CLOSE WINDOW

N316: zla ba'i mdo
Wyliee-texts produced with BDRC’s OCR application

བྲམ་ཟེ་མྱ་ངན་འདས་པ་དང་།དགྲ་དང་འཇིགས་པ་ཀུན་འདས་ཤིང་།།འཇིག་རྟེན་ཆགས་མེད་རྦ་ལྟ་བ་ནི།།མང་པོ་ཡོད་ཕྱུར་མ་མཐོང་ས ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དེ་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།ལྷའི་མདོ་ཉུང་ངུ་རྫོགས་སོ།།། ་ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།།6།།རྒྱ་གར་སྐད་དུ།ཙནྡྲ་སཱུ་ཏྲ།བོད་སྐད་དུ།ཟླ་བའི་མདོ།དཀོན་མཆོག་གསུམ་ལ ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཡུལ་ཙམ་པ་ནྡན་ན་འགྲོ་བ་པོའི་རྫིང་བུའི་འགྲམ་ན་བཞུགས་ཏེ།དེའི་ཚེ་ལྷ་མ་ཡིན་གྱི ་དབང་པོ་སྒྲ་གཅན་གྱི་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་བཀབ་པར་གྱུར་ཏོ།།དེ་ནས་ཟླ་བའི་དཀྱིལ་འཁོར་ན་གནས་པའི་ལྷ་གང་ཡིན་པ་དེ་སྐྲག་ཅིང་དངངས་ལ་མི ་དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།།ཕྱོགས་གཅིག ་ཏུ་འདུག་ནས་ལྷ་དེས་དེའི་ཚེ་ཚིགསུ་བཅད་དེ་གསོལ་པ།ཀུན་ལས་རྣམ་པར་རབ་གྲོལ་བའི།།སངས་རྒྱས་དཔའ་བོ་ཁྱོད་ཕྱག་འཚལ།།གནོད་པ་དག་དང་ཕྲད་གྱུར་ལ།།བདག་གི་སྐྱབས ་ནི་མཛད་པར་གསོལ།།འཇིག་རྟེན་དགྲ་བཅོམ་པ་དེ་གཤེགས་ལ།།ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས།།སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས།ཟླ་བ་ཐར་མཛོད་སྒྲ་གཅན་ལས།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།སྒྲ་གཅན་ཟླ་བ་མུན་སེལ་བ།།ན་མཁའ་དག་ལ་འོད་བྱེད་ཅིང་།།ལམ་མོར་འདུག་ལ་དཀར་བ་དང་།།རྣམ་པར་དགེ་བའི་འོད་ལྡན་པ།།བར་སྣང ་དག་ལ་མེ་བཟུང་བར།།སྐྱེ་དགུའི་སྒྲོན་དེ་མྱུར་དུ་ཐོང་།།དེ་ནས་རངས་བཞིན་སྐུ་གཅན་དེ།།ལུས་ཀྱང་རྡུལ་ཅིང་སྐྲག་གྱུར་ལ།།ནད་པ་བཞིན་དུ་བཏང་བ་ཡིན།།ཟླ་བ་རྣམ་པར་གཏིང ་པཱུར་བྱེད།།དེ་ནས་རྣམ་པོར་སྣང་བྱེད་ཀྱི་བུ་ཆེན་པོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་རིངས་པ་བས་ཀྱང་རེངས་པར་ཟླ་བའི་དཀྱིལ་འཁོར་གཏོང་བ་མཐོང་ངོ་།།མཐོང་ནས་ཀྱང་དེའི་ཚེ ་ཚིགོས་སུ་བཅ་དེ་སྨྲས་པ།ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད།།ལུས་ཀྱང་རྡུལ་ཅིང་སྐྲག་གྱུར་ལ།།ནད་པ་བཞིན་དུ་བརྟང་པ་ཡིས།།རིངས་པར་ཟླ་བ་གཏོང་བར་བྱེད།སྒྲ་གཅན་གྱིས་སྨྲས་པ།། ་སངས་རྒྱས་ཚིགས་སུ་བཅད་འདྲི་བརྗོད་པས།།གལ་ཏེ་ཟླ་བ་མ་བཏང་ན།།བདག་གི་མགོ་བོ་ཚ་ལ་བདུན་འགས།།གསོན་ཡང་བདེ་བར་མི་འགྱུར་རོ།།རྣམ་པར་སྣང་བྱེད་ཀྱི་བུ་ཆེན ་པོས་སྨྲས་པ།ཀྱེ་མ་བདེན་པ་གཟིགས་པ་ཡི།།སངས་རྒྱས་རྣམས་ནི་འབྱུང་བ་རྨད།།དེ་དག་གིས་ནི་ཚིགས་སུ་བཅད།།བརྗོད་ན་སྒྲ་གཅན་ཟླ་བ་གཏིང་།།ཟླ་བའི་མདོ་རྫོག་སོ།། ་