| Wylie | e-texts produced with BDRC’s OCR application |
མདོ་རྫོགས་སོ།།།རྒྱངས་དེ་བེ་ན~ཾ་དྲ་རཱཀྵི་ཏས་ཞུ་ཆེན་བགྱིས་པ།།།རྒྱ་གར་སྐད་དུ།དཾ་བ་ཏུ་སཱུ་ཏྲ།བོད་སྐད་དུ།ལྕིའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མེ་ཉན་ཡད་ནི་རྒྱལ་བུ་རྒྱའི་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནི་བཞུགས་ཏེ།དེ་ན ་མཚན་མོ་མི་ཉལ་ཙམ་ན་ལྷ་མདོག་བཟང་པོ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ ་མགོ་བོས་ཕྱག་བཙལ་ཏེ།ཕྱོགས་གཅིག་ཏུ་འདུག་གོ།དེ་ནས་ལྷ་དེའི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།།དེ་ནས་དེའི་ཚེ ་ལྷ་དེས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།།མཚོན་ཆ་རྣོན་པོ་དེ་གང་ལགས།།ཧ་ལོ་ཧ་ལའི་དུག་གང་ལགས།།རབ་ཏུ་འབར་བའི་མོ་གང་ལགས།།མུན་པ་རབ་གནག་དེ ་གང་ལགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ཚིག་དུག་མཚོན་ཆ་རྣོན་པོ་ཡིན།།འདོད་ཆགས་ཧ་ལ་ཧ་ལའི་དུག།ཞེས་སྡང་རབ་ཏུ་འབར་བའི་མེ།།མུན་པ་རབ་གནག་མ་རི ་པ།།ལྷས་གསོལ་པ།མི་ཡིས་ཟིན་པ་དེ་གླང་ལྗགས།།གང་འདྲིང་བོར་བ་དེ་གང་ལགས།།མ་ཤྲིགས་གོ་ཆ་ཅི་ཞིག་ལགས།།འདྲི་ནི་མཚོན་དུ་ཅི་རྣོ་ལགས།།བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ།།བདག་གིས་གང་བྱིན་ཟིན་པ་ཡིན།།ཁྱིམ་དུ་གང་བཞག་འདིར་བོར་ཡིན།།མི་ཤིགས་གོ་ཆ་བཟོད་པ་ཡིན།།འདི་ན་མཚོན་དུ་ཤེས་རབ་རྣོ།།ལྷས་གསོལ ་ག།ཆོམ་རྐུན་ཞེས་བགྱི་དེ་གང་ལགས།།དམ་པ་རྣམས་ཀྱི་ནོར་གང་ལགས།།ལྷ་དང་བཅས་པའི་འཇིག་རྟེན་ན།།བསླུས་ཤེས་བགྱི་བ་གང་དག་ལེགས།།བཅོམ་ལྡན་འདས ་ཀྱིས་བྱུཀའ་སྩལ་པ།།རྣམ་རྟོག་ཆོམ་རྐུན་མཁས་པ་ཡིན།།ཚུལ་ཁྲིམས་དམ་པ་རྣམས་ཀྱི་ནོད།།གང་དག་ཚུལ་ཁྲིམས་ལོག་ལྷུང་བྱས།།དེ་དག་འཇིག་རྟེན་བསྡུས་པ་ཡི།།ལྷས ་གསོལ་པ།།བདེ་ཞེས་བགྱི་བ་དེ་གང་ལེགས།།དབང་ཕྱུག་དམ་པ་དེ་གང་ལེགས།།རྟགས་ཏུ་རྣམ་པར་རྒྱན་པ་གང་།།མཐོ་བརྩམས་གང་ལེགས་བཀའ་སྩལ་གསོལ།།བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ།།འདོད་ཆུང་བདེ་བར་ཤེས་པར་བྱ།།ཚོགས་ཤེས་དབང་ཕྱུག་དམ་པ་ཡིན།།ཁྲིམས་ལྡན་རྟག་ཏུ་རྣམ་པར་བརྒྱན།།ཚུལ་ཁྲིམས་ཉམས ་པ་མཐོ་བརྩམས་ཡིན།།ལྷས་གསོལ་པ།རྩ་ལག་མཉེས་གཤིན་དེ་གང་ལགས།བསམ་པ་སྡང་བའི་དགྲ་གང་ལགས།།སྡུག་བསྔལ་མི་བཟང་དེ་གང་ལགས།། ་མཆོག་ཏུ་བདེ་བ་དེ་གང་ལགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།རྩཝ་ལག་མཉེས་གཤིན་བསོད་ནམས་ཡིན།།སྡིག་པ་བསམ་པ་སྟེང་བའི་དག།དམྱལ་བའི་སྡུག ་བསྔལ་མི་བཟད་པ།།ཕུང་པོ་མེད་པའི་བདེ་བའི་མཆོག།ལྷས་གསོལ་པ།སྡུག་ལ་མི་ཕན་དེ་གང་ལགས།།བན་ཡང་མི་སྡུག་གང་ཞིག་ལགས།།གནོད་པ་བགྱིད་པའི་ནད་གང་ལགས ་སྨན་པའི་མཆོག་གཅིག་དེ་གང་ལགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།འདོད་པ་སྡུག་ཀྱང་པ་མི་ཕན་པ།།ཐར་པ་ཕན་ལ་མི་སྡུག་པ།།འདོད་ཆགས་གནོད ་པ་མེད་པའི་ནད།།སྨན་པའི་མཆོག་གཅིག་སངས་རྒྱས་ཡིན།།ལྷས་གསོལ་པ།གང་གིས་འཇིག་རྟེན་འདི་བསྒྲིབས་ལགས།། ་གང་གིས་འཇིག་རྟེན་དབང་དུ་གྱིས།གང་གིས་མཛའ་བཤེས་འབྱེད་པར་བགྱིད།།གང་གིས་མཐོ་རིས་མཆི་མི་འགྱུར།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།མི ་ཤེས་པས་ནི་འཇིག་རྟེན་བསྒྲིབས།།གཏི་མུག་གིས་ནི་དབང་དུ་བྱས།།ཞེན་པ་མཛའ་བཤེས་འབྱེད་པར་བྱེད།།ཆགས་པས་མཐོ་རིས་འགྲོ་མི་འགྱུར།།ལྷས་གསོལ ་པ།གང་གིས་མཛའ་བཤོས་འཕེལ་བར་འགྱུར།།གང་གིས་དག་རྣམས་ཞི་བར་བགྱིད།།གང་གིས་མཐོ་རོས་འཐོབ་པར་བགྱིད།།གང་གིས་ཐེར་པར་འགྲོ་བར་འགྱུར།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།གཏོང་བས་མཛའ་བོ་ཤེས་འཕེལ་བར་འགྱུར།།བྱམས་པས་དགྲ་རྣམས་ཞི་བར་བྱེད།།ཚུལ་ཁྲིམས་ཀྱིས་ནི་མ ་རིས་ཐོབ།།ཤེས་པས་ཐུར་བས་འགྲོ་བར་འགྱུར།།ལྷས་གསོལ་པ།རྒྱལ་པོ་དང་ནི་ཚོམ་རྐུན་གྱིས།།ཤིན་ཏུ་བསྒྲིམ་པ་བགྱིས་གྱུར་ན།།སྐྱེས་པ ་འམ་བུད་མེད་གང་གི་འང་རུང་།།དབྲོག་བེར་མི་ཚུགས་ཅི་ཞིག་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་དང་ནི་ཆོམ་རྐུན་གྱིས།།ཤིན་ཏུ ་ཏུ་ས་བ་ཥྚཱ་ཤྩ་།།སྐྱེས་པ་མ་བུད་མེད་གང་གི་འང་ད་།།ག་པར་མ་ཚུགས་ཚུབ་རྣམས་སོ།།སྒྲས་གསལག།འདི།།རྒྱུན་འདི་ན་གང་གྀ་འ།།གང་གོས་འདི་ཏོ་ས ་བ་གྲོལ།།གང་ཞིག་རྣམ་པར་སྤོངས་པས་ན།མྱ་ངན་འདས་ཞེས་བགྱི་བར་བགྱི།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།འདོད་པས་འཇིག་རྟེན་འཆིང་བར་བྱེད།འདོད་པ་མེད་པས་རྣམ་པཾ་གྲིག། ་སྲེད་པ་རྣམ་པར་སྤྱངས་པས་ན།།མྱ་ངན་འདས་ཞེས་བརྗོད་པ་ཡིན།།ལྷས་གསོལ་པ།རླུང་དམེར་གྱིས་ཀྱང་མི་ཤིགས་ཤིང་།ཞུགས་ཀྱིས་མི་འཚིག་དེ་ཅི་ལག་སོ།།དོགས་གཏམ་པར་བགྱིད་པ་ཡི།། ་ཚབ་ཀྱིས་མི་འདྲུས་ཅི་ཞིག་ལགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།རླུང་དེ་མིར་གྱིས་ཀྱང་མི་ཤེས་ཤིང་།།མེས་ཀྱི་མོ་འཚིག་བསྐྱོད་ནམས་ཡིན།ས་རྣམས་ཁེངས་པར་བྱེད་པ་མི། ་ཆུས་ཀྱང་མི་འདྲུལ་བསད་ནམས་སོ།།ལྷས་གསིལ་གཱསུ་ཞིག་ཤིན་ཏུ་བསྡུས་གྱུར་ནས།།འཇིག་རྟེན་འདི་ནས་ཕ་རོལ་མཆིས།།ད་དུང་བདག་གི་དགས་པ་འདི།།ཁྱོད་ཀྱིས་བསལ་བར་མཛོད་པ ་རིགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གང་གིས་ལོང་སྤྱོད་ཡོད་བཞིན་དུ།།བསོད་ནམས་བསགས་པ་མ་བྱས་པ།།དེ་ནི་ཤིན་ཏུ་བསླུས་གྱུར་ནས།།འཇོག་རྟེན་འདི་ནས་ཕ་རོལ་སོང་།། ་ལྷས་གསོལ་པ།།འཇིགས་པ་ཀུན་ལས་འདས་གྱུར་ཅིང་།།རྒོལ་བའི་འཇིག་རྟེན་མཐུ་ལྡན་པའི།།བྲམ་ཟེ་མྱ་ངན་ཡོངས་འདས་པ།།ཀྱེ་མ་བདག་གིས་རིང་ནས་མཐོང་།།བཅོམ་ལྡན་འདས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དེ་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙུལ་ནས་རྗེས་སུ་ཡི་རེངས་སྟེ་དེ་ཉིད་དུ་མི་སྣང་བར ་གྱུར་ཏོ།།ལྷའི་མདོ་རྫོགས་སོ།།།།།རྒྱ་གར་སྐད་དུ།ལླ་དེ་བ་ཏ་སཱུ་ཏྲ།བོད་སྐད་དུ།ལྷའི་མདོ་ཉུང་ངུ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅིད་ལ ་