CLOSE WINDOW

N282: khams mang po pa'i mdo
Wyliee-texts produced with BDRC’s OCR application

བཙལ་ཏེ།བཅོམ་ལྡན་འདས་སྤྱན་སྔ་ནས་ཕྱིར་སོང་ངོ་།།གཞོནུ་དཔེའི་མདོ་རྫོག་སོ།།རྒྱ་གར་སྐད་དུ།དྷཱ་ཏུ་བ་ཧུ་ཏ་ཀ་སཱུ་ཏྲ།བོད་སྐད ་དུ།ཁམས་མང་པོ་པའི་མདོ།།འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག་སོ།།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་སྟེ།ནང་དུ་ཡང་དག་གཞག་ནས་སེམས་ལ ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དགེ་སྐྱེས་ཏེ།འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མཱཾ་ཡིན།།ཡམས་ཀྱི་ནང་གང ་དག་དང་།གནོད་པ་དང་།ནད་འགྲོ་བ་དང་།འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་འདོ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན།།དེ་ནས་ཚེ་དང་ལྡན་པ ་ཀུན་དགའ་བོ་ཕྱེ་མ་རྙེད་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་འདིར་བདག་གཅིག་པུ ་དབེན་པར་མཆིས་ཏེ།ནང་དུ་ཡང་དགེ་བཞག་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ།འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས ་པ་ལས་སྐྱེའི་མཁས་པ་ལས་ནི་མ་ལག་སོ།།ཡམས་ཀྱི་ནད་གང་དག་དང་།གནོད་པ་དང་།ནོད་འགྲོ་དང་།འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས ་པ་ལས་སྐྱོའི་མཁས་པ་ལས་ནི་མ་ལགསོ་སྙ་མོ།།ཀུན་དགའ་བོ་དེ་དེ་བཞིནོ།།དདེ་བཞིན་ཏེ།འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི ་མཁས་པོ་ལས་ནི་མ་ཡིནོ།།ཡམས་ཀྱི་ནད་གང་དག་དང་།གནོད་པ་དང་།ནད་འགྲོ་བ་དང་།འཁྲུག་པ་གང་དག་འབྱུང་ཞིང་སྐྱོ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས ་སྐྱེའི་མཁས་པ་ལས་ནི་མ་ཡིན།།ཀུན་དགའ་བོ་དཔེར་ན་འདམ་བུ་སྐམ་པོའི་ཁང་པ་འམ།རྩཝ་སྐམ་པོའི་ཁང་པ་འམ།སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན་དེ ་རྣམས་ཀྱང་ཆོག་པར་བྱེད་དོ།།དེ་བཞིན་དུ་འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ན་མ་ཡིནོ།།ཡམས་ཀྱི་ནད་གང་དག་དང་།གནོད་པ ་དང་།ནད་དགོ་བ་དང་།འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྤྱིའི་མཁས་པོ་ལས་ནི་མ་ཡིནོ།།ཀུན་དགའ་བོ་འདས་པའི་དུས་སུ་འཇིགས་པ ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལ་སོ་སྐྱེའི་མཁས་པ་ལས་ནི་མ་ཡིནོ།།ཡམས་ཀྱི་ནད་གང་དག་དང་།གནོད་པ་དང་།ནད་འགོ་བ་དང་།འཁྲུག་པ་གང ་དག་འབྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིནོ།།ཀུན་དགའ་བོ་མ་འོངས་པའི་དུས་སུ་འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བར་འགྱུར་བ་དེ ་དྲག་ཐམས་ཅད་ནོ་བྱིས་པ་ལས་སྐྱེ་བར་འགྱུར་གྱི་མཁས་པ་ལས་ནི་མ་ཡིནོ།།ཡམས་ཀྱི་ནད་གང་དག་དང་།གནོད་པ་དང་།ནད་འགོ་བ་དང་།འཁྲུག་པ་གང་དག་འབྱུང་ཞིང ་སྐྱེ་བར་འགྱུར་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི་མཁས་པ་ལས་ནི་མ་ཡིན།།ཀུན་དགའ་བོ་དེ་ལྟར་ན་འདས་པ་དང་།མ་འོངས་པ་དང་།ད་ལྟར་རྡུང་བའི ་དུས་དག་ཏུ་འཇིགས་པ་དང་བཅས་པ་ནི་བྱིས་པའོ།།འཇིགས་པ་མེད་པ་ནི་མཁས་པའོ།།ཡམས་ཀྱི་ནད་དང་བཅས་པ་ནི་བྱིས་པའོ།།ཁམས་ཀྱི་ནད་མེད་པ་ནི་མཁས་པའོ།། ་གནོད་པ་དང་བཅས་པ་ནི་བྱིས་པའོ།།གནོད་པ་མེད་པ་ནི་མཁས་པའོ།།ནད་འགྲོ་བ་དང་བཅས་པ་ནི་བྱིས་པའོ།།ནད་འགྲོ་བ་མེད་པ་ནི་མཁས་པའོ།། ་འཁྲུག་པ་དང་བཅས་པ་ནི་བྱིས་པའོ།།འཁྲུག་པ་མེད་པ་ནི་མཁས་པའོ།།ཀུན་དགའ་བོ་འཇིགས་པ་དང་།ཡམས་ཀྱི་ནད་དང་།གནོད་པ་དང་།ནད་འགྲོ་བ་དང་།འཁྲུག ་པ་དག་ནི་བྱིས་པ་ལས་ཡིན་གྱི་མཁས་པ་ལས་ནི་མ་ཡིན་པར་ཤེས་པར་བྱའོ།།ཀུན་དགའ་བོ་དེ་ལྟ་བས་ན་བྱིས་པའི་ཆོས་དང་།མཁས་པའི་ཆོས་ཁོང་དུ་ཆུད་པར ་བྱའོ།།བྱིས་པའི་ཆོས་དང་།མཁས་པའི་ཆོས་དག་ཁོང་དུ་ཆུད་ནས་ཀྱང་བྱིས་པའི་ཆོས་ནི་སྤང་བར་བྱའི་མཁས་པའི་ཆོས་ནི་ཡང་དག་པར་བྱུང་བར་བྱ་སྟེ།ཀུན ་དགའ་བོ་དེ་ལྟར་དེ་བཞིན་དུ་བསླབ་པར་བྱའོ།།བཙུན་པ་ཇི་ཙམ་གྱིས་ན་བྱིས་པོ་བྱིས་པ་ཞེས་བགྱི་བའི་གྲངསུ་མཆི་བ་ལགས།ཀུན་དགའ་བོ་བྱིས་པ་ནི་ཁམས་ལ ་མཁས་པ་མ་ཡིན་པ་དང་།སྐྱེ་མཆེད་ལ་མཁས་པ་མ་ཡིན་པ་དང་།རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་མ་ཡིན་པ་དང་།གནས་དང་གནས་མ་ཡིན་པ ་མཁས་པ་མ་ཡིན་པ་སྟེ།ཀུན་དགའ་བོ་དེ་ཙམ་གྱིས་ན་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངསུ་འགྲོ་བ་ཡིནོ།།བཙུན་པ་ཇི་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བགྱི ་བའི་གྲངསུ་མཆི་བ་ལགས།ཀུན་དགའ་བོ་མཁས་པ་ནི་ཁམས་ལ་མཁས་པ་དང་།སྐྱེ་མཆེད་ལ་མཁས་པ་དང་།རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་།གནས་དང ་གནས་མ་ཡིན་པ་ལ་མཁས་པ་ཡིན་ཏེ།ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བྱ་བའི་གྲངསུ་འགྲོ་བ་ཡིནོ།།བཙུན་པ་ཇི་ཙམ་གྱིས་ན་མཁས་པ་ཁམས་ལ ་མཁས་པ་ལགས།།ཀུན་དགའ་བོ་མཁས་པ་ནི་ཁམས་བཅོ་བརྒྱད་པོ་མིག་གི་ཁམས་དང་།གཟུགས་ཀྱི་ཁམས་དང་།མིག་གི་རྣམ་པར་ཤེས་པའི་ཁམས་དང་།རྣ ་བའི་ཁམས་དང་།སྒྲའི་ཁམས་དང་།རྣ་བའི་རྣམ་པར་ཤེས་པའི་ཁམས་དང་།སྣའི་ཁམས་དང་།དྲིའི་ཁམས་དང་།སྣའི་རྣམ་པར་ཤེས་པའི་ཁམས་དང་།ལྕེའི ་ཁམས་དང་།རོའི་ཁམས་དང་།ལྕེའི་རྣམ་པར་ཤེས་པའི་ཁམས་དང་།ལུས་ཀྱི་ཁམས་དང་།རེག་བྱའི་ཁམས་དང་།ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ་ཡིད་ཀྱི་ཁམས་དང་།ཆོས་ཀྱི་ཁམས་དང་།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ།ཀུན་དགའ་བོ་དེ་ལྟར་ན་ཁམས་བཅོ ་བརྒྱད་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན།།གཞན་ཡང་ཁམས་དྲུག་པོ་སའི་ཁམས་དང་།ཆུའི་ཁམས་དང་།མེའི་ཁམས་དང་།རླུང་གི་ཁམས་དང་། ་ནམའི་ཁམས་དང་།རྣམ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ།དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་རྫ ་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིནོ།།གཞན་ཡང་ཁམས་དྲུག་པོ་འདད་པའི་ཁམས་དང་།གནོད་སེམས་ཀྱི་ཁམས་དང་།རྣམ་པར་འཆི་བའི་ཁམས་དང་།ངེས་པར ་འབྱུང་བའི་ཁམས་དང་།གནོད་སེམས་མེད་པའི་ཁམས་དང་།རྣམ་པར་འཚེ་བ་མེད་པའི་ཁམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ།དེ་ལྟར་ན ་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན།།གཞན་ཡང་ཁམས་དྲུག་པོ་བདེ་བའི་ཁམས་དང་།སྡུག་བསྔལ་གྱི་ཁམས་དང་།ཡིད་བདེ་བའི ་ཁམས་དང་།ཡིད་མི་བདེ་བའི་ཁམས་དང་།བཏང་སྙོམས་ཀྱི་ཁམས་དང་།མ་རིག་པའི་ཁམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ།དེ་ལྟར ་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན།།གཞན་ཡང་ཁམས་བཞི་པོ་ཚོར་བའི་ཁམས་དང་།འདུ་ཤེས་ཀྱི་ཁམས་དང་།འདུ་བྱེད་ཀྱི ་ཁམས་དང་།རྣམ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན།།གཞན་ཡང་ཁམས་གསུམ་པོ་འདོད་པའི་ཁམས་དང་།གཟུགས ་ཁམས་དང་།གགས་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་གྱུན།།གཞན་ཡང་ཁམས་གསུམ་པོ་གཟུགས་ཀྱི་ཁམས་དང་།གཟུགས་མེད ་པའི་ཁམས་དང་།འགོག་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན།།གཞན་ཡང་ཁམས་གསུམ་པོ་འདས་པའི་ཁམས་དང་།མ་འོངས་པའི ་ཁམས་དང་།ད་ལྟར་བྱུང་བའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིནོ།།གཞན་ཡང་ཁམས་གསུམ་པོ་དམན་པའི་ཁམས་དང་།བར་མའི་ཁམས ་དང་།གྱ་ནོམ་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིནོ།།གཞན་ཡང་ཁམས་གསུམ་པོ་དགེ་བའི་ཁམས་དང་།མི་དགེ་བའི་ཁམས་དང་། ་ལུང་དུ་མ་བསྟན་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིནོ།།གཞན་ཡང་ཁམས་གསུམ་པོ་སློབ་པའི་ཁམས་དང་།མི་སློབ་པའི་ཁམས་དང་། ་སློབ་པའང་མ་ཡིན་མི་སློབ་པའང་མ་ཡིན་པའི་ཁམས་དགྲ་ཡང་དག་པ་ཇི་ལྟ་ང་བཞིན་ཤེས་ཤིང་མཐོང་བ་ཡིན།།གཞན་ཡང་ཁམས་གཉིས་པོ་ཟག་པ་དང་བཅས་པའི ་ཁམས་དང་།ཟག་པ་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན།།གཞན་ཡང་ཁམས་གཉིས་པོ་འདུས་བྱས་ཀྱི་ཁམས་དང་།འདུས་མ་བྱས ་ཀྱི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ།ཀུན་དགའ་བ་དེ་ཙམ་གྱིས་ན་མཁས་པ་ཁམས་ལ་མཁས་པ་ཡིན།། ་བཙུན་པ་ཇི་ཙམ་གྱིས་ན་མཁས་པ་སྐྱེ་མཆེད་ལ་མཁས་པ་ལགས།ཀུན་དགའ་བོ་མཁས་པ་ནི་སྐྱེ་མཆེད་བཅུ་གཉིས་པོ་མིག་གི་སྐྱེ་མཆེད་དང་།གཟུགས་ཀྱི་སྐྱེ ་མཆོད་དང་།རྣ་བའི་སྐྱེ་མཆེད་དང་།སྒྲའི་སྐྱེ་མཆེད་དང་།སྣའི་སྐྱེ་མཆེད་དང་།དྲིའི་སྐྱེ་མཆེད་དང་།ལྷོའི་སྐྱེ་མཆེད་དང་།རོའི་སྐྱེ་མཆེད་དང་།ལུས་ཀྱི་སྐྱེ་མཆེད ་དང་།རེག་བྱའི་སྐྱེ་མཆེད་དང་།ཡིད་ཀྱི་སྐྱེ་མཆེད་དང་།ཆོས་ཀྱི་སྐྱེ་མཆེད་དག་ཡང་དགོ་བ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ།ཀུན་དགའ་བོ་དེ་ཙམ་གྱིས་ན ་མཁས་པ་སྐྱེ་མཆེད་ལ་མཁས་པ་ཡིནོ།།བཙུན་པ་ཇི་ཙམ་གྱིས་ན་མཁས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ལགས།ཀུན་དགའ་བོ་མཁས་པ་ནི་རྟེན་ཅིང ་འབྲེལ་པར་འབྱུང་བ་འདི་ཉིད་ལུགས་བཞིན་འབྱུང་བ་དང་།ལུགས་ལས་བཟློག་པ་འདི་ལྟ་སྟེ།འདི་ཡོད་པས་འདི་འབྱུང་།འདི་སྐྱེས་པས་འདི་སྐྱེ་སྟེ།འདི་ལྟར ་མ་རིག་པའི་རྐྱེན་གྱིས་འདུ་བྱེད།འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ།རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས།མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ ་གྶ།།མ་དུ་དྲུག་པ་ཎྜིནཿས་ག་ཕྱཝ་རག་པའི་རྒྱུནཿ8་རྐྱེན་གྱིས་སྐྱེད་པ།སྐྱེད་པར་རྒྱན་\ུ0f7fསྣ་ལེནུ། ཙྪད་དྲཱ་ན ་རྐྱེན་གྱིས་མྦྷ་།སྐྱེ་བློ་རྐྱེན་གྱིས་རྒ་ཤི་དང་།མྱ་ངན་དང་།སྐྱེ་སྔགས་འདོན་པ་དང་།སྡུག་བསྔལ་པ་དང་།ཡོད་མ་འདྲེ་བ་དང་། ཁྲུག་པ་དག་འབྱུང་ཞིང་སྤྲུག ་བསྔལ་གྱི་ཕྲེང་བ་ཆེན་པོ་འངའ་ཞིག་འབྱུང་བར་འགྱུར།།འདི་སྟེ་སྟེ།འདི་མེད་པས་འདི་མི་འབྱུང་།འདི་འགྲགས་པས་འདི་འགག་སྟེ།འདི་ལྟར་མི་རིག་པ་གས ་པས་འདུ་བྱེད་འགག།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག།རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག།མིང་དང་གཟུགས་འགགས ་སྐྱེ་མརྗེད་དྲུག་འགག།སྐྱེ་མོཆེད་དྲུགླུ་འགགས་པས་རེག་པ་འགག།རིག་པ་འགགས་པས་ཚོར་བ་འགག།ཚོར་བྱུ་གགས་པས་སྐྱེད་པ་དགག།སྐྱེད་པ་འགན ་ས་ཆེན་པོ་འག།སྨིན་པ་འགག་སེ་བས་སྙེད་པ་འགག།སྒྱིད་པ་འགགས་པ་སྣ་བླ་ག།སྐྱེ་བ་འགགས་པ་ན་ཤྲཱི་དང་།མྱུང་། སྡུགས་དི་པ ་དྲུག་བསྔལ་འདང་།ཡིད་མི་འདེ་བ་དང་།འཁྲུག་པ་དག་འགག་ཅིང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདིའི་བའ་ཞིག་འདག་པར་འགྱུར་།།ཡང་དག་པཇི་སྟེ་བ་བཞི་ས ་མཐོང་བ་ཡིན་ཏེ།ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན།།བཙུན་པ་ཇི་ཙམ་གྱིས་ནཱ་མཁས། ་པབ་གནས་དང་གནས་མྱ་ཡིན་པཱ་ལྱ་མཁས་པ་ལགས།ཀུན་དགའ་བོ་མཁས་པ་ནི་གནས་ལ་གནས་དང་།གནས་མཱ་ཡིན་པ་ལ་གནས་མ་ཡིན་པ་དག་ཡང་དག་བྷཱུ་ཛཱི་ལྟ་བ ་བཞིན་ཤེས་ཤིང་མཐོང་བ་ཡིནོ།།ཀུན་དགའ་བོ་འདི་ནི་གནས་མ་ཡིན་ཞིང་པོ་སྐབས་མེད་པ་སྟེ།གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་།ངག་དང་།ཡིད་ཀྱིས ་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་།སྡུག་པ་དང་།དགའ་བ་དང་།ཡིད་དུ་འོང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིནོ།།འདི ་ནི་གནས་ཡིན་ཏེ།གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་།ངག་དང་།ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་།སྡུག་པ་མ་ཡིན་པ ་དང་།དགའ་བ་མ་ཡིན་པ་དང་།ཡིད་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་པོ་འདི་ནི་གནས་ཡིན།།ཀུན་དགའ་བོ་འདི་ནི་གནས་མ་ཡིན་ཞིང་གོ ་སྐབས་མེད་པ་སྟེ་གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་།ངག་དང་།ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་།སྡུག་པ་མ་ཡིན་པ ་དང་།དགའ་བ་མ་ཡིན་པ་དང་།ཡིད་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན།།འདི་ནི་གནས་ཡིན་ཏེ་གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ་ངག་དང་།ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་།སྡུག་པ་དང་།དགའ་བ་དང་།ཡིད་འོང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གོནས་ཡིན། ་གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད།ངག་དང་།ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དག་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན།།འདི་ནི་གནས་ཡིན་ཏེ།གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད།ངག་དང་།ཡིད་ཀྱིས ་ཉེས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དང་རྐྱེན་དྲིས་ལུས་ཞིག་ནས་ཤི་བན་ཅད་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན།། ་གནས་མ་ཡིན་ཞིང་གི་སྐབས་མེད་པ་ནི་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད།ངག་དང་།ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས་རྒྱུ་དང་རྐྱེན་དེས་ལུས་ཞིག་ནས་ཤི ་ཕན་ཅད་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་པ་འདི་ནི་གནས་མ་ཡིན།།འདི་ནི་གནས་ཡིན་ཏེ་གང་ལུས་ཀྱིས་ལེགས ་པར་སྣ་བ་སྨད།ངག་དང་།སྲིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇུག་རྟེན་ལྷ་རྣམས ་ཀྱི་རླུང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན།།གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་པར་འབྱུང་བ ་འདི་ནི་གནས་མ་ཡིན་ཏེ།གང་གཅིག་འབྱུང་བ་འདི་ནི་གནས་ཡིན།།གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་པར ་འབྱུང་བ་འདི་ནི་གནས་མ་ཡིན་ཏེ།གང་གཅིག་འབྱུང་བ་འདི་ནི་གནས་ཡིན།།གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་བུད་མེད་འཁོར་ལོས་སྦྱར་བྱའི་རྒྱལ་སྐྱིད་དང་། ་བརྒྱ་བྱིན་ཉིད་དང་།ཚངས་པ་ཉིད་དང་།བདུད་ཉིད་བྱེད་པར་འགྱུར་བ་དང་།རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན།།འདི་ནི་གནས་ཡིན་ཏེ་སྐྱེས་པ་གང་ཡིན་པའོ།།གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟོ་བདུན ་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་བ་དང་།མ་དང་།དགྲ་བཅོམ་པ་གསོད་པར་འགྱུར་བ་དང་།དགེ་འདུན་གྱི་དབྱེན་བྱེད་པར་འགྱུར་བ་དང་།དེ་བཞིན་གཤེགས ་པ་ཡང་ན་སེམས་ཀྱིས་ཁྲག་འབྱིན་པར་འགྱུར་བ་ནི་གནས་མ་ཡིན།།འདི་ནི་གནས་ཡིན་ཏེ་སོ་སོའི་སྐྱེ་བོ་གང་ཡིན་པའོ།།གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བ་ཕུན་སུམ ་ཚོགས་པའི་གང་ཟག་བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་འགྱུར་བ་དང་།བསླབ་པ་བཏང་ནས་ཉམས་པ་ལ་འཇུག་པར་འགྱུར་བ་དང་།འདི་ལས་ཕྱི་རོལ་པ ་གཞན་དག་ལ་ཡོད་ན་གན་སུ་ཚོལ་བར་འགྱུར་བ་དང་།འདི་ལས་ཕྱི་རོལ་པ་གཞན་དག་ལ་སྟོན་པར་ལྟ་བར་འགྱུར་བ་དང་།དགེ་མཚན་དང་།བཀྲ་ཤིས་དག་གིས་དག་པར ་ཡིད་ཆེས་པར་འགྱུར་བ་དང་།དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དག་ཤེས་པར་བྱ་བ་ཤེས་ཤིང་བལྟ་བར་བྱ་བ་མཐོང་ངོ་སྙམ་ནས་དགེ་སྦྱོང་དང་བྲམ་ཟེ་གཞན་དག ་གི་ངོར་རྟོག་ཅིང་ངོར་ལྟ་བར་འགྱུར་བ་དང་།སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིནོ།།འདི་ནི་གནས་ཡིན་ཏེ་སོ་སོའི་སྐྱེ་བོ་གང་ཡིན་པའོ།།། ་གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་།ཤེས་རབ་ཉམ་ཆུང་བར་བྱེད་པ་དང་།རྒུད་པའི་ཕྱོགསུ་གྱུར་པ་དང་།མྱ་ངན ་ལས་འདའ་བར་མི་འགྱུར་བ་སྒྲིབ་པ་ལྔ་པོ་མ་སྤངས་པ་ནི་དྲན་པ་ཉེ་བར་བཞག་པ་བཞི་དང་།སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པར་འགྱུར་བ་འདི་ནི་གནས་མ་ཡིན།། ་འདི་ནི་གནས་ཡིན་ཏེ།སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་།ཤེས་རབ་ཉམ་ཆུང་བར་བྱེད་པ་དང་།རྒུད་ངའི་ཕྱོགསུ་གྱུར་པ་དང་།མྱ་ངན ་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི་དྲན་པ་ཉེ་བར་བཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པར་འགྱུར་བ་འདི་ནི་གནས་ཡིན།། ་གགྲནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་།ཤེས་རབ་ཉམ་ཆུང་བར་བྱེད་པ་དང་།རྒུད་པའི་ཕྱོགསུ་གྱུར་པ་དང་།མྱ་ངན་ལས་འདའ་བར ་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་པས་ནི་དྲན་པ་ཉེ་བར་བཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ་འདི་ནི་གནས་མ་ཡིན།། ་འདི་ནི་གནས་ཡིན་ཏེ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་།ཤེས་རབ་ཆུང་བར་བྱེད་པ་དང་།རྒུད་པའི་ཕྱོགསུ་གྱུར་པ་དང་།མྱ་ངན་ལས་འདས་པར་མི་འགྱུར ་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི་དྲན་པ་ཉེ་བར་བཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་འགྱུར་བ ་འདི་ནི་གནས་ཡིན།།གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་།ཤེས་རབ་ཉམ་ཆུང་བར་བྱེད་པ་དང་།རྒུད་པའི་ཕྱོགས ་སྲབྷཱུ་པ་དང་།མྱུ་དུན་ལས་འདུའ་བར་མྱི་འགྱུར་བ་གང་སྐྱེས་ས་མ་སྤངས་པས་ནུ་དྲན་པ་ཉེ་བར་ག།པ་བན་དག་ལ་སེམས་ཤིན་དྷུ་ཙྪ་བར་བྱག་བ་ངྱས་གནས་ཤཱན་དྷཱང་ཆུ་རྒྱུ་ན ་ཧཱུ~ཾ་བདུན་བསྐུམས་ཏེ་རང་བྱུང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་།ཛྙཱན་མེད་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་བ་འདི་ན་གན་ས ་ན།འདི་ནི་གནས་ཡིན་ཏེ།སེམས་ཅན་ཀུན་ནས་ཉིན་མངས་པར་བྱེད་པ་དང་།ཤེས་རླུས་ཉེས་ཆུང་བོར་བྱེད་པ་དང་།།རྒུད་པའི་ཕྱོགས་གྱུར་པ་དང་།མྱུར་ནི ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་ནས་ནི་དྲན་པ་ཉེ་བར་བཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམས་ཏེ་བྱ ་རྒྱུབ་མངོན་དུ་བྱེད་པར་འགྱུར་བ་དང་།བླ་ན་མེད་པ་ཡང་དགུ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚུང་རྒྱུ་བར་འགྱུར་བ་འདི་ནི་གནས་ཏེ།རྐྱེན་དཀའ་བོ་དེ་ཙ ་གྱིས་ནཱ་མཛེས་པ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན།།བཙུན་པོ་ཆེས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།འདི་ཇི་ལྟར་གཟུང་བར་བགྱི།ཀུན་དཀའ ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་ལེའུ་བཞི་པ་ཞེས་བྱ་བར་ཡང་གཟུང་ཞིག།ཆོས་ཀྱི་མི་ལོང་ཞེས་བྱེ་བར་ཡང་གཟུང་ཞིག།།བཻ་དཱུ་རྩིའི་རྗེ་བོ་ཆེ་ཞེས་བྱ་བ་རེ་རིང་གཟུང ་ཞིག།ཁམས་མང་པོ་པ་ཞེས་བྱ་བར་ཡང་གཟུང་ཞིག་དེ་བས་ན་ཁམས་མང་པོ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་ཡིན།།ཁམས ་མང་པོ་པ་ཞེས་བྱ་བའི་མདོ་རྫོག་སོ།།།རྒྱ་གར་སྐད་དུ།གཎ་ཌཱི་སཱུ་ཏྲ།བོད་སྐད་དུ།གཱཎ་ཌཱིའི་མདོ།སངས་རྒྱས་དང་བྱང་ཆུབ་སེམས ་