| Wylie | e-texts produced with BDRC’s OCR application |
བཞིའི་མདོ་རྫོགས་སོ།།།།རྒྱ་གར་སྐད་དུ།རྻ་བི་ནི་ཤྩ་ཡ་ནཱ་མ་དྷརྨ་པཪྻཱ་ཡ།བོད་སྐད་དུ།དོན་རྣམ་པར་ངེས ་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན ་འདས་མཉན་ཡོད་ན་ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་རི་དགས་འཛིན་གྱི་མའི་ཁང་པ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགསོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲིན་ལྟར་ཟབ་ཅིང་སྙན་ལ་རྒྱ་ཆེ་བའི་ཚངས་པའི་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ།ཚངས ་པར་སྤྱོད་པ།ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང་པོ།།ཚིག་འབྲུ་བཟང་པོ།མ་འདྲེས་པ།ཡོངས་སུ་རྫོགས་པ།ཡོངས་སུ་དག་པ།ཡོངསུ ་བྱང་བ་འདི་ལྟ་སྟེ།དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱས།དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཤིག་དང་བཤད་དོ།། ་དགེ་སློང་དག་གིས་བཅོམ་ལྡན་འདས་ལེགསོ་ཞེས་གསོལ་ཏེ།བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་།བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དགེ ་སློང་དག་དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཞེ་ན།འདི་ལྟ་སྟེ།ཕུང་པོ་ལྔ་དང་།ཉེ་བར་ལེན་པའི་ཕུང་པོ་ལྔ་དང་།ཁམས་བཅོ་བརྒྱད་དང་།སྐྱེ ་མཆེད་བཅུ་གཉིས་དང་།རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་།འཕགས་པའི་བདེན་པ་བཞི་དང་།དབང་པོ་ཉི་ཤུ་རྩ་གཉིས་དང་།བསམ་གཏན ་བཞི་དང་།ཚངས་པའི་གནས་པ་ནི་དང་།ལམ་བཞི་དང་།ཏིང་ངེ་འཛིན་བསྒོམ་པ་བཞི་དང་།དྲན་པ་ཉེ་བར་བཞག་པ་བཞི་དང་།ཡང་དག་པར་སྤོང་བ་བཞི་དང་། ་འཕྲུལ་གྱི་རྐང་པ་བཞི་དང་།དབང་པོ་ལྔ་དང་།སྟོབས་ལྔ་དང་།བྱང་ཆུབ་ཀྱི་ཡན་ལག་བདུན་དང་།འཕགས་པའི་ལམ་ཡན ་ལྷག་བརྒྱད་པ་དང་།དབུགས་རྔུབ་པ་དང་འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་དང་།རྒྱུན་དུ་ཞུགས་པའི་ཡན་ལག་བཞི་དང་།དེ་བཞིན་གཤེགས་པའི་སྟོབས་བཅུ་དང ་མི་འཇིགས་པ་བཞི་དང་།སོ་སོ་ཡང་དག་པར་རིག་པ་བཞི་དང་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་།སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། ་དཔེ་བྱད་བཟུང་པོ་བརྒྱད་ཅུ་སྟེ།དགེ་སློང་དག་འདི་ནི་དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་མདོར་བསྟན་པའོ།།དགེ་སློང་དག་དེ་ལ་ཕུང་པོ་ལྔ་གང་ཞེ་ན།འདི་ལྟ་སྟེ། ་གཟུགས་ཀྱི་ཕུང་པོ་དང་།ཚོར་བའི་ཕུང་པོ་དང་།འདུ་ཤེས་ཀྱི་ཕུང་པོ་དང་།འདུ་བྱེད་ཀྱི་ཕུང་པོ་དང་།རྣམ་པར་ཤེས་པའི་ཕུང་པོ་སྟེ།དགེ་སློང་དག་འདི་དག་ནི ་ཕུང་པོ་ལྔའོ།།དགེ་སློང་དག་དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་གང་ཞེ་ན།འདི་ལྟ་སྟེ།གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་།ཚོར་བ་ཉེ་བར་ལེན་པའི་ཕུང ་པོ་དང་།འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་དང་།འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་དང་།རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་སྟེ།།དགེ ་སློང་དག་འདི་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ།།དགེ་སློང་དག་དེ་ལ་ཁམས་བཅོ་བརྒྱད་གང་ཞེ་ན།འདི་ལྟ་སྟེ།མིག་གི་ཁམས་དང་།གཟུགས་ཀྱི་ཁམས་དང་།མིག ་གི་རྣམ་པར་ཤེས་པའི་ཁམས་དང་།རྣ་བའི་ཁམས་དང་།སྒྲའི་ཁམས་དང་།རྣ་བོའི་རྣམ་པར་ཤེས་པའི་ཁམས་དང་།སྣའི་ཁམས་དང་།དྲིའི་ཁམས་དང་།སྣའི་རྣམ་པར ་ཤེས་པའི་ཁམས་དང་།ལྕེའི་ཁམས་དང་།རོའི་ཁམས་དང་།ལྕེའི་རྣམ་པར་ཤེས་པའི་ཁམས་དང་།ལུས་ཀྱི་ཁམས་དང་།རེག་བྱའི་ཁམས་དང་།ལུས་ཀྱི་རྣམ་པར་ཤེས་པའི ་ཁམས་དང་།ཡོད་ཀྱི་ཁམས་དང་།ཆོས་ཀྱི་ཁམས་དང་།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ།དགེ་སློང་དག་འདི་དག་ནི་ཁམས་བཅོ་བརྒྱད་ཅེས་བྱའོ།།དགེ་སློང ་དག་དེ་ལ་སྐྱེ་མཆེད་བཅུ་གཉིས་གང་ཞེ་ན།འདི་ལྟ་སྟེ།མིག་ནང་གི་སྐྱེ་མཆེད་དང་།གཟུགས་ཕྱིའི་སྐྱེ་མཆེད་དང་།རྣ་བ་ནང་གི་སྐྱེ་མཆེད་དང་།སྒྲ་ཕྱིའི་སྐྱེ་མཆེད་དུ ་སྣནང་གི་སྐྱོནཆེད་དང་།དྲི་ཕྱིའི་སྐྱེ་མཆེད་དང་།སྐྱེ་ནང་གི་སྐྱེ་མཆེད་དང་།རོ་ཕྱིའི་སྐྱེ་མཆེད་དང་།ལུསོ་ནང་གི་སྐྱེ་མཆེད་དང་།རེག་བྱ་ཕྱིའི་སྐྱེ་མཆོད་དང་། ་ཡིད་ནང་གི་སྐྱེ་མཆེད་དང་།ཆོས་ཕྱིའི་སྐྱེ་མཆེད་དེ།དགེ་སློང་དག་འདི་དགོནི་སྐྱེ་མཆེད་བཅུ་གཉིས་ཞེས་བྱའོ།།དགེ་སློང་དག་དེ་ལ་རྟོན་ཅིང་འབྲེལ་པར་འབྱུང ་བ་ཡན་ལག་བཅུ་གཉིས་གང་ཞེ་ན།འདི་ལྟ་སྟེ།མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར།། ་ཤེས་པ།རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས།མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐེ་མཆེད་དྲུག།སྐྱེ་མཚོད་དྲུག་གི་རྐྱེན་གྱིས་རིག་པ།རེག་པའི ་རྐྱེན་གྱིས་ཚོར་བ།ཚོར་བའི་རྐྱེན་གྱིས་སྲེད་པ།སྲེད་པའི་རྐྱེན་གྱིས་ལེན་པ།ལེན་པའི་རྐྱེན་གྱིས་སྲིད་པ།སྲིད་པའི་རྐྱེན་གྱིས་སྐྱེ་བ།སྐྱེ་བའི་རྐྱེན་གྱིས ་རྒོ་ཤི་དང་།མྱ་ངན་དང་།སྨྲེ་སྔགས་འདོན་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པ་རྣམས་འབྱུང་པོར་འགྱུར་ཏེ།དེ་ལྟར་སྡུག ་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འབྱུང་བར་འགྱུར་རོ།།མ་རིག་པ་འགགས་པས་འདུ་བྱེད་འགག།འདུ་བྱེད་འགགས་པས་རྣམ་པར་ཤེས་པ ་འགག།རྣམ་པར་ཤེས་པ་འགགས་པས་མིང་དང་གིཟུགས་འགག།མིང་དང་གཟུགས་འགོགོས་པས་སྐྱེ་མཆེད་དྲུ་གོ་འགག།སྐྱེ་མཆེད་དྲུག་འགགས ་པས་རེག་པ་འགག།རེག་པ་འགགས་པས་ཚོར་བ་འགག།ཚོར་བ་འགགས་པས་སྲེད་པ་འགག།སྲེད་པ་འགགས་པས་ལེན་པོ་འགག།ལེན་པ ་།འགྲོགས་པས་སྲིད་པ་འགག།སྲིད་པ་འགགས་པས་སྐྱོ་བ་འགག།སྐྱོ་བ་འགགས་པས་རྒ་ཤྲཱི་དང་།མྱ་ངན་དང་།སྨྲེ་སྔགས་འདོན་པ་དང་།སྡུག་བསྔལ་བ་དང་།ཡིད ་མི་བདེ་བ་དང་།འཁྲུག་པ་རྣམས་འགག་པར་འགྱུར་ཏེ།དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགོག་པར་འགྱུར་རོ།།དེ་ལ་མ་རིག་པ་གང་ཞེ་ན།འདི ་ལྟ་སྟེ།སྔོན་གྱི་མཐའ་མི་ཤེས་པ་དང་།ཕྱི་མོའི་མཐའ་མི་ཤེས་པ་དང་།སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་དང་།ནང་མི་ཤེས་པ་དང་།ཕྱི་མི་ཤེས་པ་དང་།ནང ་དང་ཕྱི་མི་ཤེས་པ་དང་།ལས་མི་ཤེས་པ་དང་།རྣམ་པར་སྨིན་པ་མི་ཤེས་པ་དང་།ལོས་དང་རྣམ་པར་སྨིན་པ་མི་ཤེས་པ་དང་།ལེགས་པར་བྱས་པའི་ལུས་མི་ཤེས ་པ་དང་།ཉེས་པར་བྱས་པའི་ལས་མི་ཤེས་པ་དང་།ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་མི་ཤེས་པ་དང་།རྒྱུ་མི་ཤེས་པ་དང་།འབྲས་བུ་མི་ཤེས་པ་དང་། ་རྒྱུ་དང་འབྲས་བུ་མི་ཤེས་པ་དང་།རྒྱུ་ལས་བྱུང་བའི་ཆོས་རྣམས་མི་ཤེས་པ་དང་།རྟོན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་མི་ཤེས་པ་དང་།སངས་རྒྱས་མི་ཤེས ་པ་དང་།ཆོས་མི་ཤེས་པ་དང་།དགེ་འདུན་མི་ཤེས་པ་དང་།སྡུག་བསྔལ་མི་ཤེས་པ་དང་།ཀུན་འབྱུང་བ་མི་ཤེས་པ་དང་།འགོག་པ་མི་ཤེས་པ་དང་།། ་ལཱམ་མི་ཤེས་པ་དང་།དགེ་བ་དང་།མི་དགེ་བའི་ཆོས་རྣམས་མི་ཤེས་པ་དང་།ཁ་ན་མ་ཐོ་བ་དང་བཅས་པ་དང་།ཁ ་ནུ་མ་ཐོབ་མེད་པ་དང་།བསྟེན་པར་བྱ་བ་དང་།བསྟེན་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མི་ཤེས་པ་དང་།རེག་པའི་སྐྱེ་མཆེད་དྲུག་དེ་དག་ཡང་དྲུག་པ་ཇི་ལྟ་བ་བཞིན ་མི་ཤེས་པ་དང་།མི་མཐོང་བ་དང་།ཁོང་དུ་མི་ཆུད་པ་དང་།མངོན་པར་མི་རྟོག་པ་དང་།མུན་པ་དང་།ཀུན་ཏུ་རྨོངས་པ་དང་།མ་རིག་པའི་མུན་པ་སྟེ། ་འདི་ནི་མ་རིག་པ་ཞེས་བྱའོ།།མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ།འདུ་བྱེད་རྣམས་གང་ཞེ་ན།འདུ་བྱེད་གསུམ་སྟེ།ལུས་ཀྱི་འདུ་བྱེད ་དང་།ངག་གི་འདུ་བྱེད་དང་།ཡིད་ཀྱི་འདུ་བྱེད་དོ།།ལུས་ཀྱི་འདུ་བྱེད་གང་ཞེ་ན།དབུགས་རྔུབ་པ་དང་།འབྱུང་བ་སྷོ།ལུས་འདི་ནི་ལུས་ལས་བྱུང་ངོ་།། ་ལུས་ལ་རྟེན་པ།ལུས་དང་འབྲེལ་བ།ལུས་ལ་འབེབས་པ།འཇུག་པ་སྟེ།དེའི་ཕྱིར་དབུགས་རྔུབ་པ་དང་།འབྱུང་བ་དག་ལུས་ཀྱི་འདུ་བྱེད་རྣམས་ཞེས་བྱའོ།།ངག ་གི་འདུ་བྱེད་རྣམས་གང་ཞེ་ན།རྣམ་པར་བརྟགས།རྣམ་པར་དཔྱད་ནས་ཚིག་སྨྲའོ།རྣམ་པར་མ་བརྟགས་པར་མ་ཡིན།རྣམ་པར་མི་དཔྱད་པར་མ་ཡིན་ཏེ ་དེའི་ཕྱིར་རྣམ་པར་རྟོགས་པ་དང་།རྣམ་པར་དཔྱོད་པ་ནི་དག་གི་འདུ་བྱེད་ཅེས་བྱའོ།།ཡིད་ཀྱི་འདུ་བྱེད་རྣམས་གང་ཞེ་ན།ཆགས་པའི་སེམས་པ ་གང་ཡིན་པ་དང་།ཞེ་སྡང་གི་སེམས་པ་གང་ཡིན་པ་དང་།གཏི་མུག་གི་སེམས་པ་གང་ཡིན་པ་སྟེ།ཆོས་དེ་ནི་སེམས་ལས་བྱུང་བ།སེམས་ལ་རྟེན་པ།སེམས་དང ་འབྲེལ་བཱ།སེམས་ལ་བརྟེན་ནས་འཇུག་པས་དེའི་ཕྱིར་སེམས་པ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱ་སྟེ།དགེ་སློང་དག་འདི་དག་ནི་འདུ་བྱེད་རྣམས་ཞེས་བྱའོ།།འདུ་བྱེད ་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ།རྣམ་པོར་ཤེས་པ་གང་ཞེ་ན།རྣམ་པར་ཤེས་པའི་ཆགས་དྲུག་སྟེ།དྲུག་གང་ཞེ་ནི།མིག་གོ་རྣམ་པར་ཤེས་པ ་དང་།རྣ་བའི་རྣམ་པར་ཤེས་པ་དང་།སྣའི་རྣམ་པར་ཤེས་པ་དང་།ལྕེའི་རྣམ་པར་ཤེས་པ་དང་།ལུས་ཀྱི་རྣམ་པར་ཤེས་པ་དང་།ཡིད་ཀྱི་རྣམ་པར་ཤེས་པ་སྟེ། ་འདི་དག་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ།རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་དེ་ལ།མིང་དང་གཟུགས་གང་ཞེ་ན།མིང་ནི་གཟུགས་ཅན ་མ་ཡིན་པའི་ཕུང་པོ་བཞི་སྟེ།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་དང་།རྣམ་པར་ཤེས་པ་སྐྱེ།འདི་ནི་མིང་ངོ་།།གཟུགས་གང་ཞེ་ན།གཟུགས་གང ་ཅིའང་རུང་སྟེ།དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་པོ་དག་སྟེ།སའི་ཁམས་དང་།ཆུའི་ཁམས་དང་།མེའི་ཁམས་དང་།རླུང་གི ་ཁམས་སོ།།སུའི་ཁམས་གང་ཞེ་ན།གང་ལྕི་བ་དང་།སྲ་བ་དང་།རྩུབ་པའོ།།ཆུའི་ཁམས་གང་ཞེ་ན།གང་གཤེར་བ་དང་།རླན་པའོ།།མེའི་ཁམས་གང་ཞེ་ན། ་གང་ཚ་བ་དང་།ཡོངས་སུ་སྨིན་པར་བྱེད་པའོ།།རླུང་གི་ཁམས་གང་ཞེ་ན།གང་བསྐུམ་པ་དང་།སློང་བ་དང་།ཡང་ཞིང་གཡོ་བའོ།།གཟུགས་འདི་དང ་སྔ་མའི་མིང་གཉིས་གཅིག་ཏུ་བསྡུས་ཏེ་མིང་དང་གཟུགས་ཤེས་བྱའོ།།མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ།སྐྱེ་མཆེད་དྲུག་གྲང་ཞེ་ན། ་མིང་གི་སྐྱེ་མཆེད་དང་།རྣ་བའི་སྐྱེ་མཆེད་དང་།སྣའི་སྐྱེ་མཆེད་དང་།ལྕེའི་སྐྱེ་མཆེད་དང་།ལུས་ཀྱི་སྐྱེ་མཆོད་དང་།ཡིད་ཀྱི་སྐྱེ་མཆེད་དོ།འདི་ནི་སྐྱེ་མཆེད་དྲུག་ཅེས ་བྱའོ།།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ལ།རེག་པ་གང་ཞེ་ན།རེག་པའི་ཚོགས་དྲུག་སྟེ།མིག་གི་འདུས་ཏེ་རེག་པ་དང་།རྣ་བ་དང་།སྣ་དང་། ་དང་།ལུས་དང་།ཡིད་ཀྱི་འདུས་ཏེ་རེག་པའོ།།རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ལ།ཚོར་བ་གང་ཞེ་ན།ཚོར་བའི་ཚོགས་དྲུག་སྟེ། ་དྲུག་གང་ཞེ་ན་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་།སྡུག་བསྔལ་བ་དང་།སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པ་དང་།དེ་བཞིན་དུ་རྣ་བ་དང་།སྣ་དང་། ་ལྕེ་དང་།ལུས་དང་།ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་།སྡུག་བསྔལ་བ་དང་།སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པའོ།།ཚོར་བའི ་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ།སྲེད་པ་གང་ཞེ་ན།སྲེད་པའི་ཚོགས་དྲུག་སྟེ།དྲུག་གང་ཞེ་ན།གཟུགས་ལ་སྲེད་པ་དང་།སྒྲ་ལ་སྲེད་པ་དང་།དྲི་ལ་སྲེད་པ་དང་།རོ ་ལ་སྲེད་པ་དང་།རེག་བྱ་ལ་སྲེད་པ་དང་།ཆོས་ལ་སྲེད་པའོ།།སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ།ལེན་པ་གང་ཞེ་ན།ལེན་པ་བཞི་སྟེ།བཞི་གང་ཞེ་ན།འདོད ་པའི་ལེན་པ་དང་།ལྟ་བའི་ལེན་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང་།བོདག་ཏུ་སྨྲ་བའི་ལེན་པའོ།།ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ། ་སྲིད་པ་གང་ཞེ་ན།སྲིད་པ་གསུམ་མོ།།གསུམ་གང་ཞེ་ན།འདི་ལྟ་སྟེ།འདོད་པའི་སྲིད་པ་དང་།གཟུགས་ཀྱི་སྲིད་པ་དང་།གཟུགས་མཱིད་པཱི་སྲིད་པའོ།།དེ་ལ་འདོད། ་པའི་སྲིད་པ་གང་ཞེ་ན།འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཉེ་བར་བཟུང་སྟེ།གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་འདི་ནི་འདོད་པའི་སྲིད་པ་ཞེས་བྱའོ།། ་གཟུགས་ཀྱི་སྲིད་པ་གང་ཞེ་ན།ཚངས་རིགས་ཀྱི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ་འོག་མིན་གྱི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་ཀྱི་སྲིད་པ་ཞེས ་བྱའོ།།གཟུགས་མེད་པའི་སྲིད་པ་གང་ཞེ་ན།ནམ་མཁའ་མཐའ་ཡུས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ།འདུ་ཤེས་མེད་འདུ་ཤེས་མེད་མིན ་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་མེད་པའི་སྲིད་དོ་ཞེས་བྱའོ།།སྲིད་དེའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ།སྐྱེ་བོ་གང་ཞེ་ན།གང་སེམས ་ཅོན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་སྐྱེ་བ་དང་།འཇུག་པ་དང་།རྫོགས་པར་སྐྱེ་བོ་དང་།མངོན་པར་འགྲུབ་པ་དང་།ཕུང་པོ་རྣམས་འབྱུང་བ ་དང་།སྐྱེ་མཆེད་རྣམས་རབ་ཏུ་ཐོབ་པ་དང་།སྲོག་གོ་དབང་པོ་འབྱུང་བ་དང་།རིས་མཐུན་པ་དང་ཕྲད་པ་སྟེ།འདི་ནི་སྐྱེ་བ་ཞེས་བྱའོ།།སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས ་བྱ་བ་ལ།རྒ་བ་གང་ཞེ་ན།སྤྱི་ཚེར་བ་དང་།སྒྲ་སྐྱེ་བ་དང་།གཉེར་མ་མང་བ་དང་།འཁོགས་པ་དང་།ཞོན་པ་དང་།སྐུར་ཏེ།གདུང་རྟེན་ལྟར་དགུ་པ ་དོདང་།སྒྲ་དར་དང་པོ་གྱུར་ཅིང་དབུགས་རྒྱུ་བའི་ལུས་སུ་གྱུར་པ་དང་།ལུས་སྨེ་བ་ལྟ་བུས་གང་བ་དང་།ལུས་མདུན་དུ་རྐུ་བ་དང་།མཁར་བ་ལ་རྟེན་པ་དང་། ་དབང་པོ་རྣམས་ཡོངས་སུ་སྨིན་པ་དང་།ཡོངས་སུ་ཞུགས་པ་དང་།འདུ་བྱེད་རྣམས་ཆུངས་པ་དང་།ཤིག་ཤིག་པོར་གྱུར་པ་དང་།རྨོང་བ་དང་།ཞན་པ་དང་།ཉམས ་པ་དང་།ཡོངས་སུ་ཉམས་པ་སྟེ།འདི་ནི་རྒ་བ་ཞེས་བྱའོ།།འཆི་བ་གང་ཞེ་ན།གང་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བ་དང་།འཕོ ་བ་དང་།ཞིག་པ་དང་།མི་རྟག་པར་འགྱུར་བ་དང་།འཆི་བའི་དུས་བྱེད་པ་དང་།ཚེ་ཉམས་པ་དང་།དྲོད་ཉམས་པ་དང་།སྲོག་གི་དབང་པོ་འགགས་པ་དང་།།ཕུང ་པོ་རྣམས་འདོར་བ་འདི་ནི་འཆི་བ་ཞེས་བྱ་སྟེ།འཆི་བ་འདི་དང་སྔ་མའི་རྐོ་བ་དེ་གཉིས་གཅིག་ཏུ་བསྡུས་ནས་རྒ་ཤོ་ཞེས་བྱ་སྟེ།དགེ་སློང་དག་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང ་བཱ་ཡན་ལག་བཅུ་གཉིས་ཞེས་བྱའོ།།དེ་ལ་འཕགས་པའི་བདེན་པ་བཞི་གང་ཞེ་ན།སྡུག་བསྔལ་འཕགས་པའི་བདེན་པོ་དང་།སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི ་བདེན་པ་དང་།སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་།སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།།སྡུག་བསྔལ་འཕགས་པའི་བདེན ་པ་གང་ཞེ་ན།སྐྱེ་བའི་སྡུག་བསྔལ་དང་།རྒ་བའི་སྡུག་བསྔལ་དང་།ན་བའི་སྡུག་བསྔལ་དང་།འཆི་བའི་སྡུག་བསྔལ་དང་།སྡུག་པ་དེང་བྲལ་བའི་སྡུག་བསྔལ་དང་། ་མི་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་།གང་འདོད་ནས་བཙལ་ཏེ་མ་རྙེད་པ་དེའང་སྡུག་བསྔལ་ལོ།།མདོར་བསྡུས་ན་ཉེ་བར་ལེན་པའི་ཕུང ་ལྔ་པོ་དག་ནི་སྡུག་བསྔལ་ཡིན་ཏེ།འདྲི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ།།སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན།གང་འདི་ཡང ་འབྱུང་བ་པའི་སྲིད་པ་དང་།དགའ་བའི་འདོད་ཆགས་དང་ལྡན་པ་དང་།དེ་དང་དོར་མངོན་པར་དགའ་སྟེ།འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས ་བྱའོ།།སྡུག་བསྔལ་འགོག་པ།འཕགས་པའི་བདེན་པ་གང་ཞེ་ན།གང་ཡང་འབྱུང་བ་པའི་སྲེད་པ་དང་།དགའ་བའི་འདོད་ཆགས་དང་ལྡན་པ་དང་།དེ་དེ་དང ་དེར་མངོན་པར་དགའ་བ་དེ་ཉིད་མ་ལུས་པར་སྤངས་པ་དང་།ངེས་པར་སྤངས་པ་དང་།བྱུང་བར་གྱུར་པ་དང་།ཟད་པ་དང་།འདོད་ཆགས་དང་བྲལ་བ་དང་། ་འཕྲོག་པ་དང་།རྣམ་པར་ཞི་བ་དང་།ནུབ་པ་སྟེ།འདི་ནི་སྡུག་བསྔལ་འགྲོག་པ་འཕགས་པའི་བདྲེན་པ་ཞེས་བྱའོ།།སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས ་པའི་བདེན་པ་གང་ཞེ་ན།འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ།འདི་ལྟ་སྟེ།ཡང་དག་པའི་ལྟ་བ་དང་།ཡང་དགེ་བའི་རྟོག་པ་དང་།ཡང་དག་པའི་ངག་དང་།། ་ཡང་དག་པའི་ལས་ཀྱི་མཐའ་དང་།ཡང་དག་པའི་འཚོ་བ་དང་།ཡང་དག་པའི་རྒོལ་བ་དང་།ཡང་དག་པའི་དྲན་པ་དང་།ཡང་དག་པའི་ཏིང་ངེ་འཛིན་ཏེ།འདི་ནི་སྡུག་བསྔལ་འགོག ་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་སྟེ།འདི་དག་ནི་འཕགས་པའི་བདེན་པ་བཞིའོ།།དབང་པོ་ཉི་ཤུ་རྩ་གཉིས་གང་ཞེ་ན།མིག་གི་དབང་པོ་དང་།རྣ་བའི་དབང་པོ ་དང་།སྣའི་དབང་པོ་དང་།ལྕེའི་དབང་པོ་དང་།ལུས་ཀྱི་དབང་པོ་དང་།ཡིད་ཀྱི་དབང་པོ་དང་།ཕོའི་དབང་པོ་དང་།མོའི་དབང་པོ་དང་།སྲོག་གི་དབང་པོ་དང་།སྡུག་བསྔལ་གྱི ་དབང་པོ་དང་།བདེ་བའི་དབང་པོ་དང་།ཡིད་བདེ་བའི་དབང་པོ་དང་།ཡིད་མི་བདེ་བའི་དབང་པོ་དང་།བཏང་སྙོམས་ཀྱི་དབང་པོ་དང་།དད་པའི་དབང་པོ་དང་།བརྩོན ་འགྲུས་ཀྱི་དབང་པོ་དང་།དྲན་པའི་དབང་པོ་དང་།ཏིང་ངེ་འཛིན་གྱི་དབང་པོ་དང་།ཤེས་རབ་ཀྱི་དབང་པོ་དང་།མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་།ཀུན་ཤེས་པའི ་དབང་པོ་དང་།ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ།དགེ་སློང་དག་འདི་དག་ནི་དབང་པོ་ཉི་ཤུ་རྩ་གཉིས་སོ།།དེ་ལ་བསམ་གཏན་བཞི་གང་ཞེ་ན།དགེ་སློང་དག་འདི་ལ ་དགེ་སློང་རྣམས་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ།དཔྱོད་པ་དང་བཅས་པ།དབེན་པ་ལས་སྐྱེས་པའི་དཀའ ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པ་དང་།དེ་རྟོག་པ་དང་།དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དག་སྟེ ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པར་རྟོག་པ་མེད་པ།དཔྱོད་པ་མེད་པ།ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཽཏན་གཉིས་པ་རྫོགས་པར་བྱས་ཏེ་གནས ་པ་དང་།དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ།བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པོ་རྣམས་ཀྱིས ་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ།དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པ་དང་།དེ་བདེ་བའང ་སྤངས་ཏེ།སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡོད་བདེ་བ་དང་།ཡིད་མི་བདེ་བའང་ནུབ་པས་བདེ་བའང་མ་ཡིན།སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་།དྲན་པ ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ནས་གནས་པ་སྟེ།དགེ་སློང་དག་འདི་ནི་བྱསམ་གཏན་བཞིའོ།།དེ་ལ་ཚངས་པའི་གནས་པ་བཞི་གང་ཞེ་ན།དགེ ་སློང་དག་འདི་ལ་དགེ་སློང་གིས་བེམས་པ་དང་ལྡན་པའི་སེམས་འཁོན་མེད་པ།འགྲན་ཟླ་མེད་པ།གནོད་པ།དང་ཡངས་པ།རྒྱ་ཆེན་པོར་གྱུར་པ།མི་གཉིས་པ།ཆད ་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་བཅུར་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་ཤིང་དེ་བཞིན་དུ་གཉིས་པ་དང་།གསུམ་པ་དང་།དེ་བཞིན་དུ་བཞི་པ་དང་།བླ་དང་།འོག་དང་།ཐད། ་ཀར་རྣམ་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ཐམས་ཅད་དུ་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ།འགྲན་ཟླ་མེད་པ།གནོད་པ་མེད་པ།ཡངས་པ།རྒྱ་ཆེན་པོར་གྱུར་པ། ་མི་གཉིས་པ།ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ།ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དང་།དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་།དགའ་བ་དང་ལྡན་པ་དང་། ་བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ།འགྲན་ཟླ་མེད་པ།གནོད་པ་མེད་པ།ཡངས་པ་རྒྱ་ཆེན་པོར་གྱུར་པ།མི་གཉིས་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་པར ་བྱས་ནས་ཁྱབ་པར་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་སྟེ།འདི་ནི་ཚངས་པའི་གནས་པ་བཞིའོ།།དེ་ལ་ལམ་བཞི་གང་ཞེ་ན།མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ ་ཡང་ཡོད།མངོན་པར་ཤེས་པ་མྱུར་ལ་དགའ་བའི་ལམ་ཡང་ཡོད།མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཡང་ཡོད།མངོན་པར་ཤེས་པ་མྱུ་ལ་སླ་བའི་ལམ་ཡང་ཡོད།། ་དེ་ལ་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་གང་ཞེ་ན།འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆེ་བ་ཡིན།ཞེ་སྡང་གི་ཤས་ཆེ་བ་ཡིན།གཏི་མུག་གི་ཤས ་ཆེ་བ་ཡིན་ཏེ།དེ་ལ་འདོད་ཆགས་ཀྱི་ཤས་ཆེ་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་།ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་།ཞེ ་སྡང་གི་ཤས་ཆེ་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་།ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་།།དེ་གཏི་མུག་གི་ཤས་ཆེ་བས་གཏོ་མུག་ལྔ་བྱུང་བའི་སྡུག་བསྔལ ་དང་།ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱང་བ་ཟག་པ་རྣམས་ཟད་པར་བྱ་བ་ལ་དེའི་འཇིགས་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་།ཞེན་པ་དང་།མི ་རྣ་བླ་དང་།མྱུར་བར་འཇུག་པ་མ་ཡིན་ནོ།།ལྔ་གང་ཞེ་ན།འདི་ལྟ་སྟེ།དད་པའི་དབང་པོ་དང་།བརྩོན་འགྲུས་ཀྱི་དབང་པོ་དང་།དྲན་པའི་དབང་པོ་དང་།ཏི ་འཛིན་གྱི་དབང་པོ་དང་།ཤེས་རབ་ཀྱི་དབང་པོའོ།།དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་།ཞན་པ་དང་།མི་རྣོ་བ་དང་།མི་མྱུར་བའི་ཕྱིར ་འདི་ལྟ་སྟེ།ཟག་པ་རྣམས་ཟད་པར་བྱ་བ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་བུལ་བ་ཉིད་དེ།འདི་ནི་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་མོ།། ་དེ་ལ་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་གང་ཞེ་ན།འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆེ་བ་ཡིན།ཞེ་སྡང་གི་ཤས་ཆེ་བར་ཡིན།། ་གཏི་མུག་གི་ཤས་ཆེ་བ་ཡིན་ཏེ།དེ་འདོད་ཆགས་ཀྱིས་ཤས་ཆེ་བས་འདོད་ཆགས་ལས་བྱུང་བ.རི་སྡུག་བསྔལ་དང་།ཡིད་མི་བདེ་བ་རྒྱུན་མ་འཆད་པར་མྱོང་།ཞེ་སྡང་གྲི་ཤུས ་ཆེ་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་།ཡིད་མི་བདེ་བ་རྒྱུན་མི་འཆད་པ་མྱོང་།གཏི་མུག་གི་ཤས་ཆེ་བས་གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་།ཡིད་མི་བདེ ་བརྒྱུན་མི་འཆེད་པར་མྱོང་ཡང་དེའི་འཇིག་རྟེན་ལས་འདས་པའི་དབང་བ་ལྔ་པ་འདི་དག་རྗེ་བ་དང་།རྣ་བ་དང་།མྱུར་བར་འཇུག་པ་ཡིན་ནོ།།ལྔ་གང་ཞེ་ནི།འདི་ལྟ་སྟེ།དད་པའི ་པ་དང་།བརྩོན་འགྲུས་ཀྱི་དབང་པོ་དང་།དྲན་པའི་དབང་པོ་དང་།ཏིང་ངེ་འཛིན་གྱི་དབང་པོ་དང་།ཤེས་རབ་ཀྱི་དབང་པོའོ།།དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི ་དག་ཆེ་བ་དང་།རྣོ་བ་དང་།མྱུར་བར་འཇུག་པའི་ཕྱིར་འདི་ལྟ་སྟེ།ཟག་པ་རྣམས་ཟད་པར་བྱ་བ་ལྔ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་མྱུར་བ་ཉིད་དེ།འདི་ནི་མངོན་པར་ཤེས ་བམྱུར་ལ་དཀའ་དྲའི་ལམ་མོ།།དེ་ལ་མངན་པར་ཤེས་པ་བུལ་ལ་སླ་བའི་ལམ་གང་ཞེ་ན།འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆུང་བ་དང་།ཞེ་སྡང་གི་ཤས ་ཆུང་བ་དང་།གཏི་མུག་གི་ཤས་ཆུང་བ་ཡིན་ཏེ།འདོད་ཆགས་ཀྱི་ཤས་ཆུང་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་།ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། ་རྗེ་སྡང་གོ་ཤས་རྒྱུསྨྲ་པས་ངྒེ་སྣང་ངས་བྱུང་རྒྱུག་བསྡུལ་དྷཱ།སྙིད་མོ་བ་རྒྱུན་མོ།ཆད་པང་བྱུང་བསྡུ་ཡིན།གཎྜཱི་ནཱགག་ཤེས་རྒྱུང། ་ཆུང་བས་གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་།ཡིད་མི་བདེ་བ་རྒྱུན་མིའི་ཆད་པར་མྱོང་ང་མ་ཡིན་སྲང་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བྲལ་བ་དང་། ་ཞན་པ་དང་།མི་རྣོ་བ་དང་།མྱུར་བར་འཇུག་པ་མ་ཡིན་ནོ།།སྡེ་གང་ཞེ་ན།འདི་ལྟ་སྟེ།དད་པའི་དབང་པོ་དང་།བརྩོན་འགྲུས་ཀྱི་དབང་པོ་དང་།དྲན་པའི་དབང ་བོ་དང་།ཏིང་ངེ་འཛིན་གྱི་དབང་པོ་དང་།ཤེས་རབ་ཀྱི་དབང་པོའོ།།དེ་དབང་པོ་ལྔ་པོ་འདི་དག་བུལ་བ་དང་།ཞུན་པ་དང་།མི་རྣོ་བ་དང་།འཇུག་པ་མི་མྱུར ་བའི་ཕྱིར་འདི་ལྟ་སྟེ།ཟག་པ་རྣམས་ཟུད་པར་བྱ་བྲ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་དུལ་བ་ཉིད་དེ།འདི་ནི་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་མོ།། ་དེ་ལ་མངོན་པར་ཤེས་པ་མྱུར་ལྔ་སྨྲ་བའི་ལམ་གང་ཞེ་ན།འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆུང་བ་ཡིན།ཞེ་སྡང་གི་ཤས་ཆུང་བ་ཡིན ་གཏི་མུག་གི་ཤས་ཆུང་བ་ཡིན་ཏེ།དེ་འདོད་ཆགས་ཀྱི་ཤས་ཆུང་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་།ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང ་བ་མ་ཡིན།ཞེ་སྡང་གི་ཤྭས་ཆུང་པས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་རྒྱུན་མི་འཆང་བར་མྱོང་བ་མ་ཡིན།གཏི་མུག་གི་ཤས་ཆུང་བས་གཏི་མུག་ལས་བྱུང་བ ་སྡུག་བསྔལ་དང་།ཡིད་མི་བདེ་བ་རྒྱུན་མི་འཆད་པར་ཡང་མྱོང་བ་མ་ཡིན་ལ་དེའི་འཇིག་རྟེན་ལུས་འདས་པའི་དབང་པོ་ལྔ་པོ་འདི་དག་ཀྱང་ཆེ་བ་དང་།རྣོ་བ་དང་།མྱུར་བར་འཇུག ་པ་ཡིན་ནོ།།ལྔ་གླང་ཞེ་ན།འདི་ལྟ་སྟེ།དད་པའི་དབང་པོ་དང་།བརྩོན་འགྲུས་ཀྱི་དབང་པོ་དང་།དྲན་པའི་དབང་པོ་དང་།ཏིང་ངེ་འཛིན་གྱི་དབང་པོ་དང་།ཤེས་རབ་ཀྱི ་དབང་པོའོ།།དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་དེ་དག་ཆེ་བ་དང་།རྣོ་བ་དང་།མྱུར་བར་འཇུག་པའི་ཕྱིར་འདི་ལྟ་སྟེ།ཟག་པ་རྣམས་ཟད་པར་བྱ་བ་ལ་བར་ཆད་མེད ་པའི་ཏིང་ངེ་འཛིན་ལ་རེག་པ་སྦྱོང་བ་ཉིད་དེ།འདི་ནི་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་སྟེ།འདི་དག་ནི་ལམ་བཞིའོ།།འདི་ལ་ཏིང་འཛིན་བསྒོམ་པ་བཞི་གང་ཞེ་ན།དགེ་སློང་དོག་ཏིང་འཛིན་བསྒོམ་པ ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་འདོད་ཆགས་སྤོང་བར་འགྱུར་བའང་ཡོད།ཏིང་ངེ་འཛིན་བསྒོམས་པ་ཀུན་ཏུ་བསྟན་ཏེ་བསྒོམས་ཤིང་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར ་གནས་པར་འགྱུར་བའང་ཡོད།ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་བའང་ཡོད། ་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཤེས་རབ་འཐོབ་པར་འགྱུར་བའང་ཡོད་དེ།། ་དེ་ལ་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་འདོད་ཆགས་སྤྱོང་བར་འགྱུར་བ་གང་ཞོ་ན།དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག ་ཀྱང་རུང་།ཤིང་དྲུང་ན་འདུག་ཀྱང་རུང་།ཁང་སྟོང་ནུ་འདུག་ཀྱང་རུང་སྟེ།ལུས་འདི་ཉིད་ལ་འོག་གི་དང་མཐིལ་ཡན་ཆད་སྐྱེ་དང་།གླད་པ་ལ་ཐུག་གི་བར་དུ་མི ་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་སྟེ།ལུས་འདྲི་ལ་ཡོད་པ་ནི་སྒྲ་དང་།ཁ་སྤུ་དང་།སོ་དང་།སེན་མོ་དང་རྡུལ་དང་། ་དྲི་མ་དང་།དགས་པ་དང་།ཤ་དང་།རུས་པ་དང་།རྒྱས་པ་དང་།རྩ་དང་།མཁལ་མ་དང་།སྙིང་དང་།གློ་བ་དང་།མཆིན་པ་དང་།ཕོ་བ་དང་།ལོང་ཀ་དང་།རྒྱུ་མ་དང་། ་གཉེམ་དང་།ལྒང་པ་དང་།མཚེར་པ་དང་།ཕྱིས་དང་།མཆི་མ་དང་།རྡུལ་དང་།བར་སྣབས་དང་།མཆིལ་མ་དང་།ཞག་དང་།ཆུ་སེར་དང་།རྐང་དང་།ཚུལ ་དང་།རྣག་དང་།བད་ཀན་དང་།མཁྲིས་པ་དང་།ཁྲག་དང་།གླད་པ་དང་།གླད་རྒྱུས་དང་།གཅིན་དང་།མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ཡང་དག་པ་ཇི་ལྟ་བ་བཞིན ་སས་རྟགག།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་འབྲུ་རྣམ་པ་ས་ཚོགས་འདི་མྦྷ་སྟེ།འབྲས་སྦྲུ་ལུ་དང་།འབྲུ་དང་།ནཔ་དང་།གྲཝ་དང་།མུན་སྲནཱ་དེའུ་དང་།མན་སྤྱན་སྣ་། ་དྲུང་།རྒྱ་སྲན་དང་།འབྲས་ནི་ས་བ་བཾ་དང་།སྲན་ཆུང་དང་།མོན་སྲན་ནག་གུ་དང་།ཏིལ་དང་།འབྲུས་དྲུས་པ་དང་།ཡུངས་ཀར་གྱིས་གང་བའི་སྤྱད་ཞག་ཁ་གཉིས་ཕྱེ་བ་དེ་ལ ་མིག་དང་ལྡན་པའི་མི་ཞིག་གི་བླུག་སྟེ་སོ་སོར་བརྟགས་ན་འདི་དག་ནི་འབྲས་སཱ་ལུའོ།།འདི་དག་ནི་འབྲས་སོ།།འདི་དག་ནི་ནས་སོ།།འདི་དག་ནི་གྲོའོ།།འདྲི་དག་ནི་མོན་སྲན་དྲེའུ ་འདྲི་དག་ནི་མོན་སྲན་སྡེའུའོ།།འདི་དག་ནི་རྒྱ་སྲན་ནོ།།འདི་དགེ་ནི་འབྲས་ནི་ས་པ་པའོ།།འདི་དག་ནི་སྲན་ཆུང་ངོ་།།འདི་དག་ནི་མོན་སྲན་ན་གུའོ་འདི་དག་ནི་ཏིལ་ལོ།། ་འདི་དག་ནི་འབྲས་དྲུས་པའོ།།འདི་དག་ནི་ཡུངས་ཀར་རོ་ཞེས་བྱ་བར་ཤེས་སོ།།དགེ་སློང་དག་དེ་བཞིན་དུ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་།ཤིང་དྲུང་ན་འདུག་ཀྱང་རུང ་ཁང་སྟོང་ན་འདུག་ཀྱང་རུང་སྟེ།ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་གླད་པ་ལྕེ་ཐུག་གྱི་བར་དུ་སྔ་མ་བཞིན་དུ་གླད་པ་དང་།གླང་རྒྱས་དང་།གཅན་དང་།མི ་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ།འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟན་ཏེ་བསྒོམས་ཤིང་མང་དུ་བྱས་ན་འདོད་ཆགས ་ཀླུ་ན།དགས་ག་འདིས་རྒྱུ་ན་།ན་ཧཱུཾ་ཛྫ། ན་རྩེ་སྟྭ~ཾ། ་།ཥྚྲྀཥྚཙྪ།ན་པའི་ཛིན་མི་སྨོས་པའི་དོག་བ་དང་། ས་དེ་ཛིགན་མི་ས་སེམས་པ་ས་བྱུ་པ་ལྷྭས ་ཉིན་པ་ཕྱྀ་། སྨྲ་བ་མ་ཧཱུ~ཾ་སྨྱེ་ཧཱ།ཏུ་ཆུམ་པར་དགན་ན་དུ་ག ་དྲུག་།ཤིང་དྲུང་མ་ཇུག་ཀྱི་ཁ་སྤྱོད་ན་འདུས་ཆུ་སྟེ།ཏིང་ངོ་འཛིན་སས་སྐྱེས་པའི་དབུའ་བ་དང་།བདེཔས་རང་ཤིན་གིསུས་ན་པོ ་སྣ་འདི་མཉན་པར་བྱེད།།ཡོངས་སུ་མཉན་པར་བྱེད།ཡོངས་སུ་ཁྱབ་པར་བྱེད།ཡོངས་སུ་ཚིམ་པར་བྱེད།ཀུན་ཏུ་རྒྱས་པར་བྱེད་དེ།འདི་ལྟ་སྟེ།ཏིང་ངེ་འཛིན་ལས་སྐྱེས ་པའི་དགའ་བ་དང་།བདེ་བས་དེའི་ནང་གི་ལུས་ཐམས་ཅད་ལ་མ་ཁྱབ་པའམ།ཁྱབ་པར་མ་གྱུར་པ་མེད་དེ།འདི་ནི་ཏིང་ངེ་འཛིན་བསྒོམས་པ་ཀུན་ཏུ་བསྟོན་ཏེ་བསྒོམས་ཤིང ་མང་དུ་བྱས་ན་མཐོང་བའི་ཆོས་ལ་བྱེད་བར་གནས་པར་འགྱུར་བའོ།།དགེ་སློང་དག་དེ་ལ་ཏིང་ངེ་འཛིན་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་བ་གང ་ཞེ་ན།དགེ་སློང་དག་འདྲི་ལ་དགེ་སློང་གིས་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་།ལེགས་པར་ཡིད་ལ་བྱས།ལེགས་པར་རེག་པར་བྱས།ལེགས་པར ་རྟོགས་པར་བྱས།དེ་ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནསན།དེ་སྣང་བ་དེ་སེམས་ལ་སྒོམ་སྟེ།ཉིན་མོ་ཇི་ལྟ་བར་མཚོན་མོ་འང་དེ་བཞིན།མཚན་མོ་ཇི་ལྟ་བར་ཉིན་མོ་འང ་དེ་བཞིན།སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན།ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན།འོག་ཏུ་ཇི་ལྟ་བར་སྟེང་དུའང་དེ་བཞིན་སྟེང་དུ་ཇི་ལྟ་བར་འོག་ཏུ་འདྲ་དེ་བཞིན་ཏེ། ་དེ་ལྟར་ཕྱེ་ཞིང་ཀུན་ནས་བསྐོར་བ་མེད་པའི་སེམས་ཀྱིས་ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ཏེ།དེ་སྣང་བ་དེ་སེམས་ལ་སྒོམ་མོ།།དགེ་སློང་དག་འདི་ལྟ་སྟེ།དཔེར་ན ་དུ།སོ+ོསྟྲཻཀཱའཾ་བྷཱུ་བ་མ་ལནམྦྷ་མཉྫུར་པ་སྒྱུན་མ་ན་སྐྱོན་དུ་བྲ་ནམ་ཉམ་བུང་ལ་སྣང་བ་ཡོངས་སུ་དག་ཅིང་ཡོངས་སུ་ལ་འོདགས ་ཏེ་མུན་པ་མ་ཡིན་ནོ།།དགེ་སློང་དག་དེ་བཞིན་དུ་དགེ་སློང་གི་སྣང་བའི་འདུ་ནས་ཞིན་ཏེ་ལེགས་པར་བརྫུ།ལེགས་པར་ཡིད་ལ་བྱིསྟེ།ལགས་པར་རིག་པར་བྱས། ་སྡིགས་པར་རྟོགས་པར་མ་འདུཞེས་ཤིན་དུ་གནས་ནས་དེ་བྱུང་བ་དི་སེམ་སྤྲུལ་སྒོམ་དྡྷི།ཉིན་མོ་ཇི་ལྟ་བར་མཚན་མོ་འདི་དེ་བཞིན།མཚན་མོ་མྦྷ་བ ་ཉིན་མོའང་དྲི་བཞིན།སྣོར་ཛཱ་ལྟ་བར་ཕྱིས་ཀྱང་དེ་བཞིན།སྐྱེས་ཇི་ལྟ་བར་སྟེར་ཡང་དེ་བཞིན།འགྲོ་དེ་ལྟ་བར་སྟེང་ཡང་དེ་བཞིན།སྟེང་དུ་ཛྷ་ལྟ་བར་འོག་དུའང་དེ་བཞིན ་ཏེ།དེ་ལྟར་བྱ་ཞིང་ཀུན་ནས་བསྐོར་བ་མེ་པའི་སེམས་ཀྱིས་ཉིན་མོ་འདུ་ཤེས་ཤིན་ཏུ་གནས་ནས་དེ་སྣང་བ་དེ་སེམས་ལ་སྒོམ་པ་སྟེ།འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟན ་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་རོ།།དགེ་སློང་དག་དེ་ལ་ཏིང་ངེ་འཛིན་བསྒོམས་པ་ཀུན་ཏུ་རྡོ་ཤིང་མང་དུ་བྱས་ན་ཤེས་རབ ་པར་འགྱུར་བ་གང་ཞེ་ན།དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ནི་འདུག་ཀྱང་དྲུང་།ཤིང་དྲུང་ན་འདུག་ཀྱང་ཕྱེ།ཁོང་སྐྱོ་ན་འདུག་ཀྱང་དྲུ་སྟེ།བདེ་བའང་སུ་། ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་།ཡིད་མི་བདེ་བ་འང་ནུབ་པས་སྡུག་བསྔལ་ཡང་མེད།དདེ་བའང་མེད་དེ།བཏང་སྙོམས་དང་།དྲན་པས་ཡོངས་སུ ་དད་པ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ནས་གནས་ཏེ།འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་ཤེས་རབ་འཐོབ་པར་འགྱུར ་བ་སྟེ།དགེ་སློང་དག་འདི་དག་ནི་ཏིང་ངེ་འཛིན་བསྒོམ་པ་བཞི་པའོ།།དགེ་སློང་དག་དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་གང་ཞེ་ན།དགེ་སློང་དག་འདི་ལ་དགེ་སློང་རྟུན་པ་ཤེས ་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་།ཡིད་མི་བདྲེ་བ་རྣམ་པར་བསལ་ནས་ནང་གི་ལུསཱ་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང་།རྟུན་པ་ཤེས ་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་།ཡིད་མི་བདེ་བ་རྣམས་པར་བསལ་ནས་ནཱང་གི་ལུས་དང་།ཕྱིའི་ལུས་དྲང་ནང་དང་ཕྱིའི་ལུས་དང་།ནང་གི ་ཚོར་བ་རྣམས་དང་།ཕྱིའི་ཚོར་བ་རྣམས་དང་།ནང་དང་ཕྱིའི་ཚོར་བ་རྣམས་དང་།ནང་གི་སེམས་དང་།ཕྱིའི་སེམས་དང་།ནད་དང་ཕྱིའི་སེམས་དང་།ནང་གི་ཆོས་རྣམས ་དང་།ཕྱིའི་ཆོས་རྣམས་དང་།ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་སྟེ།དགེ་སློང་དག་འདི་དག་ནི་དྲན་པ་ཉེ་བར་བཞག་པ་བཞིའོ།།དགེ་སློང་དག ་དེ་ལ་ཡང་དག་པར་སྤོང་བ་བཞི་གང་ཞེ་ན།དགེ་སློང་དག་དེ་ལ་དགེ་སློང་སྡིག་པ་མི་དགེ་བའི་ལས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས།། ་རྩོམ་པ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་།སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་དྲན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རློམ་ལ ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་།དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱོད་པའི་ཕྱིར་འདུན་པོ་སྐྱེད་ཅིང་འབད་དེ་བརྟེན་འགྲུས་རྩོམ་ལ་སེམས་འཛིན་ཅིང ་ཡང་དག་པར་རབ་ཏུ་འཇོག་པ་དང་།དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་།མི་བརྗེད་པ་དང་།ཉམོས་པར་མི་འགྱུར་བ་དང་།ཕྱིར་ཞིང་འབྱུང་བ་དང་།རྒྱས་པ་དང ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་སྟེ་དགེ་སློང་དག་འདི་དག་ནི ་ཡང་དག་པར་སྤོང་བ་བཞིའོ།།དགེ་སློང་དག་དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན།འདི་ལ་དགེ་སློང་བདག་གི་འདུན་པ་ཧ་ཅང་བྱིང་ནའང་མི་རུང་།ཧ་ཅང་བཟུང་ན ་འང་མི་རུང་ངོ་ཞེས་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ།འདོད་ཆགས་དང་བྲལ་བ་ལ་གནས་པ།འགོག་པ ་ག།རྣམ་པར་སྤོང་བས་ཡོམྦྷ་སུ་བསྐྱད་བསྒོམ་པ་དང་།བདག་ཀཽ་རྩོན་འགྲུས་ཧཱཿ་པྱོད་ན་འདུ་མཛུང་།ང་བ་རྒྱུན་དུ་མཛུང་བ་ནས་འཛིན་འགྲུས་ཀྱི་ཏིང་འཛིན། ་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རླུང་པོ་དབེན་པ་ལ་གནས་པ།འདོད་རྨུགས་དང་དྲིལ་བ་ལ་གནས་པ་འགོག་པ་ལ་གནས་པངྒཱ་སློང་ཡོ་སུ་བྱུང་བ་སྐྱོ་བ་དང་།བདག་གིས་མཱ་ཧ་ན་བྱི་ན ་མཐང་ཆུན་མི་རུང་ཞེས་སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ།འདོད་ཚིག་སྒྲ་དང་དྲིལ་བ་ལ་གནས་པ།འགོག་པ་ལ ་གནས་པ།རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བསྒོམ་པ་དང་།བདགེ་གི་སྤྱོང་པོ་ནི་ཧ་ཅང་བྱེ་ནའང་མི་རུང་།ཧ་ཅང་བཟུང་ནའང་མི་རུང་ངོ་ཞེས་དཔྱོད་པའི་ཏིང་ངེ་འཛིན་སྤང་བའི ་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཛིན་པ་ལ་གནས་པ་འདིད་ཆགས་དང་བྲལ་བ་ལོ་གནས་པ།འགོག་པ་ལ་གནས་པ།རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ ་རློམ་པ་སྟེ།དགེ་སློང་དག་དག་ནི་རྫུ་དུལ་བྷྲཱུཾ་རྐང་པདུན།།དགེ་སློང་དག་དེ་ལ་དདང་པོ་སྡུ་གང་ཞེ།ནྟུ།ད་པའི་དབང་པོ་དང་། འགྱུ ་དང་ཡོདང།དྲན་པའི་།ན་གྱི་ཕྲེང་བང། རྐྱེན།དད་བྱེ་གང་གིས་ས་ནི་འདོ་། ་བཞི་གང་ཞེ་ན།འཁོར་བ་ན་སྤྱོད་པ་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ལ་དད་པ་དང་།དེ་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་།ལས་དགྲ ་བའང་རུང་།མྱི་དགེ་བའང་རུང་གང་བྱེད་པའི་ལས་དེ་དང་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་དང་དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་པ་སྟེ།འདི ་ནི་དད་པའི་དབང་པོ་ཞེས་བྱའོ།།དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན།དྲད་པའི་དབང་པོས་ཆོས་གང་དག་ལ་དད་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག ་པབཔར་སྒྲུབ་པ་སྟེ།འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ།།དེ་ལ་དྲན་པའི་དབང་པོ་གང་ཞེ་ན།ཆོས་གང་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པའི ་ཆོས་དེ་དག་དྲན་པའི་དབང་པོས་ཆུད་མི་གཟོན་པ་སྟེ།འདི་དག་ནི་དྲན་པའི་དབང་པོ་ཞེས་བྱའོ།།དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན།ཆོས་གང་དག་དྲན་པའི ་དབང་པོས་ཆུད་མི་གཟོན་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་སྟེ།འདི་ནི་ཏིང་འཛིན་གྱི་དབང་པོ་ཞེས་བྱའོ།།དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ ་ན།ཆོས་གང་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་དེ་ཆོས་དེ་དག་ལ་སོ་སོར་རྟོག་པའི་རང་བཞིན་ཅན ་ཡིན་ཏེ་འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱ་སྟེ།དགེ་སློང་དག་འདྲི་དག་ནི་དབང་པོ་ལྔ་པོ།།དགེ་སློང་དག་དེ་ལ་སྟོབས་ལྔ་གང་ཞེ་ན།འདི་ལྟ་སྟེ།དད་པའི་སྟོབས་དང་། ་བརྩོན་འགྲུས་ཀྱི་སྟོབས་དང་།དྲན་པའི་སྟོབས་དང་།ཏིང་ངེ་འཛིན་གྱི་སྟོབས་དང་།ཤེས་རབ་ཀྱི་སྟོབས་ཏེ།དགེ་སློང་དག་འདི་དག་ནི་སྟོབས་ལྔའོ།།དགེ་སློང་དག་དེ་ལ་བྱང ་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན།དགེ་སློང་དག་འདི་ལ་དགེ་སློང་དྲན་པ་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ།འདོད་ཆགས་དང་བྲལ་བ་ལ་གནས་པ། ་འགོག་པ་ལ་གནས་པ།རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་།དེ་བཞིན་དུ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། ་འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ།རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་།བརྩོན་འགྲུས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དབེན ་པ་ལ་གནས་པ།འདོད་ཆགས་དང་བྲལ་བ་ལ་གནས་པ།འགོག་པ་ལ་གནས་པ།རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པ་དང་།དགའ་བ་ཡང་དག་བྱང ་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ།འདོད་ཆགས་དང་བྲལ་བ་ལ་གནས་པ།འགོག་པ་ལ་གནས་པ།རྣམ་པ་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་།། ་ཤིན་ཏུ་སྨྲ་ས་པ་ཡང་དག་པར་བྱུང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ།འདོད་ཆགས་དང་བྲལ་བ་ལ་གནས་པ།འགོག་པ་ལ་གནས་པ། ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་།ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལྔ་གནས་པ།འདོད་ཆགས་དང་བྲལ་བ་ལ་གནས་པ།འགོག ་ལ་གནས་པ།རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམས་པ་དང་།བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ།འདོད་ཆགས་དང་བྲལ་བ ་ལ་གནས་པ།འགོག་པ་ལ་གནས་པ།རྣམ་པར་སྤྱོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་སྟེ།དགེ་སློང་དག་འདི་དག་ནི།བྱང་ཆུབ་ཀྱི་ཡན་ལག་མདུན་ནོ།།དགེ་སློང ་དག་དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན།འདི་ལྟ་སྟེ།ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་།ཡང་དག་པའི་ངག་དང་།ཡང་དག ་པའི་ལས་ཀྱི་མཐའ་དད་པའི་འཚོ་བ་དང་།ཡང་དག་པའི་རྩོལ་བ་དང་།ཡང་དག་པའི་དྲན་པ་དང་།ཡང་དག་པའི་ཏིང་ངེ་འཛིན་ཏེ།དགེ་སློང་དག་འདི་ནི ་འཕགས་པའི་ལམ་ཡན་ལག་བརྒྱད་པའོ།།དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན།གང་འཇིག་རྟེན་ལས་འདས་པ་བདག་མེད་པའི་ལྟ་བ་ལས་བྱུང་བ་ཡིན་གྱི། ་སེམས་ཅན་ལས་མ་ཡིན།སྲོག་ལས་མ་ཡིན།གསོ་བ་ལས་མ་ཡིན།སྐྱེས་བུ་ལས་མ་ཡིན་གང་ཟག་ལས་མ་ཡིན།ཤེད་ལ་སྐྱེས་ལས་མ་ཡིན།ཤེས་བུར་ལྟ་བ་ལས ་བྱུང་བ་མ་ཡིན།ཆད་པ་དང་།རྟག་པར་ལྟ་བ་ལས་བྱུང་བ་མ་ཡིན།འབྱུང་པོ་དང་།འཇིག་པར་ལྟ་བ་ལས་བྱུང་བ་མ་ཡིན།དགེ་བོ་དང་།མི་དགེ་བ་དང་།ལུང་དུ་མ་བསྟན ་པར་ལྟ་བ་ལས་བྱུང་བ་མ་ཡིན་པ་ནས་འཁོར་བ་དང་།མྱ་ངན་ལས་འདས་པའི་བར་གྱི་ལྟ་བ་ལས་བྱུང་བ་མ་ཡིན་པ་སྟེ།འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ།།དེ་ལ་ཡང་དག ་པའི་རྟོག་པ་གང་ཞེ་ན།རྟོག་པ་གང་དྲག་གིས་འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་གི་ཉོན་མོངས་པ་རྣམས་འབྱུང་བར་འགྱུར་བའི་རྟོག་པ་དེ་དག་ལ་མི་རྟོག་གོ། ་རྟོག་པ་གང་གིས་ཚུལ་ཁྲིམས་དང་།ཏིང་ངེ་འཛིན་དང་།ཤེས་རབ་དང་།རྣམ་པར་གྲོལ་བ་དང་།རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་འབྱུང་བར་འགྱུར་བ ་དེ་དག་ལ་རྟོག་པ་སྟེ།འདི་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ།།དེ་ལ་ཡང་དག་པའི་ངག་གང་ཞེ་ན།ངག་གང་གིས་བདག་དང་གཞན་ལ་གདུང་བར་མི་བྱེད་པ་དང་།བདག ་དང་གཞན་ལ་ཉོན་མོངས་པར་མི་བྱེད་པ་དང་།བདག་དང་གཽཞན་ལ་གནོད་པར་མི་བྱེད་པ་དང་།ངག་གང་གིས་འཕགས་པ་རྣམས་ལ་ཡང་དག་པར་འཇུག་པའི་ངག་དེས་ཏིང ་།འཛིན་ལ་དགའ་བར་སྦྱོར་བའི་ཚིག་དང་ལྡན་པ་ཡིན་ཏེ།འདི་ནི་ཡང་དག་པའི་ངག་ཅེས་བྱའོ།།དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། ་ལས་གང་གནག་ལ་རྣམ་པར་སྨིན་པའང་གནག་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་།ལས་གང་དཀར་ལ་རྣམ་པར་སྨིན་པའང་དཀར་བའི་ལས་དེ་མངོན་པར་འདུ་བྱེད་པ ་དྲུང་།ལས་གང་དཀར་གནག་ཏུ་གྱུར་ལ་རྣམ་པར་སྨིན་པའང་དཀར་བནོག་ཏུ་གྱུར་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་ལས་གང་དཀར་པོ་མ་ཡིན་ལོ་རྣམ་པར ་སྨིན་པ་ནག་པོར་འགྱུར་བའི་ནག་པོ་ཟད་པར་འགྱུར་བའི་ལས་དེ་མངོན་པར་འདུ་བྱེད་པ་དང་།ལས་བཟང་པོ་ལ་རྟེན་པ་དང་།ལས་ཀྱི་མཐའ་བཟང་བ་སྟེ་འདི་ནི་ཡང་དག ་པའི་ལས་ཀྱི་མཐའ་ཞེས་བྱའོ།།དེ་ལ་ཡང་དག་པའི་འཚོ་བ་གྲང་ཞེ་ན།གང་འཕགས་པའི་རིགས་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་མི་འདོར་བ།ཚུལ་འཆོས ་བ་མེད་པ་དང་།ཁ་གསོག་མེད་པ་དང་།ཐོབ་ཀྱིས་འཇལ་བ་མེད་པ་དང་།ངེས་པ་དང་།ཆོ་གའི་ངངངོ་ཚུལ་ཅན་དང་།གཞོན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། ་བདག་གི་རྙེད་པས་ཆོག་པར་འཛིན་པ་དང་།འཕགས་པས་གནང་བ་ཁ་ན་མ་ཐོ་བ་མེད་པའི་འཚོ་བ་སྟེ།འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ།།དེ་ལ་ཡང་དག ་པའི་རྩོལ་བ་གང་ན་ན།རྩོལ་བ་གང་ལོག་པར་འགྱུར་བའི་ཕྱིར་འདོད་ཆགས་དང་།ཞེ་སྡང་དང་།གཎྜཱི་མུག་རྒྱུས་པར་འགྱུར་བའི་རྩོལ་བ་དེ་མི་འདོད་པ་དང་།རྒོལ་བ་གང་ཡང་དང་།། ་པའི་འཕགས་པའི་ལམ་གྱི་བདེན་པ་ལ་འཇུག་ཅིང་མྱ་དྲན་ལས་འདས་པར་འགྲོ་བའི་ལམ་ལ་འཛེག་པའི་རྩལ་བ་དེའི་རྗེས་སུ་འགྲོ་བ་དེ།འདི་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ།། ་དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན།གང་དག་དེ་ལ་ཉེ་བར་གནས་ན་མིག་ཡོ་བ་དང་།དྲན་པ་དང་།གྱ་གྱུ་མྱེད་པ་དང་།འཁོར་བའི་སྐྱོན་གྱི་ཉེས་དམིགས་ཡང་དག་པར་སྟོན ་པཱ་དང་།མྱ་ངན་ལས་འདས་པའི་ལམ་དུ་འདྲེན་པའི་དྲན་པ་དང་།འཕགས་པའི་ལམ་བརྗོད་པ་སྟེ།འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ།།དེ་ལ་ཡང་དག་པའི་ཏིང་ངེ ་འཛིན་གང་ཞེ་ན།གང་ཡང་དག་པ་ཉིད་དུ་མཉམ་པ་དང་།ཏིང་ངེ་འཛིན་གང་ལ་གནས་ན་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར་ཡང་དག་པར་བརྟེན་པའི་ངེས ་པར་གྱུར་པ་ལ་འཇུག་པ་སྟེ།འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ།།དེ་ལ་དབུགས་རྔུབ་པ་དང་།འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་གྲོང་ཞེ་ན།དྲན་བཞིན་དུ ་དབུགས་རྔུབ་ན་དྲན་པ་བཞིན་དུ་དབུགས་བརྔུབས་སོ།།སྙམ་དུ་ཡང་དག་པོ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།དྲན་བཞིནྡ་དུ་དབུགས་ཕྱུང་ན་དྲན་བཞིན་དུ་དདུག་ཕྱུང་ངོ་སྙམ་དུ་ཡང ་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།དབུགས་རིང་དུ་བརྔུབས་ན་དབུགས་རིང་དུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས ་བ་དང་།དབུགས་རིང་དུ་ཕྱུང་ནའང་དབུགས་རིང་དུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།དབུགས་ཐུང་ངུ་བརྔུབས་ན་དབུགས་ཐུང་དུ་བརྔུབས་སོ ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།དབུགས་ཐུང་ངུ་ཕྱུང་ན་དབུགས་ཐུང་ངུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།ལུས་ཀྱི ་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ནས་ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ་ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ ་ཤེས་པ་དང་།ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན ་རབ་ཏུ་ཤེས་པ་དང་།ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང ་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པོ་དང་།བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན་བདག་གི་ལུས་ཀྱི་འདུ་བྱེད་ཤིན ་ཏུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདག་གོ་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན་བདག་གི་ལུས་ཀྱི་འདུ ་བྱད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་ཡང་དྲག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་།དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་དགའ་བ་ཡང་དག་པར ་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་དགའ་བ་ཡང་དག་པར་མྱོང་ཞིང་དབུགས ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདེ་བ་ཡང་དག་པར་མྱང་ཞིང་དབུགས་བརྔུབས་ན་བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ ་ཡད་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ ་བ་བཞིན་རབ་ཏུ་ཤེས་པ་དང་།སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱེང་ཞིང་དབུགས་བརྗེངས་ས་སྙམ་དུ ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ ་པ་བཞིན་རབ་ཏུ་ཤེས་པ་དང་།སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ནི་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང ་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།སེམོས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན་བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་བྱུང་སྔ་ནས་དབུགས ་བརྔུབས་སོ་སྙམ་དུ་ཡང་དག་པའི་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདག་གི་སེམས་ཀྱི་འཕྲོ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བྱུང་ན་བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས ་ནས་དབུགས་བྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདག་གི་སེམས་མངོན་པ་མཆོག་ཏུ་དགའ་བ་བྱེད་ཅིང་དབུགས་བརྡུངས་ནི་བདག་གི་སེམས་མ ་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས ་བྱུང་ན་བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདག་གི་སེམས་རྣམ་པར་བྲལ་བར་བྱེད་ཅིང ་དེདགུས་བརྔུབས་ན་བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་འཛུ་ས་སི་ངྒེམ་དུ་ཡང་དག་བ་དྷཱིབྷཱ་བ་བན་རབ་ཏུ་ཤེས་པ་དང་།བདག་གི་སེམས་རྣམ་པར་རྒོལ ་བྱེད་ཅིང་དབུགས་བྱུང་ན་བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བྱུང་ངོ་རློམ་དུ་ཡང་དག་བ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བདག་གི་སེམས་མཉམ་པར་གནག ་ཅིང་དབུགས་བརྔུབས་ན་བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།བཱདག ་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ན་བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།དེ་བཞིན་དུ་མི ་རྟག་པའི་རྗེས་སུ་ལྟ།འདོད་ཆགས་དང་བྲལ་བའི་རྗེས་སུ་ལྟ།འགོག་པའི་རྗེས་སུ་ལྟ།སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་བརྔུངས་ན་སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང ་དབུགས་བརྔུབས་སོ་སྙམ་དུ་ཡང་དྲག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་།སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན་སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་གཞིན་རབ་ཏུ་ཤེས་པ་སྟེ།དགེ་སློང་དག་འདི་ནི་དབུགས་རྔུབ་པ་དང་།འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་གོ།དེ་ལ་རྒྱུན་དུ་ཞུགས་པའི་ཡན་ལག ་བཞི་གང་ཞེ་ན།འདི་ལ་འཕགས་པ་ཉན་ཐོས་ནི་དེ་ལྟར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།རིག་པ ་དང་ཞབས་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ ་ལྡན་འདས་སོ་ཞེས་སངས་རྒྱས་ལ་ཤེས་ནས་དངག་ལྡན་པ་ཡིན།བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ།ཡང་དག་པར་མཐོང་བ།ནད་མེད་པ།དུས ་ཆུད་པ་མེད་པ་ཉེ་བར་གཏོད་པ་འདི་མཐོང་ལ་དོན་ཡོད་པ་མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་སྟེ།འདི་ལྟ་སྟེ་རྒྱས་པར་ངེས་པར་བྱེད་པ།སྲེད་པ་རབ་ཏུ་སེལ་བ།ཀུན ་གཞི་ལེགས་པར་འཇོམས་པ།ལམ་གྱི་རྒྱུན་བཅད་པ།སྲེད་པ་ཟད་པ།འདོད་ཆགས་དང་བྲལ་བ།འགོག་པ།མྱ་ངན་ལས་འོདས་པའོ་ཞེས་ཆོས་ལ་ཤེས་ནས་དང ་པ་དང་ལྡན་པ་ཡིན།བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ།རིགས་པ་ལ་ཞུགས་པ།དྲང་པོ་ལ་ཞུགས་པ།མཐུན་པར་ཞུགས ་པ།ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ།རྗེས་སུ་མཐུན་པའི་ཆོས་སྤྱོད་པ་སྟེ།དགེ་འདུན་གྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར ་ཞུགས་པ་དག་ཀྱང་ཡོད།དགེ་འདུན་གྱི་ནང་ན་རྒྱུན་དུ་ཞུགས་པ་དག་ཀྱང་ཡོད།དགེ་འདུན་གྱི་ནང་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས ་པ་དག་ཀྱང་ཡོད།དགེ་འདུན་གྱི་ནང་ན་ལ་ནི་ཅིག་ཕྱིར་འོང་བ་དག་ཀྱང་ཡོད།དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག ་ཀྱང་ཡོད།དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བ་དག་ཀྱང་ཡོད།དགེ་འདུན་གྱི་ནང་ན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད།དགེ་འདུན་གྱི་ནང་ན་དགྲ་བཅོམ་པོ་དག་ཀྱང་ཡོད།འདི་ལྟ་སྟེ།སྐྱེས་བུ་ཟུང་བཞི།སྐྱེས་བུ་གང་ཟག་ཡ་བརྒྱད་དོ།།བཅོམ་ལྡན ་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་འདི་ལྟ་བུ་སྟེ།དད་པ་ཕུན་སུམ་ཚོགས་པ།ཚུལ་ཁྲིམས་ཕུན་སུམ་ཚོགས་པོ།ཐོས་པ་ཕུན་སུམ་ཚོགས་པ།ཏིང་ངེ་འཛིན ་ཕུན་སུམ་ཚོགས་པ།ཤེས་རབ་ཕུན་སུམ་ཚོགས་པ།རྣམ་པར་གྲོལ་བ་ཕུན་སུམ་ཚོ་ཌོཾ་པ།རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ།ཀུན་ཏུ ་སྦྱིན་པའི་འོས་སུ་གྱུར་པ།རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ།ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།ཕྱག་བྱ་བའི་འོས་སུ་གྱུར་པ།བསོད་ནམས་ཀྱི་ཞིང་བླ་ན་མེད ་པོ་སྟེ།འཇིག་རྟེན་གྱི་སྦྱིན་གན་སོ་ཡིན་ནོ་ཞེས་དགེ་འདུན་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན།འཕགས་པ་བཞེད་པའི་ཚུལ་ཁྲིམས་རྣམས་དང་ལྡན་པ་ཡིན་ཏེ། ་ཚུལ་ཁྲིམས་དེ་དག་ནི་མ་ཉམས་པ།མ་ཞིག་པ།མ་རལ་པ།འདྲེན་པ་མར་མ་གྱུར་པ།སྲ་བ་སྲེར་མ་ཡིན་པ།རང་དབང་ཅན་མ་འབགས་པ།ཤིན་ཏུ ་རྫོགས་པ།མཁས་པས་བསྔགས་པ་མཁས་པ་དག་གིས་མ་སྨད་པ་དགྲ་སྟེ།འདི་དག་ནི་རྒྱུན་དུ་ཞུགས་པའི་ཡན་ལག་བཞིའོ།།དགེ་སློང་དག་དེ་ལ་དེ་བཞིན་གཤེགས། ་པའི་སྟོབས་བཅུ་གང་ཞེ་ན།དགེ་སློང་དག་དེ་ལ་དེ་བཞིན་གཤེགས་པ་ནི་གནས་པ་ལའང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅིང་།གནས་མ་ཡིན་པའ ་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།འདི་ནི་དེ་བཞིན་གཤེགས་པའི་སྟོབས་དང་པོའོ།།འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི ་ལས་ཡང་དག་པར་འཛིན་པ་དང་།རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།།སེམས་ཅན་ཕ་རོལ་མོས་པ་དུ་མ་ཅན་དག་གི་མོས་པ་སྣ་ཚོགས་ཡང་དག ་བ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།།ཁམས་དུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་ཁམས་སྣ་ཚོགས་ཅན་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།།སེམས་ཅན་གཞན་དག ་གི་དབང་པོ་མཆོག་དང་།མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།།ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།། ་སེམས་ཅན་གཞན་དག་གི་དབང་པོ་དང་།སྟོབས་དང་།བྱང་ཆུབ་ཀྱི་ཡན་ལག་དང་།བསམ་གཏན་དང་།རྣམ་པར་ཐར་པ་དང་།ཏིང་ངེ་འཛིན་དང་།སྙོམས ་པར་འཇུག་པ་རྣམས་ཀྱི་ཀུན་ནས་ཉོན་མོས་པ་དང་།རྣམ་པར་བྱང་བ་རྣམ་པར་བཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། ་རྣམ་པ་དང་བཅས།ཡུལ་ཕྱོགས་དང་བཅས།རྒྱུ་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ།སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ན།། ་གཉིས་དང་གསུམ་དང་བཞི་ནི་སྐྱེ་བབྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྗེས་སུ་དྲན་ནོ་ཞེས་རྒྱ་ཆེར་སྦྱར་རོ།།ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་སྐྱེ་བ་དང་། ་ལུས་དང་ངག་དང་ཡིད་ཀྱིས་ལོགས་པར་སྤྱད་པ་དང་།ཉེས་པར་སྤྱད་པ་དག་གིས་བདེ་འགྲོ་དང་།ངན་འགྲོ་རྣམས་སུ་སྐྱེ་བ་དག་གི་སེམས་ཅན་གཟིགས་སོ་ཞེས་རྒྱ་ཆེར ་སྦྱར་རོ།།ཡང་དག་པའི་ཤེས་རབ་ཀྱི་ཟག་པ་རྣམས་ཟད་ནས་ཟག་པ་ལས་སེམས་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བོ་བཞིན་རབ་ཏུ་མཁྱེན་ཏེ།དགེ་སློང་དག་འདི ་དགྲ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ།།དེ་ལ་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན།འདི་ལ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས ་པའི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེ་བ་ལ་འདིར་ལྷ་དང་བཅས་པ་དང་བདུད་དང་བཅས་པ་དང་ཚངས་པ་དང་བཅས་པ་དང་།དགེ་སྦྱོང་དང་བྲམ་ཟེར ་བཅས་པ་དང་།ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་ལས་གང་གིས་ཀྱང་ཁྱོད་ཀྱིས་ཆོས་འདི་དག་མངོན་པར་རྫོགས་པར་སྤངས་མ་རྒྱུས་སོ་ཞེས་དེ་ལ་རྒོལ་བའི་མཚན་མ ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།།དེ་བཞིན་གཤེགས་པས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་ཤིང་ཁྱུ་མཆོག་གི ་གནས་སུ་དམ་བཅས་ཏེ།འཁོར་གྱི་ནང་དུ་སོང་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་དགེ་སྦྱོང་ངམ།བྲམ་ཟེ་འམ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུས་བསྐོར་བའི ་ཚངས་པའི་འཁོར་ལོ་རབ་ཏུ་སྐོར་བ་དང་།ཡང་གང་དག་དེ་བཞིན་གཤེགས་པས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་འདིར ་དེ་ལ་ཞེས་བྱ་བར་རྒྱས་པར་སྦྱར་བ་དང་།གང་ཡང་འདིས་འཕགས་པ་ངེས་པར་འབྱུང་ངོའི་ལམ་བསྟེན་པ་དདག་ཙྪ་འདི་སྟེན་ཀྱང་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་ངེས་པར ་འབྱུང་བ་མ་ཡིན་ནོ་ཞེསྟེ་ཡོང་འདིར་དེ་ལ་ཞེས་བྱ་བར་རྒྱས་པར་སྦྱར་བ་དང་།ད་ཟག་པ་ཟད་དོ་ཞེས་བདག་ཉིད་ཞལ་གྱི་སའི་ཆེ་བ་ལ་འདིར་ལྷ་དང་བཅས་པ་དང་།བཱ་དུང་དང ་ཚངས་པར་བཅས་པ་དང་ཚངས་པ་དང་བཅས་པའི་འཇིག་རྟེན་དང་།དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་ལྕེ་དང་མི་དང་།ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་ལས་གང་གིས་ཀྱང ་ཟག་པའི་དེ་དག་ཡོངས་སུ་མ་ཟད་དོ་ཞེས་དེ་ལ་གོལ་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།།དེ་བཞིན་གཤེགས་པས་མཚན་མ ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་ཤིང་ཁྱུ་མཆོག་གི་གནས་སུ་དམ་བཅས་ཏེ།འཁོར་གྱི་ནང་དུ་སོང་ནས་སེང་གེའི་སྒྲ་ཡང ་དག་པར་སྒྲོག་ཅིང་དགེ་སྦྱོང་དང་བྲམ་ཟེ་འམ།སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་སྟེ།འདི་དག་ནི་མེ་འཇིགས ་པ་བཞིའོ།།དེ་ལ་དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན།འདི་ལྟ་སྟེ།དོན་སོ་སོ་ཡང་དག་པར་རིག་པ་དང་།ཆོས་སོ་སོ་ཡང ་དག་པར་རིག་པ་དང་།ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་།སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ།འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ།། ་དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན།དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་ཙ་ཙེ་མེད་པ་དང་།བསྒྱེལ་བ་མེད་པ་དང་།སེམས ་མཉམ་པར་མི་བཞག་པ་མེད་པ་དང་།ཐ་དད་པའི་འདུ་ཤེས་མེད་པ་དང་།སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་།འདུན་པ་ཉམས་པ་མེད་པ་དང་།། ་བརྩོན་འགྲུས་ཉམས་པ་མེད་པ་དང་།དྲན་པ་ཉམས་པ་མེད་པ་དང་།ཏིང་ངེ་འཛིན་ཉམས་པ་མེད་པ་དང་།ཤེས་རབ་ཉམས་པ་མེད་པ་དང་རྣམ་པར་གྲོལ་བ་ཉམས་པ་མེད ་པ་དང་།རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་།།འདས་པའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་།མ་འོངས ་པའི་དུས་ལ་ཡེ་ཤེས་མཐོང་བ་ཆཌ་པ་མེད་ཅིང་ཐོར་པ་མེད་པ་དང་།ད་ལྟར་བྱུང་བའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་།ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས ་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་།ངག་གི་ལས་མས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་།ཡིད་ཀྱི་ལས་ཐམས་ཅད ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ།འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ།།དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན།དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཤིན་ཏུ་གནས་པ་འདི་དང་།ཞབས་ཀྱི་འོག་གི་མཐིལ་གི་ཉེས ་འཁོར་ལོའི་མཚན་དང་ལྡན་པ་དང་།རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་དང་།སོར་མོ་རིང་བ་དང་།ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་།ཕྱག་དང་ཞབས ་འཇམ་ཞིང་བཞོན་ཤ་ཆགས་པ་དང་།བདུན་མཐོ་བའི་སྐུ་དང་ལྡན་པ་དང་།བྱིན་པ་རི་དགས་ཨོཾ་ན་ཡའི་ལྟ་བུ་དང་།མདོམས་ཀྱི་སྦ་བ ་སྦུབས་སུ་ནུབ་པ་དང་།རོ་སྟོད་སེང་གེའི་འདྲ་བ་དང་།ཐལ་གོང་རྒྱས་པ་དང་།དཔུང་མགོ་ཤིན་ཏུ་ཟླུམ་པ་དང་།མ་བཙུད་པར་ཕྱག་པུས་མོར་སླེབས་པ་དང་སྐུ ་རྣམ་པར་དག་པ་དང་།མགུར་དུང་ལྟ་བུ་དང་།འགྲམ་པ་སེང་གེའི་འདྲ་བ་དང་།ཚེམས་བཞི་བཅུ་མཉམ་པ་དང་ཚེ་མོས་མཉམ་ཞིང་ཐགས་བཟང་བ་དང ་ཚེམས་ཤིན་ཏུ་དཀར་བ་དང་།ལྗགས་ཤིན་ཏུ་རིང་བ་དང་།རོ་གྲོ་བའི་མཆོག་དང་ལྡན་པ་དང་།ཚངས་པའི་དབྱངས་དང་།བྱ་ཀ་ལ་བིང་ཀའི་སྒྲ་དཔྱད་དང་སྤྱན་མཐོན་མཐེང་དང་། ་སྤྱ་གྱི་རྫིམ་པའི་རྗེ་མ་འདྲ་བ་དང་།པགས་པ་སྲབས་པ་དང་།པགས་པའི་མདོག་གསེར་འདྲ་བ་དང་།སྤུའི་ཁུང་བུ་རེ་རེ་བ་དང་།སྤུ་གྱེན་དུ་གཡོས་ཕྱོགས་སུ་འཁྱིལ ་བ་དང་།དབུ་སྐྲ་རིན་པོ་ཆེ་ཨན་དྷ་རྙིལ་ལྟ་བུ་དང་།སྨིན་མཚམས་ཀྱི་སྒོའི་བར་གྱི་དཔྲལ་བའི་སྤུ་ཤིན་ཏུ་དཀར་བ་དང་།ད་བུ་གཙུག་ཏོར་དང་ལྡན་པ་དོང་།དེ ་བཞིན་གཤེགས་པའི་སྐུ་ཤིང་ནྱ་གྲྀ་དྷི་ལྟར་ཆུ་ཞེང་གལ་པ་དང་།ཀུན་ཏུ་མཛེས་པ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཏེ།འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ ་རྩགཉིས་སོ།།དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཤིན་ཏུ་གནས་པ་འདི་ནི་སྔོན་ཡི་མ་ལ་བརྟན་པས་མངོན་པར་གྲུབ་པའོ།། ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཞ་བོས་ཀྱི་འོག་གི་མཐིལ་གཉིས་འཁོར་ལོའི་མཚན་དང་ལྡན་པ་འདི་ནི་སྔོན་སྦྱིན་པ་སྣ་ཚོགས་བསགས་པས་མངོན ་པར་འགྲུབ་པའོ།།དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་འདི་ནི་སྔོན་སེམས་ཅན་གཞན་ལ་སྤ་སྐོང་བ ་མ་བྱས་པས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པའི་སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་འདི་ནི་སྔོན་སེམས་ཅན་རྣམས་ལ་ཆོས་ཀྱི་བསྲུང་བ་དང་། ་བསྐྱོབ་པ་དང་།སྦ་བ་བྱས་པས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་།ཞབས་དྲ་བས་འབྲེལ་པ་འདི་ནི ་སྔོན་གཡོག་འཁོར་གྱི་དབྱེན་མ་བྱས་པར་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་།ཞབས་འཇམ་ཞིང་གཞན ་ཤ་ཆགས་པ་འདི་ནི་སྔོན་གོས་དམ་པ་སྣ་ཚོགས་རབ་ཏུ་བྱིན་པས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགསོ་བའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་བདུན་མཐོ ་བའི་སྐུ་དང་ལྡན་པ་འདི་ནི་སྔོན་བཟའ་བ་དང་།བཏུང་བ་རྒྱ་ཆེན་པོ་བྱིན་པས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི་སྐྱེས་བུ ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་བྱིན་པ་རི་དགས་ཨེ་ན་ཡཱའི་ལྟ་བུ་འདི་ནི་སྔོན་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཟུང་བས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས ་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འདི་ནི་སྔོན་གསང་བའི་ཚིག་བསྲུངས་པ་དང་འཁྲིག་པའི་ཆོས་སྤངས་པས་མངོན་པར་གྲུབ་པའོ།།། ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་འདི་ནི་སྔོན་དགེ་བའི་ལས་ཀུན་ཏུ་བསྲུངས་པས་མངོན་པར་གྲུབ་པའོ།།དེ་བཞིན ་གཤེགས་པའི་སྐྱེས་བུ་ཚོན་པོའི་སྐྱེས་བུ་ཆེན་པོའི་མཚན་ཐལ་གོང་རྒྱས་པ་འདི་ནི་སྔོན་དགེ་བའི་ཆོས་ཡང་དག་པར་སྤྱོད་པས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས ་པའི་དཔུང་མགོ་ཤིན་ཏུ་ཟླུམ་པ་འདི་ནི་སྔོན་གཞན་དག་ལ་དབུགས་འབྱིན་པ་བྱིན་པས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི་ཕྱག་མ་བཏུད་པར་པུས་མེར་སླེབས ་པ་འདི་ནི་སྔོན་གཞན་ལ་བྱ་བ་ཅི་ཡོད་ཅེས་བྱ་བས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པ་འདི་ནི་སྔོན་དགེ་བ་བཅུའི་ལས་ཀྱི་ལམ་ངོམས ་མི་མྱོང་བར་ཡང་དག་པར་སྤྱད་པས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི་མྱ་སུར་དུང་ལྟ་བུ་འདི་ནི་སྟོན་ནད་པ་རྣམས་ལ་སྨན་སྣ་ཚོགས་བྱིན་པས་མངོན་པར་གྲུབ་པའོ།། ་བཞིན་གཤེགས་པའི་འབྲོམ་པ་སེང་གེའི་འདྲ་བ་འདི་ནི་སྔོན་དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་བྱིས་པས་མངོན་པར་གྲུབ་པའོ།།དེ་བཞིན་པ་ཤུགས་པའི་ཚེམས་བཞི་བཅུ་མཉམ་པ ་འདི་ནི་སྔོན་སེམས་ཅན་ལམཚུངས་པར་གནས་སྦྱར་བས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི་ཚོམས་ཐགས་བཟང་བ་འདི་ནི་སྔོན་སེམས་ཅན་བྱེ་བའི་སྡུམས་བྱས ་པས་སོ།།དེ་བཞིན་གཤེགས་པའི་ཚེ་མས་ཤིན་ཏུ་དཀར་བ་འདི་ནི་སྔོན་ཡིད་དུ་འོང་བ་རབ་ཏུ་བྱིན་པས་སོ།།ཚོམས་མཉམ་པ་ནི་སྔོན་ལུས་དང་།ངག་དང་།ཡིད་ལས་ཀུན་ཏུ ་བསྲུངས་པས་གྲུབ་པའོ།།དེ་བཞིན་གཤེགས་པའི་ལྗགས་ཤིན་ཏུ་རིང་བ་འདི་ནི་སྔོན་བདེན་པའི་ཚིག་ཡང་དག་པར་བསྲུངས་པས་གྲུབ་པའོ།།དེ་བཞིན་གཤེགས་པའི་རོ་བྲོ་བའི ་མཆོག་དང་ལྡན་པ་འདི་ནི་སྔོན་བསོད་ནམས་ཚད་མེད་པས་བདག་ཉེ་བར་བསྟེན་ཅིང་གཞན་ལ་རབ་ཏུ་བྱིན་པས་གྲུབ་པའོ།།དེ་བཞིན་གཤེགས་པའི་ཚངས་པའི་དབྱངས་དང་།བྱ་ཀ ་ལ་པིང་ཀའི་སྒྲ་དབྱངས་འདི་ནི་སྔོན་སེམས་ཅན་ལ་ཚིག་འཇམ་པོ་སྨྲས་པ་དང་།ཀུན་ཏུ་དགའ་བའི་ཚིག་ཐོས་པར་བྱས་པས་གྲུབ་པའོ།།དེ་བཞིན་གཤེགས་པའི་སྤྱན་མཐུན ་ན་སློང་ན་རྒྱུ་ན་ན་ན་སྨྲས་ག་ཏུ་རྒྱུ་སྒྱུ་ན ་།གྲུབ་པའོ།།དེ་བཞིན་གཤེགས་པའི་སྐུ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་འདི་ནི་སྔོན་བདག་དང་གཞན་ཏིང་འཛིན་ལ་སྦྱོར་བས་མངོན་པར་གྲུབ་པའོ།།དེ་བཞིན་གཤེགས་པའི ་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་།མཆོད་རྟེན་ཞིག་པ་བཅོས་པ་དང་།གཞན་དག་འཇིགས་པ་ལས ་དབུགས་དབྱུང་བ་བྱས་པས་གྲུབ་པ་སྟེ།དགེ་བའི་རྩ་བ་ཚད་མེད་པས་ཆོས་འདི་དག་ལ་དབང་སྒྱུར་བའི་ཕྱིར་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག ་སྐུལ་མངོན་པར་གྲུབ་པོའོ།།དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན།སངས་རྒྱས་བཅོམ་ལྡན་འདས་ཀྱི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་།སེམ་མ་མདོག་སྡུམ་པ་དང་སེན ་མཱ་མཐོང་བ་དང་།སེན་མོ་རྣམས་ཟླུམ་པ་དང་།སྲིན་མོ་རྣམས་རྒྱས་པ་དང་།སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་།རྩ་མི་མངོན་པ་དང་རྩ་མདུད་པ་མེད་པ་དང་ལོང་བུ ་མི་མངོན་པ་དང་ཞབས་མི་མཉམ་པ་མེད་པ་དང་སེང་གེའི་སྟབས་སུ་གཤེགས་པ་དང་།གླང་པོ་ཆེའི་སྟབས་སུ་གཤེགས་པ་དང་།ངང་པའི་སྟབས་སུ་གཤེགས་པ་དང་། ་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་།གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང་།མཛེས་པར་གཤེགས་པ་དང་མི་གཡོ་བར་གཤེགས་པ་དང་།སྐུ་འཁྲིལ ་ངག་ཆགས་པ་དང་། ཁྱོད་དབྱས་པ་སྟ་བུ་དང་།སྐུ་རིམ་པར་མཚམས་པ་དང་།སྐུ་ཁོ་ལ་ག་ཡངས་ཤིང་བཟང་བ་དང་མཚན ་ཡོངས་སུ་རྫོགས་པ་དང་།གོམ་པ་སྙོམས་པ་དང་།སྐུ་གཅོང་བ་དང་།སྐུ་འཇམ་པ་དང་།སྐུ་རྣམ་པར་དག་པ་དང་།སྐུ་ཞུམ་པ་མེད་པ་དང་།སྲུ་རྒྱས ་པབ་དང་།སྐུ་ཤིན་ཏུ་གྲམས་པ་དང་།ཡན་ལག་དང་ཏིང་ལག་ཤིན་ཏུ་རྣམ་པར་འིབྱེས་པ་དང་།གཟིགས་པ་རང་རབ་མེད་ཅིང་རྣམ་པར་དག་པ་དང་དཀུ་ཟླུམ་པ་དང་དཀུ ་སྐབས་ཕྱིན་པ་དཀུམ་རྙོངས་པ་དང་།ཕྱལ་ཕྱ་མ་མེ་བ་དང་ལྟེ་བ་ཟབ་པ་དང་།ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་དང་།ཀུན་ནས་མཛེས་པ་དང་།ཀུན་ཏུ་སྤྱོད ་པཾ་གཙང་བ་དང་།སྐུ་ལ་སྨེ་བ་དང་གནག་བགོ་མེད་པ་དང་།བྱུག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང་།ཕྱག་གི་རི་མོ་མདངས་ཡོད་པ་དང་།ཕྱག་གི ་མོ་ཟབ་པ་དང་།ཕྱག་གི་རི་མོ་རིང་བ་དང་།ཞལ་ཧ་ཅང་ཡང་མི་རིང་བ་དང་།ཞལ་ལ་གཟུགས་ཀྱི་གཟུགས་བོདྷན་སྣང་བ་དང་།ལྗགས་སྲབ་པ་དང་།ལྗགས ་འཇམ་པ་དང་།ལྗགས་དམར་བ་དང་།གླང་པོ་ཆེའི་ང་རོ་དང་།འབྲུག་གི་སྒྲ་དང་ལྡན་པ་དང་།གསུང་རྙེན་ཅིང་མཉེན་ལ་འཇམ་པ་དང་།མཆེ་བ་ཟླུམ ་པ་དང་།མཆེ་བ་རྣོ་བ་དང་།མཆེ་བ་དཀར་བ་དང་།མཉམ་པ་དང་།མཆེ་བ་བྱིན་གྱིས་ཕྲ་བ་དང་།ཤངས་མཐོ་བ་དང་།ཤངས་གཙང་བ་དང་།སྤྱན་ཡངས ་པ་དང་།སྤྱན་རིང་བ་དང་།རྫི་མ་སྟུག་པ་དང་།སྤྱན་དཀར་གནག་འབྱོས་ཤྲིང་ཨུཏྤ་ལའི་འདབ་མ་ཡངས་པ་ལྟ་བུར་འདུག་པ་དང་།དྲང་ཚེ་ཞིང་རྒྱས་ལ ་མཁྲེགས་པ་དང་།སྨིན་ཚུགས་རིང་བ་དང་།སྨིན་མ་འཇིམ་པ་དང་།སྨོན་མའི་སྤུ་མཉམ་པ་དང་སྨིན་མ་སྣུམ་པ་དང་།སྙན་ཤལ་སྟུག་ཅིང་རིང་བ་དང་།སྙན ་མཉམ་པ་དང་།སྙན་གྱི་དབང་པོ་མ་ཉམས་པ་དང་།དཔྲལ་བ་ལེགས་པར་འབྱིས་པ་དང་།དཔྲལ་བའི་དབྱིས་ཆེ་བ་དང་།དབུ་ཤིན་ཏུ་རྒྱས་པ་དང་།དབུ་སྐྲ་བུང་བ་ལྟར ་གནག་པ་དང་།དབུ་སྐྲ་སྟུག་པ་དང་།དབུ་སྐྲ་འཇམ་པ་དང་།དབུ་སྐ་མ་འཛངས་པ་དང་།དབུ་སྐ་མིག་ཤོར་བ་དང་།དབུ་སྐ་དྲི་ཞིམ་པ་དང་།སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་།བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པ་དང་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་ཉ་ལོ་སོགས་པའི་མཚན་ཡོད་པོ ་ཡིན་ཏེ།འདི་དག་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ།།དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ།ཚངས་པར་སྤྱོད་པ་དང་ཐོག་མར་དགེ་བ།བར་དུ་དགེ་བ། ་རྒྱུཐ་མར་དགེ་བ་དང་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ།ཡོངས་སུ་རྫོགས་པ།ཡོངས་སུ་དག་པ།ཡོངས་སུ་བྱུང་བ་འདི་ལྟ་སྟེ། ་དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱ་ཞེས་གང་སྨྲས་པ་དེ་ནི་བཤད་པ་འདི་ཡིན་ནོ།།དགེ་སློང་དག་འདི་དག་ནི་དགེ ་པའི་གནས་སམ།ཤིང་དྲུང་ངམ།ཁང་སྟོང་ངམ་རི་སུལ་ལམ།རྀ་ཕུག་གམ།སོག་ཁྲོད་དམ།བླ་གབ་མེད་པའམ་དུར་ཁྲོད་དམ།ནགས ་ཚལ་གྱི་མཐོངས་སམཱ།བས་མཐའི་མལ་སྟན་དག་ཏུ་ངེས་པར་བསམ་གཏན་དུ་གྱིས་ཤིག།དགེ་སློང་དག་བག་མེད་པར་གྱུར་ནས་ཕྱིས་འགྱོད་པར ་གྱུར་ཏ་རེ།འདི་ནི་ངེད་ཀྱིས་རྗེས་སུ་བསྟན་པའོ།།ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ ་པར་གྲོལ་ལོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་དང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་དྲང ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི ་རྣམགྲངས་རྫོགས་སོ།།།རྒྱུ་ག་སྐདདུ།ཱཿ་ཨརྡྷ་བི་བྷཱུཥྞཱ་ནཱ་མ་དྷརྨཔྟཱནྠ་ཡ།དྭེ་སྐད་དུ།འཕགས ་