CLOSE WINDOW

N305: 'phags pa de bzhin gshegs pa'i gzugs brnyan bzhag pa'i phan yon yang dag par brjod pa zhes bya ba'i chos kyi rnam grangs
Wyliee-texts produced with BDRC’s OCR application

ཨཱརྱ་ཏ་ཐཱ་ག་ཏ་པྲ་ཏི་བྷིམྦ་པྲ་ཏིཥྛ་ཨ་ནུ་ཤཱཾ་སཱ་སེམྦ་ང་ན་ཏི་ནཱ་མ་དྷརྨ་པཪྻཱ་ཡ།བོད་སྐད་དུ།འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞོག་པའི་པན ་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས ་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།།དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་ཅིག་རིམ་གྲོལ ་གནས་སུ་ལྷགས་ཏེ་འདུག་ནས་བར་སྐབས་དེར་གཏམ་འདི་ལྟ་བུ་ཞིག་གླེངས་སོ།།ཁྱེད་ཅག་ལ་བྲམ་ཟེ་འམ།ཁྱིམ་བདག་དྲད་པ་ཅན་ཐོས་པ་འཛིན་པ།ཐོས་པ་བསགས་པ།། ་དགེ་བ་ཇི་ལྟར་བྱ་ཞེས་ཚལ་བ།དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པར་སྤྲོ་བ་སྐྱེད་པ་དགེ་གལ་ཏེ་བདག་ཅག་གི་དྲུང་དུ་ལྷགས་ནས་བཙུན་པ་དག་དེ་བཞིན་གཤེ ་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་བ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ན།དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པ་ལ ་ཕན་ཡོན་ཇི་ཙམ་ཞིག་ཡོད་པ་བདག་ཅག་གིས་མི་ཤེས་ཏེ།དེའི་ཚེ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་མཐུན་པར་ལན་གདབ་པར་བྱ།གང་དོན་འདི་དག་ཉིད་ནི ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ།།ཐམས་ཅད་གཟིགས་པ།ཐེ་ཚོམ་ཐམས ་ཅད་གཅོད་པར་མཛད་པ།སྟོན་པ་དེ་ལ་བདག་ཅག་གིས་ཞུའོ།།འོན་ཏང་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན་པར་མཛད་དེ།བདག་ཅག་གིས་དེ་བཞིན ་བཟུང་ནས་བྲམ་ཟེ་དང་།ཁྱིམ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་ཕྱེ་སྟེ་ལན་གདབ་པར་བྱའོ་ཞེས་བགྲོས་སོ།།དེ་ནས་དགེ་སློང་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་གལ ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མག་པོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།།ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་རབ་ཏུ་མང་པོ་དག་གིས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་དེར་ལྷགས་ཏེ་འདུས་པ་དང་བར་དེར་བཀའ་མཆེད ་འདི་ལྟ་བུ་ཞིག་གྲངས་ཏེ།ཁྱེད་ཅག་ལ་བྲམ་ཟེ་འམ།ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ།ཐོས་པ་བསྔགས་པ།དགེ་བ་ཇི་ལྟར་བགྱི་ཞེས་ཚོལ་བ་དེ་བཞིན ་གཤེགས་པའི་གཟུགས་བརྙན་བགྱི་བར་སྤྲོ་བར་སྐྱེས་པ་དག་གདའ་ལ།དེ་དག་གལ་ཏེ་བདག་ཅག་གི་དྲུང་དུ་མཆིས་ནས།བཙུན་པ་དག་དེ་བཞིན་གཤེགས་པའི་གཟུག ་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ན།དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པ་ལ་ཕནཱ་ཡོན ་ཇི་ཙམ་ཞིག་མཆིས་པ་བདག་ཅག་གིས་མ་མཚལ་ན།དེའི་ཚེ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་མཐུན་པར་ལན་གདབ་པར་བགྱི།གང་དོན་དེ་དག་ཉིད་ནི ་བཅོམ་ལྡན་འདས་དེ་བཞིན་གཤོགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ།ཐམས་ཅད ་གཟིགས་པ།ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ།སྟོན་པ་དེ་ལ་བདག་ཅག་གིས་ཞུ་བར་བགྱིའོ།།འོན་ཏིང་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང ་སྟོན་པར་མཛད་དེ།བདག་ཅག་གིས་དེ་བཞིན་དུ་བཟུང་ནས་བྲམ་ཟེ་དང་།ཁྱིམ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་ཕྱེ་སྟེ་ལྡན་གདབ་པར་བགྱིའོ་སྙམ་བགྱིད་དོ།། ་བཙུན་པ་བཅོམ་ལྡན་འདས་དོན་དེ་དག་ཉིད་བདག་ཅག་ཞུ་ཞིང་མཆིས་ན།བཙུན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགསཽ་དེའི་གཟུགས་བརྙན་བགྱིད་པའི་གང ་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་གྱི།བཀའ་སྩལ་པ།དགེ་སློང་དག་སྐྱེ་བོ་མང་པོ་ལ་ངན་པ་དང་།སྐྱེ་བོ་མང་པོ་ལ་བདེ ་བ་དང་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུས་ཏེ།ཁྱོད་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དདག་པར་རྫོགསོ་པའི་སངས་རྒྱས ་ལ་དོན་དེ་ཉིད་ཞུ་བར་སེམས་པ་ལེགས་སོ་ལེགས་སོ།།དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་བསྟན་པར་བྱའོ།།དགེ་སློང་དག ་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕྱན་ཡོན་འད་ལ་ཡོད་དེ།ལྔ་གང་ཞེ་ན།གཞལ་མེད་ཁང་ཆེན་པོར་གནས་པ་དང་།བོང་སྟེང་བཟང་བར ་བླགས་པ་དང་།སྤྲོ་བ་མང་བ་དང་ཚ་རིང་བ་དང་གྲགས་པ་དང་།བདེ་བ་མང་བ་སྟེ།དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག ་སྦྱིན་པ་པོ་ལ་ཕན་ཡོན་དང་པོ་ཡིན་ནོ།།གཞན་ཡང་ཕྱུག་པོ་དང་ནོར་མང་བ་དང་ལོངས་སྤྱོད་ཆེ་བ་དང་།ནོར་རྫས་དང་།ཡོ་བྱད་མང་བ་དང་བདག་དབང་པོ་བདག་གིར་བྱ་བ་མར ་བོ་དང་།ནོར་དང་འབྲུ་དང་དབྱིག་དང་གསར་དང་མཛོད་དང་བང་པའི་ཚོགས་མང་བ་དང་རྟ་དང་གླང་པོ་ཆེ་དང་བ་ལང་དང་ལུག་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ ་མང་བ་དང་བློན་པོ་དང་མཛའ་བཤེས་དང་གཉེན་དང་སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ།དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག ་སྦྱིན་པ་པོའི་ཕན་ཡོན་གཉིས་མ་ཡིན་ནོ།།དགེ་སློང་དག་གཞན་ཡང་གཟུགས་བཟང་པོ་དང་།དེ་ལྟ་ན་སྡུག་པ་དང་།མཛེས་པ་དང་མདོག་གསེར་ལྟར་བཟང་བ་དང་། ་མགོ་གདུགས་ལྟར་ཟླུམ་པ་དང་ལག་པ་རིང་བ་དང་དཔྲལ་བ་དབྱེས་ཆེ་བ་དང་།སྨིན་མཚམས་པར་མ་ཆད་པ་དང་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་རྒྱན ་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ།དགེ་སློང་དྲག་འདི་དག་ནི་དེ་བཞིན་གཤེགས་པའི་གཟུགས་བསྟན་བྱེད་པའི་གང་ཟག ་སྦྱིན་པ་པོའི་ཕན་ཡོན་གསུམ་པ་ཡིན་ནོ།།དགེ་སློང་དག་གཞན་ཡང་འཁོར་ལས་སྒྱུར་བའི་རྒྱལ་བ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་།བུ་སྟོང་གིས ་བསྐོར་བར་འགྱུར་ཏེ།དེའི་བུ་འམ་ཆུང་མ་འམབྲནྡ་ནམ་ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་།བཀའ་ཉན་པར་བྱེད། ་དགེ་སློང་དག་འད་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡིན་བཞི་པ་ཡིན་ནོ།།དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ནས ་བདེ་འབྲི་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ།དྲེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་།ལྷའི་བུ་དང་ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར ་སྱགནས་བཅུ་པོ་ལྷའི་ཚེ་དང་ལྷའི་མདོག་དང་།ལྷའི་སྟོངས་དང་ལྷའི་དདོ་བ་དང་།སྐུའི་དབང་ཕྱུག་ལ་དབང་བྱེད་པ་དང་།ལྷའི་གཟུགས་དང་སྒྲ་དང་དྲི་ངོ ་རོ་དང་རིག་བྱ་རྣམས་ཀྱིས་དགའ་བར་བྱེད་དོ།དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ན། ་ན་ས་རྒྱས་ད།།ས་སྤྲུལ་པ་དང་།དགེ་སྤྱོད་དག་བཅོམ་ལྡན་འདས་ཀྱིས་བྱུ་སུངས་པལ་ཡི་རངས་ཏེ་མངོན་པར་བསྟོད་།།འདབས་པདྨ་བཞིན་པ་རྨུགས། ་ཇིག་ཅེནས་བཙུན་བནན་པའི་ལྡན་སྨོན་ཡང་དགེ་བར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲང་ས་རྫོགས་སོ།།།རྒྱ་གར་གྱི་མཁན་པོ ་ཀདི།ཙྪབ་བ་མ་ཤེས་སྙིད་ངོས་བསྒྲུ་ས་པ་རྟོགས་ཀྱི་ས་ཆེན་བཻ་ནྟི་ས+འུ་དྷཱ་གཏན་ལ་པ། ་