| Wylie | e-texts produced with BDRC’s OCR application |
བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་།།འཕགས་པ་རྡོ་འཕངས་པའི་མདོ་རྫོགསོ།།།།རྒྱ་གར་སྐད་དུ།ཀུ་མཱ་ར་དྲྀཥྚཱནྟ་སཱུ་ཏྲ།བོད་སྐད ་དུ།གཞོན་དཔའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་།མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགསོ།།ཀོ ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གཽ་ཏ་མ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་།མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན ་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ།ཤེས་ལྡན་གཽ་ཏ་མ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས ་འཆེའོ་ཞེས་ཐོས་སོ།།ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་།ཡང་དག་པར ་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།།ཀྱེ་གཽ་ཏ་མ་བདག་གིས་ཤེས་ལྡན་གཽ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས ་འཆེའོ་ཞེས་ཐོས་ལགས་ན།གཽ་ཏ་མ་གང་དག་དེ་སྐད་ཅེས་ལུང་བསྟན་པ་དེ་དག་ཇི་ག་དགེ་སྦྱོང་གཽ་ཏ་མ་ལ་སྐུར་པ་འདེབས་པ་མ་ལགས་སམ།ཐལ་བར་སྨྲ་བ་མ་ལགས ་སཱ་མ།ཤེས་ལྡན་གཽ་ཏ་མས་གསུངས་པ་བཞིན་སྨྲ་བ་ལགས་སམ།ཆོས་སླ་བ་ལགས་སམ།ཆོས་དང་མཐུན་པའི་ཆོས་ལུང་སྟོན་པ་ལགས་སམ།ཇི་ག་དེ་དག ་གི་དྲུང་དུ་ཕ་རོལ་པོ་ཆེས་དང་མཐུན་པར་རྩོད་པའི་རྗེསུ་རྗོད་པ་མཆིས་ན།སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་ལགས་སམ།རྒྱལ་པོ་ཆེན་པོ་གང་དག་དེ་སྐད་དུ་སྨྲ་བ་དེ ་དག་ནི་དེ་སྐད་དུ་ལུང་སྟོན་པ་བདེན་ཏེ།ང་ལ་སྐུར་བ་འདི་འདེབས་པ་མ་ཡིན།ཐལ་བར་སྨྲ་བ་མ་ཡིན།དེ་ནི་གསུངས་པ་བཞིན་སྨྲ་བ་ཡིན།ཆོས་དང་མཐུན་པའི་ཆོས ་སྲང་སྟན་ད་མནཿ།དེ་དག་གི་དྷཱང་དུ་པ་དམ་པ་ཆོས་དང་མཐུན་པ་ད་རྗེས་རྗོད་པའོ་སྨྲནས་སྤྱོད་པའི་རྒྱུ་ཀྱི་གན་སུ་མི་འགྱུར།།དྷཱ ་པོ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན།དུས་བླ་ན་མེད་པ་ཡང་དག་པར་རྫོགསྡེ་པའི་བྱང་ཆུབ་མངོན་པར་སངས་རྒྱསོ།ཤེས་ལྡན་གྲོ་ཏ་མ་དེ་སྐད་མོད་ཀྱི།ཤེས་ལྡན་གཽ་ཏ་མ་བདག ་ཡིད་མི་ཆེས་ལག་སོ།།དེ་ཅིའི་སླད་དུ་ཞེ་ན།ཀྱེ་གཽ་ཏ་མ་རེ་ཞིག་རྒན་ཞིང་རྒན་པའི་དགེ་སྦྱོང་དང་།བྲམ་ཟེ་ནི་འདི་དག་ལགས་ཏེ།འདི་ལྟ་སྟེ།འོད་སྲུང ་རྫོགས་བྱེད་དང་།ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་།སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་།མི་ཕམ་སྒྲའི་ལ་བ་ཅན་དང་།ཀ་ཏྱའི་བུ་ནོག་ཅན་དང་། ་གཅེར་བུ་པ་གཉེན་གྱི་བུ་གང་ལེགས་པ་དེ་དག་ཀྱང་ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བདག་ཉིད་གཡར་གྱིས་མི་མཆེ ་ལགས་ན།ཤས་ལྡན་གཽ་ཏཱ་མ་འཁྲུངས་ནས་རིང་པོ་མ་ལགས་པ་གསར་དུ་རབ་ཏུ་འབྱུང་བས་ལྟ་སྨོས་ཀྱང་ཅི་འཚལ།རྒྱལ་པོ་ཆེན་པོ་གཞོ་ནུ་བཞི་པོ་འདི་དག་ལ ་ཁྱད་དུ་གསད་པར་མི་བྱེ།ཟིལ་གྱིས་མནན་པར་མི་བྱ་སྟེ།བཞི་གང་ཞེ་ན།རྒྱལ་པོ་ཆེན་པོ་རྒྱལ་རིགས་གཞོ་ནུ་ཁྱད་དུ་གསད་པར་མི་བྱ།གཞོ་ནུལ་ཟིལ་གྱིས ་དན་པང་མི་བྱའོ།།རྟུལ་པོ་ཆེན་པོ་སྦྲུལ་གཞོན་ལ་ཁྱུད་དུ་གསད་པར་མི་བྱ།གཞོན་ལ་ཟིལ་གྱིས་མནན་པར་མི་བྱའོ།།རྒྱལ་པོ་ཆེནྡྲ་པོ་མྨེ་ཆུང་ངུ་ལ་ཁྱད་དུ་གསད་པར་མ་བྱཱ ་ཟིལ་གྱིས་མནན་པར་མི་བྱའོ།།རྒྱལ་པོ་ཆེན་པོ་དགེ་སློང་གཞི་ནུ་ལ་ཁྱུད་དུ་གསད་པར་མི་བྱཾ།གནོ་ནུ་ལ་ཟིལ་གྱིས་མནན་པར་མི་བྱ།དེ་ཅིའི་ཕྱིར་ཞེ་ནཱ།དགེ་སློང་གཞོ་ནུར་གྱུར ་ཀྱང་དེ་རྫུ་འཕྲུལ་ཆེ་ཞིངངོ་མཐུ་ཆེ་བའི་དགྲ་བཅོམ་པར་འགྱུར།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ནི་བྱད་གཤོས་ཀྱིས།།དེ་སྐད་ཅེས་ནི་བཀའ་སྩལ་ནསསྟོན ་ངོས་གཞིན་མེད་འདི་སྐད་གསུངས།།རྒྱལ་རིགས་དཔེ་མེད་ལྡན་པ་དང་།།རིགས་བཙུན་གྲབས་པར་ལྡན་པའོ།།རྒོད་དུ་ལྡན་པས་དེ་གཞོན་ཞེས།།ཁྱེད་དུ་མྱི་གསད་ཟིལ་མི་མན།། ་རྒྱམ་པོ་རྒྱལ་རིགས་མཁས་པ་ཡིས།རྒྱལ་སྲིད་དག་ནི་ཐོབ་གྱུར་ནས།།མད་པས་གསོང་པའི་གནས་དེ་ཡོད།།དེ་བས་དེ་ལ་ཤིན་ཏུ་གདུང་།།དེ་སྦྱར་རང་གི་སྲོག་བསྲུང་ཞིང་།། ་རང་གི་དོན་ལ་སྐྱ་བས་ནི།།དེ་ནི་ཁྱུད་དུ་མཽ་གུས་ཅིང་།།དེ་ལ་ལེགས་པར་བགྲོ་ཀྱང་བྱ།།གལ་ཏུ་མྱོང་ངམ་དགོན་པའང་རུང་།།གང་དུ་སྦྲུལ་ནི་མཐོང་གྱུར་ནོ།།བློ་དང་ལྡན ་ངས་དེ་གནོན་ཞེས།།ཁྱད་དུ་མོ་གསིད་ཟིལ་མི་མནན།།འདི་ལྟར་སྦྲུལ་ནི་རྒྱུ་བ་རྣོ།།རིམས་ནི་རྣམ་པ་སྣ་ཚོགས་ལ།།གླགས་རྙེད་ནས་ནི་གཞོན་ནུས་ཀྱང་།།སྐྱེས ་བརྡད་མེད་དུ་མ་ཟན།།དེ་ལྟས་རང་གི་སྲོག་སྲུང་ཞིང་།།རང་གི་དོན་ལ་ལྟ་བས་ནི།།དེ་ན་ཁྱད་དུ་མི་གསད་ཅིང་།།དེ་ལ་ལགས་པར་དག ་ཀྱང་བྱ།།འབར་བ་མང་བ་ཟ་བྱེད་པ།།བྱིན་ཟ་ལམ་སྔོན་ལྡན་པ་དོ།།ཆུང་ཡང་ཁྱད་དུ་མི་གསད་ཅིང་།།མཁས་པས་ཟིལ་གྱིས་མནན་མ་བྱ།།ཉེ་བར་ལེན་པས ་བྱིན་ཟ་ནི།།ཆུང་ངུར་གྱུར་ལས་ཆེན་པོར་འགྱུར།།མེ་ལྕེ་འབར་བས་མྱུར་བང་ནི།།གྲོང་དང་གྲོང་ཁྱེར་སྲེག་པར་བྱེད།།དེ་ཕྱིར་བདག་སྲོག་སྲུང་བྱེད་པས།དེ་ནི ་ཁྱད་དུ་མི་གསད་ཅིང་།།བདག་ཉིད་དོན་ལ་ལེགས་ལྟ་བས།།དེ་ལ་ལེགས་པརརེ་བག་ཀྱང་བྱ།།བྱིན་ཟི་ལམ་སྔོན་ལྡན་གྱུར་པའི།།མེ་ཡིས་ཚང་ཚང་གང་བསྲེགས་པ། ་དེ་ལ་ཉིན་མཚན་འདས་གྱུར་པས།།ལ་ལར་ལོ་མ་སྐྱེ་བར་འགྱུར།།གང་གིས་ཚུལ་ཁྲིམས་ལྡན་པ་ཡི།།དགེ་སློང་རྙེད་ནས་སྲེག་བྱེད་པ།།དེ་ལ་བུ་དང་ཚ་བོ་དང་།།མགོ ་སྐལ་ཡོད་པར་མི་འགྱུར་ཏེ།།ཏཱ་ལའི་མགོ་བཞིན་མི་རིང་བར།།རིགས་རྒྱུད་དང་ཡང་བྲལ་བར་འགྱུར།།དེ་ཕྱིར་བདག་སྲོག་སྲུང་བྱེད་པས།།དེ་ན་ཁྱད་དུ་གསད་མི་བྱ།།བདག ་ཉིད་དོན་ལ་ལེགས་ལྟ་བས།།དེ་ལ་ལེགས་པར་བག་ཀྱང་བྱ།།རྒྱལ་རིགས་དཔེ་བྱད་ལྡན་པ་དང་།།བྲང་འགྲོ་མེ་དང་དེ་བཞིན་དུ།།དགེ་སློང་ཚུལ་ཁྲིམས་ལྡན་པ་དེ། ་མཁས་པས་ཟིལ་གྱིས་མནན་མི་བྱ།།དེ་ཕྱིར་བདག་སྲོག་སྲུང་བྱེད་པས།།དེ་ནི་ཁྱུད་དུ་གསང་མི་བྱ།།བདག་ཉིད་དོན་ལ་ལེགས་ལྔ་པས།།དེ་ནི་ལེགས་པར་སྤང་བར་བྱ།།དེ་ནས ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེ་སུ་ཡི་རང་བ་བྱས་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག ་བཙལ་ཏེ།བཅོམ་ལྡན་འདས་སྤྱན་སྔ་ནས་ཕྱིར་སོང་ངོ་།།གཞོནུ་དཔེའི་མདོ་རྫོག་སོ།།རྒྱ་གར་སྐད་དུ།དྷཱ་ཏུ་བ་ཧུ་ཏ་ཀ་སཱུ་ཏྲ།བོད་སྐད ་