CLOSE WINDOW

N300: pha ma'i mdo
Wyliee-texts produced with BDRC’s OCR application

བྱ་ཕྱོགས་རྒྱུད་ཀྱི་ཕྲེང་བའི་མདོ་ཁྲོ་བའི་ནང་ནས་ཡུལ་ཟ་ལེནྡྲའི་བྱང་ཕྱོགས་ཀྱི་མཚམས་ཀྱི་རི།ུ་ཤི་རིའི་བསྔགས་པའོ།། ་ཕ་མའི་མདོ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམོ་བདུག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་དྲ་བ་ན་བཞུགས་སོ།།དང ་བཅོམ་ལྡན་འདས་ཀྱིས་བཀུའ་སྩལ་པ།དགེ་སློང་དག་ཁྱིམ་གང་དག་ན།ཕ་མོ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་།ལོགས་པར་གཡོག་བྱེད་པའི་ཁྱིམ་དེ་དག ་ནི་ཚངས་པ་དང་ལྡན་པ་ཡིན་ནོ།།དེ་ཅིའི་ཕྱིར་ཞེན།དགེ་སློང་དག་རིགས་ཀྱི་དྲིའི་བམ་གཉིས་ནི་རིགས་པའི་སྒོ་ནས་ཚུངས་པ་དང་འདྲ་བའི་ཕྱིར་རོ།།དགེ་སློང་དག ་ཁྱིམ་གང་དག་ན་ཕ་མེ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་།ལེགས་པར་མཆོད་པ་བྱེད་པ་དང་།ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ།།དགེ་སློང་དག་ཁྱིམ་གང་དག ་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་།ལེགས་པར་མཆོད་པ་བྱེད་པ་དང་།ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར ་པ་དང་ལྡན་པ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ།།དགེ་སློང་དག་ཁྱིམ ་གླང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་།ལེགས་པར་མཚོ་བ་བྱེད་པ་དང་།ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ།།དེ ་ཅིའི་ཕྱིར་ཞེ་ན།དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ།།དགེ་སློང་དག་ཁྱིམ་གོང་དག་ནི་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད ་པ་དང་།ལེགས་པར་མཆོད་པ་བྱེད་པ་དང་།ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།དགེ་སློང་དག་རིགས་ཀྱི་བུའི་ཕ་མོ ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།།ཕ་མ་གཉིས་ནི་ཚངས་པ་སྟེ།།དེ་བཞིན་དང་པོ་སློབ་དཔོན་ཡིན།།བུ་ཡི་ཀུན་སྦྱིན་ཞེས་གྱུར་པ།།མི་ཡང་ཡིན་ལ་ལྷ་ཡང་ཡིན།། ་དེ་ཕྱིར་དེ་གཉིས་ཕྱག་གི་གནས།།དྲིལ་བ་དང་ནི་ཁྲུས་རྣམས་དང་།།རྐང་པ་དག་ཀྱང་བསྐུ་བ་དང་།།ཡང་ནི་ཟོས་དང་སྐོམ་རྣམས་དང་།།གོས་དང་མལ་ཆ་སྟན ་རྣམས་ཀྱིས།།མཁས་པ་དག་གིས་བཀུར་སྟི་བྱ།།པ་མ་དག་ལ་བཀུར་བྱས་པ།།དེས་ན་མཁས་པ་དེ་དག་ནི།།འདིར་ཡང་།། ་སྨད་པ་མེད་འགྱུར་ལ།།ཤི་ནའང་མཐོ་རིས་འགྲོ་བར་འགྱུར།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས ་ས་གསུངས་པ་ལ་མངོན་པར་བསྟོད་དོ།།ཕ་མའི་མདོ་རྫོགས་སོ།།།རྒྱ་ག་སྨད་དུ།ཱཪྠ་ཙྪཏྱཱ་སཿསྱེདྡྷ། ་