CLOSE WINDOW

N317: khang bu brtsegs pa'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།ཀྲུ་ནཱ་གཱ་ར་སཱུ་ཏྲ།བོད་སྐད་དུ།ཁང་བུ་བརྩེགས་པའི་མདོ།།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས ་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚུལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནཱ་བཞུགས་སོ།།དེ་ནས་ཚེ་དང་ལྡན་པ་ཀུན་དགའ ་པོ་བཅོམ་ལྡན་འདས་གང་ནེ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག།།ཕྱོགས་གཅིག་ཏུ་འདུག་ནས་བཅྡོཾས་ལ་ཚེ་དང་། ་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཕྱག་དར་བགྱིས་པས་དགེ་བའི་རྩ་བ་ཅིར་འགྱུར་ལགས།།དཀྱིལ་འཁོར་བགྱིས་པས་ཅིར་འགྱུར་ལགས།། ་སྐྱབས་སུ་འཆི་བ་དང་།བསླབ་པའི་གཞི་རྣམས་ཀྱི་དགེ་བས་ནི་ཅིར་འགྱུར་ལགས།དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བའི་ཐལ་མོ་སྦྱར་བའི་སུག་ལས་ཀྱིས་ནི་ཅིར་འགྱུར།། ་ལོགས།བཅོམ་ལྡན་འདས་དགེ་བའི་རྩ་བ་འཁོར་བར་བས་པར་མི་འགྱུར་ཞིང་ཡོངསུ་གཏུགས་པར་མི་འགྱུར་ལ་བསམ་འཚལ་བའི་མྱ་ངན་ལོས་འདས་པ་ཐོབ་པར་འགྱུར་བ་ནི ་གང་ལགས།དེ་བཞིན་གཤེགས་པའི་སྐུ་གཟུགས་བགྱིས་པས་ནི་ཅིར་འགྱུར་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ཀུན་དགའ་བོ་ཕྱག་དར་བྱས་པའི་ཕན་ཡིན་ནི་ལྔར ་འགྱུར་ཏེ།ལྔ་གང་ཞེ་ན།ཀུན་དགའ་བོ་འདི་ལྟ་སྟེ།བདག་གི་སེམས་དྲད་པར་འགྱུར་བ་དང་།གཞན་གྱི་སེམས་དད་པར་འགྱུར་བ་དང་།ལྷ་རྣམས་དགའ་བར་འགྱུར་བ་དང་།མཛེས་པའི ་ལས་བྱས་ཤིང་བསགས་པ་དང་།ལུས་ཞིག་ནས་བདེ་འགྲོ་འཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ།།ཀུན་དགའ་བོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི ་ཆེད་དུ་དཀྱིལ་འཁོར་གྲུ་བཞི་པ་བྱེད་ན་དེ་བྱུང་གི་སྒྲ་མི་སྙན་གྱི་གླི་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ། ་ཀུན་དགའ་བོ་གང་ལ་ལཱྀ་ཞིག་གོས་དེ་བཞིན་གཤེགས་པའི་ཆེད་དུ་དཀྱིལ་འཁོར་ཟླུམ་པོ་བྱེད་ན་དྲི་ནུབ་ཀྱི་བལ་གླང་སྤྱོད་ཀྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས ་ཞིག་ནས་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་རླུང་སྨྲའོ།།ཀུན་དགའ་བོ་གང་ལ་ལ་ཞིག་གིས་སྲུངས་རྒྱས་བཅོམ་ལྡན་འདས་ལ་སེམས་དད་པས་དཀྱིལ་འཁོར ་ཟླ་གམ་ལྟ་བུ་བྱིད་ན་དེ་ཤར་གྱི་ལུས་འཕགས་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བཱར་ང ་སྨྲའོ།།ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དད་པས་དཀྱིལ་འཁོར་ཤིང་རྟའི་དབྱིབས་ལྟ་བུ་རོ་བྱེད་ན་འཛེནྡྲའི་གླིང་གི་དབང ་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་འཕྲུལ་དྲགའི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ།།ཀུན་དགའ་བོ་ག་ལ་ལ་ཞིག་གིས་སངས་རྒྱས་ལ་སྐྱབསུ་འགྲོ། ་པ་དང་།གང་ཆོས་དང་།དགེ་འདུན་ལ་སྐྱངས་སུ་འགྲོ་ཞིང་བསླབ་པའི་གཞི་རྣམས་མནོས་ནས་ཡོངས་སུ་སྲུང་བར་བྱེད་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེའི་འསོད་ནམས་ནི་དཔག་ཏུ ་མེད་ཅིང་གྲངས་མེད་པར་ང་སྨྲ་སྟེ།ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་དུ་མཐའ་གཟུང་བར་མི་ནུས་པར་ང་སྨྲའོ།།དེ་ནས་བཅོམ ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཐུགས་སུ་ཆུད་ནས་ལྗགས་པདྨ་དམར་པོའི་འདམ་མ་དྲི་མ་མེད་ཅིང་ལོ་མ་འཇམ་པ་དང་།།མཚལ་དམར་པོ་དང་།།ཤིང ་མྱ་ངན་འཚང་གི་ལོ་མ་དང་།ཟངས་ཀྱི་གླེགས་མ་སྲ་བ་མོ་དང་འདྲ་ལ་ཆུ་ཞེང་གབ་པས་ཞལ་གྱི་དཀྱིལ་འཁོར་དབུའི་སྐྲ་མཚམས་ལ་ཐུག་པའི་བར་ཐམས་ཅད་དུ་བརྐྱང་ནས་ཀུན ་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་ཁྱོད་ཀྱི་བརྫུན་དུ་སྨྲ་བ་དང་།ཕྲ་མ་དང་།ཚིག་རྩུབ་པོ་དང་།ཚིག་ཀྱལ་པ་སྨྲ་བ་ལ་ལྕེ་འདི་ལྟ་བུ་མཐོང་ངམ།བཙུན་པ་མ་ལྕོགས་སོ།། ་ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བདེན་པ་གསུང་བ་ཡིན་ནོ།།ཀུན་དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ།བཅྡོཾས ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་ལ་ཕྱག་འཚལ་ལོ།།ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་ན་སེམས་ཅན་དེ་དག་ངས་ཡོངས་སུ ་བཟུང་ཞིང་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།།སེམས་ཅན་དེ་རྣམས་ལ་ནི་ང་ཐུགས་ཁྲལ་ཆུང་བ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་དི་ལྟར་དེ་བཞིན་གཤེགས་པའི་ཆོས ་ཀྱི་དབྱིངས་ནི་ཤིན་ཏུ་རབ་ཏུ་གནས་པ་ཡིན་ནོ།།དེ་ཤིན་ཏུ་རབ་ཏུ་གནས་པའི་ཕྱིར་ཐལ་མོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན་སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས།ཀུན་དགའ ་པོ་ལྟོས་ཤིག།སྐྱེས་བུ་ཞིག་ལ་རང་གི་གཟར་བུ་བཀྲུས་པ་ཙམ་མམ།ཕོར་བུ་བཀྲུས་པོ་ཙམ་པ་འམ།།ཕྲུ་ལྡོག་བཀྲུས་པ་ཙམ་གང་ཡིན་པ་དེ་འང་ཡོད་ལ།།གལ་ཏེ་དེ་འདི་སྙམ་དུ།འདི་ན ་གནས་པའི་སྲོག་ཆགས་ཐམས་ཅད་འདིས་བདེ་བར་གྱུར་སྙམ་དུ་སེམས་ཤིང་གཏོར་ཁུང་དུ་འབོད་པར་བྱེད་ན་ཀུན་དགའ་བོ་འོན་ཀྱང་བསོད་ནམས་སྐྱེ་བའི་སྒོར་འགྱུར་བར་ང་སྨྲ་ན་མིར ་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས།ཀུན་དགའ་བོ་གསུམ་པོ་འདི་དག་ནི་བར་གྱི་བསྐལ་པ་དག་ཡིན་ནོ།།གསུམ་གང་ཞེ་ན།།མཚོན་གྱི་བར་གྱི་བསྐལ་པ་དང་།ནད་ཀྱི་བར་གྱི་བསྐལ་པ་དང་།མུ ་གེའི་བར་གྱི་བསྐལ་པའོ།།ཀུན་དགའ་བོ་དེ་ལ་གང་གིས་ཉི་མ་གཅིག་ཅིག་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ།གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར ་འགྱུར་རོ།།གང་ཞིག་གིས་ཨནྡྷར་གཅིག་ཙམ་ཡང་དགེ་འདུན་ལ་དབུལ་བར་བྱེད་ན་དེ་ནད་ཀྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ།།གང་ཞིག་གིས། ་ཟས་ན་ལ་ཙེ་གང་ཙམ་དགེ་འདུན་ལ་ཕུལ་ན་དེ་མུ་གེའི་བར་གྱི་བསྒྲལ་པར་མི་སྐྱེ་བར་འགྱུར་རོ།།ཀུན་དགའ་བོ་དགེ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པ་ནི་འཁོར་བར ་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པ་ཡིན་ནོ།།གསུམ་པོ་གང་དག་ཅེ་ན།ཀུན་དགའ ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ ་ཡིན་ནོ།།ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་།དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངསུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས ་འདས་པ་ཐོབ་པར་བྱེད་པ་ཡིན་ནོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའི་ཕྱིར་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་ཁྱོད་ཀྱི་ཛམྦུའི ་གླིང་གི་གླིང་མཐོང་ངམ།ཀྱེ་བཙུན་པ་མཐོང་ལགས་སོ།།ཀུན་དགའ་བོ་ཛམྦུའི་གླིང་གི་གླིང་ནི་ཞོང་དུ་ནི་དཔག་ཚོད་བདུན་སྟོང་།།ཆུར་ཡང་དཔག་ཚ་དེ་བདུན་སྟོང་སྟེ།བྱང ་བྱང་གི་ཞིང་ནི་ཆེ།ལྷོའི་ནི་ཤིང་རྟའི་དབྱིངས་སོ།།དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་རྒྱུན་དུ་ཞུགས་པ་རྣམས་དང་།ལན་ཅིག་ཕྱིར་འོང་བ ་རྣམས་དང་།ཕྱིར་མི་འོང་བ་རྣམས་དང་།དགྲ་བཅོམ་པ་རྣམས་དང་།རང་སངས་རྒྱས་རྣམས་དང་།ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་།གང་ཞིག་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག།སྲོག་ཤིང་ཁབ་ཙམ ་འཛུགས་སུ་འཇུག།གདུགས་ནི་རྒྱུ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ།སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད ་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།།ཀུན་དགའ་བོ་ཛམྦུའི་གླིང་གི་གླིང་ལྟ་ཞོག་གཱི།ཀུན་དགའ་བོ་ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཞེང་དུ ་འང་དཔག་ཚད་བརྒྱད་སྟོང་།ཆུར་ཡང་དག་ཚད་བརྒྱད་སྟོང་ཀུན་ནས་ཟླ་བ་གམ་པ་ལྟ་བུ་ཞི་ཡོད་དོ།།དེ་རིགས་ཀྱི་བུ་འམ།དེ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ ་བདུན་གྱིས་བཀང་སྟེ།རྒྱུན་དུ་ཞུགས་པ་རྣམས་དང་།ལན་ཅིག་ཕྱིར་འོང་བ་རྣམས་དང་།ཕྱིར་མི་འོང་བ་རྣམས་དང་།དག་བཅོམ་པ་རྣམས་དང་།རང་སངས་རྒྱས་རྣམས་དང་། ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་པ་དང་།གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག།སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག།གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག།སྡེ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག།བར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ ་མང་བར་ང་སྨྲའོ།།ཀུན་དགའ་བོ་ཛམྦུའི་གླིང་གི་གླིང་ལྟོ་འང་ཞོག།ཤར་གྱི་ལུས་འཕགས་ཀྱི་གླིང་ལྟའང་ཞོག་གི།ཀུན་དགའ་བོ་ནུབ་ཀྱི་བ་གླང་སྤྱོད་ཅེས་བྱ་བའི་གླིང་ཞེང་དུ ་དཔག་ཚད་དགུ་སྟོང་།ཆུར་ཡང་དཔག་ཚད་དགུ་སྟོང་པ་ཀུན་ནས་ཟླ་བ་ཉེ་བ་ལྟ་བུ་ཞིག་ཡོད་དེ།དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཙན་ལ་ལས་རིན་པོ་ཆེ་སྣ་བདུན ་གྱིས་བཀང་སྟེ།རྒྱུན་དུ་ཞུགས་པ་རྣམས་དང་།ལྷན་ཅིག་ཕྱིར་འོང་བ་རྣམས་དང་།ཕྱིར་མི་འོང་བ་རྣམས་དང་།།དགྲ་བཅོམ་པ་རྣམས་དང་།རང་སངས་རྒྱས་རྣམས་སམ། ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་།གང་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས ་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་དུ་བྱེད་དུ་འཇུག།སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག།གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུག ་ནས་འབྲུ་ཙམ་བྱེད་དུ་འཇུག་ལ།སྐུ་གདུང་ཡུངས་ཀོར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ།།ཀུན་དགའ་བོ་ཛམྦུའི ་གླིང་གི་གླིང་ལྟོ་འང་ཞོག།ཤར་གྱི་ལུས་འཕགས་པོའི་གླིང་ལྷའང་ཞོག།ནུབ་ཀྱི་བཽ་གླང་སྤྱོད་ཀྱི་གླིང་ལྟ་འང་ཞོག་གི།ཀུན་དགའོ་བྱང་གི་སྒྲ་མི་སྙན་ཞེས་བྱ་བའི་གླིང་ཞིང་དུ་དཔག ་ཚད་ཁྲི།ཆུར་ཡང་དཔག་ཚད་ཁྲི་པ་ཀུན་ནས་གྲུ་བཞི་པ་ཞིག་ཡོད་དེ།དེ་རིགས་ཀྱི་བུ་འམོ་རིགས་ཀྱི་བུ་མོ་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ།རྒྱུན་དུ་ཞུགས་པ་རྣམས ་དང་།ལྷན་ཅིག་ཕྱིར་འོང་བ་རྣམས་དང་།ཕྱིར་མི་འོང་བ་རྣམས་དང་།དགྲ་བཅོམ་པ་རྣམས་དང་།རང་སངས་རྒྱས་རྣམས་སམ།ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར ་བྱེད་པ་དང་།གང་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱ་རུ་ར་ཙམ་བྱེད་དུ་འཇུག། ་སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག།གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ།སྐུ་གདུང་ཡུངས་ཀར ་གྱི་འབྲུ་ཙམ་འཇུག་པར་བྱེད་ན།ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་དུ་སྨྲའོ།།ཀུན་དགའ་བོ་ཛམྦུའི་གླིང་གི་གླིང་ལྟ་འདྲ་ཞོག། ་ཤར་གྱི་ལུས་འཕགས་ཀྱི་གླིང་ལྟེ་འང་ཞོག།ནུབ་ཀྱི་བ~ཾ་གླང་སྤྱོད་ཀྱི་གླང་ཡང་ལྟ་ཞོག།བྱང་གི་སྒྲ་མོ་སྙན་གྱི་གླིང་ལྟ་འང་ཞོག་གི།།ཀུན་དགའ་བོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི ་ཁང་བཟང་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ།དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དང་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ།རྒྱུན་ཏུ་ཞུགས་པ་རྣམས་དང་།ལན ་ཅིག་ཕྱིར་འོང་བ་རྣམས་དང་།ཕྱིར་མི་འོང་བ་རྣམས་དང་།དགྲ་བཅོམ་པ་རྣམས་དང་།རང་སངས་རྒྱས་རྣམས་དང་།ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འགུལ་བར་བྱེད ་པ་དང་།གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙོམ ་བྱེད་དུ་འཇུག་སྲོག་ཤིང་ཁབ་ཙམ་འཛུགས་སུ་འཇུག།གདུགས་ནི་རྒྱ་ཤུག་གི་ལོ་མ་ཙཱ་མོ་འགེབས་སུ་འཇུག་ཅིང་སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལོ།།སྐུ་གདུང ་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན་ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་རབ་ཏུ་མང་བར་ང་སླའོ།།ཀུན་དགའ་བོ་ཛམྦྷིའི་གླིང་གི་གླིང་ལྟ་འང་ཞོག། ་ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་འང་ཞོག།ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་ལྷ་འང་ལྐོག།བྱང་གི་སྒྱུ་མི་སྙན་གྱི་གླིང་ལྟ་ལང་ཞོག།ལྷ་རྣམས་ཀྱི་དབང་པོ་བརྒྱ་སྦྱིནྡ་གྱི་ཁང་བཟང་རྣམ་པར ་རྒྱལ་བ་ལྟའང་ཞོག་གི།ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ།དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལོས་རིན་པོ་ཆེ་སྣ་བདུན་གྱིས་བཀང ་སྟེ།རྒྱུན་དུ་ཞུགས་པ་རྣམས་དང་།ལོན་ཅིག་ཕྱིར་འོང་བའི་རྣམས་དང་།ཕྱིར་མི་འོང་བ་རྣམས་དང་།དགྲ་བཅོམ་པ་རྣམས་དང་།རང་སངས་རྒྱས་རྣམས་སམ།ཕྱོགས་བཞིའི ་དགེ་སློང་གི་དགེ་འདུན་ལ་འབུལ་བབྱེད་པ་དང་།གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགེ་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལྔས་འདས་པའི ་མཆོད་རྟེན་འཛིན་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག།སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག།གདུགས་ནི་རྒྱ་ཤུག་གི་ལོ་མོ་ཙ་འགེབས་སུ་འཇུག་ཅིང་སྐུ་གཟུགས ་ནཱས་འབྲུ་ཙམ་བྱེད་དུ་འཇུ་ག་ལ།སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན།ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་རབ་ཏུ་མེད་པར་ང་སྨྲའོ།།དི་ཙཱའི ་ཕྱིར་ཞེ་ན།ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་པ་དཔག་ཏུ་མེད་པ།ཚུལ་ཁྲིམས་དཔག་ཏུ་མེད ་པ།བཟོད་པ་དཔག་ཏུ་མེད་པ།བརྩོན་འགྲུས་དཔག་ཏུ་མེད་པ།བསམ་གཏན་དཔག་ཏུ་མེད་པ།ཤེས་རབ་དཔག་ཏུ་མེད་པ།བྱམས་པ་དང ་གཏང་སྙོམས་ཀྱི་བར་དུ་དཔག་ཏུ་མེད།ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན ་པའི་ཕྱིར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་།དགེ་སློང་དེ་དྲུག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི ་རངས་ནས་མངོན་པར་བསྟོད་དོ།།ཁང་བུ་བརྩེགས་ཀྱི་མདོ་རྫོགས་སོ།།ཞུ་ཆེན་གྱི་ལོཙྪ་བ་རཏྣ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།།འཕགས་པ་གནས ་