| Wylie | e-texts produced with BDRC’s OCR application |
བའི་བློ་གྲོས་ཀྱིས་བསྒྱུར་བ།།རྒྱ་གར་སྐད་དུ།ཨཱརྱ་ཀ་ལྱཱ་ཎ་མི་ཏྲ་སེ་བ་ནི་སཱུ་ཏྲ།བོད་སྐད་དུ།འབགས་པ་དགེ་བའི་བེ་ཤེས་གཉེན་བསྟེན་པའི་མདོ། ་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤ་ནརྀ་གྱད་ཀྱི་ཉེ་འཁོར ་ཤིང་ས་ལ་ཟུང་གི་ཚལ་ན།ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདའ་བ་ཁོ་ནའི་དུས་ཀྱི་ཚེ་དགེ་སློང་རྣམས ་ལ་བཀའ་སྩལ་པ།དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ།དགེ་བའི་བཤེས་གཉེན་དང་།དགེ་བའི་གྲོགས་པོ་དང་།དགེ་བའི་སྟེན་དང་གནས་པར་བྱའོ།།སྡིག་པ ་བཤེས་གཉེན་དང་།སྡིག་པའི་གྲོགས་པོ་དང་།སྡིག་པའི་སྟེན་དང་གནས་པར་མི་བྱའོ་ཞེས་དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང ་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་སེམས་ལ་འདི་ལྟ་བུའི་སེམས ་ཀྱི་ཡོངསུ་རྟོག་པ་བྱུང་སྟེ།འདི་ལྟ་སྟེ།དགེ་བའི་བཤེས་གཉེན་དང་།དགེ་བའི་གྲོགས་པོ་དང་།དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི།སྡིག་པའི་བཤེས ་གཉེན་དང་།སྡིག་པའི་གྲོགས་པོ་དང་།སྡིག་པའི་སྟེན་ནི་དེ་ལྟ་མ་ལག་སོ།།སྙམ་བགྱིད་དོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་ཁྱོད་འདི་ལྟ་སྟེ།དགེ ་བའི་བཤེས་གཉེན་དང་།དགེ་བའི་གྲོགས་པོ་དང་།དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་གྱི།སྡིག་པའི་བཤེས་གཉེན་དང་།སྡིག་པའི་གྲོགས་པོ་དང་།སྡིག ་པའི་སྟེན་ནི་དེ་ལྟ་མ་ཡིནོ་ཞེས་མ་ཟེར་ཅིག།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་འདི་ལྟོ་སྟེ།དགེ་འའི་བཤེས་གཉེན་དང་།དགེ་བའི་གྲོགས་པོ་དང་།དགེ་བའི་སྟེན་འདི་ནི་ཚངས ་པར་སྤྱོད་པའི་རིལ་པོ་དང་།མ་འདྲེས་པ་དང་།ཡོངསུ་རྫོགས་པ་དང་།ཡོངསུ་དག་པ་དང་།ཡོངསུ་བྱང་བ་ཡིན་གྱི།སྡིག་པའི་བཤེས་གཉེན་དང་།སྡིག་པའི་གྲོགས་པོ་དང་།སྡིག ་པའི་སྟེན་འདི་ནི་དེ་ལྟ་མ་ཡིན།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་བཤེས་གཉེན་དང་།ང་ལ་རྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བའི་ཆོས་ཅན་ལས་ཡོངསུ་གྲོལ་བར་འགྱུར ་དང་།སེམས་ཅན་རྒ་བ་དང་།ན་བ་དང་།འཆི་བ་དང་།མྱ་ངན་དང་།སྨྲེ་སྔགས་འདོན་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པའི་ཆོས་ཅན་རྣམས་རྒ་བ་དང་།ན་བ་དང་།འཆི ་བ་དང་།མྱ་ངན་དང་།སྨྲེ་སྔགས་འདོན་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པའི་ཆོས་ཅན་ལས་ཡོངསུ་གྲོལ་བར་འགྱུར་བའི་ཕྱིར།།ཀུན་དགའ་བོ་དེ་བས་ན་རྣམ་གྲངས ་ཁོ་ནས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ།འདི་ལྟ་སྟེ།དགེ་བའི་བཤེས་གཉེན་དང་།དགེ་བའི་གྲོགས་པོ་དང་།དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་རིལ་པོ་དང་།མ་འདྲེས་པ་དང་།ཡོང་སུ་རྫོགས་པ་དང ་ཡོངསུ་དག་པ་དང་།ཡོངསུ་བྱང་བ་ཡིན་གྱི།སྡིག་པའི་བཤེས་གཉེན་དང་།སྡིག་པའི་གྲོགས་པོ་དང་།སྡིག་པའི་སྟེན་འདི་ནི་དེ་ལྟ་མ་ཡིནོ།།ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བདྨ་པཱ་པཱར་བྱའོ།།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།འཕགས་པ་དགེ་བའི་བཤེས་གཉེན་སྟོན་དེ་མེ་རྗེས ་