| Wylie | e-texts produced with BDRC’s OCR application |
ས་གསུངས་པ་ལ་མངོན་པར་བསྟོད་དོ།།ཕ་མའི་མདོ་རྫོགས་སོ།།།རྒྱ་ག་སྨད་དུ།ཱཪྠ་ཙྪཏྱཱ་སཿསྱེདྡྷ། ་སྤྱོ་སྐད་དུ།འཕགས་པ་དེན་པ་བཞིའི་མདོ།སྣངས་རྒྱས་དང་བྱང་ཆུབ་སེམས་དང་འཐམས་ཅད་ལ་ཕྱག་འཚལ་ལ།།འདི།།དེ་བདྲུག་གི་སྟེ་བློས་པཱུ་དུ་སྣ་གཅིག་ན། ་བ་མྱི་ལྡ་ནི་འདུས་དམར་དུ་ཅན་གྱི་གྲོང་ཁྱེར་དང་རྒྱལ་བའི་ཁ་བ་བར་གྱི་དབུས་ན་རྒྱལ་པའི་གནས་འོད་མོ་ད་བྱུག་པ་ཅན་ན་ནུང་མཉེ་བར་རྟེན་ཅིང་དགེ་སློང་གི་དགེ་འདུན ་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སྦྱོང་ང་གང་དང་ཁྱེད་ཅག་ཁོ་ནས་འཕགས་པའི་བདེན་པ་བཞི་པོ ་དེ་དག་མ་ཤེས་མ་མཐོང་།ཁོང་དུ་མ་ཆུད།སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།།བཞི་པོ་དེ་གང་ཞེ་ན།ང་དང་ཁྱེད་ཅག ་ཁོ་ནས་སྡུག་བསྔལ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་།ཁོང་དུ་མ་ཆུད་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།།ང་དང་ཁྱོད་ཅག་ཁོ་ནས ་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་མ་ཤེས་མ་མཐོང་།ཁོང་དུ་མ་ཆུད།སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།།ང་དང་ཁྱེད་ཅག ་ཁོ་ནས་སྡུག་བསྔལ་ཀུན་འབྱུང་འགོག་པའི་བདེན་པ་མ་ཤེས་མ་མཐོང་།ཁོང་དུ་མ་ཆུད།སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།།ང་དང ་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་།ཁོང་དུ་མ་ཆུད།སོ་སོར་མོ་རྟོགས་པས་ལམ་རིང་པོ་འདིར་རྒྱུག ་ཅིང་འཁོར་བར་གྱུར་ཏོ།།དགེ་སློང་དག་ངས་སྡུག་བསྔལ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ་སྲིད་པའི་སྲེད་པར་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ ་དཱ་ནི་སྲིད་པ་གཞན་མེད་དོ།།ངས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ།སྲིད་པའི་སྲེད་པ་དེ་བཅད་པས་འཁོར་པོའི་སྐྱེ་བ་ཟད། ་ད་ནི་སྲིད་པ་གཞན་མེད་དོ།།ངས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ།སྲིད་པའི་སྲེད་པ་བཅད་པས་འཁོར ་པའི་སྐྱེ་བ་ཟད་དེ།ད་ནི་སྲིད་པ་གཞན་མེད་དུ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྒྱུལ་ཏེ།བདེ་བར་གཤེགས་པས་ད ་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།།ང་དང་ཁྱད་ཅག་ཁོ་ན་ཡིས།།འཕགས་པའི་བདེན་པ་བཞི་པོ་དག།ཇི་ལྟ་བ་བཞིན་མ་མཐོང་བས། ་ལམ་རིང་དུ་ནི་འཁོར་བར་གྱུར།།བདེན་པ་དེ་དག་མཐོང་ནས་ནི།།སྲིད་པའི་སྲེད་པ་བཅད་ནས་སུ།།འཁོར་བའི་སྐྱེ་བ་ཟད་པས་ནི།།ད་ནི་སྲིད་པ་གཞན་མེད་དོ།།བཅོམ ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་བདེན་པ ་བཞིའི་མདོ་རྫོགས་སོ།།།།རྒྱ་གར་སྐད་དུ།རྻ་བི་ནི་ཤྩ་ཡ་ནཱ་མ་དྷརྨ་པཪྻཱ་ཡ།བོད་སྐད་དུ།དོན་རྣམ་པར་ངེས ་