CLOSE WINDOW

N294: mi rtag pa nyid kyi mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།། ནི་ཏྱཱ་ཏཱ་སྱཱ་ཏྲ།བོད་སྐད་དུ།མི་རྟག་པ་ཉིད་ཀྱི་མདོ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མོད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན ་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དགེ་ཆོས་བཞི་པོ་འདི་དག་ནི་འཇིག་རྟེ ་ཐམས་ཅད་ལ་སྡུག་པ།དབེན་པ།ཕངས་པ།ཡིད་དུ་འོང་བ།མངོན་པར་དགའ་བར་བྱ་བའོ།།བཞི་གང་ཞེ་ན།དགེ་སློང་དག་ནད་མེད་པ་ནི་འཇིག ་རྟེན་ཐམས་ཅད་ལྟ་སྡུག་པ།དངོན་པ།ཕངས་པ་ཡི་འདི་བླ་མ་དགའ་བྱར་བྱའོ།།ནད་མེད་པ་དེའི་མཐའ་ཡང་ནདུ་ཡིན་ཏེ།དགེ་སློང་དག་ན་ནི་འཇིག ་ན་ཐམས་ཅད་ལ་མི་སྡུག་པ།མི་དབེན་པ།མི་ཕངས་པ།ཡིད་དུ་མི་འོང་བོ་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།།དགེ་སློང་དག་ལེང་ཆེ་ནི་འཇིག ་རྣོན་ཐམས་ཅད་ལ་སྡུག་པ།དབེན་པ།བླངས་པ།ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།།ལང་ཚོ་འདིའི་མཐའ་ཡང་རྒྱུ་བ་ཡིན་ཏེ།དགེ་སྦྱོང་དག་རྒ་བ་ནི ་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ།མི་དབེན་པ།མི་འཕངས་པ།ཡིད་དུ་མི་འོངས་པ།མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།།དགེ་སློང་དག་འབྱོར་པ ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ།དབེན་པ།ཕངས་པ།ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།།འབྱོར་པ་དེའི་མཐའ་ཡང་རྒུད་པ་ཡིན་ཏེ།།དགེ་སློང་དག ་རྒུད་པ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ།མི་དབེན་པ།མི་ཕངས་པ།ཡིད་དུ་མི་འོངས་པ།མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།།དགེ་སློང ་དགེ་སྲོག་ནི་ཇིག་རྟེན་ཐམས་ཅད་ལ་སྡུག་པཱ།དབེན་པ།ཕངས་པ།ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།།སྲོག་དེའི་མཐའ་ཡང་འཆི་བ་སྟེ།དགེ ་སློང་དག་འཆི་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ།མི་དབེན་པ།མི་ཕངས་པ།ཡིད་དུ་མི་འོང་བ།མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།།བཅྡོཾས ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུངས་ནས།སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།།ནད་མེད་མི་རྟག་ལེང ་ཚོ་ནཱག་མ་ཡིན།།འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན།།སྐྱེ་བོ་མི་རྟག་ཉིད་ཀྱིས་ཉེན་གྱུར་ན།།འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།མི་རྟག་པ ་ཉིད་ཀྱི་མདོ།རྫོགས་སོ།།།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་།ཞུས་ཆེན་གྱི་ལོ་ཙྪ་བ་བནྡེ་ཞུང་ཡེ་ཤེས་སྡེས་བསྒྱུར་ཅིང ་ཞུས་ནས་སྐད་གསར་ཅད་ཀྱིས་ཀྱང་བསྣུན་ནས་གཏན་ལ་ཕབ་པ།།རྒྱ་གར་སྐད་དུ། ནི་དྱཱཏ་སཱུ་ཏྲ།བོད་སྐད་དུ།མི་རྟག་པ་ཉིད་ཀྱི་མདོ།སངས ་