CLOSE WINDOW

N293: tshe 'pho ba ji ltar 'gyur ba zhus pa'i mdo
Wyliee-texts produced with BDRC’s OCR application

རྟེན་གྱི་ལོ་ཙྪ་བབཱནྡྷེ་དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ།།རྒྱུ་གར་སྐད་དུ།ཱ་ཡུ་ད ་ཏི་ཡ་ཐཱ་ཀཱ་རཽ་པ་རི་པྲྀཙྪ་སཱུ་ཏྲ།བོད་སྐད་དུ།ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྐུར་ཁྱིམ་བདག་ཐམས་ཅད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དེ་དག་དད་པ་བསྐྱེད་པར ་བྱ་བའི་ཕྱིར་འཁོར་ལྔ་བརྒྱ་དང་བཅས་པར་གཤེགས་པ་ལས།དེའི་ཚེ་ཤཱཀྱ་དགའ་སྐྱེས་ཞེས་བྱ་བ་དར་ལ་བབ་པ།གཉེན་གྱི་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་གཅེས་པ།མི ་ཐམས་ཅད་ཀྱིས་བཀུར་བའི་གནས་སུ་གྱུར་པ་ཞིག་ཚེ་འཕོས་པའི་ཕུང་པོའི་དྲུང་ན་དེའི་བུ་དང་།ཆུང་མ་དང་།སྤུན་དང་།གཡོག་འཁོར་རྣམས་ཀྱིས་རྟའི་ཚོགས་དང་།གླང ་པོ་ཆེའི་ཚོགས་དང་།གོས་དང་རྒྱན་སྣ་ཚོགས་པའང་བསགས།གསེར་དངུལ་དང་།མུ་ཏིག་དང་།ཤེལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའང་བསགས ་བཟའ་བ་དང་།བཏུང་བ་རེ་ཞིམ་པོ་མངར་བ་སྣ་ཚོགས་པའང་བསགས་ཏེ།སྨྲེ་སྔགས་འདོན་ཅང་དགའ་སྐྱེས་ལ་གསོལ་ལོ་ཞེས་མཆོད་པ་བྱེད་པ་དང་།རྒྱལ་པོ་ཟས་གཙང ་མས་བསམས་པ།འདི་ལྟར་ཚེ་འཕོས་པ་ལ་མཆོད་ཅིང་གསོལ་བ་དང་།བརྗེད་པ་ནི་བྲམ་ཟེ་དག་གི་སྨད་ལ་ཟེར་ན་འདི་དག་ལ་སྨན་པ་དང་བདེ ་བ་ཅི་ཡོད་པ་བཅོམ་ལྡན་འདས་ལ་དྲིའོ་སྙམ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཕྱག་བཙལ་ཏེ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་སེམས་ཅན་ཚེ་འཕོས་པ་རྫི ་ལྟར་འགྱུར་བའི་དོན་ཞུ་བར་འཚལ་ན་སྐབས་དབྱེ་བར་ཅི་ག་ནང་།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།ཀྱེ་རྒྱལ་པོ་ཆེན་པོ་ཅི་དང་ཅི ་བཞེད་པ་ཞུས་ཤིག་དང་།རྒྱལ་པོ་ཆེན་པོའི་སེམས་རངས་པར་བཤད་པར་བྱའོ།།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་ཟས་གཙང ་མུས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་འཇིག་རྟེན་འདྲི་ནས་ཚེ་ཕ་རོལ་ཏུ་འཕོས་པའི་སེམས་ཅན་རྣམས་ཕ་རོལ་ཏུ་སྐྱེ་བ་དེ་ལྟ་རྣམས་ཀྱང་ལྷར་སྐྱེ་འམ།དེ་བཞིན་དུ ་མི་དང་།དུད་འགྲོ་དང་།ཡི་དགས་དང་།དམྱལ་བ་རྣམས་ཀྱང་མི་དང་།དུད་འགྲོ་དང་།ཡི་དགས་དང་།དམྱལ་བ་རྣམས་སུ་ཆེ་འཕོས་པར་རིགས་མ་འདྲེས་པ ་སོ་སོར་སྐྱེ་འམ།།བཅོམ་ལྡན་འདས་གཞན་ཡང་ལྷ་རྣམས་ནས་ཚེ་འཕོས་པ་མི་ལ་སོགས་པ་གཞན་རྣམས་སུ་སྐྱེ་འམ།དེ་བཞིན་དུ་མ་དང་།དུད་འགྲོ་དང་།ཡི་དགས ་དང་།དམྱལ་བ་རྣམས་ནས་ཚེ་འཕོས་ནའང་ལྷ་ལ་སོགས་པ་གཞན་རྣམས་སུ་འང་སྐྱེ་བར་འགྱུར།བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས ་ཡེ་མེད་པར་གྱུར་ཏེ།མེ་ཤི་བའི་ཐལ་བ་བཞིན་དུ་གྱུར་ནས་སྐྱེ་བར་ཡེ་མ་མཆིས་སམ།བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནུས་པ་དང་། ་མེས་པོ་དང་།ཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ་བརྒྱུད་པའི་རིས་མཐུན་པ་རྣམས་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་མི་ལེན་པར་འདིར་ཅི་སྤྱད་པ་བཞིན་འགྲོགས ་ཏེ་གནས་སོ་ཞེས་འཇིག་རྟེན་པ་དག་མཆིས་ན་དེ་ལྟར་ལགས་སམ།བཅོམ་ལྡན་འདས་གཞན་ཡང་འདི་ན་ཕྱུག་དྲེགས་རྒྱགས་པ་རྣམས་ཕ་རོལ་ཏུ་འང་ཕྱོག་དྲེགས་རྒྱགས་པར ་འགྱུར་རམ།འདི་ན་དབུལ་རྒུད་ཉམས་ཆུང་བ་རྣམས་ཕ་རོལ་ཏུ་འང་དབུལ་རྒུད་ཉམས་ཆུང་བར་འགྱུར་རམ།འོན་ཏེ་དེ་གཉིས་མི་འདྲ་བར་ཕན་ཚུན་བསྣོལ་མར་འགྱུར།བཅོམ ་ལྡན་འདས་གཞན་ཡང་འདི་ན་རྟ་དང་གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་།འདི་ན་གོས་གྱོན་པ་དང་།རྒྱན་ཐོགས་པ་དང་།འདྲིན་ཟས་བཟའ་བ་དང་།བཏུང་བ་དང་ལྡན ་པ་རྣམས་ཤི་འཕོས་ནས་ཕ་རོལ་ཏུ་འང་དེ་བཞིན་དུ་ཞོན་པ་དང་།གྱོན་པ་དང་།ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ།བཅོམ་ལྡན་འདས ་གཞན་ཡང་འདི་ནས་ཤི་འཕོས་པ་ལ་ཕ་མའམ།སྤུན་ནམ།བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་།བཏུང་བ་ཉུང་ངུར་གཏང་བ་འམ།བསྔོས ་པའང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ།བཅོམ་ལྡན་འདས་གཞན་ཡང་སེམས་ཅན་འདི་ནས་ཚེ ་འཕོས་པ་ན་ཕ་མ་འམ།སྤུན་ནམ།བུ་ལ་སོགས་པ་ལ་གཏམས་ཏེ་ཚིག་ཅི་སྨྲས་པ་དང་།གཟུགས་བྱེད་ཅི་འདྲ་བ་དག་ཚེ་འཕོས་ནས་ཕྱིས་པ་མ་འམ།སྤུན་ནམ།བུ་ལ་སོགས ་པ་ལ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་།གཟུགས་བྱེད་དག་སྟོན་ཏེ།མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དགེ་མཚན་དེ་ལྟར་ལགས ་སམ།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཀྱེ་རྒྱལ་པོ་ཆེན་པོ་འདི་ནས་ཤི་འཕོས་ནས་ལྷ་རྣམས ་ལྷར་སྐྱེ་བ་ལ་སོགས་པ་གསུངས་པ་དེ་ལྟར་མ་ལེགས་ཏེ།ལྷ་རྣམས་ཚེ་འཕོས་པ་འང་ལྟར་སྐྱེས་ནས་འགྲོ་བ་རས་གཞན་རྣམས་སུ་མི་སྐྱེ་བ་ལགས་པ་ནས་དེ་བཞིན་དུ་མི་ལ ་སོགས་པ་འགྲོ་བ་གཞན་རྣམས་ཀྱང་ཚེ་འཕོས་ནས་འགྲོ་བ་གཞན་དང་གཞན་རྣམས་སུ་མི་སྐྱེ་བོར་རང་རང་གི་སྔ་མའི་རིས་རྣམས་སུ་སྐྱེ་བ་ལོགས་ན་ནི།ཀྱེ་རྒྱལ་པོ་ཆེན་པོ ་མི་རྣམས་དང་པོ་ལྷ་ལས་གྱུར་པ་ལགས་ལ།ངན་སོང་གསུམ་པོ་རྣམས་ནི་མི་རྣམས་ཀྱིས་མི་དགེ་བ་སྤྱད་པ་ལས་གྱུར་པ་ལགས་པའི་ཕྱིར་གང་སྦྲུ་ལ་སོགས་པ་ཆེ་འཕོས་པ་དེ་འགྲོ་བ ་རིས་གཞན་དང་གཞན་རྣམས་སུ་སྐྱེ་བ་ལགས་སོ།།ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་ཆེན་པོས་གསུངས་པ་ལྟར་ལགས་ན་ནི་ད་ལྟར་གྱི་འགྲོ་བ་རིས་དྲུག་པོ་རྣམས་མང་བ་དང ་ཉུང་བ་རྣམས་ཇི་ལྟར་ཡོད་པ་བཞིན་དུ་དུས་ཐམས་ཅད་དུ་དེ་ལྟར་འགྱུར་བའི་རིགས་སྨྲན།མི་རྣམས་ལས་མི་དགེ་བ་སྡུད་པ་མང་བའི་རྒྱས་ངན་སོང་གསུམ་པོ་རྣམས་ཕྱིར་ཞིང་མང་པོ་ལ ་གཟིགས།ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་ད་ལྟར་གྱི་དགྲ་བཅོམ་པ་འདི་དག་ནི་མེ་ལས་གྱུར་པ་ལགས་ན།འགྲོ་བ་རིས་སོ་སོར་མ་འདྲེས་པར་ཡང་རིས་སོ་སོར་སྐྱེ་བ་ནི་མི ་རིགས་སོ།།དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ཡཱ་མི་རིགས་སོ།།ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་ན་ལས་དགེ་པ་དང་མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས ་པར་རིས་ཐ་དད་པར་སྐྱེ་བར་འགྱུར་རོ།།ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་ལྷ་རྣམས་ཚེ་འཕོས་ནས་མི་ལ་སོགས་པ་གཞན་རྣམས་སུ་སྐྱེ་འམ་ཞེས་བྱ་བ་ལ་སོགས་པ་དྲིས་པ ་དེ་དེ་བཞིན་ལགྲ་ཏེ།དེ་དེ་ལྟར་ལགསོ།།ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་ཚེ་འཕོས་ནས་ཡེ་མེད་པར་གྱུར་ཏེ་མེ་ཤི་བིའི་ཐལ་བ་བཞིན་དུ་སྐྱེ་བ་ཡེ་མ་མཆིས ་སམ་ཞེས་གསུངས་པ་ནི་དེ་ལྟར་མ་ལགས་ཏེ།ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན་ས་བོན་ཡོད་ན་འབྲས་བུ་འབྱུང་སྟེ།ཚེ་འདི་ས་བོན་ལྟ་བུ་ལས ་ཚེཚིཕྱི་མ་འབྲས་བུ་ལྟ་བུ་ཡོད་དོ།།ཀྱེ་རྒྱལ་པོ་ཆེན་པོ་ཉི་མ་ཤྭར་ནས་ཁྲིད་ཀྱིས་ནུབ་སྟེ་སྨུག་ཏུ་གྱུར་པ་ལས་ཡང་ནང་པར་འཆར་བ་བཞིན་དུ་ཚེ་འདི་འཕོས་ནས་ཡང་སྐྱེ་བ་ཕྱི ་མཱ་ལེན་ནོ།།ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕོས་ནས་ཕྱི་མུར་སྐྱེ་བ་ཡེ་མ་མཆིས་ན་འགྲོ་བ་རྣམས་ཟད་པོའི་རིགས་སོ།།ཀྱེ་རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་རྩ་དང་ཤིང་རྣམས་ཀྱང་དུས ་ཀྱི་དབང་གིས་སྐམས་པ་དེ་ཡང་ཕྱིར་སྐྱེའོ།།དེ་བཞིན་དུ་སེམས་ཅན་རྣམས་ལས་དང་ཉོན་མོངས་པ་དུས་འགྱུར་བ་དང་འདྲ་བའི་དབང་གིས་སྐྱེ་བ་དང་འཆི་བར་འགྱུར་རོ།།དེ ་ཕྱིར་ན་རྒྱལ་པོ་ཆེན་པོ་ཆེ་ཕྱི་མ་ངེས་པར་ཡོད་པར་མཁྱེན་པར་མཛོད་ཅིག།ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕྲོས་ནས་པ་དང་།མྲྀ་པ ་དང་ཡང་མེ་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ་གཅིག་ནས་གཅིག་ཏུ་བརྒྱད་པའི་རིས་མཐུན་པ་རྣམས་འཇིག་རྟེན་ཕ་རོལ་ན་སྐྱེ་བ་མི་ལེན་པར་འདྲི་ན་ཅི་སྤྱོད་པ་བཞིན་འགྲོགས ་ཏེ་གནས་སོ་ཞེས་འཇིག་རྟེན་པ་དག་མཆི་ན།དེ་དེ་ལྟར་ལགས་སམ།ཞེས་གསུང་བིན་ཀྱེ་རྒྱལ་པོ་ཆེན་པོ་འདི་ན་ཕ་དང་བུ་ལ་སོགས་པ་གཅིག་ལ་གཅིག་སྣང་བ་ནི ་གཟུགས་དངོས་པོ་ཅན་གཅིག་ལ་གཅིག་སྣང་གི།སེམས་གཅིག་གིས་གཅིག་མཐོང་བ་ནི་མ་ཡིན་ཏེ།གཟུགས་ཀྱི་ཕུང་སོ་འདིར་ཞིག་སྟེ་མེད་ན།ཕ་རོལ་ན་སེམས ་གཅིག་ལ་གཅིག་ཇི་ལྟར་སྣང་སྟེ་འཕྲོགས།ཚེ་འཕོས་པའི་ཕ་དང་།མེས་པ་དང་།ཡང་མེས་ལ་སོགས་པ་ད་ལྟར་ཚེ་མ་འཕོས་པའི་བུ་ཚ་གཟུགས་ཡོད་པས་ཀྱང་མི་མཐོང ་ན་ཕ་རོལ་ཏུ་ཚེ་འཕོས་པའི་ལུས་མེད་པས་པ་དང་།མེས་པོ་དང་།ཡང་མེས་ལ་སོགས་པ་གཟུགས་མེད་པ་ཇི་ལྟར་མཐོང་ནས་འགྲོགས།ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང ་འདི་ན་ཕ་དང་།བུ་དང་།སྤུན་མང་པོ་འགྲོགས་པའི་དུས་ནའང་གཟུགས་སོ་སོར་སྣང་བ་ལས་མ་གཏོགས་པ་རང་གི་སེམས་ཀྱང་རང་གིས་མི་མཐོང་ན་སྤང་དང་སྤུན་གྱི་སེམས་གཅིག ་གིས་གཅིག་ལྟ་ག་ལ་མཐོང་ན།ཚེ་འཕོས་ནས་ཇི་ལྟར་མཐོང་སྟེ།ཕ་རོལ་ན་སྤང་དང་།སྤུན་དང་།མེས་པོ་དང་།ཡང་མེས་ལ་སོགས་པ་ཇི་ལྟར་སྣང་ནས་འགྲོགས ་ཀྱེ་རྒྱལ་པོ་ཆེན་པོ་ཐོག་མ་མེད་པའི་དུས་ན་དེ་བས་སྔ་བ་མེད་པའི་མེས་པོ་དང་།དེ་ལྟའི་བུ་ཚ་རྣམས་ཕ་རོལ་ན་འགྲོགས་ན་ད་ལྟ་མིའི་རུས་དང་།རིགས་དང་།ཕྱོགས་དང ་རིས་མི་གཅིག་པ་ཐ་དད་པ་མང་པོ་ཇི་སྙེད་པ་རྣམས་སོ་སོར་དགྲར་གྱུར་པ་རྣམས་དང་།གནས་གང་ན་འདུག་པ་དང་།རུས་རིགས་གཅིག་པ་དང་།སྐད་དང་ཆ་ལུགས ་།མམ་པ་ད་པ་ས་ཅང་བ་དག་རྒྱུ་ཀླས་ནས་པ་གས།།ས་སྒྲུ་བ་ཡིན་དུ།སྱཱ་དང་།སྨན་དུ་མས་པལ་བཞེས་པ་ཟློགས་སུ་འདྲུན།། ་ཀྱི་མཚམས་སྤྱན་དངདུ་སྲུང་གང་ལ་གཟུང་བ།དང་བློ་མས་པོ་ནས་བཟུང་སྟེད་ཝཱ་སྨཱནྡྷ་དང་སྨདྨ་ཀྱི་བར་དུ་བརྒྱུད་པ་རྣམས་ཀྱ་ད་ལྟར་གྱི་སྨད་དྲུང་སྤྱན་འདྲ་བར་སྨོས་ན་ཅི་ཞིང་རྡོ ་བར་དུན་གངགདུནི་གགས།གང་ག་ནི་མི་འགྲོགས།དེལྟར་གྱི་རྣམས་སུ་སོང་ནས་འདག་ཅིག་གི་མོས་པ་འདི་ཡིན་ནི་ཞེས་ཕྱོགས་དང་རིན་པཟུང་སྟེ། ་ནཱག་འདི་ས་གཅིག་གི་འི་ཞེས་ཕྱོགས་དང་རིས་སྨྲ་བཅད་ན་དེ་དག་གིསེ་མས་པོ་ཞེས་སོ་སོ་བཟུང་བ་དེ་དུན་གྱི་ཡང་པ་དང་།མོས་པ་དང་།ཡང་མེ་ས་། ་སྣུ་ནས་དང་བྱ་རྣམས་པོ་མ་ཐུག་གོ་བྱུར་དུ་རླུད་པ་ནི་སྦྱངས་ས་རིན་བདག་ཅག་སྤྲིནས་པ་ཞེས་ཟུང་བ་ཡིན་ན་འཇིག་རྟེན་བདྲུག་སྒྲུ་བ་ལྟར་དིནས ་མི་ཡིན་པ་པ་སྤྱན་སྐད་དུདུ་སྦྱིན་འཁྲུགས་ནི་དེ་སྐྱེད་དུ་རིགས་དང་།ཕྱོགས་མིག་ག་པ་དང་།དག་གྱུ་ཀུན་ཧཱུ~ཾ་ནུས་ཕྱོགས་ས་། ་ཀྱི་རྒྱལ་པོ་ཆེན་པོ་དེ་སྦྱོར་གྱི་ཚེའི་དེ་གཟུགས་ཅན་དངོས་པོར་སྣང་བའང་མུན་པོ་དང་།བག་ན་འདུག་པ་དག་གཅིག་གིས་གཅིག་མི་མཐོང་ན་ཆེ་འབོས་པའི་རྗེམས་གཟུགས ་མེད་པས་གཅིག་གིས་གཅིག་ཇི་ལྟར་མཐོང་ནས་འགྲོགས་པར་འགྱུར།ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་སེམས་ཅན་ཐུགས་དང་ལྡན་པས་ཀྱང་མི་མཐོང་བའི་གནས་ཡུལ་མི་གཅིག་པ ་དང་།གནས་ཐ་དད་པ་དག་ལཾ་རང་གི་གཞུགས་སྣང་བར་སྟོན་མི་ནུས་ན་ཆོ་འཕོས་ནས་ཇི་ལྟར་གཟུགས་སྣང་བར་སྟོན་ནུས།ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པས་གཅིག་གིས་གྲགས ་པ་དང་རྙེད་པ་དག་བཙལ་བའི་ཕྱིར་བསླུས་པའི་གཏམ་གྱིས་གཞན་སླུ་བར་བྱེད་པ་ལ་གསན་པར་མི་རིགས་སོ།།ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི་ན་ཕྱུག་དྲེགས་རྒྱུ་གས་པ ་རྣམས་ཕ་རོལ་ཏུ་འང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ།འདི་ན་དངུལ་རྒྱུད་ཉམས་ཆུང་བ་རྣམས་ཕ་རོལ་ཏུ་འང་རྒུད་ཉམ་ཆུང་བར་འགྱུར་རམ།འོན་ཏེ་དེ་གཉིས་མི་འདྲ་བར ་ཕན་ཚུན་སྣོལ་བར་འགྱུར་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་རྣམས་ཚེ་མ་འཕོས་པའི་སྐྱེ་བ་འདི་ལ་འདུ་ལ་ལ་སྐྱེས་མ་ཐག་ཏུ་ཕྱུག་དྲེགས་རྒྱགས་པར ་གྱུར་པ་ལས་ལོ་ལྔ་བཅུ་དང་དྲུག་ཅུ་ནས་འཁོགས་པའི་བར་དུ་དབུལ་རྒུད་ཉམ་ཆུང་བའང་ཡོད།ལ་ལ་སྐྱེས་ནས་གཞོན་དར་བའི་ཚེ་ལ་དབུལ་རྒུད་པ་ལས་ལོ་ལྔ་བཅུ་དང་དྲུག་ཅུ ་ནས་འཁོགས་པའི་བར་དུ་ཕྱུག་དྲེགས་རྒྱགས་པ་དག་ཡོད་ན་ཚེ་འཕོས་ནས་བྱུག་དབུལ་མི་རྟག་པ་ལྟ་ཅི་སྨོས།ཀྱེ་རྒྱལ་པོ་ཆེན་པོ་དཔེར་ན་འཇིག་རྟེན་ན་རྩཝ་དང་ཤཱི་ལ་སོགས་པ་དྲ་བ ་ཕ་རོལ་ཏུ་འང་དེ་བཞིན་དུ་ཞོན་པ་དང་།གྱོན་པ་དང་།ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆིན་དེ་དེ་ལྟར་ལགས་སམ་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་ཚེ་འཕོས་དེའི།། ་ཚེ་ལས་དགེ་སྡིག་གང་སྤྱད་པ་བཞིན་མཐོ་རིས་དང་ངན་སོང་དག་ཏུ་སྐྱེ་བ་ལེན་ཏེ།རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་མཆི་བ་ལྟར་མ་ལགས་སྷོ།།ཚེ་འཕོས་པ་འདིའི་ཆ་ལུགས་ལྟར ་སྣང་བ་ནི་བར་སྟེང་གི་ཁམས་འདྲི་ན་དྲི་ཟའི་འཇིག་རྟེན་གྱིས་ཁམས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་མཐར་ཐུག་པ་མེད་པ་དེ།དྲི་ཟའི་ཆེ་གེ་མོའི་སེམས་ལ་ཉེ་བར་འཇུག་པ་ཞེས ་བྱ་བའི་རིགས་ཡོད་དེ།དེས་དྲི་ཟའི་ཟས་བཙལ་བའི་ཕྱིར་ཚེ་འཕོས་པའི་ལུས་དང་།གོས་དང་།རྒྱན་དྲང་ཆུ་ལུགས་ལྟ་བུ་དག་སྤྲུལ་བར་བྱེད་དེ།ཚེ་འཕྲོས་པ་དེའི་ཆ་ལུགས ་དང་གཏམ་དག་བྱེད་ཅིང་སྤྲུལ་པ་སྟོན་པའང་ཡོད་དོ།།ཀྱེ་རྒྱལ་པོ་ཆེན་པོ་འདི་ལ་གཞན་ཡང་ཡོད་དེ།དྲི་ཟ་ལས་མ་གཏོགས་པ་ག་ཞན་ཡང་གནོད་སྦྱིན་དང་།ཤྭ་ཟ་དང་། ་འབྱུང་པོ་ལ་སོགས་པས་ཚེའིའཕོས་པའི་ཕ་འམ།བུ་འམ།སྤུན་ལ་སོགས་པ་བསླུ་བའི་ཕྱིར་མི་མ་ཡིན་པ་དེ་ཡིས་འཇིག་རྟེན་པའི་རྫུ་འཕྲུལ་གྱིས་ཚེ་འཕོས་པའི་གཏན་ཚིགས་དང་། ་སེམལ་དང་།ལོ་རྒྱུས་དག་ཤེས་པར་བྱས་ནས་མི་མ་ཡིན་པ་དེའི་བྱིན་གྱིས་ཕ་མ་ལ་སོགས་པས་མཐོང་བ་དང་།རྨི་ལམ་དུ་འབྱུང་བའང་ཡོད་དོ།།ཀྱེ་རྒྱལ་པོ་ཆེན་པོ་འདི་ལ ་གཞན་ཡང་ཡོད་དེ།སྤད་དང་སྤུན་ལ་སོགས་པ་ཡུན་རིང་པོར་ལྷན་ཅིག་པའི་བག་ཆགས་རྟས་པས་མཐོང་བ་དང་རྨི་ལམ་དུ་སྣང་བའང་ཡོད་དེ། ་དཔེར་ན་མི་ཞིག་གིས་ད་ལྟར་ཚེ་མ་འཕོས་པའི་རང་གི་ཕ་མ་འམ།སྤུན་ཟླ་འམ།བྲན་ཁོལ་ལམ།གཞན་སུའང་རུང་བ་དག་དང་འགྲོགས་པ་དང་།ལོངས་སྤྱོད་ཀྱི ་བདེ་བ་འམ།དགྲ་རྐུན་དང་འཐབ་རྩོད་ལ་སོགས་པ་བདེ་བ་དང་།སྡུག་བསྔལ་གང་ཡང་རུང་བ་དག་རྨིས་ན་མི་དེས་རྨིས་པ་བཞིན་དུ་གང་རྨིས་པའི་ཕ་མ་འམ།སྤུན་ཟླ་འམ། ་བྲན་ཁོལ་ལམ།གཞན་སུའང་རུང་བ་རྨི་ལམ་ན་སྣང་བ་དེས་ཚོར་བ་ཡོད་ན་ནི་རྨིས་པ་དེ་བདེན་པ་ཡིན་ན་དེས་རྨིས་པའི་ཕ་མ་འམ།སྤུན་ཟླ་འམ།བྲན་ཁོལ་ལམ ་གཞན་སུ་འང་རུང་བ་རྨི་ལམ་ན་སྣང་བ་དེ་བདེན་པར་ཇི་ལྟར་བཟུང་།ཀྱེ་རྒྱལ་པོ་ཆེན་པོ་ཆེ་མ་འཕོས་པའང་གཅིག་གིས་རྨིས་པ་གྲ་ཙག་གིས་མི་ཚེར་ན་ཚེ་འཕོས ་པའི་རྨིས་པ་ཚེ་འཕོས་པ་དེ་ཡིན་པར་ག་ལ་འགྱུར་ཏེ་བག་ཆགས་རྟས་པ་ཡིན་ནོ།།ཀྱེ་རྒྱལ་པོ་ཆེན་པོ་བག་ཆགས་ལགས་པའི་དཔེ་ནི་གཞན་ཡང་མཆིས་ཏེ།མི ་ཞིག་སྔོན་ཚེ་སྟོད་ལ་མཆིས་པའི་མཁར་དང་།ཁང་པ་དང་།གྲོང་གང་ཡིན་པ་ཞིག་བོར་ཏེ།ཡུལ་གཞན་ཞིག་ཏུ་ཚེ་སྨད་ལ་འདུག་པ་ན་སྔོན་གྱི་གྲོང་དེའང་ཞིག་སྟེ། ་སྔོན་མི་འདྲ་བ་ལས་མི་དེས་སྔོན་གྱི་ཁང་པའི་དབྱིབས་དང་རྒྱུ་ཅི་འདྲ་བ་མ་ཞིག་པ།མ་འདྲུམས་པ་རྨིས་ནུ་གྲོང་དུང་ཁང་པ་དེ་ལྔ་སེམས་ཡོད་ན་ནི་ཁང་པ་དེས་སེམས་སྣང་དུ་རུང་ན།ཁང ་པ་དང་གྲོང་དེས་རྡོ་བེམས་པོ་ཡིན་ན་མི་དེས་རྨིས་པ་དེ་ཅིའི་ཕྱིར་བག་ཆགས་རྟས་པ་མ་ཡིན།དེ་བཞིན་དུ་ཚེ་འཕོས་པའི་ད་ན་རྟགས་དང་བཅས་པ་རྨིས་པའང་ཁང་པ་མི་ཞིག་པ་རྨིས ་པ་དང་འདྲེ་སྟེ།ཚེ་འཕོས་པའི་སེམས་ཀྱང་ལས་གོར་འཐུན་པར་སྐྱེ་བ་བླངས་ཟིན་ན་དེ་སྣང་དུ་བཏུབ་བམ།ཀྱེ་རྒྱལ་པོ་ཆེན་པོ་དེའི་ཕྱིར་བག་ཆགས་མཐུ་རྟས་པའི་དབང་གིས ་ཚེ་འཕོས་པའི་གཏན་ཚིགས་དང་།ཆ་ལུགས་མཐོ་བ་དང་རྨིས་པ་ཡིན་ནོ།།དེ་བཞིན་དུ་རིལ་གྲི་ལ་སོགས་པའི་གོ་མཚོན་ཐོགས་པ་དང་།།གོས་དང་རྒྱན་ལ་སོགས་པ་གྱོན ་པ་དང་།རྟ་དང་གླང་པོ་ཆེ་ལ་སོགས་པ་ཞོན་པར་སྣང་བ་དང་རྨི་ལམ་དུ་འབྱུང་བ་འང་བག་ཆགས་སྣང་བ་ཡིན་ཏེ།ཁང་པའི་དཔེ་བཞིན་དུ་རིགས་པོར་བྱའོ།།ཀྱེ་རྒྱལ་པོ་ཆེན་པོ ་རྒྱལ་པོ་ཆེན་པོ་འདི་ནས་ཤི་འཕོས་པ་ལ་ཕྲ་མ་འམ།སྲིནྡྲ་ན་མ།བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་།བཏུང་བ་ཉུང་ངུ་ཉུང་ངུ་གཏང་བ་དང་།བསྔོས་པའང ་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆིས་ན་དེ་ལྟར་ལགས་སམ་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་གླིང་བཞི་པ་ནས ་སྟོང་གི་འཇིག་རྟེན་གྱི་ཁམས་དང་།སྟོང་གཉིས་པ་དང་།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་།འཇིག་རྟེན་གྱི་ཁམས ་མཐའ་ཡས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ན་བཟའ་བ་དང་བཏུང་བ་ཉུང་ངུ་ཉུང་ངུས་དུས་ཐམས་ཅད་དང་།བསྐལ་པ་མང་པོར་ཟ་བའི་སེམས་ཅན་གཟིགས་སོ།། ་གསན་ནམ།ཀྱེ་རྒྱལ་པོ་ཆེན་པོ་ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེ་ལ་ཅི་བསམས་པའི་འདོད་པ་འབྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡོད་པའང་སྔོན་བསྐལ་པ་མང་པོར ་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པ་ལས་བྱུང་བ་ཡིན་ཏེ།གནམ་བབས་དང་།གློ་བུར་དུ་བྱུང་བ་ནི་མ་ཡིན་ན་བཟའ་བ་དང་བཏུང་བ་ཉུང་ངུ་དེ་བསྐལ་པ་མཐིའ ་བཱར་དུ་མི་ཟད་པ་དེ་རིགས་ལགས་སམ།ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་འཕོས་པའི་ཕ་སྤང་དང་།སྤུན་གཅིག་ལ་གཅིག་འབྲེལ་བར་འཛིན་པ་ཕན་པར་འདོད་པ་རྣམས་ད་ལྟར་མ ་ཤི་བ་ལུས་དང་ལྡན་པའང་གཅིག་ཡུལ་གཞན་དུ་སོང་ན་དེ་ལ་ཕ་མ་འམ།བུའམ།སྤུན་གང་ཡང་རུང་བས་ཟས་སྐོམ་མང་པོར་སྦྱིན་ནོ་གསོལ་ལོ་ཞེས་བསྔོས་པའང་ཡུལ ་གཞན་དུ་སོང་བའི་རྨི་ལམ་དུའང་མི་འབྱུང་ན་དངོས་པོར་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོདཚེ་འཕོས་ནས་ལུས་དང་བྲལ་བ་ལ་བསྔོས་ཤིང་གཏང་བཟ་ཞིང་འཐུང་བ་ལྟ་ག་ལ ་ཡོད།།ཀྱེ་རྒྱལ་པོ་ཆེན་པོ་ཆེ་འཕྲོས་ནས་སེམས་ལུས་དང་བྲལ་བ་དེས་བུ་དང་སྤུན་ལ་སོགས་པས་གཏད་པའི་ཟས་དང་།སྐོམ་དངོས་པོ་ཅན་འདི་དག་སེམས་དངོས་པོ་མེད་པ་གཟུ་མཿ། ་ཇི་ལྟར་བདག་པོ་བྱེད་པར་འགྱུར།དེ་ཅིའི་ཕྱིར་ཞེ་ན།བཟའ་བ་དང་བཅའ་བ་ནི་ལུས་ཡོད་པའི་ཡན་ལག་གི་རྩོལ་བ་ལ་རག་ལུས་ན་སེམས་ལ་ལུས་ཀྱི་ཡན་ལག་དེའི་རྩོལ་བ་ཡོད་དམ།རྒྱལ་པོ་ཆེན ་པོསོ་གསོལ་པ།བཅྡོཾས་དེ་ལྟར་ལགས་ན་ཚེའིཕྲོས་པ་ལ་འདི་ན་ཕན་འདོགས་པའི་བཟའ་བཏུང་དང་།བཞོན་པ་དང་།གློས་དང་།རྒྱན་གཏོང་བ་འདི་དག་ལ་དོན་མ་མཆིས ་པ་ལགས་སམ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་ཆེ་འཕྲོས་པ་དེས་ལས་གང་སྤྱད་པའི་རྣམ་པར་སྨིན་པས་འགྲོ་བ་རིས་ཐ་དད་པ་གང་དུ་སྐྱེ་བ་ལེན ་བཱ་དེ་ལ་མི་དགེ་བ་དང་མ་འབྲེལ་བའི་བསོད་ནམས་ཀྱི་ཚིགས་སུ་འགྱུར་བའི་ལས་དགེ་བ་སྣ་ཚོགས་པས་བསྟངས་ནི་མཐོ་རིས་དང་ཐར་པར་ཡང་སྐྱེ་ལ།གལ་ཏེ་སྐྱེ་བོ་སྤོངས་བཞི ་ཞིང་ལ་བསོད་ནམས་སུ་འགྱུར་བའི་ལས་དགེ་བ་ཞིག་གིས་བསྟངས་ན་སྐྱེ་བ་བླངས་པ་དེས་ནོར་རྙེད་པ་དང་།ལོ་ལེགས་པ་དང་།འདོད་པའི་ལོངས་སྤྱོད་འཕེལ་བ་དང་།འགྲོ ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་འགྱུར་བའི་ཕན་པ་ཡོད་ཀྱི།ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིག་རྟེན་ཡོད་ནས་བཟའ་བ་ཏུང་དང་།གཞན་པ་དང ་རྨིས་ཏེ།ཚེ་འཕོས་པ་ལས་བསྔོས་བསྲོ་ག་ཤིན་དེ་བཟའ་བོ་དྡྷེད་གིས་མཐུན།།བནོན་པ་ཞིན་ནོ།།གོས་གྱོན་ནོ།།རྒྱུན་ཐོགས་སོ་ཞེས་སྒྲ་ཞིང་དེ་ལྟར་སྣང་བ་དེའ ་བཟར་བ་གིསྔམ་མགུའོ།།བཞོན་པ་མེད་དེ།།སུཾ་མི་གྱོནནོ།རྒྱུན་མི་ཐོགས་སོ་ཞེས་སྐྱེ་ཞིད་དེ་ལྟར་སྣང་བ་དོག་དྲི་ཟླ་འཆིགའི་སེམས་ལ་ཉེ་བར་འཇུག་པ ་དང་།མི་མ་ཡིན་པ་དག་གིས་དེ་ལྟར་སྣང་བར་བྱེད་པ་ཡོད་དོ།།ཀྱཻ་རྒྱལ་བན་རྒྱལ་པོ་ཆེན་པོས་སེམས་ཅན་དག་འདི་ནས་ཚེ་འབྲོག་ན་པ་མའམ།སྨན་ནམ ་བུ་ལ་སོགས་པ་ལ་གཏམ་བྱས་པ་དང་།ཚིག་ཅི་སྨྲས་པ་དང་།གཟུགས་ཅི་འདྲ་བ་དག་དེ་ཚེ་འཕོས་ནས་ཕྱིས་པ་མ་དང་།སྤུན་ནཱམ།བུ་ལ་སོགས་པ་ལ ་དེ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་གཟུགས་བྱད་སྟོན་ཏེ།དེ་ལྟ་བུ་མཐོང་བ་དང་སྟོན་པ་ཡོད་ཅེས་འཇིག་རྟེན་པ་དག་མཆིན། ་ལྟར་ལགས་སམ་མ་ལགས་ཞེས་གསུངས་པ་ནི་ཀྱེ་རྒྱལ་པོ་ཆེན་པོ་སྨྲ་བ་ནི་ལུས་ཡོད་པའི་ཁ་ལྕེ་ལ་བརྟེན་ནས་སྨྲ་བ་ལགས་ན་ཚེ་འཕོས་པའི་ལུས་ནི་འདི་མ་གཞག་ན་ས ་ལྷས་བྱིན་དང་ནི་རང་གི་ལུས་བཏང་བ་ལ་སོགས་པ་དཀའ་བ་མང་པོ་དག་བསྐལ་པ་གྲངས་མེད་པར་སྤྱད་དེ་སྒྲིབ་པ་ཐམས་ཅད་ནི་སྦྱངས།ཚོགས་ཆེན ་པོ་ཡང་དག་པར་བསགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་སྟེ།འདས་པའི་དུས་ན་སྔོན་བྱུང་བ་དང་།ད་ལྟར་གྱི་དུས་ན་ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱ ་གང་དག་ཅི་ཡོད་པ་དང་།མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཤེས་བྱ་ཐམས་ཅད་ལྔ་མི་མཁྱེན་པར་གྱུར་པ་གང་ཡང་མེད་དོ།དཔེར་ན་ཛམྦུའི་གླིང་འདྲིར་ཉི་མ ་ཤར་བ་དེ་ཁང་དང་རིམ་གྱིས་ཤར་བ་མ་ཡིན་ཏེ།དུས་གཅིག་ཏུ་གསལ་བོར་ཤར་བ་བཞིན་དུ་ཤེས་བྱ་ཐམས་ཅད་སྐད་ཅིག་མ་གཅིག་ལ་མཁྱེན་པའི་ཕྱིར་ང་ནི་རྣམ་པ ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཞེས་བྱའོ།།དེ་སྐད་ཅེས་བཀའ་སྩལ་པ་ལའང་ལྷས་བྱིན་ཡིད་མ་ཆེས་ནས་ཐམས་ཅད་མཁྱེན་པ་མངའ་བ་དེ་ཉམས་སད་པའི ་ཕྱིར་ཛམྦུའི་གླིང་འདི་ན་ཤིང་གི་རིགས་ཙན་དན་དང་།བླག་ཤ་དང་།སེང་ལྡེང་ལ་སོགས་པ་ཤིང་ཐ་དད་པ་བརྒྱ་སྟོང་བྱེ་བ་དག་བཅད་དེ།སོ་སོར་བསྲེགས ་ནོནས་ཐལ་བའི་ཕུར་མ་བྱས་ནས་རང་གི་མི་ནོར་བར་བྱ་བའི་ཕྱིར་ཐལ་བ་ལ་ཤིང་གང་དང་གང་གི་མིང་ཡི་གེར་བཏགས་ཏེ།བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཁྱོད་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་ན།འདི་ཤིང་གང་གྲེ་ཐལ་བ་འདི་ཤིང་གང་གི་ཐལ་བྲ་ལགས་ཞེས ་ཐེར་ཆགས་སུ་ཐལ་བའི་ཕུར་མ་ཐམས་ཅད་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་ཤིང་གང་གི་ཐལ་བ་ཡིན་ན་པ་མ་ནོར་བར་འདི་ནི་ཙནྡན་གྱི་ཐལ་བའོ།།འདི་ནི་པླག་ཤའི ་ཐལ་བའོ།།འདི་ནི་སེང་ལྡེང་གི་རྡལ་པོའོ།།ཞེས་ཐལ་བའི་ཕུར་མ་ཐམས་ཅད་མ་ནི་རབ་བཤད་པ་ལས།ལྷས་བྱིན་བཅོམ་ལྡན་འདས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ ་བཱར་ཡིད་རྒས་པར་གྱུར་ཏེ།ཚེ་འཕོས་པ་ཙིར་འགྱུར་བ་གསུངས་པ་བདེན་པར་བསམས་དུས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ།།བཅོམ་ལྡན་འདས ་ནི་ཀུན་མཁྱེན་ལགས།ཤིང་མང་ཐུལ་བའི་བྱེ་བྲག་རྣམས།།མ་གཟིགས་མ་གླས་ན་ངེས་པར་མཁྱེན།།ཚེ་འཕོས་ཅིའི་ཕྱིར་གསུངས་པ་དེས།།ཞེས་བསྟོད་ནས ་སྤོབས་པ་མེད་པར་གྱུར་ཏོ།།དེའི་ཚེ་ཤཱཀྱ་མིང་ཆེན་དེ་ན་འདུག་པས་ཚེ་འཕོས་པ་ཅིར་འགྱུར་བཀའ་སྩོལ་པ་ལ་ཡིད་མ་ཆེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གས ་བཅོམ་ལྡན་འདས་ཚེ་འཕོས་པའི་སེམས་ཅན་རྣམས་ཅིར་འགྱུར་བ་གསུངས་པ་དེ་མངོན་སུམ་དུ་གཟིགས་སཾ་པ་འོན་ཏེ་གཞན་ཞིག་ལ་གསན་པ་ལེགས།དེ་སྐད་ཅེས་ག ་པ་དང་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།མིང་ཆེན་ངའི་སངས་རྒྱས་ཀྱི་སྤྱན་གྱིས་མི་གཟིགས་པ་ནི་འཇིག་རྟེན་ན་མེད་དེ།སྐྱུ་རུ་ར་རློན ་པ་ལག་མཐིལ་དུ་བཞག་ན་ལག་པའི་བྱེ་བྲག་ཐམས་ཅད་གསལ་བ་དེ་བཞིན་དུ་དུས་གསུམ་གྱི་ཤེས་བྱ་བ་ལ་ངས་མོ་གཟིགས་པ་ཅི་འང་མི་མངའ་སྟེ།ཐོས་པ་ལ་བརྟེན་པ་ནི ་མ་ཡིན་ནོ།།དེ་སྐད་ཅེས་བཀའ་སྩོལ་པ་དང་།ཤཱཀྱ་མིང་ཆེན་གྱིས་ཐམས་ཅད་གཟིགས་པ་དེ་བདེན་བརྫུན་ཉམས་སད་པཱི་ཕྱིར་སེར་སྐྱེའི་གྲོང་ཁྱེར་ཆེན་པོར་སོང་སྟེ།ཁྱིམ ་ཇི་སྙེད་ཡོད་པ་ལ་འབྲས་ཀྱི་ཕུར་མཱ་རེ་རི་བླངས་ཏེ།རང་གིས་འབྲས་ཀྱི་ཕུར་མ་མི་གང་ལ་བླངས་པ་མི་ནོར་བར་བྱ་བའི་ཕྱིར་ཤཱཀྱ་གོང་ལ་བླངས་པའི་མིང་རྣམས་དྲིས་ཏེ།འབྲས ་བུར་མའི་ནང་དུ་བཅུག་ནས་འབྲས་ཀྱི་ཕུར་མ་གླང་པོ་ཆེའི་ཁལ་ལོངས་པ་ཅིག་དང་།བཅོམ་ལྡན་འདས་ཀྱིས་སྤྱན་སྔར་སོང་སྟེ་ཕྱིན་པ་དང་།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ།།བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་ནི་འབྲས་ཀྱི་ཕུར་མོ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས ་པ་མཁྱེན་པར་མཛད་ཅིག་ཅེས་གསལ་ནས་གླང་པོ་ཆེའི་ཁལ་གྱི་འབྲས་ཀྱི་ཕུར་མ་རྣམས་ཀྱི་དྲུང་དུ་བཞག་པ་ལས།བཅོམ་ལྡན་འདས་ཀྱིས་འབྲས་ཀྱིས་པུར་མ་རེ་རེ་བླངས ་ཤིང་འདི་ཤཱཀྱ་དགའ་བྱེད་ཀྱིའོ།།འདི་ཤཱཀྱ་ཀ་ཡཱའིའོ།།འདྲི་ཤཱཀྱ་འདོད་སྲེད་ཀྱིའོ་ཞེས་བྱ་བ་ལ་སོགས་པ་འབྲས་ཕུར་མ་རེ་རེ་ལ་ཤཱཀྱ་འདི་ཡཱིའོ་ཞེས་མིང་མ་ནོར་པར་རིམ་པཱ། ་རྫོགས་པར་གསུངས་པ་ལས།བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་པ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ཡིད་ཆེས་ཏེ།བཅོམ་ལྡན་འདས ་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་ནི་ངེས་སོ་སྙམ་ནུས་བཅོམ་ལྡན་འདས་ལ་བསྟོད་པ།སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས།།འཇིག་རྟེན་པ་ལྟར་བརྫུན་མི ་མངའ།།ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི།།འབྲས་ཀྱི་ཕུར་མ་མ་ནོར་མཁྱེན།།སེམས་ཅན་ཚེ་འཕོས་ཕ་རོལ་ན།།ཇི་ལྟར་སྣང་བ་འཇིག་རྟེན་བརྫུན།།བཙུམ ་ལྡན་འདས་ཀྱིས་གསུངས་པོ་མང་།།ཀུན་གཟེགས་ཁྱོད་ལ་ཕྱག་འཚལ་བསྟོད།།ཅེས་བསྟོད་ནས་སྤོབས་པ་མེད་དེ་མི་སྨྲ་བར་འདུག་གོ།།དེ་ནས་ཡུབ་རྒྱལྔ་པོ་ཆེན ་པེས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དགེ་བགྱིས་པས་དེའི་རྣམ་པར་སྨིན་པ་མི་བཟད་པ ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར་བགྱིས་ན་བདེ་བ་ཐོབ་པར་འགྱུར་བ་བཤད་དུ་གསོལ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག ་གིས་མཚམས་མེད་པ་ལྔ་སོགས་པའི་ལས་མི་དགེ་བ་བྱས་པ་དག་གིས་སྒྱུ་མེད་པའི་སེམས་དང་བས་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱས་ཏེ།།སམ ་ཐག་པ་ནས་བཤགས་ན་འབྱུང་བར་འགྱུར་རོ།།འཆི་བའི་ཚེ་མི་དགེ་བ་སྔར་བྱས་པ་དོག་ལ་འགྱོད་པའི་བསྐྱེད་དེ།སངས་རྒྱས་དང་།བྱང་ཆུབ་སེམས་དངོའ་ཐམས་ཅད ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ན་སྡིག་པ་འབྱུང་བར་འགྱུར་རོ།།མབྷི་རིས་སུ་འང་སྐྱེ་བར་འགྱུར་རོ།།ཚེ་ཕྱི་མ་མེད་པོའི་འདུ་ཤེས་བསྐྱེད་པར་མི་བྱའོ།།སྐྱེ་བ ་ལེན་པ་ནི་དབང་ཕྱུག་དང་།འདོད་རྒྱལ་དང་།གྱི་ནཱ་ལ་སོགས་པ་དག་གིས་བྱེད་པར་མི་བལྟའོ།།འཇིག་རྟེན་པའི་བདེ་བ་དང་འཁོར་བ་ཐམས་ཅད་ལ་ཆགས་པོར་མི ་བྱའོ།།ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕྲོ་སྟེ།སྐྱེ་བ་ལེན་པ་ན་རྟག་པ་འཕོ་བའང་མ་ཡིན་ནོ།།ཆད་པ་འགགས་ཏེ་མེད་པའང་མ་ཡིན་ནོ།། ་རྒྱུ་མེད་དའང་མ་ཡིན་ནོ།།རྒྱུ་མེད་པ་ལས་བྱུང་བའང་མ་ཡིན་ནོ།།བྱེད་པ་པོས་བྱས་པ་འང་མ་ཡིན་ཏེ།ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ཚོགས་པ ་ལས་སྐྱེ་བར་བལྟའོ།།རྒྱལ་པོ་ཆེན་པོས་གསོལ་པ།བཅོམ་ལྡན་འདས་སེམས་ཅན་རྣམས་ཚེ་འཕོས་ནས་སྐྱེ་བ་ལེན་པ་དེ་དེ་ལྟར་རྟག་པའི་ངོ་མི་འཕོ།ཆད ་འང་མ་ལགས་རྒྱུ་མེད་པའང་མ་ལགས།བྱེད་པ་པོས་ཀྱང་མ་བྱས།འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་ཡང་འགྲུབ་པ་དེ་རྟོགས་པར་དཀའ་ན་འདི་ལ་མཐུན་པའི་དཔེ་མཆིས་སམ ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀྱེ་རྒྱལ་པོ་ཆེན་པོས་འདི་ལ་མཐུན་པའི་དཔེ་བརྒྱད་ཡོད་དོ།།བླ་མས་ཁ་ཏྲོན་བརྗོད་པ་སློང་མས་ཤེས་པའི་དཔེ་དང་།མར ་མེ་ལས་མར་མེ་འབྱུང་བའི་དཔེ་དང་།མེ་ལོང་ལས་གཟུགས་བརྙན་འབྱུང་བའི་དཔེ་དཔེ་དང་།རྒྱ་ལས་རྒྱའི་འབུར་དང་རི་མོ་འབྱུང་བའི་དཔེ་དང་།མེ་ཤེལ་ལས་མེ་འབྱུང ་བའི་དཔེ་དང་།ས་བོན་ལས་མྱུ་གུ་འབྱུང་བའི་དཔེ་དང་།སྐྱུར་ཞེས་བརྗོད་པས་འགྲམ་ཆུ་ལྡང་བའི་དཔེ་དང་།བྲག་ཆའི་སྒྲ་རྣམས་ཀྱི་དཔེས་རྟོགས་པར་བྱ་སྟེ།ཀྱེ་རྒྱལ ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་དག་གི་སྔ་མ་སྔ་མཱ་ནི་ཕྱི་མ་ཕྱི་མ་རྣམས་འབྱུང་བའང་ཡོད་པ་ནི་རྟག་པ་འཕོ་བ་མ་ཡིན་པའི་དཔེའོ།།ཕྱི་མ་ཕྱི་མུ་ནི་སྔ་མ་སྔ་མ་རྣཾས་ལས་འབྱུང་བས ་རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་པའི་དཔེ་དང་།ཆད་པ་འགག་པ་མ་ཡིན་པའི་དཔེའོ།།ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་དཔེ་འདི་དག་ནི་རྐྱེན་གསུམ་གསུམ་ཚོགས་པ་ལས ་འབྱུང་སྟེ།བླ་མ་དང་སློབ་མ་དེ་ཉིད་དབང་པོ་རྣམས་ཚང་བ་ལས་ཁ་ཏོན་འབྱུང་ཞིང་སྒྲ་ཤེས་པའོ།།མར་དང་སྡོང་བུ་དང་སྣོད་ཚོགས་པ་ལོས་མར་མེ་འབྱུང་ངོ་།།ནམ ་མཁའ་དང་བ་དང་།གདོང་དང་མོ་ལོང་ཚོགས་པ་ལས་གཟུགས་བརྙན་འབྱུང་ངོ་།།རྒྱུ་དང་འཇིམ་པའི་གོང་བུ་དང་སྐྱེས་བུ ་ལག་པའི་རྩོལ་བ་རྣམས་ཚོགས་པ་ལས་འབུར་དང་རི་མོ་འབྱུང་ངོ་།།ཤེལ་དང་ཉི་མའི་འོད་དང་རྩཝ་ཤིང་ཚོགས་པ་ལས་མེ་འབྱུང་ངོ་།།ས་བོན་དང་ས་གཞི་དང་རླན་པ ་རྣམས་ཚོགས་པ་ལས་མྱུ་གུ་བྱུང་ངོ་།།ཚྭ་དང་ཚྭ་ཆུ་འཐུང་མྱོང་བ་དང་།སྐྱུར་ཞེས་བརྗོད་པ་ཚོགས་པ་ལས་འགྲམ་ཆུ་ལྡང་ངོ་།།མིས་བརྗོད་པའི་སྒྲ་དང་སྒྲ་དྲག་པོ་གཞན་མེད ་པ་དང་།རི་བྲག་རྣམས་ཚོགས་པ་ལས་བྲག་ཅ་འབྱུང་སྟེ།དཱི་དགུ་ནི་སེམས་ཅན་སྐྱེ་བ་ནི་བྱེད་པ་པོས་མ་བྱས་ཏེ།ལས་དང་ཉིན་མོངས་པའི་རྒྱུ་རྐྱེན་གྱིས་བསྐྱེད ་པའི་དཔེའོ།།ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་བླ་མ་ནི་ཚེ་འདིའི་དཔེའོ།།སློབ་མ་ནི་ཚེ་ཕ་རོལ་གྱི་དཔེའོ།།ཁ་ཏོན་ནི་རྣམ་པར་ཤེས་པ་ཉིད་མཚམས ་སྦྱོར་བའི་དྲཔེའོ།།མོར་མེ་སྔ་མ་ནི་ཚེ་འདིའི་དཔེའོ།།ཕྱི་མ་ནི་ཕ་རོལ་གྱི་དཔེའོ།།མར་མེ་སཱ་མཱ་ལས་ཕྱི་མུ་བྱུང་བའང་སྔ་མ་ཡོད་པ་ནི་རྟག་པ་འཕོ་བ་མ ་ཡིན་པའི་དཔེའོ།།ཕྱི་མ་དེ་སྔ་མ་ལས་བྱུང་བ་རྒྱུ་མེད་པ་ལམ་བྱུང་བའི་དཔེའོ།།མེ་ལོང་ནི་ཚེ་འདི་ཡོད་པའི་སྒོ་ནས་ཕྱི་མ་འང་ཡོད་ལ།དངོས་པོའང་མི་འཕོ ་ཞིང་ཕ་རོལ་ཡང་ཡོད་ངེས་པའི་དཔེའོ།།རྒྱུ་ནི་འདིར་ལས་ཅི་སྤྱད་པ་མཐུན་པར་ཕ་རོལ་ཏུའང་སྐྱོ་བ་ལེན་པའི་དཔེའོ།།མོ་ཤེལ་ནི་འགྲོ་བ་རིས་མི་འདྲ་བ་ནས ་མི་འདྲ་བར་སྐྱེ་བའི་དཔེའོ།།ས་བོན་ནི་འགེགས་ནས་མེད་པར་མི་འགྱུར་བའི་དཔེའོ།།སྒྱུར་ནི་མྱོང་བའི་ལས་ཀྱིས་སྐྱེ་བ་ལེན་པའི་དཔེའོ།།སྒྲ་ནི་རྒྱུ་རྐྱེན་ཚོགས་ནས་གནོད་པའི ་རྐྱེན་གཞན་མེད་ན་སྐྱེ་བ་ལེན་ཏེ།གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེའོ།།ཀྱེ་རྒྱལ་པོ་ཆེན་པོ་དཔེ་བརྒྱད་པོ་འདི་ཚད་པར་མ་སྨོས་ཏེ།འགའ་ཞིག་བསྟན་ན། ་དབང་ཕྱུག་དང་།འདོད་རྒྱལ་དང་།གྱི་ན་དང་།རྒྱུ་མེད་པར་སྨྲ་བ་དག་གིས་དགེ་སྦྱོང་གཽ་ཏ་མའི་དཔེ་འདི་དག་ཁ་ཏོན་གྱི་དཔེས་ནི་འདིའི་ཕུང་པོ་དང་རྣམ་པར་ཤེས་པ ་གཉིས་མ་བྲལ་བར་ཕ་རོལ་ཏུ་རྣམ་པར་ཤེས་པ་འཕོ་བར་འགྱུར་ཞེས་སྨྲ་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།མར་མའི་དཔེས་ནི་འདི་དང་ཕ་རོལ་གཉིས་གར ་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།མེ་ལོང་གི་དཔེས་ནི་འདྲ་བའི་དཔེ་ཡིན་པས་བྲམ་པོ་ལས་གྲུམ་པོར་སྐྱེ། ་དཀར་པོ་ལས་དཀར་པོར་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།རྒྱའི་དཔེས་ནི་ལྷ་འཕོས་པ་ལྷར་སྐྱེ།མི་འཕོས་པ་མི་རི་སྐྱེ་བ་ལ་སོགས ་པ་དྲིས་པའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།མེ་ཤེལ་གྱི་དབུས་ནི་མི་འདྲ་བའི་དཔེ་ཡིན་པས་དག ་བྱས་ངན་སོང་དང་མི་དགེ་བས་མཐོ་རིས་འགྲུབ་པོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།ས་བོན་གྱི་དཔེས་ནི་ཤེས་པ་གཅིག་ལས་མང ་པོར་འཕེལ་ལོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས་བསྟན་ཏོ།།སྐྱུར་གྱི་དཔེས་ནི་མྱོང་བའི་དཔེ་ཡིན་པས་ལྷའི་ལོ་རྒྱུས་ཡོད་པ་དག་དགེ་བའི་བསོད ་ནམས་མ་བྱས་ཀྱང་ལྷུར་སྐྱེའོ།།དྲན་སོང་གི་ལོ་རྒྱུས་ཡོད་པ་དག་མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་དཔེ་ལྷག་མ་རྣམས ་བསྟན་ཏོ།།སྒྲའི་དཔེས་ནི་བྱེད་པ་པོའི་དཔེ་ཡིན་པས་རྒྱུ་རྐྱེན་ལས་མ་བྱུང་ངོ་ཞེས་ཟེར་བ་དག་དགག་པོའི་ཕྱིར་དཔེ་ལྷགས་རྣམས་བསྟན་ཏོ།།དེའི་བྱེད་དཔེ ་བརྒྱུད་བསྟན་ཏོ།།ཀྱེ་རྒྱལ་པོ་ཆེན་པོ་ཆེ་ཞིག་སྟེ་ཕ་རོལ་ཏུ་སྐྱེ་བ་མེད་དོ།།ཆང་བ་དང་འགག་པ་འོད་མ་ཡིན་ནོ།།ཚེ་འདི་དངོས་པོ་རྟག་པ་མེ་ཉམས་པར ་ཕ་རོལ་ཏུ་འཕོ་བའང་མ་ཡིན་ནོ།།ཚེ་འདི་ལ་མ་བསྟེན་པར་ཕ་རོལ་ཏུ་སྐྱོ་བ་ལེན་པའང་མ་ཡིན་ནོ།།བདག་གིས་སྐྱེ་བ་འདི་བླང་ངོ་ཞེས་བསམས་པས་ཀྱང་སྐྱེ་བ་མི་ལེན ་ཏོ།།བདག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་བརྟེན་ཏོ་མཐོ་རིས་སུ་སྐྱེ་བར་བྱའོ་སྙམ་པས་ཀྱང་མ་ཡིན་ནོ།།བདག་མཐོ་རིསྫ་དང་ངནཱ་སོང་གྲཝར་འདོང་པར་སྐྱེ་བར་བྱའོ། ་སྙམ་པས་ཀྱང་མ་ཡིན་ནོ།།ཅིའང་མ་བྱས་ཏེ་རྒྱུ་རྐྱེན་ལྔ་བརྟེན་མི་དགོས་པར་སྐྱེའོ་སྙམ་པས་ཀྱང་མ་ཡིན་ནོ།།ཕུང་པོ་འདྲི་ཞིག་སྟེ་ཤི་ནས་ཅིའང་མེད་དོ་ཞེས་སྨྲ་བའང ་མ་ཡིན་ནོ།།འདིར་ཚེ་འཕོས་ནས་ཕ་རོལ་ན་གཽ་ཤིན་གྱི་ཁམས་སུ་མུ་ཆགསོ་སུ་མཆིས་པས་འདྲི་ན་ཅི་སྤྱོད་པ་བྱེད་དེ་སྐྱེ་བ་མི་ལེནྡ་ཞེས་ཟེར་བའང་མ་ཡིན་ནོ།།ཚེ་འདིའི ་རྣམ་པར་ཤེས་པ་མ་འགགས་པར་རྣམ་པར་ཤེས་པས་སྐྱེ་བ་ལེན་ཞེས་ཟེར་བའང་མ་ཡིན་ནོ།།འདི་དང་ཕ་རོལ་གཽཉིས་ཀར་ཕུང་པོ་དུས་གཅིག་ཡོད་ཅེས་ཟེར་བའང་མ་ཡིནོ།། ་གྲུམ་པོ་ལས་གྲུམ་པོར་སྐྱེ།དཀར་པོ་ལས་དཀར་པོར་སྐྱེ་ཞེས་བྱ་བ་ལ་སོགས་པའང་མ་ཡིན་ནོ།།ལྷ་ཚེ་འཕོས་པའང་ལྷར་སྐྱེའོ།།མི་ཚེ་འཕོས་པའང་མིར་སྐྱེའོ་ཞེས ་རྗེའང་མ་ཡིན་ནོ།།དགེ་བས་ངན་སོང་དང་།མི་དགེ་བོས་མཐོ་རིས་སུ་འགྲུབ་ཅེས་ཟེར་བའང་མ་ཡིན་ནོ།།ཤེས་པ་གཅིག་ལསོ་མང་པོ་འཕེལ་བའང་མ་ཡིན་ནོ།།དགེ་བ ་མ་བྱས་ཀྱང་ལྷར་སྐྱེ་བ་དང་།མི་དགེ་བ་མ་བྱས་ཀྱང་ངན་སོང་དུ་སྐྱེ་བའི་ང་མ་ཡིན་ནོ།།སྐྱེ་བ་ནི་བྱེད་པ་པོས་བྱས་པའང་མ་ཡིན་ནོ།།དེ་དག་ཅིའི་ཕྱིར་མ་ཡིན ་ཞེ་ན་ཁ་ཏོན་གྱི་དཔེ་ལ་གང་དག་གིས་རྣམ་པར་ཤེས་པ་འདི་མ་འགགས་པར་ཕ་རོལ་ཏུ་སྐྱེ་བ་ལེན་ནོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་ས་བོན་གྱི་དཔེ་བསྟན། ་ཏེ།ས་བོན་དེ་མ་རུལ་བར་མྱུ་གུ་སྐྱེ་ན་ནི་བདག་ཏུ་སྨྲ་བ་དག་བདེན་ན་ས་བོན་དེ་རུལ་ནས་སྔ་མ་ལས་གྱུརེ་ཏེ་མི་འདྲ་བར་གྱུར་པ་ལས་མྱུ་གུ་སྐྱེའོ།།མར་མེའི་དཔེ་ལ་གང་གིས་མར་མོ ་གཅིག་ལས་གཅིག་སྤང་ན་གཉིས་གྲཝ་ཡོད་པས་འདི་དང་ཕ་རོལ་གཉིས་ཀར་ཕུང་པོ་དུས་གཅིག་ཡོད་དོ་ཞེས་ཟེར་བའི་སྐྱོན་བསལ་བའི་ཕྱིར་སྒྲའི་དཔེ་བསྟན་ཏེ།བྲག་ཅ་ནི་མིས། ་མུ་བརྗོད་པར་སྒྲ་མི་གྲག་སྟེ།དུས་གཅིག་ཏུ་མི་འབྱུང་བས་ཕུང་པོ་འང་དུས་གཅིག་ཏུ་མི་འབྱུང་ངོ་།།མེ་ལོང་གི་དཔེ་ལུ་འདྲོ་བའི་ཕྱིར་གྲུམ་པོ་ལས་གྲུམ་པོར་སྐྱེ་བ་དགེ་དགག་པའི ་ཕྱིར་མེ་ཤེལ་གྱི་དཔེ་བསྟེན་ཏེ།མི་ཤེལ་ལས་དེ་དང་མི་འདྲ་བའི་མི་འབྱུང་བའི་ཕྱིརརོ།།རྒྱའི་དཔེ་ནི་ལྕེ་ཚེ་འཕོས་པ་ལྷར་སྐྱེ།མི་ཚེ་འཕོས་པོ་མི་སྐྱེའོ་ཞེས་ཟེར་བ་བསལ་བའི་ཕྱིར་ཁ་ཏོན་གྱི ་དེདདེཔེ་བསྟན་ཏེ།འདིའི་དཔེ་ནི་བླ་མ་ཡིན་ལ།ཕ་རོལ་གྱི་དཔེ་ནི་སློབ་མ་ཡིན་ཏེ།ཐ་དད་པས་བླ་མའང་སློབ་མ་མ་ཡིན།།སློབ་མའང་བླ་མ་མ་ཡིན་པོའི་ཕྱིར་རོ།།མེ་ཤེལ་གྱི་དཔེ་ལ་མི་འདྲ་བའི ་དཔེ་ཡིན་ཏེ།དགེ་བས་ངན་སོང་མི་དགེ་བས་མཐོ་རིས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་མར་མེའི་དཔེ་བསྟན་ཏེ།མར་མེ་ལས་མར་མེ་མི་འདྲ་བ་མི་འབྱུང་གི།མར་མེ་ལས་མ་མ ་འབྱུང་བ་བཞིན་དགེ་བས་མཐོ་རི་མི་དགེ་བས་དྲན་སོང་ནི་རིགས་པའོ།།ས་བོན་གྱི་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དགག་པའི་ཕྱིར་རྒྱའི་དཔེ་བསྟན་ཏེ།རྒྱའི་རི་མོ་ཅི་འདྲ་བ ་དེ་ལས་འཇིམ་པའི་གོང་བུ་ལའང་རི་མོ་གཞན་མི་འབྱུང་བའི་ཕྱིར་རོ།།སྐྱུར་གྱི་དཔེ་ལས་གང་དག་གིས་ལྷའི་ལོ་རྒྱུས་མྱོང་བ་དགྲ་དགེ་བ་མོ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ་ངན་སོང་གི་ལོ་རྒྱུས་མྱོང་བ་དག་མི་དགེ་བ་མ་བྱས་ཀྱང་སྐྱེ་བོ་ཐམས་ཅད་དུ་ངན་སོང་དུ་སྐྱེའོ་ཞེས་ཟེར་བ་དག་དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏེ།མེ་ལོང་ལ་བཞིན ་ཅི་འདྲ་བ་སྣང་བ་བཞིན་དུ་དགེ་བ་དང་མི་དགེ་བཱི་འབྲས་དུ་འདྲ་བོ་བསྣོལ་ནས་མི་འདྲ་བར་སྦྱོར་བ་འབྲུ་ལ་བའི་ཕྱིར་རོ།།སྒྲའི་དཔེ་ལ་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ།མིས་སྐད་མ ་བསྒྲགས་པར་བྲག་ཅ་མི་འབྱུང་བ་བཞིན་དུ་བྱེད་པ་པོས་མ་བྱས་པས་སེམས་ཅན་རྣམས་མི་སྐྱེའོ་ཞེས་ཟེར་བ་དེ་བསེལ་བའི་ཕྱིར་སྐྱུར་གྱི་དཔེ་བསྟན་ཏེ།སྔར་འཐུངས་པ་དང་ཟ ་མྱོང་བས་ཕྱིས་བརྗོད་པས་འགྲམ་ཆུ་ལྡང་པོ་བཞིན་དུ་ལས་དང་ཉོན་མོངས་པ་སྔར་སྨད་པའི་དྲོ་བང་གིས་ཕྱིས་སྐྱེ་བ་ལེན་ནོ།།ཀྱེ་རྒྱ་ལྷོ་ཆེན་པོ་སེམས་ཅན་སྐྱེ་བ་དང་།།འཇིག ་པོ་དང་འདི་དང་ཕ་རོལ་ཏུ་འཕོ་བ་དང་།ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན་པར་མཛོད་ཅིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ་འཁོར་འདུས་པ ་ཐམས་ཅད་ཡི་རངས་ཏེ་མངོན་པར་བསྟོད་དོ།།འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟུན་པའི་མད་རྫོགས་སོ།། ་