CLOSE WINDOW

N310: klu'i rgyal po rnga sgra'i tshigs su bcad pa
Wyliee-texts produced with BDRC’s OCR application

རྣམས་ཀྱིས་འགྱོད་།།དགེ་སློང་ཆོག་ངན་འདོན་པ་།།མདུ་སོང་ཆེན་པོས་གསྟན་པ་ན།།དེ་ཕྱིར་ཐུབ་པས་དགེ་འདུན་རྣམས།། ་བསྡུས་ནས་འདི་སྐད་དཀའ་སྩལ་ཏེ།།ཁྱེད་ཅག་ཁ་སྟོབས་ལ་སོགས་པས།།གཅིག་ལ་གཅི་གན་འཚོ་བྱེད་དེ།།ཁྱིམ་ནས་ཁྱིམ་མདོ་རབ་བྱུང་དང་།།དེ་དག ་མཐུན་པ་མ་ཡིན་ནོ།།རྟག་ཏུ་ཡང་དག་དགུར་བྱུང་བློ།།ཆོས་དྲུག་གང་ཡིན་ལ་འཇུག་པ།།འདི་ནི་ཁྱིམ་ནས་ཁྱིམ་མེད་པར།།རབ་ཏུ་བྱུང་བ་རྣམས་དང་མཐུན། ་སྟན་ཀུནཱ་ལ་སྟེད་མྦྷ་བྷྱཱཾཪྻ།འཚེ་བྱ་མེད་དཔེར་ངས་པོ་སྒོམས་ནས།།ཧྲཱི9་བྱང་ཆུབ་དེན་ཀཽནྡྷེ་དྲུག།དགེ་སློང་དུ་ལས་འདི་ཉིན་གྱི།ཤེས་རབ་སྣུན ་ཛཱི་མི་ཡཱི་མྦྷི་།ཐོས་ནི་ནི་དྲུག་པ་རྣམྦུ་རྨོངས་ལ།བྱུ་དང་དད་པ་སྦྱི་གྱི།དགེ་བའི་རྒྱུསྦྲུ་ལ་སྐྱེ་པ་།སྔོན་སྨྱ་དུདུ་གྱུར་།། ་ཀླུའི་རྒྱལ་པོ་གཉིས་བྱུང་བ།།གཅིག་གི་མིང་ནཱ་རྦ་ཞེས་བྱ།།གཉིས་པ་ཉེ་རྔ་ཞེས་བྱའོ།།གཉིས་ཀ་སྲོག་གཙོ་དེ་ལ་སྣ་ལྡོག་ཅིང་།།ཚུལ་ཁྲིམམ་ལྡན་ཞིང ་དབང་ཆེན་གྲགས།།ཀླུ་ཡི་སྐྱེ་གནས་ལ་སྨོད་ཅིང་།།མི་ཡི་སྤྱོད་པ་འདོད་པར་གྱུར།།ཚུལ་ལྡན་མོང་དུ་ཐོས་པ་ནི།།དགེ་སློང་བྲམ་ཟེ་མཐོང་བ་དའོ། ་མི་ཡི་ཚུལ་དུ་བསྒྱུར་ནས་ནི།།བསྙེན་བཀུར་དག་ཀྱང་བྱེད་པར་འགྱུར།།ཟླ་བ་ཕྱེད་དང་ཆེས་བརྒྱད་དང་།།བཅུ་བཞི་བཅོ་ལྔ་གང་ཡིན་པ།།དེ་ལ་ཡན་ལག་བརྒྱད་པ་ཡི།། ་གསོ་སྦྱོང་ལ་ནི་ལྀ་གས་མཉམ་འཇོག།དེ་གཉིས་སྔོན་གྱི་གནས་སྤངས་ནས།།ཡུལ་གཞན་ཞིག་ཏུ་ཕྱིན་པ་དང་།།དེ་དང་ཉེ་བའི་གནས་དེ་ན།།རྔ་སྒྲ་ཞེས་བྱའི་ཀླུ་གནས ་སོ།།ཀླུ་ཡི་སྐྱེས་མཆོག་སྤུན་གཉིས་པོ།།དེ་གཉིས་འོང་བར་ངེས་ཤེས་ནས།།ཁེངས་ཤིང་ཁྲོས་པའི་ཡིད་ཀྱིས་སུ།།དུ་བ་ཅན་གྱི་དབུགས་འབྱིན་ཅིང་།།ཁྱོད་གཉིས ་ཆོས་སྤྱོད་མ་ཡིན་ཏེ།།གཡོན་ཅན་ཚུལ་ངན་མཆོས་པའོ་ཞེས།།རྔ་སྒྲས་ཚིག་ནི་རྩུབ་མོ་ཡིས།།ཡང་དང་ཡང་དུ་སྨོད་པར་བྱེད།།དམན་པས་བསྐྲད་པ་ཐོས་པ་དང་།། ་ཉེ་རྔ་རབ་ཏུ་ཁྲོས་གྱུར་ཏེ།།དེ་ཆེ་ཕུ་བོ་རྔ་ལ་ནི།།ཚིག་རྣམས་ཀྱི་ནི་གོ་བྱས་པ།།ཀྱེ་རྔ་མི་ཡི་འཇིག་རྟེན་དག་འདི་ནི།།ཆོ་ག་ངན་མངོན་དུ་སྨྲ་བས་གདུང་བྱེད་ཅིང་།། ་སྦལ་ཟན་ཆུ་ཡི་འགྲམ་ན་སྐྱེས་པ་ཡིས།།མཆེ་བ་གདུགས་པས་བདག་ཅོག་སྐྲོད་པར་བྱེད།།འདི་ནི་ཆུ་ནང་དུད་འགྲོ་རྣམས་ལ་འཚེ།།ཐང་ལ་མི་རྣམས་ལ་ཡང་འཆ ་བར་བྱེད།།གཙོ་བོ་གལ་ཏེ་བདག་ལ་བཟོད་མཆིས་ཀྱང་།།ཚིག་ངན་སྨྲ་ལོ་ཡིད་ནི་བཟོད་མི་ནུས།།དེང་ནི་འདི་ཡི་གྲོང་ཁྱེར་དང་།།ཕོ་བྲང་གཉེན་འདུན ་བཅས་བརླག་སྟེ།།རྔ་སྒྲ་གཏན་ནས་བླངས་ནས་སུ།།འདི་ནས་བདག་ཅག་འདོད་བར་བྱ།།ཀླུ་ཡི་རྒྱལ་པོ་སྟོབས་པོ་ཆེ།། ་དེ་ཡིས་ནུ་བོའི་ཚིག་ཐོས་ནས།།ཡིད་ལ་བབ་པར་བྱེད་པ་ཡི།།ཚིགས་བཅད་འདི་སྐད་སྨྲས་ཏེ་བསྒོ།།གང་གིས་ཁྱིམ་དུ་ཉིན་ཞག་འགོའ་གནས་ཤིང་།། ་བཟང་དང་བཏུང་བ་ལེགས་པར་བླངས་གྱུར་པ།།དེ་ལ་ཡིད་ཀྱིས་གནོད་པར་མི་བསམས་སྟེ།།བྱས་པ་གཟོ་བ་སྐྱེས་བུ་དམཽ་པས་བསྔགས།།ལྗོན་ཤྲིང་གྲང་གི་གྲིབ ་མ་ཡིས།།ཡུད་ཙམ་ཞིག་ཀྱང་ལེགས་འགེབས་དེའི།།ལོ་མའང་བཅད་པར་མི་བྱ་ན།།ཡོལ་གཱ་ལྗོན་ཤིང་སྨོས་ཅི་དགོས།།ནགས་ཚུལ་ཤིང་ནི་བཅད་དམ ་བསྲེགས་ཀྱང་རུང་།།སླར་ཡང་སྐྱ་འགྱུར་འདི་ལ་ཐེ་ཚོམ་མེད།།ལག་པ་རློནོ་བཅད་ཕྱིར་ཡང་མི་སྐྱེ་ལྟར།།གྲོགས་ལ་འཁུ་བས་ཡུན་རིང་བདེ་མི་ཐོག།།སྐྱེ་བོ ་ངན་པ་ཡུན་རིང་མཆོད་བྱས་ཤིང་།།བཟའ་བཏུང་ཞིམ་པོ་མང་པོས་ཕན་བཏེགས་ཀྱང་།།དེས་ནི་ངེས་པར་གྲོགས་པོ་སྤོང་འགྱུར་ཏེ།།གླང་ཆེན་གྱིས་ནི ་ཀོའུ་ཤིའི་སྤྱིལ་བུ་བཞིན།།ཇི་ལྟར་ཆུ་འགྲམ་ཤིང་ནི་དགྱེལ་འགྱུར་ལྟར།།མི་གང་བློ་ནི་གཡོ་ཞིང་འགྱུར་བྱེད་པ།།དེ་ཡི་མཛའ་བཤེས་བསྟན་པར་མི ་འགྱུར་ཏེ།།ཤཱིང་ཤུན་ཚོན་གྱིས་རས་དཀར་བཙོས་པ་བཞིན།།གལ་ཏེ་མཁས་པས་དག་པོ་དག།མི་དགའ་བར་ནི་བྱེད་འདོད་ན།།སེམས་ལ་སྐྱོན་ནི་མེད་བྱས ་དང་།།དེ་ཉིད་ཀྱིས་ནི་དེར་གནོད་འགྱུར།།རྒྱ་མཚོ་དང་ནི་རི་རབ་དང་།།ས་རྣམས་བདག་གི་ཁུར་མིན་གྱི།།བྱས་པོ་མི་གཟོ་གང་ཡིན་པ།།དེ་ནི་བདག་གི ་ཁུར་ཆེན་ཡིན།།མི་གང་སེམས་ནི་མི་རྒོད་ཅིང་།།བྱས་པ་གཟོ་དྲང་བྱས་པ་ཚོར།།བྱས་པ་ཆུད་གཟོན་མི་བྱེད་པ།།དེ་དག་མཁས་པས་རབ་ཏུ་བསྔགས ་ཆོས་བདེ་བྱམས་པ་བདེ་བ་སྟེ།།འཇུག་ངོགས་བདེ་བའི་ཆུ་ཀླུང་བཞིན།།གྲོག་ལ་འཁུ་བོ་མེད་པ་དང་།།ང་སྙོམས་ང་རྒྱལ་ཟད་པ་བདེ།།ཁེངས་དང་གྲོལ་བྱེད་པ ་རྒྱལ་ཆེ།།སྡིག་པའི་གྲོགས་པོ་བསྟེན་པ་དང་།།སྟོབས་ལྔནི་རྣམས་ལ་རྒོས་བྱེད་པ།།དེ་དག་རྣམས་ཀྱི་གྲགས་པ་འཇིག།དེ་ཕྱིར་ཁེངས་པར་མི་བྱ་སྟེ།།ཁྲོ ་བོ་རྣམ་པར་སྤང་བར་བྱ།།ཁེངས་དང་ཁྲོ་བ་འོངས་འགྱུར་ན།།གྲགས་པ་མཐའ་དོག་འཇིག་པར་འགྱུར།།གྲང་ཞིག་རྒན་དང་བྱིས་པོ་ནད་པ་དང་།།ཉམ་ཆུང ་ཐབས་སྟོར་དེ་བཞིན་དམན་པ་དང་།།རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ།།སྙིང་བརྩེ་མེད་པ་དེ་དག་མིར་མི་རུང་།།རང་གི་ཡུལ་འཁོར་གནས་སྤངས་ཏེ།། ་གཞན་གྱི་ལྗོངས་སུ་ཕྱིན་པ་ན།།ཚིག་དྲན་སོ་སོར་ཟློག་པ་ལ།།བཟོད་པ་ཆེན་པོ་བྱ་དགོས་སོ།།རང་གི་ཡུལ་ནཱ་རྙས་བཞིན་འདུག ་པ་བས།1།མི་རྣམས་གཞུན་གྱི་ཡུལ་ན་གནས་ཀྱང་རུང་།།གང་ན་མི་རྣམས་གཞན་གྱིས་མི་བརྙས་ཏེ།།རུང་གི་ཡུལ་ཡིན་དེ་དག་རང་གི་མི།།མི་མཆོག ་རྣམས་ནི་བརྙས་ཐབས་བྱས་པའི་ཚེ།།ཆུང་མ་སྡུག་དང་ལོངས་སྤྱོད་རྒྱ་ཆེན་གཏོང་།།ངན་པ་རྣམས་ནི་དེ་ནའང་ཡོངས་སུ་འཁྱམ།།བརྙས་ཐབས་བྱས་པ་དེ ་ཡང་ཆུ་བཞིན་འཐུང་།།དར་བ་རྙེད་པ་དགའ་བ་སྟེ།།རྒུད་པ་མེད་པ་ཡིན་པའི་ཕྱིར།།སེམས་ཅན་དམས་པར་གྱུར་པའི་ཚེ།།ཕ་རོལ་འདུག་དང་བདེ་བ་འཐོབ།། ་གལ་ཏེ་ནོར་མེད་ཕྱོགས་ཉུང་ངམ།།མཛའ་བྱ་ཤེས་ཕྱོགས་ཀྱི་སྟོབས་ཆུང་ངམ།།དགྲ་བློ་ཕྱོགས་ཀྱི་སྟོབས་ལྡན་ཚེ།།ཁ་རོག་འདུག་དང་བདེ་བ་འཐོབ།།མི་རྣམས ་ཆོས་མིན་བྱེད་པ་དང་།།འདོད་པའི་ལོངས་སྤྱོད་མངོན་དགའ་ཞིང་།།ངང་ཚུལ་ངོ་ཚ་མེད་པའི་ཚེ།།ཁ་རོག་འདུག་དང་བདེ་བ་འཐོབ།།མི་རྣམས་ཁྲོ་བར་བྱེད་པ་དང་།། ་གནོད་སེམས་མང་པོར་གྱུར་པ་དང་།།གཞན་ལོའང་གདུག་ངའི་ཚུལ་ལྡན་ཚྭ།།ཁ་རོལ་འདུག་དང་བདེ་བ་འཐོ།།མི་རྣམས་དད་པས་མེད་པ་དང་། ་ཁབ་བཞིན་མུ་ཅོར་སྨྲ་བ་དང་།།སྦྱང་དང་གཡོ་དགྲ་བྱེད་པའི་ཚེ།།ཁ་རོག་འདུག་དང་བདེ་བ་འཐོབ།།མཱི་རྣམས་ཚུལ་ཁྲིམས་འཆལ་བ་དང་།།གཏུམ་ཞིང ་གཟུ་ལུམས་བྱེད་པ་དང་།།བདེ་ན་པའི་ཆོས་དང་མི་ལྡན་ཆེ།།ཁ་རོག་འདུག་དང་བྱེད་པ་འཐོབ།།མི་རྣམས་དང་ཚུལ་ངན་པ་དང་།།ལོག་པའི་ལྟ་བས ་བཅོམ་པ་དང་།།གཏུམ་ཞིང་སྡང་པར་གྱུར་པའི་ཚེ།།ཁ་རོག་འདུག་དང་བདེ་བ་འཐོབ།ངོ་ཚ་མེད་ཅིང་བརྫུན་དུ་སྨྲ།།དོན་མེད་ཕྲ་མ་ཚིག་རྩུབ་དང་། ་དབྱེན་དང་ཁྱལ་པ་སྨྲ་བའི་ཚེ།།ཁ་རོག་འདུག་དང་བདེ་བ་འཐོབ།ཡཱ་རབས་ཚུལ་མེད་ཤིན་ཏུ་ཁེངས།།ང་རྨྱིལ་གྱིས་ནི་འགྱིང་བ་དང་།དྲུག་དག་བརྐམ ་དང་ཚུལ་ཉམས་ཚེ།།ཁ་རོག་འདུག་དང་བདེ་བ་འཐོབ།།གང་ཚེ་མེ་ཡི་རུས་རྣམས་དང་།།རིགས་རྣམས་ཤེས་པ་མ་ཡིན་པའི།།མི་དང་ལྷན་ཅིག ་འདུག་པ་ན།།དེ་ཚེ་ང་རྒྱལ་བྱར་མི་རུང་།།གཞན་གྱི་ཡུལ་ན་འདུག་པ་དང་།།གཞན་གྱི་འཚོ་བས་འཚོ་བའི་ཚེ།།ཡུལ་གྱི་ཕྱིར་དང་བདེ་བའི་ཕྱིར།།གཞན ་གྱིས་བརྙེས་པ་དེ་བཟོད་བྱོར།།གཞན་གྱི་ཡུལ་ན་གནས་པ་དང་།།གཞན་གྱི་འཚོ་བའི་འཚོ་བའི་ཚེ།།སྡང་བས་འཁྲུག་པར་གྱུར་པ་ན།།གཞན་གྱིས་བརྙས་པ ་དེ་བཟོད་བྱ།།གཞན་གྱི་ཡུལ་ནཱ་འདུག་པ་དང་།།གཞན་གྱི་འཚོ་བས་འཚོ་བའི་ཚེ།།དམན་པས་བསྐྲད་པར་གྱུར་ཀྱང་རུང་།། ་ཤེས་རབ་ལྡན་པས་དེ་བཟོད་བྱ།།ཀྱེ་མ་ཡུལ་ལོག་བདག་གནས་ཤིང་།།མཛའ་བ་ཤས་ངན་དང་ཕྲད་པ་ན།།བྱིས་པ་རྣམས་དང་འགྲོགས་པ་ཡི།།གནས་སུ་མི ་ངན་རྟེན་བྱེད་མེད།།ཤེས་རབ་ལྡན་པས་དྲི་བསམས་ནས།།མ་ཤེས་མི་དང་འགྲོགས་བྱེད་ཀྱང་།།མཁས་པས་ནོར་དང་ལོངས་སྤྱོད་ཕྱིར།།གཟུ་ལུམས་ཁོ་ནར ་ཁྲོ་མོ་བྱ།།ཇི་ལྟར་ཐལ་བས་བཀའ་བའི་མེ།།རྩཝ་དང་ཤིང་གིས་གཡོགས་པ་ལ།།རླུང་རྣམས་ཀྱིས་ནི་ལེགས་བུས་ན།།ཤིན་ཏུ་རབ་ཏུ་འབར་འགྱུར་ཏེ།། ་རྩཝ་དང་ཤིང་དེ་བསྲེགས་ནས་སུ།།ཆེན་པོར་མཆེད་ཅིང་འབར་བ་ཡིས།།རྩ་དང་གོལ་བ་མང་པ་དག།ལྗོན་ཤིང་ཆེན་པོ་སྲེག་པ་ལྟར།།དེ་བཞིན་རྣམ་རྟོག་བུད་ཤིང ་ལས།།བྱུང་བའི་ཁྲོ་བ་མེ་འདྲ་བས།།བདག་ཉིད་དང་ནི་གཞན་དག་ལ།།ཕུང་ཁྲོལ་ཆེན་པོ་བྱེད་པར་འགྱུར།།དེ་ཕྱིར་ཁྲོ་བ་བྱུང་བ་ན།།ཞེ་སྡང་གཉེན་པོ ་གྱུར་པ་ཡི།།བྱམས་པའི་སེམས་ལ་བསྒོམས་ནས་སུ།།མཁས་པ་རྣམས་ཀྱིས་ཟློག་པར་བྱེད།།བསྟོད་པ་བྱས་ནི་མཛའ་བྱེད་ལ།།མ་བསྟོད ་མ་བསྟོད་མཛའ་བར་མི་བྱེད་ཅིང་།།མོད་ལ་ཡོངས་སུ་སྤོང་བྱེད་པ།།དེ་ནི་བྱིས་པའི་མཚན་ཉིད་ཡིན།།གལ་ཏེ་འདི་ན་བྱིས་པ་དག།སྒྲོ་གཤོག་བཏོགས ་པའི་བྱ་ལྟ་བུར།།བློ་སྤངས་ཤེས་རབ་མ་འཚལ་ན།།མཁས་པ་ཇི་ལྟར་འཚོ་བར་འགྱུར།།གང་ཕྱིར་བྱིས་པ་ཕལ་ཆེ་རི་ནོ།།བློ་གྲོས་སྤངས་ཤིང་ཤེས་འཚལ ་བ།།དེ་ཕྱིར་མཁས་པ་ཤེས་རབ་ཅན།།ཁྱད་པར་དུ་ནི་བདེ་བར་འཚོ།།མཁས་པ་ནོར་རྙེད་དགའ་བོ་རི་མོ་འགྱུར་ལ།།ཕོངས་པར་གྱུར་ཀྱང་མི་འདྲུལ་འཁྲུག ་པ་མེད།།དེས་སུ་བཟུང་ཕྱིར་ཕན་པ་དེ་སྨྲ་ན།།ལེགས་སྨྲ་ཡིན་ཞེས་གཞན་གྱིས་ཅིས་མི་རྟོགས།།མཁས་པ་གཟུ་ལུམས་མེད་པར་གྱུར་པ་དེ།།དེ་ཉིད་དཔྱད ་པ་ལེགས་པར་མཉན་ནས་སུ།།དེ་ལྟར་རྣམ་པར་བསམས་ནས་རང་དོན་དང་།།གཞན་གྱི་དོན་དག་ལེགས་པར་སྤྱོད་པར་བྱེད།།མཁས་པ་རྣམས་ནི་འཚོ་བའི་རྒྱུ་ཙམ ་གྱིས།།སྡིག་པའི་ལས་རྣམས་ཀུན་ཏུ་སྤྱོད་མི་འགྱུར།།གལ་ཏེ་བདེ་དང་སྡུག་བསྔལ་ལྡན་གྱུར་ཀྱང་།།རྟག་ཏུ་ཆོས་དོན་ཡོངས་སུ་གཏོང་བ་མེད།།བློ་ལྡན ་གཡོ་སྒྱུ་ཅན་དུ་མི་འགྱུར་ཏེ།།རྨོངས་པར་མི་འགྱུར་ཚིག་རྩུབ་ཁྲོ་མི་འགྱུར།།ཕོངས་པའི་གནས་ན་མྱ་ངན་མི་བྱེད་པ།།གཞན་གྱིས་གནས་ལ་འབེབས་པར་བྱེད ་སྨྲན།།ཧ་ཅང་ཐལ་ཙཱ་ཞུམ་པ་ཡི།།དམན་པའི་མི་རྣམས་ལ་ཡང་མ་ཡིན་ཏེ།།བར་མའི་གནས་ལ་སྟོན་པར་བྱེད་པ་དག ་དེ་ནི་མཁས་པ་རྣམས་ཀྱི་མཚན་ཉིད་ཡིན།།ཧ་ཅང་ཐལ་བ་རྟག་ཏུ་འཁོན།།ཧ་ཅང་ཞུམ་བ་རྟག་ཏུ་བརྙས།།དེ་ཕྱིར་དེ་གཉིས་སྤངས་ནས་སུ།།གོ་འཕང་བར ་མ་བསྟེན་པར་བྱ།།རེས་འགྲུའ་ལྐུགས་པ་འམ་འོན་པ་ལྟ་བུར་གྱིས།།དུས་ལ་བབ་ནས་བདག་བཞིན་དུ་སྨྲོས།།རེས་འགའ་གངས་རེ་བཞིན་དུ་བསལ་བར་གྱིས། ་དུས་ལ་བབ་ན་མི་ལྕེ་བཞིན་དུ་སྦྱོར།།རེས་འགའ་རྩཝ་དང་འདྲ་བར་ཞུམ་པར་བྱ།།དུས་ལ་བབ་ན་རི་རབ་ལྟ་བུར་གྱིས།།རེས་འགའ་རྒྱལ་པོ་ལྟ་བུར་འགྱུར་བ་བྱེ།།དུས་ལ་བྲབ་ན ་ཐུབ་འདྲ་ནགས་སུ་སོང་།།རེས་འགའ་བཀྲེས་དང་སྐོམ་པའང་བཟོད་པར་བྱ།།དུས་སུ་བདེ་དང་སྡུག་བསྔལ་དང་དུ་བླང་།།ནོར་ཕྱིར་བྲམ་བཞིན་བཀོལ་བར་མི་བྱ་སྟེ། ་ཁྲོ་བྲའི་དབང་དུ་གྱུར་པར་མི་བྱའོ།།རེས་འགའ་དགའ་བའི་གླུ་དང་སིལ་སྙན་གྱིས།།རྩེ་ཞིང་ཤྲ་དང་ཆང་ཡང་སྤྱད་པར་བྱ།།རེས་འགའ་རི་དགས་ལྟ་བུར་འཇིགས ་བཞིན་སོང་།།དུས་སུ་གཅན་ཟན་བཞིན་དུ་ཉམས་རྩལ་བསྟན།།དང་པོར་དུས་དང་དུས་མིན་དང་།།བདག་ཉིད་སྟོབས་ལྡན་སྟོབས་མེད་དང་།།དར་དང ་རྒུད་པ་བརྟགས་ནས་སུ།།དེ་ནས་དོན་རྣམས་ལེགས་པར་བརྩམ།།བཟོད་མེད་རྣམས་ལ་བཟོད་པ་དང་།།བཟོད་ལྡན་རྣམས་ལའང་བཟོད་པར་གྱིས།།ཉམས ་ཆུང་རྣམས་ལའང་བཟོད་པ་དང་།།སྟོབས་ལྡན་རྣམས་ལ་རྟག་བཟོད་ཀྱིས།།འཁོར་གྱིས་འཁོན་ཞིང་རྣམས་ཀྱང་མི་འགྱུར་བས།།བཟོད་མེད་རྣམས་ལའང་བཟོད་པར ་བྱས་ན་ལེགས།།ཁྲོས་པ་རྣམས་ལ་རྟག་ཏུ་དད་པ་དང་།།གཞན་གྱི་སྐྱོན་རྣམས་རྟག་ཏུ་བཅབ་པར་གྱིས།།གཙོ་བོ་རྣམས་ཀྱི་ཚིག་ནི་འཇིགས་ཕྱིར་དང་། ་འཐབ་ཟླའི་ཚིག་དག་འཐབ་བཅུགས་གྱུར་ཕྱིར་བཟོད།།གང་ཞིག་འོག་མའི་ཚིག་དག་བཟོད་བྱེད་པ།།དེ་ནི་བཟོད་པའི་མཆོག་ཅེས་དམ་པས་གསུངས།།གཤེ་དང ་གྱ་ཚོམ་སྨྲ་བ་དང་།།ཚིག་ངན་སྨྲ་བར་བྱེད་པ་ལ།།བློ་གྲོས་ཆུང་ངུ་མི་བཟོད་དེ།།པདྨ་ལ་ནི་རྡོ་ཆར་བཞིན།།གཤེ་དང་གྱ་ཚོམ་སྨྲ་བ་དང་།།ཚིག ་ངན་སྨྲ་བར་བྱེད་པ་ལ།།མཁས་པ་ཤིན་ཏུ་བཟོད་བྱེད་དེ།།གླང་ཆེན་མེ་ཏོག་ཆར་པ་བཞིན།།ཁྲི་བ་དང་ནི་བརྫུན་དག་དང་།།ཚིག་ངནུ་སྨྲ་བར་བྱེད་པ་ལཱ།། ་མཁས་པ་ཤེས་རབ་ལྡན་གྱུར་པ།།གང་ཡིན་དེ་ན་ཐམས་ཅད་བཟོད།།རྡོ་བ་བསྲེགས་ཀྱང་འཇུ་མི་འགྱུར།།ཆར་པ་བབ་ཀྱང་འཇིག་པ་མེད།།དེ་བཞིན་བདེ་དང་།། ་སྡུག་བསྔལ་གྱིས།།མཁས་པ་ཉམས་པར་འགྱུར་བ་མེད།།གང་ཞིག་བདེན་པས་གཤེ་བྱུང་བ།།དེ་ལ་མཁས ་བས་བཟོད་པར་བྱེད།།བདེན་པ་མ་ཡིན་པ་ཡང་བཟོད།།དེ་ལས་གཞན་པ་བསྟན་དུ་མེད།།འདི་ལྟར་སྐྱེས་བུ་མཁས་པ་ནོར་གྱི་ཕྱིར།།སྡུག་བསྔལ ་བཟོད་བྱ་བཟོད་པར་འགྱུར་བར་བྱ།།གལ་ཏེ་མི་བཟོད་མྱ་ངན་རྣམ་སྤངས་ཏེ།།གཞན་དུ་སོང་ན་སྟོང་ཕྲག་རྙེད་དང་འདྲ།།ཡ་ལོ་ག་སྟེགས་ལ་འཇུ་བར་མི ་བྱ་ཞིང་།།ཚོགས་བྲལ་སེམས་ལ་ཆགས་པར་མི་བྱ་སྟེ།།བཟུང་ཞིང་སྡུག་པས་ས་སྟོང་གང་བས་ན།།འཇིག་རྟེན་ཡངས་པ་གཞན་དུ་འགྲོར་ཟང་མོད། ་གོང་ན་བརྙེས་བྱེད་བཀུར་སྒོ་མི་བྱེད་དང་།།སྨོད་པར་བྱེད་ཅིང་སྟོང་པར་མི་བྱེད་ན།།མཁས་དང་བླུན་འགྲོགས་ཆེད་ཀ་མི་ཆེ་བས།།རླུང་རྒྱལ་བཞིན་དུ་མ་སྨ་དེ ་འགྲོ་རིགས།གང་ན་སྐྱེས་བུའིའཐབ་ལ་དག་འགྱུར་ནས།།གཡོ་སྦྱོའོ་བསམ་ལྡན་རྟག་ཏུ་བླངས་ཀྱང་བྱེད།།ཀྱལ་པ་དབྱེན་བརྫུན་ཚི་གོ་རྩུབ་སྐྲ་བྱེད་པ། ་དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་།།གང་ན་མི་རྣམས་འཚོ་བོར་བྱེད་གྱུར་ནས།།ཕན་ཚུན་གནོད་ལ་འབེངས་པར་དགའ་བ་དང་།།ལུས་དང ་ངག་ཡོད་སྡོམ་པ་མེད་གྱུར་པ།།དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་།།གང་ན་མི་རྣམས་ཕྲུག་དོག་བྱེད་གྱུར་ནས།།གཞན་གྱི་རྙེད་ལ་རྟག་ཏུ་མི་བཟོད་ཅིང་།། ་སྡང་བའི་བསམས་པས་རྣམ་རྨོངས་ཚུལ་འཆོས་པ།།དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།།གང་ན་མི་རྣམས་སྡིག་བྱེད་འདོང་གྱུར་ནས།།བཀུར་སྟི ་འདོད་ཅིང་ཚུལ་འཆོས་གཡོ་སྒྱུ་བྱེད།།ནང་ཡང་མ་དག་ཕྱི་ཡང་མ་དག་པ།།དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།།གང་ན་མི་རྣམས་ཞེས་མེད་གྱུར་ནས ་ཡ་རབས་ཚུལ་མེད་ཁེངས་ཤི་ངོ་ང་རྒྱལ་ལྡན།།བྱིས་པས་མཁས་པ་རྟག་ཏུ་བརྙས་བྱེད་པ།།དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།།གང་དང་གང ་དུ་བཟའ་བཏུང་དང་།།གང་དུ་གོས་རྣམས་རྙེད་པ་དང་།།གང་དུ་འཚོ་བ་དེར་སོང་ལ།།ཆགས་འགྱུར་གྲནས་སུམ་འདུག་ཅིག།ལྡན་འགའ་རྩོད་འགྱུར ་སྲེད་པ་གང་ཡིན་སྤོངས།།རྟག་ཁེངས་མཆོད་མེད་ང་རྒྱལ་གང་ཡིན་སྤོངས།།འབྲས་བུ་ངན་པའི་ཁྲོ་བ་གང་ཡིན་སྤོངས།།ཕོངས་དུས་མི་ལྷའི་གྲོགས་པོ་གང ་ཡི་ནི་སྤོངས།།མེ་ཡིས་གང་བའི་ལམ་འདྲའི་མ་རིག་སྤོངས།།བྱས་གཟོ་མེད་པའི་གཉེན་འདྲེའི་འདོད་ཆགས་སྤོངས།།མཚ་བ་མི་བཟད་ཀླུ་འདྲའི ་ཆགས་པ་སྦྱོངས།།དགྲ་བོ་མཚོན་ཐོགས་ལྟ་བུའི་སྡུག་བསྔལ་སྤོངས།།ཀླུ་མོ་ལྟ་བུ་མི་བཟད་ཆུང་མ་སྤོངས།། ་མྱུ་གྲོལ་མེ་འབར་ལྟ་བུའི་བུ་རྣམས་མཐོང་།།འགྲོ་བའི་ནད་བཅས་ལྟ་བུའི་ཁྱིམ་རྣམས་ཐུང་།།བཏུང་བི་དྲུག་ཆེན་ལྟ་བུའི་འདོད་པ་མཐོང་།།ཁྱིམ ་གྱི་ཕྱིར་ནི་གཅིག་བཏང་སྟེ།།གྲོང་ཁྱེར་དོན་དུ་ཁྱིམ་བཏང་ངོ་།།ལྗོངས་ཀྱི་ཕྱིར་ནི་གྲོང་ཁྱེར་ཏེ།།བདག་གི་དོན་དུ་ས་བཏང་ངོ་།།མི་ཡི་ཡན་ལོག ་ཕྱིར་ནི་ནར་བཏང་ཞིང་།།སྲོག་གི་དོན་དུ་ཡན་ལག་བཏང་བར་བྱ།།ནོར་དང་ཡན་ལོག་རྣམས་དང་དེ་བཞིན་སྲོག།ཐམས་ཅད་བཏང་གི་འདིར་ནི་ཆོས་སྲུང་ངོ་།། ་ཆོས་སྤྱོད་པ་ལ་འཇིགས་སྐྲག་མེད་པ་ཉིད།།ཆོས་སྤྱོད་པ་དྲུག་ངན་འགྲོར་མི་འགྲོ་སྟེ།།ཆོས་སྤྱོད་པ་ནི་འདོད་པའི་འདོད་པར་འགྲོ།ཆོས་མི་སྤྱོད་པ ་ཤི་ནས་གདུང་བར་འགྱུར།།མཁས་པ་ནོར་རྙིང་དགའ་བར་མི་འགྱུར་ལ།།ནོར་ཟད་ན་ཡང་བློ་གྲོས་མི་འཁྱར་བར།།འཇིག་རྟེན་དག་ན་ཅི་དགར་ལོགས ་རྒྱུག།སེམས་ཅན་ནང་ན་མི་ཡི་སྙིང་པོར་ཆུད།།གང་ཞིག་དགའ་བས་གཞན་ལ་ནོར་སྦྱིན་ཞིང་།།ང་རྒྱལ་མཆེ་བ་རྣམ་སྤངས་བདེན་ལག་གནས།། ་རྒྱ་མཚོ་འདྲ་བའི་སེམས་ལྡན་དེ་དག་ནི།།དཔའ་བོ་རྟུལ་པོད་ཡ་རླབས་ཐབས་ལྡན་ཡིན།།གང་ཞིག་དེ་དང་དེ་ལ་ལེགས་བསླབས་པས།།དོན་རྣམས་ཀུན་ལ ་མོཁས་པར་གྱུར་པ་དང་།།དེས་ལྔ་འགྲོགས་ན་བདེ་བ་དེ་དག་ནི།།དྲམ་པས་ལེགས་པ་ཡིན་ཞིང་བསྔགས་པ་མཛད།།ཉེ་རྔས་སྨྲས་པ།རྔ་ཁྱོད་ལྔ་ནི ་ཕྱི་ཕྱིར་ཞིང་།།འདི་ལྟར་བདག་ནི་རབ་ཏུ་དང་།།བདུག་གི་ལུས་འདི་སྐམས་པའམ།།ཡང་ན་སེམས་ནི་མེད་ཀྱང་སླ།།སྡུག་བསྔལ་ཤིན་ཏུ་མི་བཟད ་པཱརོ།།ལྟུང་ཡང་ཕྱིན་ཆུད་སྡིག་མི་བགྱིད།།ཚུལ་ཁྲིམས་ཉམས་པ་གསོན་པ་བས།།ཚུལ་ཁྲིམས་ལྡན་པ་ཤི་ཡང་སྨྲ།།སྐྱེ་བ་གཅིག་ཏུ་འདི ་ཡི་ཕྱིར།།ཇི་ལྟ་བུར་ནི་མི་ཟད་སྤྱད།།བཅོམ་ལྡན་འདས་ཀྱིས་བཀྲའ་སྩལ་པ།།སྔོན་ཚེ་གང་དུ་རབ་གནས་ཤིང་།།དེ་དང་དེར་ནི་སྐྱེས་པ་ན།།མི་དགེའི་གྲོགས ་དང་འགྲོགས་པ་ཡིས།།ང་ཡི་མོ་དགེ་ལས་རྣམས་བྱས།།དགེ་བའི་བཤེས་དང་ཕྲད་པ་ན།།མི་དགེའི་ལས་རྣམས་སྤངས་པར་གྱུརརོ།།བཅོམ་ལྡན་དེ་བཞིན་གཤེགས ་པ་ཡིས།།སྔོན་གྱི་གནས་རྣམས་མངོན་མཁྱེན་ནས།།དེ་ཕྱིར་དགེ་སློང་རྣམས་ལ་ནི།།ཐུབ་པས་ལུང་ཡང་བསྟན་པར་མཛད།།སྔོན་ཚེ་དེ་ནི་རྔར་གྱུར་ཏེ། ་ཀུན་དགའ་བོ་ནི་ཉེ་རྔ་ཡིན།།ལྷ་སྦྱིན་རྔ་སྒྲར་གྱུར་ཏོ་ཞེས།།སྐྱེས་རབས་དེ་ལྟར་གཟུང་བར་གྱིས།།ཆོས་རྣམས་སྡང་བར་བྱེད་པ་ཡི། ་དོན་རྒྱས་མདོ་སྡེ་འདི་ཐོས་ནས།།དགེ་སློང་ཐམས་ཅད་གུས་བཅོས་པ།།ཆོས་ལ་སྤྱད་པ་ཉིད་དུ་གྱིས།།ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་རྫོགསོ།། ་