CLOSE WINDOW

N312: 'phags pa skyes bu dam pa'i mdo
Wyliee-texts produced with BDRC’s OCR application

ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར།།ཞུས་ཆེན་གྱི་ལོ་ཙཱ་བི་བིནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལོ་ཕབ་པ།།།རྒྱ་གར་སྐད་དུ།ཨཱརྱ་སད་ཛྙཱ་ན་པུ་རུ་ཥ་སཱུ་ཏྲ།།བོད་སྐད། ་འཕགས་པ་སྐྱེས་བུ་དམ་པའི་མདོ།།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།།བཅོམ་ལྡན་འདས་མཉན ་ཡོད་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚུལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།།དགེ་སློང་དག་ལྔ་པོ ་འདི་དག་ནི་སྐྱེས་བུ་དམཽ་པའི་སྦྱིན་པ་དག་ཡིན་ཏེ།ལྔ་གང་ཞེ་ན་དགེ་སློང་དག་སྐྱེས་བུ་དམ་པ་ནི་དད་པས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན།གུས་པར་བྱས་ཏེ་རང་གི་ལག་པ་ནས་དྲུང་། ་དུས་སུ་གཞོན་དག་ལ་མི་གནོད་པར་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ།།དགེ་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པར་འདོད་བྱེ་བ་གང་ཞེ་ན།།དད་པས་སྦྱིན ་པ་བྱིན་པས་ཕྱུབ་པོར་འགྱུར་བ་ཡིན།ནོར་མང་བ་དང་།ལོངས་སྤྱོད་ཆེ་བ་ཡིན།ནོར་གྱི་ཡོ་བྱད་མང་བ་ཡིན།།བདག་དབང་བའི་སློང་ཆེ་བ་ཡིན།ནོར་དང་།འབྲུ་དང་།དབྱིག་དང་།གསེར་དང་། ་མཛོད་དང་།།བདེ་བའི་ཚོགས་མང་བ་ཡིན།།བྲན་དང་།བྲན་མོ་དང་།ལས་བྱེད་པ་དང་།ཞོ་ཤོས་འཚོ་བ་མང་བ་ཡིན།།མཛའ་བོ་དང་།བློན་པོ་དང་།ཉེ་དུ་དང་།སྣག་གི་གཉེན་མཚམས ་མང་བ་ཡིན་ཏེ།།དགེ་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམས་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ།།དགེ་སློང་དག་གུས་པར་བྱས་ཏེ།།སྨིན་པའི་འབྲས་བུ་རྣམ་པར་སྨིན ་པ་འདོད་པར་བྱ་བ་གང་ཡང་ཞེ་ན།།གུས་པར་བྱས་ཏེ་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ཡིན།།མཛའ་བོ་དང་།བློན་པོ་དང་།ཉེ་དུ་དང་།སྣག་གི་གཽ་ཉེན་མཚམས་མང་བ་ཡིན་པའི་བར ་སྔ་མ་ཡིན་ནོ།།བུ་དང་།ཆུང་མ་དག་དང་བྲན་དང་།བྲན་མོ་དང་ལས་བྱེད་པ་དང་།ཞོ་ཤས་འཚོ་བ་དང་མཛའ་བོ་དང་།བློན་པོ་དང་ཉེ་དུ་དང་།སྣག་གི་གཉེན་མཚམས་དག་གིས་ཀྱང་བུས་པར ་བྱས་པར་འགྱུར་བ་ཡིན་ཏོ།།དགེ་སློང་དག་གུས་པར་བྱས་ཏེ་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ།།དགེ་སློང་དག་རང་གི་ལག་པ་ནས་སྦྱིན་པའི་འབྲས་བུ་རྣམ ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན།རང་གི་ལག་པོ་ནས་སྦྱིན་པ་བྱིན་པའི་ཕྱུག་པོར་གྱུར་པ་ནས་མཛའ་བོ་དང་།བློན་པོ་དང་ཉེ་དུ་དང་།སྣག་གི་གཉེན་མཚམ་སོ་མང་བ་ཡིན་པའི་བར་སྔ ་མ་བཞིན་ནོ།།དེའི་ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལའང་སེམས།འཇུག་པ་ཡོན།།ཟས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་དང་།།ཐེག་པའི་ལོངས་སྤྱོད་རྒྱ་ཆེན ་པོ་དག་དང་།ནལ་ཆའི་ལོངས་སྤྱོད་རྒྱ་ཆེན་པོ་དོག་དང་།གཟུགས་དང་།སྒྲ་དང་།དྲི་དང་།རོ་དང་།རེག་བྱ་རྒྱ་ཆེན་པོ་དག་ལ་འང་སེམས་འཇུག་པ་ཡིན་ནོ།།དགེ་སློང་དག་རླུང་གི་ལོག་པ་ནས ་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པོར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ།།དགེ་སློང་དག་དུས་སུ་སྨིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན།དུས་སུ་སྦྱིན་པ་བྱིན་པས ་ཕྱུག་པོར་འགྱུར་བ་ཡིན་པ་ནས།།མཛའ་བོ་དང་།བློན་པོ་དང་།ཉེ་དུ་དང་།སྣག་གི་གཉེན་མཚ་མོས་མང་པོའི་བར་སྔ་མ་བཞིན་ནོ།།དེའི་ནོར་དོག་ཀྱང་དུས་སུ་ཐོབ་པ་དང་།།མཽང་ཞིང ་མཐུན་པ་མངོན་དུ་བྱུང་བ་ཡིན་ཏེ།དགེ་སློང་དག་དུས་སུ་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ།།དགེ་སློང་དག་གཞན་ལ་མི་གནོད་པར་སྦྱིན་པ ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ནོ།།གཞན་ལ་མི་གནོད་པར་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ཡིན་པ་ནས་མཛའ་བོ་དང་།བློན་པོ་དང་།ཉེ་དུ་དང་།སྣག ་གི་གཉེན་མཚམས་མང་བའི་བར་སྔ་མ་བཞིན་ནོ།།དེའི་ལོངས་སྤྱོད་གང་དག་བརྩོན་འགྲུས་བརྩམས་པས་ཐོབ་པ་ལགས།།མཐུས་བསྒྲུབས་པ་རྡུལ་ཞིང་དྲི་མ་ཆགས་ཚིགས་སུ ་བསྒྲུབས་པ།།ཆོས་དང་ལྡན་པ་ཆོས་ཀྱི་ཐོབ་པའི་དེ་དག་ལ་ཡང་རྒྱལ་པོ་འམ།རྐུན་པོ་འམ།མེ་འམ།ཆུ་འམ།མི་འཛའ་བ་བགོ་སྐལ་ལ་སྤྱོད་པ་འམ།གང་ལས་ཀྱང་ང་ཆད་མི་འབྱུང ་བློ་ཡིན་ཏེ།།གཞན་ལ་མི་གནོད་པར་སྦྱིན་པ་བྱིན་པའི་འབྲས་བུ་རྣོར་སྨིན་པ་འདི་ལ་འདོད་པར་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།།བདེ་བར་གཤེགས་པས་འདི་སྐད ་ཅེས་གསུངས་ནས་འདི་ལྟར་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།།དད་ཅིང་གུས་པར་བྱས་ཏེ་རང་གི་ལག་པ་ནས།།དུས་སུ་གནོད་པ་མེད་པར་མཁས་པ་སྦྱིན་པ་བྱེད།།སྦྱིན ་པ་རྒྱ་ཆེ་བ་དང་།།ཆེན་པོ་འདིར་བྱིན་ནས།།ཀུན་བགེང་བྱེད་པ་དེ་ནི་བཟང་འགྲོར་འགྲོ་བ་ཡིན།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ།བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་སྐྱེས་བུ་དམ་པའི་མདོ།།རྫོགས་སྷོ།།།།རྔ་རྨ་ཤུད་དྷཱ་པ་རི་པྲི་ཙྪ་ལོ།།རྒྱ་གར་གྱིས་མཁན་པོ་དྷརྨཱ་ཀ་རོ་དང་།ལོཙྪ ་བ་བནྡེ་བཟང་སྐྱོང་གིས་བསྒྱུར།བནྡེ་དཔལ་བརྩེགས་ཀྱིས་ཞུས་ཚོན་བགྱིས།ཤེ།དྷརྨ་ཤུད་དྷོ་པཱ་རི་པྲ་ཙྪའོ།།།རྒྱ་གར་སྐད་དུ།ནིནཱ་ད་པྲ་པྲ་ཛྱཱ་སཱུ་ཏྲ།བོད་སྐད་དུ།དགའ་བ་རབ་ཏུ ་