར་བྱེད་དོ་ཞེས ་སྟོན་པར་བྱེད་པའི་ཕྱིར་སྐྱེས་བུ་དམ་པར་མཚོན་པ་ཞེས་བྱའོ།།གང་ཟག་གསྔལ་བ་དེ་རྙིང་པོར་མི་ཐོགས་པར་ཤེས་རབ་ཀྱིས་མངོན་པར་གྲུབ་ནས་འདུས་མ་བྱས ་གནས་རབ་ཏུ་ཞི་ཞིང་དཔོན་པ་མྱ་ངན་ལས་འདས་པའི་བདྲེན་པ་དོན་དམ་པའི་གནས་ཀྱི་ལམ་དུ་འཇུག་པར་འགྱུར་རོ་ཞེས་ཤེས་པར་བྱེད་པའི་ཕྱིར་ལམ་གྱི་ཆོས ་ལ་ཕྱོགས་པའི་རྒྱལ་མཚན་ཞེས་བྱའོ།།རྗེས་སུ་དྲན་པའི་རྣམ་པར་གཞག་པའི་དོན་གྱི་སྤྱོད་པ་ཞེས་བྱ་བ་ནི་འཁོར་བ་འདི་རིམ་པ་གསུམ་དང་ལྡན་པར་དུ་མ་བུ་གསུམ ་གྱི་རིམ་པ་མཐོང་བ་ཉིད་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་རྗེས་སུ་དྲན་ནས་ཚུལ་ཁྲིམས་དང་།ཏིང་ངེ་འཛིན་དང་།ཤེས་རབ་སྒོམ་པར་བྱེད་པ་དང་།གནོད་པ ་གསུམ་པོ་རྒ་བ་དང་།ན་བ་དང་།འཆི་བ་རྗེས་སུ་དྲན་ན་དུག་གསུམ་པོ་འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་ཡོངས་སུ་སིལ་བར་བྱེད་པ་དང་།ཁམས་གསུམ ་བོ་དག་མི་རྟགས་པ་ཡིན་པ་ཉིད་དུ་རྗེས་སུ་དྲན་ནས་དཀོན་མཆོག་གསུམ་ལ་མངོན་པར་ཡིད་ཆེས་ཤིང་གུས་པ་དང་།སྲིད་པ་གསུམ ་བསལ་བ་དང་།དག་པ་གཙང་བ་དང་།ལས་རྣམ་གསུམི་རྣམ་པར་སྤྱད་པ་དང་།རིག་པ་གསུམ་དང་ལྡན་པར་འདོད་པ་དང་།རྣམ་པར་ཐར་པ་གསུམ་ལ ་འཇུག་པ་དང་།རྗེས་སུ་དྲན་པ་དྲུག་གི་གནས་གསུམ་ཐོབ་པ་དང་།ཡེ་ཤེས་ཐག་རིང་དུ་བྱེད་པ་གསུམ་རྟོགས་པར་འགྱུར་བའི་ཕྱིར་དུ་མ་བུ་གསུམ་རིམ་པར ་རྣམ་པར་བཞག་པ་ཡིན་ནོ།།གཞན་ཡང་བཞི་སྤྲུལ་དུ་བྱས་པ་ནི་སྐྱེ་བ་རྣམ་པ་བཞི་ཡོངས་སུ་བཅད་པ་དང་།བདེན་པ་བཞི་རྗེས་སུ་དྲན་པར་བྱ་བ་དང་། ་ཚད་མེད་པ་བཞི་སྒོམ་པ་དང་།བསམ་གཏན་བཞི་ལ་འཇུག་པར་བྱ་བ་དང་།སྙོམས་པར་འཇུག་པ་བཞི་ཡོངས་སུ་དག་པར་བྱ་བ་དང་།དྲན་པ་ཉེ་བར ་བཞག་པ་བཞི་རབ་ཏུ་བསྟན་པ་དང་།ཡང་དག་པའི་སྤོང་བ་བཞི་བསྟུན་པར་བྱ་བ་དང་།ཏིང་ངེ་འཛིན་གྱི་རྐང་པ་བཞི་ཐོབ་པར་བྱ་བའི་ཕྱིར་བིན་སྒྲིབ་དུ་རྣམ་པར་བཞག ་པ་ཡིན་ནོ།།དབུས་ཀྱི་ཤིང་གཏོགས་པར་རྣམ་པར་ལྔར་གཞག་པ་ནི་ལྟ་བ་ལྔ་པོ་དག་སྤང་བ་དང་།འགྲོ་བ་ལྔ་པོ་དག་གི་འཁོར་བའི་སྡུག་བསྔལ་གྱི་འཁྲུག་པ ་ཡོངས་སུ་སྤོང་བྱ་དང་།དབང་པོ་ལྔ་སྒོམ་པ་དང་།སྟོབས་ལྔ་དང་ལྡན་པར་བྱ་བ་དང་།སྒྲིབ་པ་ལྔ་པོ་དག་བསལ་བ་དང་།ཕུང་པོ་ལྔ་པོ་དག་རྣམ་པར་གཤིག་པ་དང་།ཆ་ལྔ ་དང་ལྡན་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་རྣམ་པ་ལྔར་བཞག་པ་ཡིན་ནོ།།སི་ལི་སྒྲིལ་བཅུ་གཉིས་སུ་བསྟན་པ་ནི་རྟེན་ཅིང་འབྲེལ་པར་འགྱུར་པ་ཡན་ལག་བཅུ་གཉིས་སུ ་དྲན་པར་བྱ་ཞིང་ཐོགས་པ་མེད་པར་བྱ་བ་དང་།སྒོ་བཅུ་གཉིས་པའི་བསམ་གཏན་བསྒོམ་པར་བྱ་བ་དང་།སེམས་ལ་སྐྱོན་མེད་པར་རྗེས་སུ་དྲན་པར་བྱའོ།།རིམ་པ ་གསུམ་དང་བཞི་སྒྲིལ་དུ་བསྡུས་ཏེ།གྲངས་བདུན་དུ་བསྟན་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཆོས་རྗེས་སུ་དྲན་པར་བྱ་བ་དང་།འཕགས ་པའི་ནོར་བདུན་མངོན་པར་བསྒྲུབ་པར་བྱའོ།།མར་རྩེ་གཏོགས་པར་བརྒྱད་དུ་བསྟན་པ་ནི་ལམ་ཡན་ལག་བརྒྱད་པ་རྗེས་སུ་བསྟན་པར་བྱ་བ་དང་།རྣམ་པར་ཐར་པ་བརྒྱད ་ཐོབ་པར་བྱ་བ་དང་།མི་ཁོམ་པ་བརྒྱད་ཡོངས་སུ་བསལ་བའི་ཕྱིར་རྣམ་པ་བརྒྱད་བསྟན་པ་ཡིན་ནོ།།འཁོར་གསིལ་གྱི་དོན་མདོར་བསྟན་པ་དེ་ལྟ་བུ་ཡིན་པས ་ཁྱེད་ཀྱིས་ལེགས་པར་ཡོངས་སུ་གཟུང་བར་བྱའོ།།བཅོམ་ལྡན་འདས་ལ་འོད་སྲུང་གིས་གསོལ་བ།བཅོམ་ལྡན་འདས་འཕགས་པའི་གསུང་རབ་ལ་ཇི་སྐད་བསྟན་པ་བཞིན ་།དུ་འཚལ་མནས་སྨྲས་སྷོ།།ངནས་རྒྱུནཱ་ནན་སྣ་ས་མམ་ལྡན་ས་སུ་འདི་སྐད་ནསགས་།། པ་ད་དང་སུ ་གསུམ་ཀྱི་དེ་བཞིན་གཙུགས་སྤྱན་ནས།ས་ཀུནས་སྟེ་པ་སྨྱིག་སྟེགས་སྐྱེམྦྷ།བཅོཾམ་ལྡན་འདས་ཀྱིས་བུའི་སྤྲུལྟ་པ། ལབར་བ་མཛོད་པ་ཀྱི་ད ་དཱ་ནི་རྙིང་འདི་ནི་སྐྱེས་ས་སྐྱེ་ཙུག་ས་ས་ས་པའི་ན་པ་དེ་སྤྱོད་།དུ་རྒྱས་པ་ནི་བཞི་དག།གས་པ་ང་གིས་རྣཾམ་པ་ཡིན ་ཏེ།ནརྣམས་དེན་དྲུག་ས་བན་རྫུ་ཀྱི་འཛིན་པ་དང་།དོན་ནི་བྷྱོ་ས་སུ་དྲན་པ་བྱ་བའི་ཆེད་དུ་ངནི་འདྲིརྣམ་པ་ནག་པ་སྦྱིནན།། ་དོ་ཆེ་བཅོམ་ལྡན་འདས་ཀྱིས་དེ་དེ་ཅེས་། སྣ་མིན་ས་རྒྱུ་ད་ང་ལྡན་པ་འང་སྤྱད་ཆེན་པོ་ལྟ་བང་ང་ཙྪེ་།འ་ཁོར་འདུས་བུ་ཆེན་བ་རྣམས་ཤིན་ཏུ་དག ་སུས་ངས་མངོན་པར་བརྗོད་དོ།།ཕགས་པ་འཁོར་ན་ཚོམ་ནས་བྱེ་བ་ཐེག་པ་ཆེན་ཐ་མདུ།ག་།།འ་གས་ཆིང་བ་ཀུན་ཏུ་ཚེ ་