CLOSE WINDOW

N292: tshe'i mtha'i mdo
Wyliee-texts produced with BDRC’s OCR application

དྨ།རྒྱུག་དུ།ཱུ་མྦུ་བནྡྷནྟ་སྱཱཿ།དང་དུ།འི་མམའི་མ།།དཀོ།ན་མཆོག་གསུམས་བྱུག་འཚས་།། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོདུན་རྒྱལ་བུ་རྒྱལ་བྱེད་ཀྱི་ཆེ་ལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགསོ་སོ།།དེ་ནས ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་ཁྱོད་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཐོས་པར་འདོད་དོམ།བརྗེས་དེ་དུས་ལ་བབ་ལག་།དེ་བདག་ཤེན་འདིས ་དུས་ལ་བབེལ་ག།བརྗེས་ས་ནི་རྣམས་ཀྱི་ཚེའི་མཐའ་བསྟན་པ་བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་དྲུག་འཛིན་པར་བགྱིད་ལགས་སོ།།དགེ་སློང་དག་དེའི་ཕྱིར་ལེགས་པ ་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དྲང་ངས་བཤད་དོ།།དགེ་སློང་དགེ་དམྱལ་བ་རྣམས་ཀྱི་ཚེའི་ཚ་དེ་ནི་རིང་ན་བསྐལ་པ་གཅིག་སྟེ།བར་མ་དེར་འཆི་བ་ནི་ཡོད་དོ།།དགེ་སློང ་དག་དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ཡི་དགས་རྣམ ་ཀྱི་ཉིན་ཞིག་གཅིག་གོ།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།ཡི་དགས་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལྔ་བརྒྱ་ཐུབ་སྟེ། ་དཱི་མིའི་ལྟར་རྩིས་ན་ལོ་ཁྲི་ལྔ་སྟོང་ཡོད་དེ།བར་མ་དོར་འཆི་བ་ནི་ཡོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།ཇི་ལྟར་རབ་ཏུ་ཆོ་བའི་ལུས་འགྲོང ་ཞིང་།།མཆུ་དང་མིང་སྐེམས་ཤིན་ཏུ་སྡུག་བསྔལ་བ།།རང་གི་སྐས་ཡོག་ཁ་གདངས་གནམ་དུ་ལྟ།།སྣ་ནི་ཁབ་ལྟར་རབ་ཏུ་ཕྲ་བ་དང་།།རུས་གོང་འདྲ་ལུས་གཅེར་བུ་རང་སྐྱེས ་ཡོག།གཟུགས་མི་སྡུག་པ་འགྲེང་ཞིང་ཐོད་པ་ཐོགས།།བཀྲེས་དྲང་སྐོམ་དང་དྲལ་པཱས་རབ་གཟིར་གང་།།ཆོ་ངེས་འདེབས་ཤིང་ཀུན་ཏུ་རྒྱུག་པ་དག།ཉམ་ཐག་སྐད་འབྱིན་སྡུག ་བསྔལ་ཚོར་བ་མྱོང་།།ཕན་ཚུན་ཕྲག་དྲག་སེར་སྣ་འདིར་བསྟེན་ཅིང་།།འདིར་ནི་སྡིག་པའི་ལས་དྲག་བྱས་པ་ཡིས།།ཡི་དགས་འཇིག་རྟེན་དུ་ནི་དེ་དག་སྐྱེས།།དགེ་སློང ་དགེ་ཤུར་ཀྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ།བེརཱ་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་ནུབ་ཀྱི་བ་ལྡེང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི ་ཚད་ནི་ལོ་ལྔ་བརྒྱ་སྟེ།བར་མ་དྲོར་འཆི་བ་ནི་ཡོད་དེ།།དགེ་སློང་དག་བྱང་གི་སྒྲ་མི་སྙན་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་སྟེ།བར་མུ་དྲོར་འཆི་བ་ནི་མོད་དེ། ་རྒྱུ་གང་གིས་སྒྲ་མི་སྙན་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཐུབ་ལ་བར་མདོར་འཆི་བ་ནི་མེད་ཅེ་ནི།དགེ་སློང་དགེ་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་བདག་གི་བ་མེད་ཅིང ་ཡོངས་སུ་འཛིན་པ་མེད་ལ་ཚེ་དེསུ་པར་ཡོད་ཅིང་འདི་ནས་ཤི་འཕོས་ནས་ཀྱང་ཁྱད་པར་དུ་འགྲོ་བ་སྟེ།ཕྱི་མ་ལ་མཐོ་རས་སུ་ཉེ་བར་འགྲོའོ།། ་དགེ་སློང་དག་རྒྱུ་དེས་ན་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཐུབ་ལ་བྱད་མ་དོར་འཆི་བ་ནི་མེད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་དེ ་བཀའ་སྩལ་པ།དབུལ་བས་སྡུག་བསྔལ་སེམས་ཅན་དག།གཞན་གྱི་ནར་ལ་སྨོན་པར་བྱེད།།དེ་དག་དམ་པ་མ་བསྟེན་པས།།གཞན་གྱི་མཇུག་གཞུག་ངན་ཅིང ་དམན།།ལོངས་སྤྱོད་དག་དང་ལྡན་པ་ཡི།།ཕྱུག་ཅིང་ནོར་མང་སེམས་ཅན་ནི།།ནོར་དང་འབྲུ་དང་སྐྱེ་བོར་ལྡན།།དེ་དག་དམ་པ་སྟེན་པ་ཡིན།།བསོད་ནམས ་ཕྱུག་པས་ཉེར་འཚོ་བོའོ།།དགེ་བའི་ལས་ནི་འདིར་བྱས་པས།།འབྱོར་པ་ཆེན་པོ་ཕུན་སུམ་ཚོགས།།ལྷོ་བཞིན་དུ་ནི་དགའ་བར་བྱེད།།ལྐོག་གྱུར་གང་ཡིན་མི ་སྣང་སྟེ།།མངོན་སུམ་འདི་ལས་བལྟ་བར་བྱོས།།།གང་ཟག་ཁ་ཅིག་འཇིག་རྟེན་ན།།བདེ་ལྡན་སྔོན་བྱིན་འབྲས་བུ་ཡིན།།བྱང་ཕྱོགས་གླིང་གི་མི་རྣམས ་ནི།།བདག་གི་མེད་ཅིང་ཡོངས་འཛིན་མེད།།དཔག་བསམས་ལས་བྱུང་གས་སྟེན་པ།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།དེ་དག་གྲང་དང་ཚ་བ་མེད།། ་དེ་དག་ལ་ནི་ནད་མེད་ཅིང་།།གཟུགས་དང་ཁ་དོག་ཕུན་སུམ་ཚོགས།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།བྱང་ཕྱོགས་གླིང་ན་མ་ཉམས་ཤིང་།།མ་གྲུགས་དག་ཅིང་གཙང་བ་དང་།། ་ཤིན་ཏུ་དཀར་བའི་སྐུ་ལུ་སྐྱེ།།དོ་ནི་སྔོན་བྱིན་འབྲས་བུ་ཡིན།།ནོར་བུ་འོད་བྱིང་འབྲར་བ་ཡིས།།དེ་རྣམས་རྟག་ཏུ་མཛེས་པ་དང་།།དེ་དག་ཟས་ནི་འཇུ་བྱེད་གང་།།དྲིན ་སྔོན་བྱིན་འབྲས་བུ་ཡིན།།དེ་དག་ལ་ནི་ཚོད་མ་དང་།།སྲན་ཚོད་ཀྱང་ནི་ཆུང་ཟད་མེད།།ཁ་དོག་དྲི་དང་རོར་ལྡན་པའི།།སཱ་ལུ་དྲུག་ནི་རྟག་ཏུ་ཟ།།ཟོས་ནི་ལན་ཅིག་བྱིན ་བ་ཡོས།།སྟན་ལས་མ་ལངས་བར་དུ་ནི།།ཟས་མི་ཤེས་པར་སྡེར་ལ་ཡོད།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།ཀུ་བའི་འབྲས་བུ་འདྲ་བ་དང་།།བཅད་ཀྱང་། ་ཡལ་ཀ་ལ་སྐྱེས་ཏེ།།བརྟས་ནས་བཙེ་མི་དགྲོས་པར་ཟ།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།དེ་དག་འབབ་ཆུ་བསལ་བ་དང་།།འཐུངས་ཀྱང་ལྟོ་ལ་མི་གནོད་པའི།། ་ཡན་ལག་བརྒྱད་ལྡན་ཆུ་ལ་ཡོད།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།རོལ་མོའི་ལྗོན་ཤིང་གང་དག་གིསྲ།།དེ་དག་རྟག་ཏུ་རྩེ་ཞིང་དགའ།།ཡིད་ནི་རྟག་ཏུ ་བདེ་དང་ལྡན།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།དེ་དག་རོལ་མོའི་ལྗོན་ཤིང་བཟང་།།གོས་ཀྱི་ལྡན་ཤིང་མང་པོ་དང་།།སྤོས་ཀྱི་ལྗིན་ཤིང་ཕུན་སུམ་ཚོགས།། ་དེ་ནི་སྔོན་བྱིན་འབྲས་བུ་ཡིན།།སྤོས་དང་མེ་ཏོག་རོལ་མོ་དང་།།དེ་བཞིན་དུ་ནི་གོས་རྣམས་ཀྱང་།།གང་དག་ཇི་ལྟར་འདོད་པ་བཞིན ་དེ་དག་དེ་བཞིན་འབྱུང་བར་འགྱུར།།ནེའུ་བསིང་དག་ནི་སྔོན་པོ་ལ།།ཤིང་བལ་ལྟ་བུར་རབ་འཇམ་པ།།གང་དུ་དེ་དག་རྟག་ཏུ་རྩེ་ག།དེ་ནི་སྔོན་བྱིན་འབྲས ་བུ་ཡིན།།དེ་དག་ལ་ནི་ཁྲོ་མེད་ཅིང་།།སེར་སྣ་དག་ནི་ཕྲག་དོག་མེད།།ཕན་ཚུན་དག་ཏུ་རྩེ་བྱེད་པ།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།མཚན་མོ་ཐུན་ཚོད་དང ་པོ་ལ།།སྐད་ཅིག་ཙམ་ཞིག་ཆར་འབེབས་ཅིང་།།རྡུལ་རྣམས་མེད་པར་བྱེད་པ་སྟེ།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།དེ་དག་ཡོངས་སུ་འཛིན་མེད་པས།། ་མ་དང་བླར་ཡང་མྱི་ཤེས་ཤིང་།།སྡུག་བསྔལ་མེད་པས་མྱ་ངན་མེད།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།མ་དག་གིས་ཀྱང་རང་གི་བུ།།ལམ་སྟོང་དག་ཏུ་བར་ཏེ་འགྲོ།། ་མཐེ་བོ་ལས་ནི་འོ་མ་འཛག།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།དེ་དག་གཱ་གྷ་དུ་བ་མེད།།ཤི་ན་ཡང་ནི་བོར་ཏེ་འགྲོ།བྱ་དག་གིས་ནི་གླིང་འཕྱག་པ།།དེ་ནི་སྔོན ་བྱིན་འབྲས་བུ་ཡིན།།ཁོར་ཡུག་ཏུ་ནི་འོབས་ཀྱིས་བསྐོར།།གླུ་གར་ཡིད་དུ་འོང་བ་ཡིས།།གང་དུ་རྩེ་ཞིང་དགའ་བར་བྱེད།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།མི ་ཚེ་ནི་ལོ་སྟོང་པོ།།ཟད་པ་དག་ཏུ་བྱས་ནས་ནི།།བར་མ་དོར་ནི་འཆི་མེད་པ།།དེ་ནི་སྔོན་བྱིན་འབྲུ་ས་བུ་ཡིན།།དཔལ་ནི་རྒྱས་པར་སྤྱད་ནས་སུ།།མིའི་ལུས་ནི་བོར་ནས་ཀྱང་།། ་ལྟ་ཡི་ནང་དུ་སྐྱེ་བར་འགྱུར།།དེ་ནི་སྔོན་བྱིན་འབྲས་བུ་ཡིན།།དགེ་སློང་དག་འཛམྦུའི་གླིང་གི་མི་རྣམས་ལ་ནི་ཡར་འཕེལ་བ་དང་།མར་འགྲིབ་པ་ཡོད་དེ།དགེ ་སློང་དག་ཛམྦུ་རོའི་གླིང་གི་མི་རྣམས་ནི་ཆུ་ལོ་དཔག་ཏུ་མེད་པར་ཡང་འགྱུར།།ཚེ་ལོ་བརྒྱད་ཁྲི་པ་དང་།ཚེ་ལོ་བརྒྱ་པ་དང་།ཚེ་ལོ་བཅུ་པར་ཡང་འགྱུར་རོ།།དགེ་སློང་དག ་ཛམྦུའི་གླིང་གི་མི་རྣམས་ཀྱི་ད་ལྟར་གྱི་ཚེའི་ཆེད་ནི་ལོ་བརྒྱ་པ་ཡིན་ནོ།།དགེ་སློང་དག་དེ་ལྟར་ནི་ཛམྦུའི་གླིང་གི་མི་རྣམས་ལས་རིང་དུ་འཚོ་བ་གང་ཡིན་པས་ལེགས་པར་བདེ་བར་གནས ་ནོ་ལ་བརྒྱ་འམ།ལོ་བརྒྱ་ལས་ཆུང་ཟད་ཅིག་ལྷག་པར་ཐུབ་པོ།།དགེ་སློང་དག་འཚོ་བའི་གནས་སྐབས་ནི་བཅུ་མྱོང་བར་འགྱུར་ཏེ།གནས་སྐབས་དང་པོ་ནི་ཞན་ཅིང་གན ་རྐྱརྒྱལ་དུ་ཉལ་བ་སྟེ་བྱིས་པ་ཡིན་ནོ།།གནས་སྐབས་གཉིས་པ་ནི་རྩེ་བའི་རང་བཞིན་ཅན་ཏེ་གཞོན་ནུ་ཡིན་ནོ།།གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ།ལང་ཚོ་ལ་བབ་པ ་ཡིན་ནོ།།གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་ཡིན་ནོ།།གནས་སྐབས་ལྔ་པ་ནི་སྤོབས་དང་ལྡན་ཞིང་ཤེས་རབ་དང་ལྗོན་པ་ཡིན་ནོ།།གནས་སྐབས ་དྲུག་པ་ནི་དཔྱོད་པའི་རང་བཞིན་ཅན་ཏེ་དྲན་པ་དང་ལྡན་པ་ཡིན་ནོ།།གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན་ནོ།།གནས་སྐབས ་བརྒྱད་པ་ནི་རྒྱལ་པོས་བཀུར་ཞིང་རྒན་རབས་སུ་བཀུར་བ་ཡིན་ནོ།།གནས་སྐབས་དགུ་པ་ནི་རྒས་ཤིང་འཁོགས་པ་སྟེ་རྒན་པོ་ཡིན་ནོ།།གནས་སྐབས་བཅུ་པ་ནི་ཚེའི ་མཐར་ཐུག་པ་སྟེ་འཆིར་ཉེ་བ་ཡིན་ནོ།།དགེ་སློང་དག་ལོ་བརྒྱར་འཚོ་བས་གནས་སྐབས་བཅུ་པོར་དེ་དག་མྱོང་བར་འགྱུར་རོ།།དགེ་སློང་དག་ལོ་བརྒྱར་འཚོ་བ་ནི་དུས་ཚིགས ་སུམ་བརྒྱར་འཚོ་སྟེ།དགུན་གྱི་དུས་ཚིགས་བརྒྱ་དང་།དཔྱིད་ཀྱི་དུས་ཚིགས་བརྒྱ་དང་།དབྱར་གྱིས་དུས་ཚིགས་བརྒྱ་རྣམས་སོ།།དུས་ཚིགས་སུམ་བརྒྱར་འཚོ་བ་ནི ་ཟླ་བ་བཅུ་གཉིས་ཕྲག་བརྒྱར་འཚོ་བ་སྟེ།དགུན་བཞི་དང་།དཔྱིད་བཞི་དང་།དབྱར་བཞི་རྣམས་སོ།།ཟླ་བ་བཅུ་གཉིས་ཕྱག་བརྒྱར་འཚོ་བ་ནི་ཟླ་བ་ཕྱེད་ཉིས་སྟོང ་བཞི་བརྒྱར་འཚོ་སྟེ།དགུན་བརྒྱད་དང་།དཔྱིད་བརྒྱད་དང་།དབྱེར་བརྒྱད་རྣམས་སོ།།ཟླ་བ་ཕྱེད་ཉིས་སྟོང་བཞི་བརྒྱར་འཆི་བ་ནི།ཉིན་ཞག་སུམ་ཁྲི་དྲུག ་སྟོང་དུ་འཚོ་སྟེ།དགུན་བཅུ་གཉིས་དང་།དཔྱོད་བཅུ་གཉིས་དང་།དབྱེར་བཅུ་གཉིས་རྣམས་སོ།།ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་འཚོ་བ་ནི་བར་ཆད་དུ་གྱུར་པ་མི་གཏོགས ་པས་ཟན་བདུན་ཁྲི་ཉིས་སྟོང་ཟའོ།།དེ་ལ་འདི་དག་ནི་ཟན་བར་ཆད་དུ་འགྱུར་བ་ཡིན་ཏེ།འཁྲུགས་ནས་མ་ཟོས་པ་དང་།སྡུག་བསྔལ་བར་གྱུར་པས་མ་ཟོས་པ་དང་།།ཡོས ་བེ་བྱུང་ནས་མ་ཟོས་པ་དང་།བསྙུངས་པ་བྱས་ཏེ་མ་ཟོས་པ་དང་།མ་རྙེད་པས་མ་ཟོས་པ་དང་།རྙེད་ཀྱང་མ་ཟོས་པ་དང་།གཉིད་ལོག་ནས་མ་ཟོས་པ་དང་།ར་རོ་སྟེ་མ་ཟོས ་པ་དང་།རབ་ཏུ་མྱོས་པས་མ་ཟོས་པ་སྟེ།ཟོས་པ་གང་ཡིན་པ་དང་།མ་ཟོས་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡོམས་ན་མའི་ནུ་ཞོ་འཐུང་བ་མ་གཏོགས་པར་ཟ་མ་བདུན ་ཁྲི་ཉིས་སྟོང་དུ་འགྱུར་རོ།།དགེ་སློང་དེ་ལྟར་ངས་ཛམྦུའི་གླིང་གི་མི་རྣམས་ཀྱི་ཚེ་ཡང་བ་ཤུད།དུས་ཚིགས་དང་།ཟླ་བ་དང་།ཟླ་བ་བྱེད་པ་དང་།ཉིན་ཞག་དང ་ཟན་དང་།ཟིན་བར་ཆད་དུ་གྱུར་པའང་བཤད་པ་ཡིནྡ་ནོ།།དགེ་སློང་དག་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཎྜཱི་ག ་དེ་སུམ་ཅུ་ལ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ།དེ་མིའི ་ལོ་ལྟར་རྩིས་ནི་ལོ་ས་ཡ་ཕྲག་དགུ་ཡོད་དེ།བར་མ་དོར་འཆི་བ་ནི་ཡོད་དོ།།དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀི་ཉིན་ཞག་གཅིག་གོ།ཉིན་ཞག་དེ་སུམ ་རྒྱུ་ལ་ཐཱ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།སྟོནས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་སོམསུ་ནན་དུམྱལ་བ་རྣམས་ཀྱི ་ཚེ་ཚད་ནི་ལོ་དེ་ལྟ་བུརྟྟིས་བླའི་ལྷོ་ལྔ་བརྒྱ་སྟེ།དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་བྲག་འབུམ་དྲུག་ཁྲི་ཉིས་སྟོང་ཡོད་དེ།བར་མདོར་འཆི་བ་ནི་ཡོད་དོ།།དེ་ནས ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།ལུས་ཀྱིས་ཉེས་པར་སྤྱད་བྱས་ཤིང་།།ངག་གིས་ཉེས་པར་སྤྱད་པ་དང་།།ཡིད་ཀྱིས་ཉེས་པར ་སྤྱད་བྱས་ཤིང་།།གང་ཞིག་ཉེས་པ་གཞན་ལྡན་པའི།།ལས་དེ་དག་གིས་ཡང་སོས་ཀྱི།།དམྱལ་བ་དྲུག་ཏུ་སྐྱེ་འགྱུར་ཏེ།།ལོ་ནཱི་བྱེ་བ་བྲག་སྟོང་དུ། ་གཏོགས་ཤིང་བཅོམ་ཡང་ཡང་འཚོའོ།།བནི་ཚུན་ཁོན་དག་ཆགས་པ་ཡིས།།མི་རྣམས་གསོད་པའི་མྱི་དག་ནོ།།ལས་དེ་དག་གིས་ཡང་སོས་ཀྱི།།དམྱལ ་བདག་ཏུ་སྐྱེ་བར་འགྱུར།།དགེ་སྦྱོང་དག་མྱི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམཱ་ནུ་རྣ་གས་མི་བུའི་ལྷ་རྣམས་ཀྱི་ཉིནྡ་ནག་གཅིག་ནོ།ཉིན་ནག་དེ་སུམ་ཅུ ་ཟླ་བ་གི་ཅོག་གོ།།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།སུམ་ཅུ་རྩ་གསུམ་གྱི་སྦྱིན་གྱི་ཚ་ནི་ཡི་ལྕི་བུར་རྩིས་པའི་ལྷའི་ལོ་སྟོང་ཐུབ་བོ།།དེ་མིའི་ལྟར་རྩིས་ན་ལོ ་བྱེ་བ་ཕྲག་གསུམ་དང་།ས་ཡ་ཕྲག་དྲུག་ཡོད་དེ།བཱར་མ་དོར་འཆི་བ་ནི་ཡོད་དོ།།དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གྲི་ཉིན་ཞག་གཅིག་གོ།།ཉིན་ཞག་དེ་སུམ་ཅུ ་ལ་ཟླ་བ་གཅིག་གོ།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ནི་དེ་ལྟ་བུར་རྩིས་པའི་ལོ་སྟོང་ཐུབ་པོ།།དེ་མིའི་ལྷར་རྩེས།། ་ན་ལོ་བྱེ་བ་ཕྲག་ས་ཡ་ཉིས་འབུམ་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་ཡོད་དེ།དུས་མ་ཡིན་པར་འཆི་བ་ནི་ཡོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ ་བཀའ་སྩལ་པ།ཕ་མ་དག་དང་སངས་རྒྱས་དང་།།ཉན་ཐོས་རྣམས་ལ་འཁུ་བྱེད་པ།།དེ་དག་ཐིག་ནག་སྐྱེ་འགྱུར་ཏེ།།སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།།གང ་ཞིག་མི་བརྩོན་འཇོག་པ་དང་།།མི་རྣམས་མཛའ་བའི་དབྱེན་བྱེད་པ།།ཐིག་ནཱག་ཏུ་ནི་སྐྱེ་བར་འགྱུར།།བརྫུན་སྐྱ་བློ་ཡང་དེ་བཞིན་ཏེ།།ལས་དེ་ཡིས་ནི་ཐིག་ནག་གི ་དམྱལ་བ་རྣམས་སུ་དེ་དག་སྐྱེ།།དགེ་སློང་དག་མི་རྣམས་ཀྱི་ལོ་ཉི་ས་བརྒྱ་གང་ཡིན་པ་དེ་ནི་འཐུབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།འཐབ་བྲལ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་ཉིས་སྟོང་ཐུབ་པོ།།དེ་མིའི་ལྟར་རྩིས་ནི་ལོ་བྱེ་བ་ཕྲག ་བཅུ་བཞི་དང་།ལོ་ཁྲི་བ་ནི་སྟོང་ཡོད་དེ།བར་མྱ་དོར་འཆི་བ་ནི་ཡོད་དོ།།དེས་སྐེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉོན་ཞག ་གཅིག་གོ།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལྔ་ལོ་གཅིག་སྟེ།སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་སེམས་ཅན་དམྱལ་བ ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལོ་ཉིས་སྟོང་ཡོད་དེ།དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་ཡོད་དེ།བར་མ་དོར ་འཆི་བ་ནི་ཡོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པོ།མི་དགེའི་ལས་རྣམ་གསུམ་བྱས་ཤིང་།ལས་དགེ་རྣམ་གསུམ་མ་བྱས ་ཏེ།།ལས་དེ་དག་གིས་བསྡུས་འཇོམས་ཀྱི།།དམྱལ་བ་དག་ཏུ་སྐྱེ་བར་འགྱུར།།བ་ལཱང་ར་ལུག་མ་ཧེ་དང་།།རི་དྭགས་བྱོ་གག་ཕག་རྣམས་དང་།།དེ་བཞིན་སྲོག ་ཆགས་གཞན་གསོད་པ།།བསྡུས་གཞོམ་དག་ཏུ་སྐྱེ་བར་འགྱུར།།དགེ་སློང་དག་མི་རྣམས་ཀྱི་ལོ་བཞི་པརྒྱུ་གང་ཡིན་པ་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག ་གཅིག་གོ།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚ་དེ་ནི་དེ་ལྟ་བུར་རྩིས་པའི་ལྷའི་ལོ། ་བནི་སྦྱོང་ཐུབ་སྟེ།དེ་མའི་ལྟར་བྱས་ན་ལོ་བྱེ་བ་བྲག་ལྔ་བཅུ་རྩ་བདུན་དང་ལོ་ས་ལ་ཕྲག་དྲུག་ཡོད་དེ།བར་མ་དོར་འཆི་བ་ནི་ཡོད་དོ།།དེ་ནི་སེམས་ཅན་དམྱལ་བ་ཆེན་པོ ་དུ་འབོད་ཀྱི་ཉིན་ཞག་གཅིག་གོ།།ཉིན་ཞག་དོ་སུམ་ཅུ་ལུ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་སེམས་ཅན་དམྱལ་བ་རྣམས ་ཀྱི་ཚེའི་ཚད་ནི་དེ་ལྟ་བུར་རྩིས་པའི་ལོ་བཞི་སྟོང་ཐུབ་སྟེ།དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་།བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་བཞི་སྟོང་དང་།བྱེ་བ་ཕྲག་བརྒྱད ་ཡོད་དེ།བར་མ་དོར་འཆི་བ་ནི་ཡོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།འཇིགས་སུ་རུང་བ་དྲག་ཤུལ་ནྡན།།ལག ་པ་གཉིས་ནི་ཁྲག་གིས་བསྐུས།།སྡིག་པའི་ལས་ནི་སྤྱོད་པ་ཡིས།།རྟག་ཏུ་ངུ་འབོད་འགྲོ་བར་འགྱུར།།གཞལ་ལུགས་གཡོ་དང་སྒྱུ་བྱེད་མི།།སྐྱེ་བོ་དག་ནི་ཡིད་ཕྱུང་བས།། ་འཇིགས་སུ་རུང་བའི་སྒྲའི་བྱིན་ཅིང་།།ཡུན་རིང་དུ་ན་ངུ་འབོད་འགྱུར།།དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ་ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་རྩིས་པའི་ལོ་བརྒྱད་སྟོང་ཐུབ་སྟེ། ་དེ་མིའི་ལྟར་རྣཾས་ན་ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་ཅུ་དང་།ལོ་ས་ཡ་དྲག་པ་ནི་ཡོད་དེ་བར་མ་དོར་འཆི་བ་ནི་ཡོད་དོ།། ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།སོན་དམྱལ་བ་ཆེན་པོ་དུ་འབོད་ཆེན ་པོབོཔོའི་སན་དམྱལ་བ་མ་ཀྱི་ཚེའི་ཚ་ནི་ལོ་དེ་ལྟ་བུར་རྩིས་པཱི་ལོ་བརྒྱད་སྟོང་ཡོད།།དྲི་མིའི་ལྟར་རྩིས་ན་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་།བྱེ་བ་ཕྲག་ལྔ་འབུམ་ཁྲི་ཉི་ས་སྟོང་དྲུག་ཅུ་རྩ་དྲུག་ཡོད་དེ། ་བར་མ་དོར་འཆི་བ་ནི་ཡོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།བལྟ་བའི་ཐིབསྡེ་པོས་ཁེབས་གྱུར་ཅིང་།།སྲེད་པའི་གཡོག ་པས་གཡོགས་པ་དག།སྡིག་པའི་ཆོས་ནི་སྤྱོད་པ་ཡིས།།ངུ་འབོད་དག་ཏུ་སྐྱེ་བར་འགྱུར།།ཡིད་གཅུགས་ཉམས་པའི་མི་དྲག་ནི།།བ་སྤུ་སློང་ཞིང་འབར་བ་ཡིས།། ་བསྐོར་བའི་ཁྱིམ་གྱི་ནང་ཆུང་ནས།།ངུ་འབོད་ཆེན་པོ་སྲེག་པར་འགྱུར།།གཏམས་པ་བརྣོགས་པའི་མི་དག་ནི།།རལ་གྲི་ཡིས་ནི་ལུས་གཏུབ་ཅིང་།།བྱ་རྒོད་བྱ་རྙོག ་འུག་པ་ཁྱིས།།འགུལ་གཞན་དུ་ནི་ཟ་བར་འགྱུར།།དགེ་སློང་དག་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག། ་ཉིནྡྲ་ནཱག་དེ་སུམ་ནུ་ལ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་པོ་དེ་ལྟ་བུར་རྩིས་པའི་ལྷའི་ལོ་ཁྲི་དྲུག་སྟོང་ཐུབ་པ།། ་དེ་མཱིའི་ལྟར་རྣཾས་ནི་ལོ་ས་ཡ་ཕྲག་དྲུག་དང་།ཡི་བྱེ་བ་ཕྲག་དགུ་པརྒྱ་ཉི་ཤུ་རྩ་གཅིག་ཡིད་དེ།བོང་མ་དོར་འཆི་བ་ནི་ཡོད་དོ།།དེ་ནི་སེམས་ཅན་དམྱལ་བུ་ཆེན་པོ་ཆེ་བའི་ཉོན་ཞག ་གཅིག།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཎྜཱིགས།ཟླ་བ་བཅུ་གི་ཉོས་ལ་ལི་གཅིག་སྟེ།སེམས་ཅན་དམྱལ་བ་ཆེན་པོ་ཆེ་བའི་སེམ་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར ་རྩིས་པའི་ལྷོ་ཁྲི་དྲུག་སྟོང་ཡོད་དོ།།དེ་མིའི་ལྟར་རྩིས་ན་ལོ་བྱེ་བ་ས་ཡ་ཕྲག་བརྒྱད་དང་།བཞི་འབུམ་དང་།ལོ་བྱེབ་ཁྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་ཅུ་ཡོད་དེ་བར་མདོར་འཆི་བ་ནི་ཡོད་དོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།དགེ་སློང་བྲམ་ཟེ་དགེ་བ་དང་།།དེ་བཞིན་དུ་ནི་ཕ་མ་ལ།།གང་ཞིག་རྟག་ཏུ་རྡུང་བྱེད་པ།།དེ་ནི ་སྐྱེ་བར་འགྱུར།།འདིར་ནི་གང་ཞིག་གདུང་བ་ཡིས།།སྐྱེ་བོ་མང་པོ་གདུང་བྱེད་པ།།སྨྲས་དེ་དག་གིས་རྒྱུ་བ་སི།།དམྱལ་བླ་རྣམས་སུ་སྐྱེ་བར་འགྱུར།།དགེ་སློང ་དག་ཁྱེད་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཏན་པ་འདོད་དམ།བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ།།འདི་བི་དག་ཤེགས་པ་དེའི་དུས་ས ་བབ་ལགས་སོ།།བཅོམ་ལྡན་འདས་ལས་དགེ་སློང་དག་གིས་གང་ཆུ་བུར་ཅན་དུ་སྐྱེས་པའི་སེཾན་རྣཾས་ཀྱི་ཚེའི་མཐའ་བསྟན་པ་ཐོས་ནས་དགེ་སློང་དག་འ་ཛཱ། ་བད་གྱིད་ལགསོ།གེ་སློང་དག་དེའི་ཕྱིར་ལེ་ཌ་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་དོ།།དགེ་སྦྱོང་དག་འདི་ལྟ་སྟེ།འདྲི་ལ་ཏི་ལ་ཡུལ་ཀོ་ས་ལའི་ཁ་ལ་བཅུ་ཚད་ཉི་ཤུ ་ཤོང་བའི་ཁལ་བཅུ་ཆད་ཉི་ཤུ་པ་ཏིལ་གྱིས་བྱུར་བུར་གང་བར་གྱུར་པ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་འདས་ཤིང་ཏིལ་འབྲུ་གཅིག་བོར་ཏེ།ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤིང ་པའི་ཁལ་བཅུ་ཉི་ཤུ་པ་དེ་ཐབས་འདིས་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཀྱང་།དགེ་སློང་དག་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་དེ་ལྟ ་མ་ཡིན་པར་ང་སྨྲའོ།།ཆུ་བུར་ཅན་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཆུ་བུར་རྡོལ་གྱི་གཅིག་ཡིན་ནོ།།ཆུ་བུར་རྡོལ་གྱི་ཉི་ཤུ་ཛ་ལྟོ་བ་དེ་ལྟར་སོ་ཐ་མ་ཐམ་ཀྱི་གཅིག་ཡིན་ནོ།། ་སོ་ཐ་མ་ཐམ་ཀྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཀྱི་ཧུད་ཟློ་གྱི་གཅིག་ཡིན་ནོ།།ཀྱི་ཧུད་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར་ཨ་ཙུ་ཟེར་གྱི་གཅིག་ཡིན་ནོ།། ཅུ་ཟེར་གྱི་ཉི་ཤུ་ཇི་ལྟ་བ་དེ་ལྟར ་ཨུཏྤལ་ལྟར་གས་པའི་གཅིག་ཡིན་ནོ།།ུཏྤལ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པདྨ་ལྟར་གས་པའི་གཅིག་ཡིན་ནོ།།པདྨ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་ལྟར་པདྨ ་ལྷུར་གས་པ་ཆེན་པོའི་གཅིག་ཡིན་ནོ།།ལྷས་བྱིན་གྱི་ཕྱོགས་དགེ་སློང་ཀོ་ཀ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང་།མོདྒལ་གྱི་བུ་ལ་ཞེ་སྡང་གི་སེམས་བསྐྱེད་པས་རང་གི་ལུས་དེ་ཉིད ་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ལྟར་གས་པོ་ཆེན་པོར་སྐྱེས་སོ།།དགེ་སྦྱོང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ།སྡོང་དུ་མ་ཚིག་པོ་ལ་ཡང་ཞེ་སྡང་གྲི་སེམས ་བསྐྱེད་པར་མི་བྱ་ན་རྣམ་པར་ཤེས་པ་དང་ལྡན་པའི་ལུས་ལྟ་ལོ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ ་བཙོད་དེ་བཀའ་སྩལ་པ།མི་ཞིག་སྐྱེས་པར་གྱུར་པ་ན།།གང་གྲིས་བདག་ནི་གཙད་བྱེད་པའི།།ཁཱ་ནས་སྟ་རཱིའི་ཚིག་འབྱུང་བ།།ཉེས་པར་སྨྲེ་བས་སྨྲ་བ་ནི།།གང ་དགྲ་སྨད་བྱ་སྟོད་བྱེད་ཅིང་།།སྐྱེ་བོ་བསྟོད་བྱ་སྨོད་བྱེད་པའི།།སྡིག་གང་བདེ་བ་མི་མྱོང་བའི།།སྡིག་དེ་དཾ་ཡི་ཁ་ན་སོགས།།གང་འདིར་རྒྱན་པོས་བདག་ནོར་ཡལ།། ་འདི་ནི་སྡིག་པ་ཆུང་ངུ་སྟེ།།གང་ཞིག་བདེ་ག་ཤེགས་སྡང་སེམས་བསྐྱེད།།འདིར་ནི་སྡིག་པ་དེ་ཆེའོ།།ངག་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་།།གང་ཞིག་འཕགས ་ལ་སྨོད་པ་དམྱལ་འགྲོ་སྟེ།།སྟོང་ཕྲག་བརྒྱར་ནི་ཆུ་བུར་རྡོལ་ནས་སུ།།ཆུ་བུར་ཅན་དུ་སུམ་ཅུ་རྩ་དྲུག་གོ།།སྡིག་པའི་སེམས་ཀྱིས་བདེན་པར་མི་སྨྲ་བ།།བདག་ཉིད ་བརླག་ཅིང་དམྱལ་བར་འཕེན་པར་བྱེད།།དེ་ཡིད་དྲི་མས་མ་རྙོགས་པར་བྱེད་དེ།།ཁ་ན་མ་ཐོ་མེད་པ་དེ་བཟོད་དོ།།དགེ་སློང་དག་སེམས་ཅན ་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ནི་བསྐལ་པ་ཕྱེད་གཅིག་ཡིན་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ ་བཀའ་སྩལ་པ།འབྲས་བུ་ཡིད་འོངས་མཐོ་རིས་སུ།།སྐྱེ་འགྱུར་དགེ་བ་སྤངས་ནས་ནི།།འདིར་ནི་མི་སྡུག་ལས་བྱས་པས།།རབ་ཏུ་ཚ་བར་སྐྱེ་བར་འགྱུར།དགེ ་སྦྱོང་བྲམ་ཟེ་དགེ་བ་དང་།།ཕ་དང་མ་ཡང་དེ་བཞིན་ཏེ།།གང་ཡང་བླ་མ་གཞན་གསོད་པ།།རབ་ཏུ་ཚ་བར་དེ་འཚོད་དོ།།དགེ་སློང་དག་དམྱལ་བ་ཆེན་པོ་མནར ་མེད་པའི་ཚེའི་ཚད་ནི་བསྐལ་པ་གཅིག་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།མི་གཏི་མུག་ཅན་ལྷས་བྱིན་གྱིས་དགེ་འདུན་མཐུན་པ་ཕྱེ་བ་དང་།དེ་བཞིན་གཤེགས་པ ་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་།དགེ་སློང་མ་དགྲ་བཅོམ་པ་བསད་པས་རང་གི་ལས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་མནར་མེད་པོ་དེར་སྐྱེས་སོ།།དེ་ནས་བཅོམ་ལྡན ་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།འཕགས་པ་རྣམས་ཀྱིས་བསྟན་པ་ཡི།ཆོ་གྱིས་འོས་པར་འཚོ་རྣམས་ལ།།སྡིག་པའི་ལྟ་བ་ལ་བརྟེན་ནས།། ་བློ་དྲན་གང་ཞིག་སྨོད་བྱེད་པ།།ཚེར་ཅན་འོད་མའི་འབྲས་བུ་ལྟར།།དེ་ནི་འབྲས་བུ་རླག་པར་བྱེད།།དགེ་བར་འགྱུར་པ་བརྗོད་བྱ་སྟེ།།སྡིག་པ་ཅན་དག་མི་བརྗོད་དོ།། ་དགེ་བ་སྨྲས་ན་ལེགས་པར་འགྱུར།།སྡིག་པ་སྨྲས་ན་སྲེག་འགྱུར་བས།།གལ་ཏེ་སྨྲ་ན་དགེ་བ་སྨྲའི།།སྡིག་པ་སྨྲས་ནི་རློག་པར་འགྱུར།།བྱིས་པ་རྣམས་ནི་སྡིག་སྨྲ ་སྟེ།འཕགས་པ་རྣམས་ནི་མ་ཡིན་ནོ།།འདིར་ནི་ངན་འགྲོར་འགྲོ་བ་ཡི།།ལས་ནི་ཤས་ཆེར་བྱས་པས་ནི།།ལས་དེ་དག་གིས་མནར་མེད་པོའི།།དམྱལ་བ་དག་ཏུ ་སྐྱེ་བུར་འགྱུར།།དགེ་སློང་དྲུག་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐུལ་པ་བྱེད་དེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་ཚུངས་པའི་མདུན་ན་འདོན་གྱི་ལྷ་རྣམས ་ཀྱི་ཚེའི་ཚོ་ནི་བསྐལ་པའི་བཞི་ཆ་གསུམ་ཐུབ་སྟེ།བར་མ་དྲོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་ཚངས་ཆེན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཅིག་ཐུབ་སྟེ།བར་མ ་དྲོར་འཆི་བ་ནི་ཡོད་དེ།།དགེ་སློང་དག་འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཉིས་ཐུབ་སྟེ།བར་མོ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་ཚད་མེད་འོད་ཀྱང་ལྷ་རྣམས་ཀྱི་ཚེའི་ཚད ་ནི་བསླབ་པ་བཞི་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།། ་དགེ་སློང་དག་དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཅུ་དྲུག་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་ཆད ་མེད་དགེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་བ་སུ་ཅུ་རྩ་གཉིས་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ ་དྲུག་ཅུ་རྩ་བཞི་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད།། ་དགེ་སློང་དག་བསོད་ནམས་སྐྱེས་ཀྱི་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉིས་བརྒྱ་རྩ་ལྔ་བཅུ་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི ་ཚེའི་ཚད་ནི་བསྐལ་པ་ལྔ་བརྒྱ་ཐོབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་འདུ་ཤེས་མེད་པའི་སེམས་ཅན་དང་མི་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཐུབ ་ཐུབ་སྟེ།བར་མ་དོར་འཚོ་བ་ནི་ཡོད་དོ།།དགེ་སློང་དག་མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཆེད་ནི་བསྐལ་པ་ཉིས་སྟོང་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག ་ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང་ཐུབ་སྟེ།བིར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ ་བརྒྱུད་སྟོང་ཐུབ་སྟེ།བར་མདོར་འཆིབ་ན་ཡོད་དོ།།དགེ་སློང་དག་འོགུ་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚོད་ནི་བསྐལ་པ་ཁྲི་དྲུག་སྟོང་ཐུབ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ ་སློང་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་སྟེ།བར་མ་དོར་འཚོ་བ་ནི་ཡོད་དོ།།དགེ་སློང་དག་རྣམ་ཤེས་མཐའ་ཡས ་སྐྱེ་མ་ཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་ཁྲི་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས ་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲོ་སྟེ།བར་མ་དོར་འཆི་བ་ནི་ཡོད་དོ།།དགེ་སློང་དག་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ ་པཱ་བརྒྱད་ཀྱི་སྟེ།བར་མི་དར་འཆི་བ་ནི་ཡོད་དོ།།དགེ་སློང་དག་དེ་ལྟར་དམྱལ་བ་ཆེན་པོ་མནར་མེད་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དེ་དག་ནི་དགེ་སློང་དག ་སྲིད་པའི་རྩེ་མོ་དང་།དེ་དག་ནི་སྲིད་པའི་རྩེ་མོ་ཡིན་ནོ།།དེ་དག་ནི་སྲིད་པ་འབྱུང་བ་ཡིན་ཏེ།དེ་དག་ནི་འགྲོ་བ་ལྔའི་སེམས་ཅན་རྣམས་འོང་བ་དང་།འགྲོ་བ་དང་།གནས ་པ་དང་།འཆི་བ་དང་།སྐྱེ་བར་སྣང་ངོ་།།སྲིད་པའི་འབྱུང་བས་ཚིག་ཤེས་པར་གྱིས་ཤིག།ང་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལའང་།ཐ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས ་པ་མི་མཛད་དོ།།དེ་ཅིའི་ཕྱིར་ཞེ་ན།སྲིད་པ་མངོན་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་ཏེ།དཔེར་ན་མི་གཙང་བ་ནི་ཉུང་ངུའང་མི་ཞིམ ་ན་མང་པོ་ལྟ་ཅི་སྨོས།དེ་ལྟར་དེ་བཞིན་དུ་ང་ནི་སྲིད་པ་མངོན་པར་སྒྲུབ་པ་ཆུང་ངུ་ལའང་ཐ་ན་དེའི་སྐད་ཅིག་ཙམ་ཡང་བསྔགས་པ་མི་མཛད་དོ།།དེ་ཅིའི་ཕྱིར་ཞེ་ན།དགེ་སློང ་དག་སྲིད་པ་མཐོན་པར་སྒྲུབ་པ་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ།།སོ་སོའི་སྐྱེ་བོ་བྱིས་པ་ཐོས་པ་དང་མི་ལྡན་པ་དེ་དག་ནི་འགྲོ་བ་ལྔ་པོའི་འཁོར་བ་གང་དུ་ཡང་དང་ཡང་དུ་དམྱལ་བ ་ནིས་དང་།ཡང་དང་ཡང་དུ་དུང་གྲྀ་དྷྲྀངྒ་ཡང་དང་ཡང་དུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་ཀུན་ཏུ་རབ་ཏུ་རྒྱུག་གོ།དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་བསླབ་པར་བྱ ་སྟེ།སྲིད་པ་རྒྱུན་ཆད་པར་བྱ་བ་གང་ཡིན་པ་ལ་བརྩོན་པར་བྱ་ཞིང་སྲེད་པ་མངོན་པར་མི་བསྒྲུབ་པར་བྱའོ་དགེ་སློང་དགེ་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།།བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།ཚེའི་མཐའི་མདོ་རྫོགས ་སོ།།།རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང་།ལོ་ཙྪ་བ་བནྡེ་དགེ་བའི་དཔལ་གྱིས་བསྒྱུར།རྒྱ་གར་གྱི་མཁན་པོ་བིདྷི་ཀ་ར་སིང་ཏ་དང་། ་རྟེན་གྱི་ལོ་ཙྪ་བབཱནྡྷེ་དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ།།རྒྱུ་གར་སྐད་དུ།ཱ་ཡུ་ད ་