| Wylie | e-texts produced with BDRC’s OCR application |
བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།རྒྱ་གར་སྐད་དུ་ཤཱུ་ནྱ་ཏཱ་ནཱ་མ་མེཧཱ ་སཱུ་ཏྲ་མེ།བོད་སྐད་དུ།མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ།དཀོན་མཆོག་གསུམ་ལ་ཕྱག་འཚ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི།བཅོམ ་ལྡན་འདས་མཉན་ཡོད་ཀྱི་ཤར་གྱི་ཀུན་དགའ་ར་བཱ་ན་རི་དགས་འཛིན་གྱི་མའི་ཁྲུང་བཟང་ན་བཞུགས།།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བ་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས ་ལེངས་ནས་བཅོམ་ལྡན་འདས་ག་ལ་བེ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག།ཕྱོགས་གཅིག་ཏུ་འདུག་ནས་བཅོམ ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་དུས་གཅིག་ན་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་རྣམས་ཀྱི་གྲོང་རྡལ་གྲོང་ཁྱེར་ཞེས་བགྱི། ་བ་ན་བཞུགས་པ་དེའི་ཚེ།དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ཀུན་དགའ་བོ་ནི་སྟོང་པ་ཉིད་ཀྱིས་ལན་མང་དུ་གནསོ་ཞེས་བཀའ་སྩལ་པའི་དོན་བདག་གིས་འཚལ་ལགས་ན། ་བཙུན་པ་ཅི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བདག་གིས་ལེགས་པར་མཉན་ཅིང་ལེགས་པར་བཟུང་།ལེགས་པར་ཡིད་ལ་བགྱིས་པར་བསྟེན།ལེགས་པར་རྟོགས ་པ་དེ་བཞིན་དུ་མ་ལགས་གང་དེ་ཁོ་ན་བཞིན་ལགས་སམ།བཀའ་སྩལ་པ།ཀུན་དགའ་བོ་དེ་དེ་བཞིན་ཏེ།ངས་བཤད་པ་ཁྱོད་ཀྱིས་ལེགས་པར་མཉན་ཅིང་ལེགས་པར ་བཟུང་།ལེགས་པར་བསྟེན།ལེགས་པར་རྟོགས་པ་དེ་ནི་གཞན་དུ་མ་ཡིན་ཏེ་དེ་ཁོ་ན་བཞིན་ཡིནོ།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་ང་ནི་དེའི་ཚེ་དང་ད་ལྟར ་ཡང་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པའི་ཕྱིར།།ཀུན་དགའ་བོ་འདི་ལྟ་སྟེ།དཔེར་ན་རི་དགས་འཛིན་གྱི་སའི་ཁང་བཟང་འདི་གླང་བ་ཆ ་དང་།རྟ་དང་།བ་ལང་དང་།ལུག་དང་།བྱ་གག་དང་།ཕག་གིས་སྟོང་ཞིང་ནི་དང་།འབྲུ་དང་།འགྲོན་བུ་དང་།གསེར་གྱིས་སྟོང་ལ།བྲན་དང་།བྱུན ་མོ་དང་།ལས་བྱེད་པ་དང་།ཞོ་ཤས་འཚོ་བ་དུག་དང་།སྐྱེས་པ་དང་།།བུད་མེད་དང་།ཁྱེའུ་དང་།བུ་མོ་དག་གིས་སྟོང་ཡང་འདི་ན་འདི་ལྟ་སྟེ།དགེ་སློང་གི ་དགེ་འདུན་ཁོ་ན་འམ།དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ།།ཀུན་དགའ་བོ་དེ་བཞིན་དུ་གང་ལ་གྲང་མེད་པ་དེ་དེས་སྦྱོང་ངོ་ཞེས་བྱ་བར་ཡང་དགེ་བར ་རྗེས་མཐོང་ཡང་།དེ་ལྔ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ།ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་ཕྱིན་ཅི་མ་ལོག་པ་ཡིན།།ཀུན་དགོའ་བློ་དེ་ལྟ་བས་ན་དགེ་སློང་ཡད་ཀྱི་མི་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད ་པར་གྱུར་ན།ཀུན་དགའ་བོ་དགེ་སློང་དས་གྲོང་དུ་འདུ་ཤེས་པ་དང་།མིར་འདུ་ཤེས་པ་ཡིད་ལ་མི་བྱ་བར་དགོན་པར་འདུ་ཤེས་པ་འམ།དེ་ལས་ཁ་ཅིག་ཡིད ་ལ་བྱའོ།།དེ་འདི་སྙམ་དུ་སེམས་ཏེ་འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ།གྲོང་དུ་འདུ་ཤེས་པ་དང་།མིར་འདུ་ཤེས་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ།དགོན་པར་འདུ་ཤེས་པ་ཁོ་ན་ལ།། ་དེ་ལས་ཁ་ཅིག་ལ་བརྟན་ནས་མི་སྟོང་པ་ཡང་ཡོད་དོ་སྙ་མོ།།དེ་ལ་གྲོང་དུ་འདུ་ཤེས་པ་དང་།མིར་འདུ་ཤེས་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད ་ཀྱང་དེ་ལ་འདི་ལྟ་སྟེ།དགོན་པར་འདུ་ཤེས་པ་ཁོ་ན་འམ་དེ་ལས་ཁ་ཅིག་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།།ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད ་པ་དེ་དེས་སྟོང་ངོ་།།ཞེས་བྱ་བར་ཡང་དག་པར་རྗེསུ་མཐོང་ཡང་།དེ་ལ་ལྷག་མ་གང་ཡོད་པ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ།ཀུན་དགའ་བོ ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ།ཕྱིན་ཅི་མ་ལོག་པ་ཡིནོ།།ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས ་པར་བྱའོ་ཞེས་འདོད་པར་གྱུར་ན།ཀུན་དགའ་བོ་དགེ་སློང་དོས་མིར་འདུ་ཤེས་པ་དང་།དགོན་པར་འདུ་ཤེས་པ་ཡིད་ལ་མི་བྱ་བར་སར་འདུ་ཤེས་པ་འམ།དེ་ལས་ཁ་ཅིག ་ཡིད་ལ་བྱ་ཞིང་།དེས་འདི་ལྟར་སའི་ཕྱོགས་གང་དག་མཐོ་དམའ་དང་།སྡོང་དུམ་དང་།ཆེར་མའི་གཞི་དང་།རྡོ་བ་དང་།གསེག་མ་དང་།གྱོ་དུམ་དང་བཅས་པ ་དང་།ཚ་རྒོན་ཅན་དང་།དགོན་དུང་དང་།ཐ་ཆད་དང་།སྡིག་པ་ཅན་གྱིས་དེ་དག་ཡིད་ལ་མི་བྱ་བར་སའི་ཕྱོགས་གང་དག་མཉམ་པ་དང་།མི ་མཉམ་པ་མེད་པ་དང་།ལག་མཐིལ་ལྟ་བུ་དང་།གཙང་བ་དང་།ནགས་ཚལ་དང་ལྡན་པ་དང་།ཉམས་དགའ་བ་དེ་ལྟ་བུའི་སའི་ཕྱོགས་དེ་དག་ཡིད་ལ་བྱ་སྟེ།འདི་ལྟ་བུ་དཔེར ་ན།ཁྱུ་མཆོག་གི་ཀོ་བ་ཕུར་བུ་བརྒྱས་ཤིན་ཏུ་བརྒྱངས་གཉེར་མ་རངས་ཤིང་།ཁམ་ཁུམ་མེད་པ་དེ་བཞིན་དུ་སའི་ཕྱོགས་གང་དག་མཐོ་དམའ་དང་སྡོང་དུམ་དང་།ཚེར་མའི ་གཞི་དང་།རྡོ་བ་དང་།གསེག་མ་དང་།གྱོ་དུམ་དང་བཅས་པ་དང་།ཚ་རྒོན་ཅན་དང་།དགོན་དུང་དང་།ཐ་ཆད་དང་།སྡིག་པ་ཅན་གྱིས་དེ་དག་ཡིད་ལ་མི་བྱ་བར། ་སའི་ཕྱོགས་གང་དག་མཉམ་པ་དང་།མི་མཉམ་པ་མེད་པ་དང་།ལག་མཐིལ་ལྟ་བུ་དང་།གཙང་བ་དང་།ནགས་ཚལ་དང་།བལྟ་བ་དང་།ཉམས་དགའ་བ་དེ་ལྟ ་བུའི་སའི་ཕྱོགས་དེ་དག་ཡིད་ལ་བྱའོ།།དེ་འདི་སྙམ་དུ་སེམས་ཏེ།འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ།མིར་འདུ་ཤེས་པ་དང་།དགོན་པར་འདུ་ཤེས་པས་སྟོང་ཡང ་འདི་ལ་འདི་ལྟ་སྟེ་སར་འདུ་ཤེས་པ་ཁོ་ནའམ་དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པའང་ཡོད་དོ་སྙམོ།།དེ་ལ་མིར་འདུ་ཤེས་པ་དང་།དགོན་པར་འདུ་ཤེས་པ་ལ་བརྟེན ་བ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་།དེ་ལ་འདི་ལྟ་སྟེ།སར་འདུ་ཤེས་པ་ཁོ་ན་འམ།དེ་ལས་ཁ་ཅིག་ལ་རྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་འོད་དོ།། ་ཀུན་དགའ་བོ་དེ་ལྟ་བས་ན།གང་ལ་གང་མེད་པ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེསུ་མཐོང་ཡང་།དེ་ལ་ལྕུག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ ་བ་བཞིན་དུ་རབ་ཏུ་ཤེས་ཏེ།ཀུན་དགའ་བོ་སྟོང་པ་ཉིད་པ་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ།ཕྱིན་ཅི་མ་ལོག་པ་ཡིན།།ཀུན་དགའ་བོ་གཞན་ཡང་དགེ་སློང ་ཞིག་སྐྱེ་མི་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན།ཀུན་དགའ་བོ་དགེ་སློང་དེས་དགོན་པར་འདུ་ཤེས་པ་དང་།སར་འདུ་ཤེས་པ་ཡིད་ལ ་མི་བྱ་བོར།ན་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པོ་འམ།དེ་ལས་ཁ་ཅིག་ཡིད་ལ་བྱའོ་དེ་འདི་སྙམ་དུ་སེམས་ཏེ།འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ།དགོན་པར་འདུ ་ཤེས་པ་འམ།སར་འདུ་ཤེས་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ།ན་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ནའམ།དེ་ལས་ཁ་ཅིག་ལ་བརྟེན་ནས།མི་སྟོང་པའང ་ཡོད་དོ་སྙམོ།།དེ་ལ་དགོན་པར་འདུ་ཤེས་པ་དང་།སར་འདུ་ཤེས་པ་ལ་བརྟེན་པོ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་།དེ་ལ་འདི་ལྟ་སྟེ།ན་མཁའ ་མཐའ་ཡས་སྐྱེ་མཆེད་དུ་ཤེས་པ་ཁོ་ནའམ།དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།།ཀུན་དགའ་བོ་དེ ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེ་སུ་མཐོང་ཡང་།དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན ་རབ་ཏུ་ཤེས་ཏེ།ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ།ཕྱིན་ཅི་མ་ལོག་པ་ཡིན།།ཀུན་དགའ་བོ་གཞན་ཡང་།དགེ་སློང ་ཞིག་ཀྱི་མ་བདག་སྟོང་པོ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདིད་པར་གྱུར་ན།ཀུན་དགའ་བོ་དགུ་སྦྱོང་དུས་སུ་འདུ་ཤེས་དྷ་དང་།རྣམ་པ་མཐུའ་ཡས ་མཆེད་དུ་འདུ་ཤེས་པ་ཡིད་ལ་མི་བྱ་བར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་འམ།དེ་ལས་ཁ་ཅིག་ཡིད་ལ་བྱའོ།།དེ་འདི་སྙམ་དུ་སེམས་ཏེ།། ་འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ།སར་འདུ་ཤེས་པ་དང་།ནོ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ།རྣམ་ཤེས་མཐའ ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ནའམ།དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པའང་ཡོད་དོ་སྙམོ།།དེ་ལ་སར་འདུ་ཤེས་པ་དང་།ནམཁའ་མཐའ་ཡས་སྐྱེ ་མཆེད་དུ་འདུ་ཤེས་པ་ལ་རྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ནའམ།དེ་ལས་ཁ ་ཅིག་ལ་བརྟེན་པར་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།།ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེ་སུ་མཐོང་ཡང་དེ་ལ་ལྷག་མུ་གང ་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ།ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིནོ།། ་ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན།ཀུན་དགའ་བོ་དགེ་སློང་དེས་ན་མཁའ་མཐའ་ཡས་སྐྱེ ་མཆེད་དུ་འདུ་ཤེས་པ་དང་།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་མི་བྱ་བར་ཅིའང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་འམ།དེ་ལས་ཁ་ཅིག་ཡིད་ལ ་བྱའོ།།དེ་འདི་ཇི་སྙམ་དུ་སེམས་ཏེ།འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ།ན་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ ་འདུ་ཤེས་པས་སྟོང་ཡང་།དེ་ལ་འདི་ལྟ་སྟེ།ཅིའང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ནའམ།དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པའང་ཡོད་དོ་སྙམ་མོ།།དེ་ལ ་ནམཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ལ་གྷུ་ནུ་བ་ཉོན་མོངས་པའི་གནས ་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ།ཅིའོད་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ན་འམ།དེ་ལས་ཁ་ཅིག་ལེ་རྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།། ་ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེ་སུ་མཐོང་ཡང་དེ་ལ་ལྷག་མ་གྲང་ཡོད་ལ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ ་བོ་བཞིན་དུ་རབ་ཏུ་ཤེས་ཏེ།ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ།ཕྱིན་ཅི་མ་ལོག་པ་ཡིན།།ཀུན་དགའ་བོ་གཞན་ཡང་དགེ ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན།ཀུན་དགའ་བོ་དགེ་སློང་དེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ ་དང་།ཅིའང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་མི་བྱ་བར་མཚན་མ་མེད་པའི་དབྱིངས་སམ།དེ་ལས་ཁ་ཅིག་ཡིད་ལ་བྱའོ།།དེ་འོདི་སྙམ་དུ་སེམས་ཏེ། ་འདུ་ཤེས་ཀྱི་རྣམ་པ་འདི་ལྟོ་སྟེ།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་།ཅིའང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་འདི་ལྟ་སྟེ།མཚན་མ ་མེད་པའི་དབྱིངས་ཁོ་ན་འམ།དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པའང་ཡོད་དོ་སྙམ་མོ།།དེ་ལ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་།ཅིའང་མེད་པའི་སྐྱེ་མཆེད་དུ ་འདུ་ཤེས་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་།དེ་ལ་འདི་ལྟ་སྟེ།མཚན་མ་མེད་པའི་དབྱིངས་ཁོ་ན་འམ།དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན ་མོངས་པའི་གནས་ནི་ཡོད་དོ།།ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེ་སུ་མཐོང་ཡང་།དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ། ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་འདུ་ཤེས་ཏེ།ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིནོ།།དེ་འདི་སྙམ་དུ་སེམས་ཏེ།། ་མཚན་མ་མེད་པའི་དབྱིངས་ཀྱང་མངོན་པར་འདུས་བྱས་ཤིང་སེམས་པས་མངོན་པར་བསམས་པ་ཡིན་ཏེ།གང་མངོན་པར་འདུས་བྱས་ཤིང་སེམས་པས་མངོན་པར་བསམས་པ་དེ་ལ ་ནི་མངོན་པར་དགྲའ་བར་བྱ་བ་འམ།མངོན་པར་བརྗོད་པར་བྱ་བ་འམ།ལྷག་པར་ཆགས་པར་བྱ་བ་འམ།ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིག་སོ་སྙ་མོ།།དེས་དེ ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང་།མ་རིག་པའི་ཟག་པ་ལས་ཀྱང་སེམས་རྣམ་པར་གྲོལ་ལོ།། ་རྣམ་པར་གྲོལ་བས་བདག་ནི་སྐྱེ་བ་ཟད་དོ།།ཚངས་པར་སྤྱོད་པ་བསྟན་ཏོ།།བྱ་བ་བྱསོ།།སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ ་བ་ཡེ་ཤེས་མཐོང་བ་ཁོ་ནར་འགྱུརརོ།།དེ་འདི་སྙམ་དུ་སེམས་ཏེ།འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ།འདོད་པའི་ཟག་པ་དང་།སྲིད་པའི་ཟག་པ་དང་།མ་རིག་པའི ་ཟག་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ།སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་འདི་ཁོ་ན་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ།།དེ་ལ་འདོད་པའི་ཟག་པ་དང་།། ་སྲིད་པའི་ཟག་པ་དང་།མ་རིག་པའི་ཟག་པ་ལ་རྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ།སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད ་དྲུག་གི་ལུས་དེ་ཁོ་ན་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།།ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས ་མཐོང་ཡང་།དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ།ཀུན་དགའ་བོ་འདི་ལྟ་སྟེ།ཟག་པ་རྣམས་ཟད་པས ་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བ་གང་ཡིན་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན།།ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་འདི་ལྟ་སྟེ།ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་། ་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བའི་སྟོང་པོ་ཉིད་ལ་འཇུག་པ་བླ་ན་མེད་པ་འདི་ཉིད་སླུ་ས་མངོན་སུམ་དུ་མཛད་ནས་བསྐྱབས་ཏེ་བཞུགས་པར་གྱུར་ཏོ།།ཀུན་དགའ་བོ ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འདི ་ལྟ་སྟེ།ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་འདི་ཉིད་སྨྲས་མངོན་སུམ་དུ་མཛད་ནས་བསྒྲུབས་ཏེ། ་བཞུགས་པར་འགྱུརརོ།།ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ད་ལྟར་བྱུང་པོའི་དུས་ན་འདི་ལྟ་སྟེ།ཟག་པ་རྣམས ་ཟད་པས་ཟག་པ་མེད་ཅིང་འདུས་མ་བྱས་པ།རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་འདི་ཉིད་སྐུས་མངོན་སུམ་དུ་མཛད་ནས་བསླབས་ཏེ་བཞུག་སོ།།ཀུན ་དགའ་བོ་དེ་ལྟ་བས་ན་འདི་ལྟ་སྟེ།ཟག་པ་རྣམས་ཟད་པས་ཐེག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ།རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་གང་ཡིན ་པ་འདི་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱ་སྟེ།ཀུན་དགའ་བོ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་བསླབ་པར ་བྱོའོ།།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་རྙིང་རྗེས་ཡི་རང་བར་བྱས་ནས།བཅོམ་ལྡན་འདས་ཀྱི་ཞབསྔལ ་མགོ་བས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནུས་ཕྱིར་སྨོད་དོ།།མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་རྫོགས་།རྒྱ་གར་གྱི ་མཁན་པོ་ཛི་ན་མི་ཏྲ་དང་།པྲཛྙཱ་ཝརྨ་དང་།ཞུ་ཚོན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་