| Wylie | e-texts produced with BDRC’s OCR application |
བ་བན་དེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ།།རྒྱ་གར་སྐད་དུ།ཨཱརྱ་ན་ན་དི་ཀ་སཱུ་ཏྲ།བོད་སྐད་དུ།འཕགས་པ་དགའ་བ་ཅན་གྱི་མདོ།།དོ།།ན་མཆོག་གསུམ་ལ ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོས་ཡོངས ་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ།ཐབས་ཅིག་ཏུ་བཞུགས་ནས་ཆེས་སྟོན་ཏོ།།ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་ག་དོན་བཟང་པོ།ཚིག་འབྲུ་བཟང་པོ།མ་འདྲེས་པ།ཡོངས ་སུ་རྫོགས་པ།ཡོངས་སུ་དག་པ།ཡོངས་སུ་བྱང་བ།ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ།།དེ་ནས་ཡང་དེའི་ཚེ་དགེ་བསྙེན་དགའ་བ་ཅན་འཁོར་དགེ་བསྙེན་ལྔ་བརྒྱ་དང་རྒྱལ་པོའི་ཁབ ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།དེ་ནས་དགེ་བསྙེན་ལྔ་བརྒྱ་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདང་།ཀྱི་ཞབས་ལ་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ།།ཕྱོགས་གཅིག་ཏུ་འཁོད་ནས ་དགེ་བསྙེན་དགའ་བ་ཅན་གྱིས་བཅོམ་ལྡན་འདས་ལེ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན ་ཅིང་གཟིགས་པས་དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་པོ་གང་དག་བཅས་པ་དེ་དག་ལས་འདའ་བར་བགྱིད་པ་དེའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར།དེ་སྐད་ཅེས་གསོལ་པ་དང་།བཅོམ ་ལྡན་འདས་ཀྱིས་དགེ་བསྙེན་དགའ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དགའ་བ་ཅན་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་གང ་ཡིན་པ་ལེགས་སོ་ལེགས་སོ།།ཁྱོད་ཀྱི་བློ་རྒྱ་ཆེ་སྟེ་དཔྱོད་པ་བཟང་ངོ་།།སྤོབས་པ་དགེའོ།།དགའ་བ་ཅན་དེའི་ཕྱིར་ཉེས་དམིགས་བཅུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར ་བྱ་ཡིས།ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་ངས་ཁྱོད་ལ་བཤད་པར་བྱའོ།།བཅོམ་ལྡན་འདས་ལེགས་སོ་ལེགས་སོ་ཞེས་གསོལ་ནུས་དགེ་བསྙེན་དགའ་བ་ཅན་བཅོམ་ལྡན ་འདས་ལ་ཉན་པ་དང་།བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།།དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ།བཅུ་པོ་དག་གང་ཞེ ་ན།འདི་ལྟ་སྟེ།ཚེ་འདི་ལ་འཁོན་སྐྱེད་པ་དང་།སྐྱེ་བ་གཞན་རྣམས་སུའང་འཁོན་དང་རྗེས་སུ་འབྲེལ་པར་འགྱུར་བ་དང་།སྐྱེ་བོ་མང་པོ་དག་གིས་ཡིད་མི་བརྟན་པར་འགྱུར་བ་དང་།སྡིག ་པའི་རྨི་ལམ་མཐོང་བ་དང་།བདག་ཀྱང་འཇིགས་པ་སྐྱེ་ཞིང་སེམས་ཅན་རྣམས་ཀྱིང་དེ་ལ་འཇིགས་པ་སྐྱེ་བ་དང་།བདེ་བར་ཉལ་ཡང་སྡུག་བསྔལ་བར་སད་པ་དང་།སྡིག་པ་རྣམ ་པར་སེམས་པ་དང་།རྨོངས་པ་དང་བཅས་པར་འཆི་བོའི་དུས་བྱེད་པ་དང་།ཚེ་ཐུང་བར་འགྱུར་བའི་ལས་བྱོས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ཀྱང་ངན་སོང་ངན་འགྲོ་ལོག། ་བར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་།གལ་ཏེ་དོ་ནུས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནའང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དྲོར་ཚེ་ཐུང་བཱར ་འགྱུར་ཞིང་ནད་མང་བར་ཡང་འགྱུར་ཏེ།དགོའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བརྫུ་པོ་དེ་དག་ཡིན་པར་རིག་པར་བྱའོ།།དགའ་བ་ཅན་མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་ནི ་འདི་དག་ཡིན་པར་རིག་པར་བྱ་སྟེ།བཅུ་པོ་དག་གང་ཞེ་ན་འཁོན་ཆེན་པོར་འགྱུར་བ་དང་།བག་ཆེ་བ་ཆེན་པོར་འགྱུར་བ་དང་།དུས་མ་ཡིན་པར་འགྲོ་བར་འགྱུར་བ་དང་།ཕྱེ་མ་རེད་ཀྱི་དུས་སུ ་འགྲོ་བར་འགྱུར་བ་དང་།སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་བ་དང་།དགེ་བའི་གཤེས་གཉེན་གྱིས་ཡོངས་སུ་སྤངས་པར་འགྱུར་བ་དང་།ཚུལ་ཁྲིམས་འཚལ་བར ་འགྱུར་བ་དང་།རྒྱལ་པོས་གནོད་པར་འགྱུར་བ་དང་།ཆོམ་རྐུན་གྱིས་གནོད་པར་འགྱུར་བ་དང་།ཆད་པས་གཅོད་པས་གནོད་པར་འགྱུར་ཏེ།ལོང་སྤྱོད་ཀྱིས་ཕོངས་པར་འགྱུར་ཤྲཱི་ལས་བྱས་ཤིང ་བས་ཌབས་ལུས་ཞིག་སྟེན་པའི་འོག་ཏུ་ངན་སོང་དྲན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་།གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས ་ནའང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་དབུལ་པོར་འགྱུར་རོ།།དེའི་ལོངས་སྤྱོད་དུ་འགྱུར་བ་གང་ཡིན་པ་འབད་པ་ཆེན་པོས་རྡུལ་ཞིང་དྲི་མི་ཆགས་ཆགས་སུ་རྐང་ལག་གི ་མཐུས་བསྒྲུབས་པ་དེ་དག་གནོད་པ་ལྔས་གནོད་པར་འགྱུར་སྟེ།ལྔ་པོ་དག་གླང་ཞེ་ན།རྒྱལ་པོ་དང་།མེ་དང་།ཆུ་དང་།བགོ་སྐལ་ལ་སྤྱོད་པ་མི་མཛའ་བ ་དང་།སྦས་པ་དག་གིས་དེ་ཆུད་ཟླ་བར་འགྱུར་ཏེ།དགའ་བ་ཅན་མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་མི་དེ་དག་ཡིན་པར་རིག་པར་བྱའོ།།དགའ་བ་ཅན་འདོད་པས་ལོག་པར ་གཡེམ་པའི་ཉེས་དམིགས་བཅུ་ན་འདི་དག་ཡིན་པར་རིག་པར་བྱ་སྟེ།བཅུ་པོ་དག་གང་ཞེ་ན།གང་དག་གི་ཆུང་མ་ཁ་དྲངས་པས་དེ་དག་དང་དེ་འཁོན་དང་བཅས་པར་འགྱུར་བ ་བཱ་དང་།ཆུང་མ་དང་རྩོད་པར་འགྱུར་བ་དང་།དེའི་མི་དགེ་བའི་ཆོས་མངོན་པར་འཕེལ་བ་དང་།དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་།དེ་བདག་ཉིད་མ་ཞི་བར་འགྱུར་བ་དང་། ་དེའི་བུ་དང་ཆུང་མཱ་མ་བསྲུངས་པར་འགྱུར་བ་དང་།དེའི་ནོར་མ་སྤྲས་མ་བསྲུངས་པར་འགྱུར་བ་དང་།དེའི་ཁྱིམ་མ་སྦས་མཱ་བསྲུངས་པར་འགྱུར་བ་དང་།དེའི་སྲོག་མ་སྦས་མ་བསྲུངས་པར ་འགྱུར་བ་དང་།དེའི་མཛའ་བཤེས་དང་།ཉེ་དུ་དང་།སྣག་གི་གཉེན་མཚམས་དང་།བློན་པོ་དག་ཡིད་འབེབས་པར་མི་འགྱུར་བ་དང་།འགྲན་ཟླ་དང་བཅས་པར་འགྱུར་བའི་ལས ་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནེས་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་།གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས ་།དང་རྣམ་བྱ་མཉམ་པར་སྐྱེས་ནས་གལ་ཏ་བུད་མེད་དུ་གྱུར་ནའང་འགྲན་ཟླ་དང་བཅས་པའི་ཁྱོ་རྙེད་པར་འགྱུར་རོ།།ཅི་སྟེ་སྐྱེས་པར་གྱུར་ན་དེའི་བུ་དྲང་ཆུང་མ་མྲ་སྤངས་པར་འགྱུར་ཏེ།དྲག ་བཔ་ཅན་འདོད་པས་ལོག་པོར་གཡེམ་པའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ།།དགའ་བ་ཅན་བརྫུན་དུ་སྨྲ་བའི་ཉེས་དམིགས་བཙུནི་འདི་དག་ཡིན་པར་རིག ་པར་བྱ་སྟེ།བཅུ་པོ་དག་གང་ཞེ་ན།དེའི་ཁ་ནས་རྣག་མ་ནམ་པར་འགྱུར་བ་དང་།དེའི་ལུས་སྲུང་བའི་ལྷས་འཕང་བ་དང་།མི་མ་ཡིན་པས་གླགས་རྙེད་པར་འགྱུར་བ་དང་།བདེན་པར་སྨྲས་ཀྱང་དེ ་ཚིག་ལ་མ་དད་པར་འགྱུར་བ་དང་།དགོས་པ་བྱུང་ཡང་འདི་ལ་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ་དང་།ཡང་དག་པ་མེ་ཡིན་པའི་མི་སྙན་པ་རྒྱ་ཆེར་སྒྲོགས་པར་འགྱུར་བ ་དང་།ཕྱིར་ལྡང་བའི་འོས་མ་ཡིན་པར་འགྱུར་བ་དང་།སྡུག་བསྔལ་ཞིང་ཡིད་མི་བདེ་བར་འགྱུར་བ་དང་།མི་སྙན་པ་བརྗོད་པ་མྱང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས ་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་།གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་།སྐལ་པ་མཉམ་པར་སྐྱེས་ནའང་དེ་གང ་དང་གང་དུ་སྐྱེས་པ་དེ་དང་དེར་མི་སྙན་པ་བརྗོད་པ་མང་པོར་འགྱུར་ཏེ།དགའ་བ་ཅན་བརྫུན་དུ་སྨྲ་བའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ།།དགའ་བོ་ཅན་འབྲུའི་ཆང་དང་། ་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ།སུམ་ཅུ་རྩ་ལྔ་པོ་དག་གང་ཞེ་ན།ཚོ་འདི་ལ་ནོར་ཟད ་པ་དང་།ནད་རྣམས་རྒྱས་པར་བྱེད་པ་དང་།འཐབ་པ་དང་རྩོད་པ་སྐྱེད་པ་དང་།དོན་མེད་པ་ལ་ལྟ་བ་དང་།གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ་དང་།ཤེས་རབ་ཉམ་ཆུང་བར་བྱེད་པ་དང་།། ་ལོངས་སྤྱོད་ཐོབ་པ་མི་འཐོབ་པར་འགྱུར་བ་དང་།ལོངས་སྤྱོད་ཐོབ་པ་ཡོངསུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་བ་དང་།གསང་མི་ཐུབ་པར་འགྱུར་བ་དང་།དེ་ལས་ཀྱི་མཐའ ་ཡོངས་སུ་འགྲིབ་པ་དང་།མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང་།མར་མི་འཛིན་པར་འགྱུར་བ་དང་།པར་མི་འཛིན་པར་འགྱུར་བ་དང་།དགེ་སྦྱོང་དུ་མི་འཛིན་པར་འགྱུར ་བ་དང་།བྲམ་ཟེར་མི་འཛིན་པར་འགྱུར་བ་དང་།རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མེད་པར་འགྱུར་བ་དང་།སངས་རྒྱས་ལ་མི་གུས་པར་འགྱུར་བ་དང་།ཆོས་ལ་མི་གུས་པར ་འགྱུར་བ་དང་།དགེ་འདུན་ལ་མི་གུས་པར་འགྱུར་བ་དང་།བསླབ་པ་ཡང་དག་པར་བླངས་པ་ལ་མི་གུས་པར་འགྱུར་བ་དང་།ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་།དབང ་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་།བག་མེད་པར་ཤིན་ཏུ་བུད་མེད་དོན་དུ་གཉེར་བ་དང་།ཉེ་དུ་དང་སྣག་གི་གཉེན་མཚམས་དང་མཛའ་བཤེས་དང་བློན་པོ་དག་གིས་སྤོང་བར།། ་འགྱུར་བ་དང་།སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང་།སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་།ཆོས་མ་ཡིན་པའི་སྤྱོད་པར་འགྱུར་བ་དང་།ཆོས་མ་ཡིན་པ ་ཡོངས་སུ་འཛིན་པར་འགྱུར་བ་དང་།དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་།ངོ་ཚ་ཤེས་པ་དང་།ཁྲིལ་ཡོད་པ་ཡོངས་སུ་སྤོང་བར་འགྱུར་བ་དང་།མི་མཛའ་བ་དག་གནས ་ཀྱང་མཁས་པ་རྣམས་ཡོངསུ་འདྲི་བར་མི་སེམས་པ་དང་།བག་མེད་པ་ཉམ་བགྲ་ཏུ་སྤྱོད་པར་འགྱུར་བ་དང་།དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། ་མྱ་ངན་ལས་འདས་པ་ལས་ཐག་རིང་དུ་འགྱུར་བ་དང་།སྨྱོན་པར་འགྱུར་བའི་ཝ་བྱས་ཤིང་བསོགས་པས་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འཕྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ ་དག་ཏུ་སྐྱེ་ཞིང་།གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་འདྲ་དེ་གང་དང་གང་དུ་སྐྱེས་པ་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེ་སྐྱོན་པར་འགྱུར་ཞིང་དྲན་དམིགསལ ་བབར་འགྱུར་ཏེ།།དགའ་བ་ཅན་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད ་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུངས་ནས།སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།།སྲོག་གཅད་རྡེག་དཔའ་ཆིང་བ་རྣམ་སྤངས་ཏེ།སེམས་ཅན ་དག་ལ་ཕན་ཞིང་སྙིང་བརྗོག།།བདག་གི་ཆུ་སྐྱབས་དགའ་བྱ་ཇི་ལྟ་བར།།དེ་བཞིན་གཞན་རྣམས་ཀྱི་ནི་སྲོག་ཀྱང་སློང་།།སྡུག་བསྡུབ་མང་པོས་བསགས་པ ་གཞན་གྱི་ནོར།།མ་བྱིན་དེ་ལ་ཡིད་ཀྱང་བསམས་མི་བྱ།།འཇིག་རྟེན་གྱིས་མཐོང་དགེའ་དང་བྲལ་འགྱུར་ཞིང་།།གཞན་ཡང་དེ་བཞིན་ཕན་པར་གནས་པར་གྱིས།།གཞན་གྱི་དྲུང ་མེད་རྒྱན་གྱིས་བརྒྱན་པ་དག།མེ་ལྕེ་འབར་བ་བཞིན་དུ་ཡོངས་སྤོངས་ལ།།རང་གི་ཆུང་མ་རྙེས་པས་ཆོག་པར་བྱོས།།འདོད་རྒྱུ་དྲུག་དང་འདྲ་བ་མ་སྤྱོད་ཅིག།རང་གྲི་དོན ་དང་གཞན་གྱི་དོན་ཆེད་དུ།།སུས་ཀྱང་ཤེས་བཞིན།བརྫུན་དག་མ་སྨྲ་བར།།གཞན་ལ་མི་གནོད་གཞན་ལ་མི་གདུང་པོར།།བརྟགས་ཏེ་འཇམ་པོའི་ཚིག་གིས་སྨྲ་བར་གྱིས།། ་ཆང་འཐུང་བ་ལྔ་མངོན་པར་དགའ་བའི་མི།།བདག་ལ་ཕན་དང་གཞན་ལ་བདེ་མི་ནུས།།རྨོངས་དང་མདོག་ངན་བྱེད་པ་ཚད་ཡིན་ཏེ།།ཇི་ལྟར་ཧཱ་ལའི་དུག་བཞིན་དེ་མི་བཏུང་།། ་སྲོག་ཆགས་མི་གསོད་གཞན་གྱི་ནོར་མི་འབྲོག།བརྫུན་དུ་མི་སྨྲ་ཆང་ཡང་མི་བཏུང་ཞིང་།།གཞན་གྱི་ཆུང་མ་ཡིད་ལའང་མི་འདོད།།མཐེ་རིས་གང་འདོད་ཁྱིམ་དུ་འཇུག ་བཞིན།།གོས་དཀར་གྱོན་པ་ཁྱིམ་པ་རྣམས་ཀྱིས་ནི།།ཁྱིམ་ག་ནས་རྣམས་ཀྱི་བསླབ་པ་འང་ཡིན་ཏེ།།རྒྱལ་བས་དེ་གོང་རབ་ཏུ་བྱུང་རྣམས་ཀྱི།བསླབ་གཞིའི་ཆོས་ནི་རབ་ཏུ་བསྟན་པ ་ཡིན།།དེ་ནས་དགེ་བསྙེན་དགའ་བ་ཅན་བཅོམ་ལྡན་འདས་ལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དགའ་ཞིང་མགུལ་ཡི་རངས་ཏེ།རབ་ཏུ་དགའ་བ་དང་།བདེ་བ་དང་།ཡིད་བདེ་བ་སྐྱེས་ནས་སྟན་ལ ་ལངས་ཏེ།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པོར་དགའ་ནས ་རྗེསུ་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར ་བསྟོད།།འཕགས་པ་དགབ་ཅན་གྱི་མདོ་རྫོག་སོ།།།།འཕགས་པ་འཁར་གསིལ་གྱི་མདོ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ ་