CLOSE WINDOW

N307: gsal rgyal gyi tshigs su bcad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།པྲ་ས་ནི་ཛེ་ཏ་གཱ་ཐཱ།བོད་སྐད་དུ།གསལ་རྒྱལ་གྱི་ཚིགས་སུ་བཅད་པ།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།རྒྱལ་པོ་གསལ ་རྒྱལ་གདུགས་པ་དང་ཅད་པནྡ་དང་།།རྔག་ཡབ་རལ་གྲི་ནོར་བུ་ལྷམ་བཞག་སྟེ།།ཐལ་མོ་སྦྱར་ཏེ་ལེགས་པར་ཕྱག་བཙལ་ནས།།འཇིག་རྟེན། ་མགོན་པོ་ལ་ནི་ཞུ་བ་ཞུས།།པན་པཱར་དགོངས་པ་ཐུགས་རྗེའི་བདག་ཉིད་ཅན།།དེ་བཞིན་གཤེགས་རྣམས་མྱ་ངན་འདས་པ་ན།།མཆོད་པ་བགྱིས་པས་བློ་མཆོག ་ཇི་ལྟ་བུར།།སྲིད་པ་གཞན་དུ་མི་རྣམས་བདེ་བ་ཐོབ།།བཅོམ་ལྡན་མི་ཡི་སེང་གེ་སྔ་ཕྱིའི་མཐའི།།ཆོས་རྣམས་ཀུན་ལ་མངོན་སུམ་སྤྱད་གྱུར་པས།།ཀུན་དགའ ་བཟང་པོ་ཡི་ནི་མངོན་སུམ་དུ།།གསལ་རྒྱལ་ཞུས་ལན་འདི་དག་བཀའ་སྩལ་པ།།ཇི་ལྟར་མཆོད་རྟེན་དག་ལ་མི་རྣམས་ཀྱིས།།མཆོད་པ་བྱིས་པས་སྲིད་པ་གཞན ་དག་ཏུ།།རྣམ་སྨིན་འདོད་པ་སྣ་ཚོགས་ཅི་ཐོབ་པ།།ཞུས་པའི་དོན་དེ་རྒྱལ་པོས་མཉན་པར་གྱིས།།བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི།།སྐུ་གཟུགས། ་རྣམས་ལ་རྡུལ་ཕྲན་ཅི་སྲོང་བ།།དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས།།ལྷ་ཡུལ་ས་སྟེངས་ངེས་པར་རྒྱལ་སྲིད་འཐོབ།།གཟུགས་དང་གཟུགས་མེད་ཁམས་ཀྱི ་ཏིང་འཛིན།།ཕུན་སུམ་ཚེ་ལཱིས་མཆོག་ཀུན་མྱོང་ནས།།ཐ་མར་སྐྱེ་དང་རྒལ་སོགས་པ་ཡི།།སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐབ།།སུ་དག་འདིར་ནི་རྒྱལ་བའི ་གཟུགས་བྱེད་པ།།དེ་དག་གཟུགས་བཟང་ཡོད་འོང་ཡོན་ཏན་ལྡན།།དབང་པོ་བསྡམས་ཤིང་འོདྲ་འདྲ་ཉི་མ་བཞིན།།འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། ་སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ།།དྲོ་ཡི་ལུས་ནི་དྲི་མ་མེད་པ་དང་།།པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས།།ནད་དང་མྱང་ན་སྡུག་བསྔལ ་ཟག་གི་ཡིན་གོན་པོའི་གཟུགས་བྱེད་པ།།བྲན་དུསྐྱེ་མ་ངག་གཞུག་སྐྱེ་མི་འགྱུར།།དབུལ་པོར་མི་འགྱུར་རིགས་དམན་མི་འགྱུར་ཞི་དབང་པོ་རྣམས་ཀྱང་ཉམས་པར་ཡང་མི ་འགྱུར།།ཐུབ་དབང་མཆོད་རྟོན་བྱེད་པར་མི་རྣམས་ནི།།མྱ་ངན་ཡོངས་མེདོ་ལུས་ཀུན་བརྟེན་པ་དང་།།ལོ་སྤྱང་མཆོག་ལྡན་རིན་ཆེན་མཛོད་མ་ལྡན།།དགྲའི་ཚོགས་རྣམས ་ཀྱང་ནི་ཐུབ་པར་འགྱུར།།རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས།།ཆོས་དང་རྗེས་མཐུན་ཆོས་ལ་སྒྲུབ་པ་དང་།།ཚུལ་ཁྲིམས་ཐོས་དང་བཟོད་པའི ་མཆོག་དང་ལྡན།།འཇིག་རྟེན་དག་ན་དོན་ཀུན་གྲུབ་པར་འགྱུར།།མཆོད་རྟེན་མཆོག་ལེ་གདུགས་བརྩེགས་ཕུལ་བ་ཡིས།།ལྕེ་དང་མི་ཡི་ནང་ན་སྐྱེ་བ་དང ་སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན།།བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར།།ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས།།ལྷ་མིའི་འཇིག་རྟེན ་དག་ན་ཆ་རིང་ཞིང་།།ལུས་སེམས་ན་དདང་མྱ་ངན་བྱེད་སྤངས་ཏེ།།རྟག་ཏུ་སྤྱོད་ཅིང་ནོར་གྱིས་བྱུག་པར་འགྱུར།།གས་དངུ ་སྦ་བའི་གླེགས་མས་གཡོགས་པ་ཡི།།ཐུབ་པའི་དབང་པོ་མཆོད་རྟེན་སྐྱེས་པ་ཡིས།།མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ།།ལུས་མཁྲེགས་འོད་ཀྱང ་འབར་ཞིང་མཛེས་པར་འགྱུར།།སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ།།དད་པའི་སེམས་ཀྱིས་བླ་རེ་འདུལ་བྱེད་པ།།དེ་དག་ས་སྟེང་རྒྱ་མཚོའི་མཐོས་ཀླས་པ། ་མ་ལུས་གནོད་མེད་རྒྱལ་གཅིག་དབང་བྱེད་འགྱུར།།འདྲི་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ།།རྣམ་མང་རྒྱ་ཆེན་གདུགས་ནི་བརྟགས་པ་ཡིས ་ལྷ་མིའི་འཇིག་རྟེན་དོག་ན་གདུགས་འདྲི་བར།།ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར།།མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན།།དྲི་མེད་བསོད་ནམས་འགྱུར ་གནས་གྱུར་པ་ལ།།བཱ་དན་མཛེས་པ་སྣ་ཚོགས་འདོགས་པ་དང་།།མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར།།བདེ་གཤེགས་མཆོད་རྟེན ་ཅོད་པན་གཏགས་པ་ཡིས།།མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང་།།བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས།།རྣམ་པར་གྲོལ་བའི ་ཅོད་པན་ཁྱད་པར་འཐོབ།།རྒྱལ་བའི་མཆོད་རྟེན་དག་ལ་དྲི་ལ་ཕུལ་བས།།ཚིག་བཅན་གྲགས་པ་ཆེན་པོ་དག་དང་ལྡན།།ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ ་བ་དྲན།།དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་འཐོབ།།མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ།།དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ།། ་གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྨྲས་པ།།བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས།།སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱེང་འདོགས།།དེ་དག ་དོ་ཤྲལ་རྒྱན་ཕྲེང་ནོར་བུ་དང་།།གདུབ་བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས།།ལུས་བརྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར།།སུ་དག་བདེ་བར་གཤེགས ་པའི་མཆོད་རྟེན་ལ།།སྲ་དང་ལྕི་བས་ཉུག་པ་དེ་དག་ནི།།ལྷ་དང་མིར་སྐྱེ་ལུས་མདོག་སྡུག་པ་དང་།།རྣམ་དག་རྨ་མེད་བདེ་དང་ལྡན་པར་འགྱུར།།ཐུབ་དབང ་མཆོད་རྟེན་བྱེ་དོར་བྱས་པ་ཡིས།།ཤིན་ཏུ་བལྟ་ན་སྡུག་ཅིང་མིག་ཏུ་མཛེསོ།།བྱད་བཞིན་བཟང་ཞིང་པདྨོའི་མདོག་དང་ལྡན།།སྲིད་པའི་སྐྱོན་རྣམས་དང ་ཡང་འབྲལ་བར་འགྱུར།།སུ་དག་སྤོས་མཆོག་སྦྱར་བའི་འབྲུ་མར་གྱིས།།བདེ་བར་གཤེགས་པའི་མཆོད་རྟེན་ཉུག་བྱེད་པ།།དེ་དག་སྤོས་ཀྱིས ་མཆོད་ཅིང་ཅན་དན་གྱིས།།ལུས་ཐུགས་ཉི་མའི་འོད་དང་འདྲ་བར་འགྱུར།།མི་རྣམས་གང་དག་ཐུབ་དབང་མཆོད་རྟེན ་ལ།།སྤྲོས་ཆུ་གཙང་ཞིང་དད་པས་ཁྱུཁྲུས་གསོལ་པ།།དེ་དག་སུས་ལ་དྲི་མ་མེད་པ་དང་།།གདུད་པ་མེད་ཅིང་མདོག་འཇམ་མྱ་ངན་མེད།།སུ་ཞིག་སངས ་མཆོད་རྟེན་སྐུ་གཟུགས་དང་།།ཚུན་ཛྷཻཾ་སྣ་ཚོགས་དག་གིས་མཛེས་བྱེད་པ།།དེ་ནི་བདེ་གཤེགས་མངའི་བུའི་ཡོན་ཏན་རྣམས།།སྣ་ཚོགས་ལྡན་པ་ཀུན་གྱིས ་བརྩེགས་པར་འགྱུར།།སུ་དྲུག་དཔྱི་ཀཱིའི་དུས་སུ་གཙང་མའི་ཆུས།།མཆོད་རྟེན་ཉེ་འཁོར་རྡུལ་རྣམས་ཞི་བྱེད་པ།།དེ་ས་བུད་མེད་རྣམས་ནི་དགའ་བཞིན་དུ། ་རྡུལ་ཡབ་གསེར་གྱི་ཡུ་བ་ཅན་གྱིས་གཡོག།དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས།།འཕགས་པ་དགྱེས་པའི་དཀྱིལ་འཁོར་བྱས་པས་ནི། ་རྐང་ལག་སོར་མོ་དྲ་བས་འབྲེལ་པ་དང་།།ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མད་འགྱུར།།སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་།།འབྲས་ཐུགས ་ཐིག་བྱུང་བ་འཕྲུལ་བྱེད་པ།།དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན།།རི་མཆོག་ཀུན་ཐོབ་མ་རྗེ་སྟོབས་དང་ལྡན།།ཕྲེང་བ་རྒྱན་ཚོན་མེ་ཏོག་ཆད་རྣམས་ཀྱིས། ་སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད།།དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ།།ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན།།སངས་རྒྱས་མཆོད་རྟེན་དག ་ལ་དྲི་ཞིམ་བུལ།།བདུག་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱར་དང་།། ག་རུ་ཡི་གདུག་སྤོས་ཕུལ་བ་ཡིས།།དེ་ཡིས་ལུས་ཀུན་སྤོས་དང་ལྡན་པར་འགྱུར།།སུ་དག་བདེ་བར ་གཤེགས་པའི་མཆོད་རྟེན་ལ།།དགའ་བཞིན་རྔ་ཡ་བོ་རྣམས་ནི་འབུལ་བྱེད་པ།།ཐུགས་དགའ་རྒྱལ་རྣམས་སྙིང་རྗེ་རྔ་ཡབ་ཐོགས།།ཆེ་བ་དེ་ལ་ཚད་ཡང་གཡོབ་པར་བྱེད།། ་ཤིན་ཏུ་དྲི་མེད་ཟླ་བ་ཉ་འདྲ་བའི།།མེ་ལོང་སྡུག་གུ་ཐམས་ཅད་མཁྱེན་ལ་འབུལ།།དེ་དག་ཚེ་རབས་བརྒྱུད་པ་རྣམས་སུ་ཡང་།།ལྷ་མི་རྣམས་ཀྱིས་བལྟ་བར་འོས་པར་འགྱུར།། ་སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལི།།མཆོད་པའི་ཁྱད་པར་ཅི་ཡོད་ཅི་འབྱོར་པ།།འཚམ་པོ་ར་འབུལ་བྱེད་དེ་དག་དྲི་མེད་ཅིང་།།མྱ་ངན་མེད་པའི་བླ་མེད་བྱང ་ཆུབ་ཐོབ།མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ།།སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ།།དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས།། ་ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར།།སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ།།སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དེ།།ཕྱི་མའི་ཚེ་ལ་དག་ཆེན་རྣམས ་ཀྱིས་བརྒྱད།།བཟང་པོའི་སྣོད་འབྱུར་ཡོན་ཏན་རྣམས་དང་ལྡན།།མི་རྣམས་སུ་དག་དགའ་བཞིན་གུས་པ་ཡིས།།བླ་མེད ་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ།།ལུས་ཀྱི་ལས་རྣམས་བྱེད་པདེ་དག་ནི།།སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས།།རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ ་བས།།ཟབ་ཅིང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས།།ཡན་ལག་ལྔ་རྫོགས་ཡིད་འོང་ཚོག་དང་ལྡན།།སྒྲ་སྐད་དག་གིས་འཇིག་རྟེན་འགྲེངས་པར་བྱེད ་སུ་དག་རྒྱལ་བའི་གདུང་ལྡན་བསྟོད་བྱེད་པ།།དེ་དག་གླིང་བུའི་སྒྲ་དྲང་གྲུ་སྤྱན་དང་།།སྒྲ་སྙུན་ཡིད་དུའོང་བ་ཐོབ་པ་དང་།།སོ་སོ་ཡང་དག་པ་རིག་པའངོ་ཐོབ་པར ་འགྱུར།།མི་རྣམས་གང་དག་རྩཝ་ཤིང་སོ་ཕག་གིས།།འཇིག་རྟེན་བླ་མའི་སྤྱི་གེ་པོ་རིག་པས་བྱེད།།ཡང་ན་གཞན་དག་བྱང་དུ་འཇུག་ཀྱང་རུང་།།དེ་དག། ་འགྲོ་བ་རྣམས་ཀྱི་སྐྱབས་འདྲར་འགྱུར།།མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད།།དེ་དག་འགྲོ་བ་རྣམས་སུ་འཁོར་བ་ནོ།།ལྷ་དབང་གནས་འདྲའི་ཁང ་ཁྱིམ་འོད་འབར་པོ།།དུས་ཚིགས་ཀུན་ཏུ་བདེ་ལྡན་ཐོབ་པར་འགྱུར།།མཐོ་རིས་ལས་བཟང་འབྲས་བུའི་གནས་རྣམས་སུ།།བསྐུལ་པ་དགའ་བྱེད་རྟག་ཏུ ་དགའ་བཞིན་དུ།རྐྱེན་པར་བྱེད་ང་མྱ་ངན་མོད་པ་དང་།།ཟླུམྱུ་ཞི་བའི་གོ་འཕང་ཐོབ་པར་འགྱུར།།གུང་དག་འཇའ་ཁུགས་འདྲ་བའི་རྟ་བབས་མཛེས། ་ཐུབ་པའི་ཆ་བ་སྒོར་སྣོང་བྱེད་དེ་དག་ནི།།སྐྱིད་པ་གཞན་དུ་ཁང་ཁྱིམ་སྒོ་དང་བཅས།།རྣམ་པར་བརྒྱན་པ་རྣམས་ནི་ཐོབ་པར་འགྱུར།།མི་རྣམས་གང་དག་སྟོན་པའི་སྒྲ ་གྷ་དུང་ཁང་།།བསྲོང་ཕྱིར་དད་པས་འོབས་དང་སྒོ་འཛུགས་པོ།།དེ་དག་ཚེ་རབས་གཞན་དུ་དག་རྣམས་ཀྱིས།།དང་གཱ་ཡོན་རྣམས་དང་འབྲལ་བར་ཡོད་མི་ནུས ་མི་རྣམས་སུ་དག་མཆོད་རྟེན་རྙིང་པ་རྣམས།།གཞན་གྱི་དོར་བྱེད་མ་ཡིན་རང་གི་བློས།།ངལ་ཚེམས་བྱེད་པའི་སྐྱེ་བོ་དེ་དག་ནི།།ལུས་བཟང་ཡོན་ཏན་དམ་པས ་རྐྱེན་པར་འགྱུར།།རྒྱལ་བའི་མཆོད་རྟེན་མྱེ་ཏོག་རྙིང་བསལ་བོས།།འདོད་ཆགས་ཆགས་མེད་ཞེ་སྡང་སྡང་མི་འགྱུར།གཏི་མུག་རྨོངས་མེད་ལྟ་ངན་ཆགས ་མི་གྱུ།མི་རྣམས་རབ་ཏུ་དགའ་ཞིང་སྐྱིད་པར་འགྱུར།།སུ་དྲུག་གླང་ཆེན་དྲིལ་སྤངས་སྨྲ་བར་བརྟེན།།དུལ་བའི་རྟ་དོང་སྦྱར་བིའི་ཤིང་རྫྫ་དག།སྟོན ་དང་ནི་འཕགས་པའི་ཚོགས་ལ་འབུལ།།དེ་དག་བླ་ན་མེད་ཐེག་ཆེན་ཐེབ་པར་འགྱུར།།སྐྱེ་བོ་སུ་དག་འཇིག་རྟེན་མགོན་པོ་ལ།རིན་ཆེན་འབར་བ་ཡིད ་འཐད་པ་རྣམས།།འབུལ་བ་དེ་དག་རིན་ཆེན་བདུན་པོ་དང་།།བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་འཐོབ།།རྒྱལ་བའི་མཆོད ་རྟེན་ལ་ནི་གོས་ཕུལ་བས།བསོད་ནམས་བྱས་པ་ངོ་ཚའི་གོས་གྱོན་ཏེ།།དགའ་ཞིང་ཡོན་ཏཱན་ཀུན་ལྡན་སོར་སྣ་མེད།།མདོག་ཀྱང་འཇམ་ཞིང་ཁ་དོག་གོ་སྡེར་འདྲར ་འགྱུར།།དཔེ་མེད་མཆོད་རྟེན་མར་མི་ཕུལ་བ་ཡིས།།ུཏྤ་ལ་སྔོན་པོ་ཁ་བྱཾ་འདྲ་ཡི་མིག།གསལ་ཞིང་སྡུག་ལ་མིག་གི་དཀྱུས་རིང་མཛེས།།དྲི་མ་མེད ་པའི་ལྷ་ཡི་མིག་དང་ལྡན།།སུ་དག་མཆོད་རྟེན་མར་མེ་དང་ར་བ་འབུལ།།དེ་དག་མིག་ཏུ་སྡུག་ཅིང་མཛོད་རབ་རྒྱས།།མིག་གི་དཀྱུས་རིང་མཐོན་ཀའི་མདོག་དང ་ལྡན།།སྐྱེས་བུ་བུད་མེད་དག་གིས་བལྟ་བའི་འོས།།མཚན་མོ་ཐུབ་ཆེན་སྨན་སྔར་ཐལ་སྦྱར་འཁོར།།འབྱོར་དང་མཚན་མ་མར་མེའི་སྡོང་བུ་འབུལ།། ་དེ་དག་སྲིད་པོ་གཞན་དུ་འབྲས་བུར་ལྡན།།རིན་ཆེན་རགས་པའི་འོ་ལྡན་ལུས་ཀྱང་འཐོབ།།རྒྱལ་ལ་ཕུལ་པོའི་མར་མེ་འཆི་བླ་ན།།དགའ་བའི་སེམས ་ཁྱིམ་འདིར་ནི་དགའ་བཞིན་དུ།།སྙིང་བ་སྐུལ་བར་བྱེད་པ་དེད་ནི།སྐྱོན་ལྔ་དག་ཀྱང་ངེས་པོར་འཐོབ་པར་འགྱུར།།མི་རྣམས་གང་དག་དགེ་བའི་སེམས ་ལྡན་པས།།རྒྱལ་བའི་མཆོད་པ་གཞན་གྱིས་བྱས་པ་ལ།།རྗེས་སུ་ཡི་རང་དྲོན་དེ་མུ་བྱས་ཀྱང་།།མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར།།ཚུལ་ཁྲིམས ་ལྡན་པ་ཕྱོགས་ནས་ལྷགས་པ་ལ།།སུ་དག་དྲགའ་བཞིན་མལ་སྟེན་སྦྱིན་བྱེད་པའི།།མི་རྣམས་འགྲོ་བ་དག་ཏུ་འཁོར་བ་ན།།གསེར་གྱི་ཁྲི་དེང་སྟན་གྱི་མཆོག་རྣམས ་འཐོབ།།སུ་དག་རབ་ཏུ་བྱུང་དང་འཚམ་པ་ཡི།།ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ།།དེ་དག་འཁོར་བའི་དགོན་པར་གནས་པ་ན།།ཁ་ཟས་ཁ ་དོག་རོ་ལ་སོགས་ལྡན་འཐོབ།།སུ་དག་རབ་ཏུ་བྱུང་དང་འཚམ་པ་ཡི།།བཻཏུང་བ་རྒྱོ་ཆེན་དགེ་འདུན་སྦྱིན་བྱེད་པ།།དེ་དག་འཁོར་བའི་དགོན་པར་གནས་པ་ན།། ་བཏུང་བ་ཁ་དྲོག་རོ་ལ་སོགས་པ་འཐོབ།།སུ་དག་འཇིག་རྟེན་བླ་མས་གསུངས་པ་ཡི།།དམ་ཆོས་ཚུལ་བཟང་ཐོས་ནུས་ཉམས་སུ་ལེན།།དེ་དག་ཉོན་མོངས་ཆུ ་རླབས་རབ་འཇིགས་པའི།།སྲིད་པའི་རྒྱ་མཚོ་མྱུར་དུ་རྒལ་བར་འགྱུར།།རྒྱལ་པོ་དགེ་བའི་ལས་འདི་ཐམས་ཅད་ནི།།འཁོར་བའི་བདེ་བ་སྣ་ཚོགས་སྨིན་གྱུར ་ནས།།སངས་རྒྱས་ཀྱི་ནི་བྱང་ཆུབ་དམ་པ་ཡི།།འབྲས་བུ་བདེ་བླག་ཁོ་ནར་ཐོབ་པར་འགྱུར།།དེ་ནས་རྒྱལ་པོ་དགའ་མདངས་ལྡན་པ་ཡིས།།དྲང་སྲོང ་དཀུ་རླན་སྣ་བྱས་ནས་ཀྱང་།།ཐུབ་དང་ནབས་ལ་མག་གོས་།པ་མན ་གསལ་རྒྱལ་གྱི་ཚིགས་སུ་བཙུད་པོ་རྫོག་སོ།།།རྒྱུ་གློར་སྤྱད་དུ ་