| Wylie | e-texts produced with BDRC’s OCR application |
རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་དྷརྨ་ཤྲཱི་བྷ་དྲ་དང་།ཞུ་ཚོན་གྱི་ལ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏོ་གཏན་ལ་ཕབ་པའོ།།།།རྒྱ ་གར་སྐད་དུ།བྷིཀྵ་པྲ་རེ་ཛུ་སྭཱ་ཏྲ་མཾ།བོད་སྐད་དུ།དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱབ།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་པདྨ་རྒྱུས་པ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ།དེ་ནས་དགེ་སློང་གི་དགེ་འདུན ་འཁོར་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་གོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་འཁོར་འདུས་པ་དེའི་ནང་ན་འཕགས་པ་ཉེ་བར་འཁོར་ཞེས་བྱ་བ་དབང་པོ་དུལ་བ།ཐོས་པ་དང ་ལྡན་པ།ཤེས་རབ་ཟབ་པ།བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལྷག་པར་མོས་ཤིང་མཆོག་ཏུ་འཛིན་པར་གནས་པ་རང་གི་སྟན་ལས་ལངས་ཏེ། ་གླེགས་ཕྲག་པ་གཅིག་ཏུ་གཟར་ཏེ།པུས་མ་གཡས་པའི་ལྷ་ང་སི་པཱ་གཙུགས་ནས་ལག་པ་གཉིས་ཀྱི་ཐལ་མོ་སྐྱིང་ཀླུར་སྦྱར་བ་བྱས་ཏེ།འཛུམ་དམྱལ་ནས་བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།།འཁོར་བའི་འདམ་ནས་པདྨ་ལྟར་བྱུང་བའི།།སྐྱོ་བ་མཛད་རི་བོ་ལྟ་བུར་མི་བསྐྱོད་ཐུབ་པའི་སྐུ།།དེཔེ་བྱད་རྒྱུན་གྱིས་བརྒྱན་ཅིང་མཚན་གྱི་མེ་ཏོག ་མཛེས།།བལྟ་བས་མི་ངོམས་རབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།།ཁྱོད་ཀྱིས་བདག་ཅིག་འདིར་འདུས་འདི་དག་ལ།།དགེ་སློང་འབའ་ཞིག་གནས་པས་དགེ ་གི།ངོ་བོ་དབྱེ་དང་སྒྲ་འཇུག་ཆེད་བྱ་བ།།བཞི་པོ་འདི་དག་ཐུབ་པས་གསུང་དུ་གསོལ།།དེ་ནས་བཅོམ་ལྡན་བདེ་གཤེགས་རབ་དགྱེས་ཏེ།།ཉེ་བར་འཁོར་ལ་སྤྱན་གཟིག ་འདི་སྐད་གསུངས།།ལེགས་པར་ཉོན་ཅིག་བུ་ཁྱོད་ཉེ་བར་ལ་བོར།།ངས་ནི་ཁྱོད་ཀྱིས་སེམས་རངས་བྱ་ཕྱིར་དང་།།དགེ་སློང་རྣམས་ལ་ཕན་ཕྱིར་དེ་བཤད་དོ།།དགེ་སློང་ཞེས་བྱ ་ཆོས་ཀྱི་རྒྱལ་མཚན་ཏེ།།དགེ་སློང་ཞེས་བྱ་རྡོ་རྗེ་སྲོག་ཤིང་ཡིན།།དགེ་སློང་ཞེས་བྱ་སྡུག་བསྣོལ་སྤངས་པ་སྟེ།།དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན།།དགེ་སློང་ཞེས ་བྱ་ཉོན་མོངས་སྲོག་བཅད་དེ།།དགེ་སློང་ཞེས་བྱ་ཐར་པའི་ཚུལ་འགྲོའོ།།དགེ་སློང་རོང་གི་ངོ་བོ་བསྡམས་པ་སྷོ།།རྩ་བ་བནི་སོགས་ཉིས་བརྒྱ་ལྔ་བཅུ་པ།ཆེད་དུ་བྱ་བ་རྣམ ་དོག་ཚུལ་ཁྲིམས་ཡིན།།དབྱེ་བ་མིང་གི་དགེ་སློང་གང་ཡིན་དང་།།རྟགས་ཙམ་འཛིན་དང་ཡང་དགི་དགེ་སློང་སྟེ།།སྐུ་འཇུག་རྣམ་ས་ཟད་བྱིར་དང་།།དགེ་བ་སློང་དང་ཟས ་སློང་དང་།།ཞི་བར་གནས་དང་ལམ་ཞུགས་དང་།།ལེགས་པར་འཚོ་དང་ཆགས་སྤངས་དང་།།ཡིད་འདི་ཕྱིར་ན་དགེ་སློང་ངོ་།།དགེ་སློང་ཞེས་བྱ་བརྒྱན་པ་སྟེ།།རྒྱན་སྤངས ་རྒྱན་གྱིས་ལེགས་པར་བརྒྱན།།ཆགས་སྤངས་ཆགས་པ་ཆེན་པོས་སྤྱད།།བྱུག་པ་ཁྲུས་དང་བཟའ་བ་དང་།།རྒྱན་དང་གོས་དང་ཁ་དོག་དང་།།རྟ་དང་གླང་པོ་ཁྱོགས་སོགས་ཀྱི ་བཞོན་པ་བླ་མེད་དེ་ཡང་བཞོན།།དེ་དག་འབྱོར་པ་དགེ་སློང་སྟེ།།དེ་དག་མི་འབྱོར་དགེ་སློང་མིན།།དེ་ནས་ཉེ་བར་འཁོར་དེ་ཡིས།།བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ་ཅི་དེ་བདེ་བར་གཤེགས་པ་ཡིས།།སྨད་བྱིངས་རྟོགས་པར་བཀའ་བུ་གསུངས།།དེ་ཉིད་བདྲེ་བར་གཤེགས་པ་ཡིས།།ཚིག་གི་མུན་པ་ཚིག་གི་ནི།།མར ་མེས་གསལ་བར་མཛད་དུ་གསོལ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།གསེར་ལོས་སོགས་པ་འཇིག་རྟེན་རྒྱུན།།རབ་ཏུ་སྤངས་པསྡུ་སྙིང་རྗེ་ཡི།།རྒྱུན་གྱིས ་མཆོག་གིས་བརྒྱན་པར་བྱ།།འཇིག་རྟེན་མ་ཡིན་བསླབ་པ་ཡི།།གྲོས་གྱོན་གོས་མཆོག་བཟང་པོ་ཡིན།།གློ་བུར་ལ་སོགས་མ་ཡིན་པའི།།ཚུལ་ཁྲིམས་བྱུག་པ ་མཆོག་གིས་བྱུག།དཀར་དམར་ལ་སོགས་མ་ཡིན་པའི།།དད་པའི་ཁ་དོག་རྣམ་པར་མཛེས།།འཇིག་རྟེན་མ་ཡིན་བརྩོན་འགྲུས་ཀྱི།།བཞོན་པ་བླ་མེད་མགྱོགས་པའི ་མཆོག།བསམ་གཏན་ཆོས་སྤྱོད་ཟས་མཆོག་ནི།།འབྲས་ཆན་པས་ནི་རོ་མཆོག་ལྡན།།དགེ་འདུན་ཚོགས་ཀྱི་གཞལ་ཡས་ཁང་།།ཞིག་ནས་སྟན་ལ་རབ་ཏུ་སྤྱད།།དེ་དག་ལྡན། ་ཞིང་ཕྱིར་མི་ལྡོག།ད་ནི་ཡང་དག་དགེ་སློང་ཡིན།།གཙོ་བོ་གསུམ་དང་འཁོར་ལྔར་ལྡན།།དྲང་སྲོང་སྣོད་བཅས་མཁར་བསིལ་ལྡན།།ལུས་ངག་ཡིད་གསུམ་རྣམ་པར་བསྡམས།། ་རང་གི་སྤྱོད་པ་བརྟུལ་ཞུགས་བསྟན།།དེ་ཡང་ཡང་དག་དགེ་སློང་ཡིན།།དེ་གཉིས་ཐར་པའི་གྲོང་ཁྱེར་ལ།།བསྙེན་པས་ཐར་པའི་བདེ་བའི་མཆོག།ཡང་དག་མ་ཡིན་གཅིག ་ན།།ལྷུང་བཟེད་ལ་སོགས་རབ་འབར་བས།།དམྱལ་བར་ཁྲོ་ཆུ་ལྟ་བུར་ནི།བསྐལ་པ་སྟོང་ཕྲག་བནི་རུ་འཚོད།།ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ།།ལ་ལའི་ཚུལ་ཁྲིམས་སྡུག་བསྔལ། ་རྒྱུད་ཚུལ་ཁྲིམས་ལྡན་པ་བདེ་བའི་མཆོག།ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན།།ཤིན་ཏུ་ལགས་པར་ཚུལ་ཁྲིམས་གང་།།བསྡམས་པས་མི་དེ་མཛེས་པའི་གཟུགས། ་འདུལ་བ་ལ་ནི་ཉེ་བར་གནས།།ཚུལ་ཁྲིམས་བསླབ་པར་ང་ཡིད་ཆེས།།མི་དེ་ཉི་མ་གཅིག་ལ་ཡང་།།བསོད་ནམས་ཕུང་པོ་དཔག་མེད་པ།།སོག་ཅིང་སངས་རྒྱས་འབྲས་བུ་སྐྲུན།། ་རང་གིས་རང་ལ་བསླུས་འདེབས་ཤིང་།།བསླབ་པ་ལ་ནི་མི་གནས་ཤིང་།།བདེ་བར་གཤེགས་པའི་རྒྱལ་མཚན་འཛིན།།གཟུགས་ཙམ་ལ་ནི་བརྟེན་ནས་སུ།།ང་ནི་དགེ་སློང་ཡིན ་ཟེར་བ།།བླང་སྐྱོན་སྣ་ལ་རོལ་བཏགས་པ་འམ།།སྦྲུམ་མ་སྐྱུར་རྩི་འཐུངས་པ་ལྟར།།མི་དེ་ཉི་མ་གཅིག་ལ་ཡང་།།སྡིག་པའི་ས་བོན་དཔག་མེད་དང་།།རང་ལ་གནོད་པ་སྣ་ཚོགས ་པ།བྱེད་པར་འགྱུར་བ་ཁོ་ན་ཡིན།།གང་ཞིག་བསླབ་ལ་མི་གནས་ཤིང་།།བདེར་གཤེགས་རྒྱལ་མཚན་འཛིན་པ་བས།།བསླབ་པ་མི་གནས་སྐད་ཅིག་ལ།།གཟུགས་དེར་ཁྱི ་པར་གནས་པ་བཟང་།།བསླབ་པ་མི་གནས་རྟགས་འཛིན་པ།།འཇིག་རྟེན་པ་ནི་ཐམས་ཅད་ཀྱི།།སྙིང་དུ་སྡུག་པར་མི་འགྱུར་ཞིང་།།ཀུན་གྱི་ཚིག་གི་ངན་སྣོད་ས།།དཔེར་ན ་སྡོང་པོ་བཟང་པོ་ལ།།ཡུན་རིང་ཡལ་ཀ་འཁྲུང་བ་བཞིན།།མི་དེ་རྟགས་ཙམ་ཡུན་རིང་ན།།ཁ་ན་མཐོའི་གཏམ་འབེལ་དང་།།སྡིག་པའི་ལུས་རྣམས ་འཕེལ་བར་བཤད།།ཚུལ་ཁྲིམས་འདྲི་ནི་འདྲ་བའི་མཆོག།ཚུལ་ཁྲིམས་འདི་ནི་ཐར་པའི་ལམ།།ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་།།ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ།། ་ཚུལ་ཁྲིམས་འདི་ནི་རབ་མཆོག་ཡིན།།མིག་གི་འབྲས་བུ་བཞིན་དུ་སྲུངས།།སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི།།གཏོང་བ་མི་མཁས་བླུན་པོ་ཡིན།།སྲོག་ཆད་ཕྱི་མར་སྐྱོ་བ ་སྟེ།ཚུལ་ཁྲིམས་ཕྱི་ནས་དེ་ལྟར་མིན།།དེ་བས་ཉེ་བར་འཁོར་སོགས་ཀྱིས།།འདི་ཉིད་ལ་ནི་བརྟན་པར་ཟུང་།དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ།ཉེ་བ.རརོ་འཁོར། ་ལ་སོགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ་རྫོགས་སོ།།། ་