| Wylie | e-texts produced with BDRC’s OCR application |
ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ།ལྐུག་པའི་སེམས་མེད་ཅིང་།ལྷག་པའི་ཤེས་རབ་མེད་པ་དང་།ལྷག་པའི་ཚུལ་ཁྲིམས་དང་།ལྷག་པར ་སེམས་ཀྱི་བསླབ་པ་ཡོད་ལ།ལྷག་པའི་ཤེས་རབ་མེད་པའང་ཡོད་དེ།འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེསུ་སྦྱོར་བ་ལ་གནས་ན་ལྷག་པའི་ཚུལ ་ཁྲིམས་དང་།ལྷག་པའི་སེམས་ཀྱི་བསླབ་པའི་བསྒོམ་པ་ཡོངསུ་རྫོགས་པར་འགྱུར་ཏེ།དགེ་སློང་དག་དེ་ལྟར་ན།འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིནོ།།དགེ་སློང་དག་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ ་ལོ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ།ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚེ་བ་ཡིན་ཞེ་ན།དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས ་རབ་ལོ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་ཆགས་ཤིང་གནས་པར་གྱུར་ལ།མིག ་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར།མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས ་གྷང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན།སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམསུ་གནས་པར་འགྱུར་ཏེ།དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེསུ་སློབ ་ཅིང་རྗེ་སུ་བྱེད་པ་ན་རྒ་བ་དང་།འཆི་བ་ཉམསུ་མྱོང་ཞིང་།སྔོན་གྱི་མཐའ་མི་མངོན་པར་གྱུར་པས་བདག་གིས་ང་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དག་ལ་སྔོན་ཇི ་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་།བདག་གིས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས ་པ་འམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་ད་ལྟ་སྟེ།བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།གནོད ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན ་པའི་ཚོགས་ཀྱི་མདུད་པ་གྲང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིརརོ།།དགེ་སློང་དག་འོན་ཀྱང ་འདི་ན་ཁ་ཅིག་ལ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་པའང་ཡོད་ལ།། ་དེ་དག་ལའང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་།དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར།དུས ་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ།དགེ་སློང་དག་དེ་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་།སེམས་ཀྱིས ་བྲིང་།སེམས་ཀྱིས་བསླུས་ནས་ཉེས་དམིགསུ་མི་མཐོང་ཞིང་།ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ།བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ། ་དགེ་སློང་དག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའི་ཞེས་རྗེ་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་མིག ་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེསུ་ཆགས་ཤིང་གནས་ཏེ།དགེ་སྦྱོང་དང་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན ་ནས་སུན་ཕྱུང་བ།རྗེསུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིནོ།།དགེ་སློང་དག་དགེ་སྦྱོང ་ངམ་བྲམ་ཟེ་གང་དག་ཁ་ཅིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།། ་མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེསུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡང་མི་བདེ་བའི་གནས ་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ།དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན།།དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི ་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནོན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན ་པའོ་ཞེས་རྗེ་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ ་གནས་ཏེ།དགེ་སྦྱོང་ངམ་བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན ་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ནན།།དགེ་སློང་དགུ་འདི་ལྟ་སྟེ།དཔེར་ན་མི་སྨྱོན་པ་སེམས་གཡེངས་པ་ན ་གཅེར་བུར་དེ་དང་དེ་དག་ཏུ་འཁྱམ་པར་བྱེད་ཅིང་།དེ་དེས་མངོན་པར་དགའ་བར་བྱེད་ལ།དེ་ལ་ཉེས་དམིག་སུ་མ་མཐོང་བ་ལས་གང་གི་ཚེ་དེས་རིང་གི་སེམས་ཕྱིར་ཐོབ་པ་དེའི་ཚེ ་དེསྔོན་གྱི་སྨྱོན་པའི་སྤྱོད་པ་དང་།སེམས་གཡེངས་པའི་སྤྱོད་པ་དང་།གཅེར་བུའི་སྤྱོད་པ་པ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་།རྣམ་པར་སྤྱོད ་པར་བྱེད་དོ།།དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡོད།འཕགས་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི ་བྱིས་པའི་སྤྱོད་པ་དང་།རྨོངས་པའི་སྤྱོད་པ་དང་།ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་།རྣམ་པར་སྨོད་པར་བྱེད་ལ། ་དེ་འདི་སྙམ་དུ་སེམས་ཏེ།བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་།བདག་གིས་སྡུག་བསྔལ་བ་ཁོ་ན་ལི་ནི་བདེ་བར་བསམས།བདག་གིས་མི ་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས།བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ།དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། ་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་།མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་།བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམསོ།།དགེ་སློང་དག ་འདི་ལྟ་སྟེ།དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ།སྒྱུ་མ་རྣམ་པ་བཞི་པོ་འདི་ལྟ་སྟེ།གླང་པོ་ཆེའི་ཚོགས ་དང་།རྟའི་ཚོགས་དང་།ཤིང་རྟའི་ཚིགས་དང་།དཔུང་བུ་ཆུང་གི་ཚོགས་དག་བྱས་ཏེ།རྣམ་པར་བསྟན་པར་གྱུར་ན།དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན ་དང་།རྨོངས་པའི་རང་བཞིན་ཅན་དང་།ཤེས་རབ་འཚལ་བའི་རང་བཞིན་ཅན་གང་དག་ཡིན་པ།དེ་དག་ནི་འདི་སྙམ་དུ་སེམས་ཏེ།གླང་པོ་ཆེའི་ཚོགས་དང་། ་རྟའི་ཚོགས་དང་།ཤིང་རྟའི་ཚོགས་དང་།དཔུང་བུ་ཆུང་གི་ཚོགས་གང་སྣང་བ་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་དེ་སྙམ་དུ་སེམསོ།།སེམས་ཅན་བྱིས་པའི་རང་བཞིན ་ཅན་མ་ཡིན་པ་དང་།རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་།ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ།གླང་པོ་ཆེའི་ཚོགས ་དང་།རྟའི་ཚོགས་དང་།ཤིང་རྟའི་ཚོགས་དང་།དཔུང་བུ་ཆུང་གི་ཚོགས་གང་སྣང་བ་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ།སྒྱུ་མར་བྱས་པའིང ་འབའ་ཞིག་ཡོད་དོ།།མིག་སླུ་བའི་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས།།དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་པ་དང་ལྡན་པ ་འང་བདག་གི་མིག་གིས་རྣམ་པར་ཤེས་པར་བྱ་བ་འདུས་པ་དང་།མོ་འོངས་པ་དང་།ད་ལྟར་བྱུང་བའི་གཟུགས་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ།བརྟན་པ ་ཉིད་དམ།ཐར་ཟུག་ཉིད་དམ།དེ་བཞིན་ཉིད་དམ།མ་ནོར་བ་དེ་བཞིན་ཉིད་དམ།གཞན་མ་ཡིན་པ་དེ་བཞིན་ཉིད་དམ།ཡང་དག་པ་ཉིད་དམ།བདེན ་པ་ཉིད་དམ།དེ་ཁོ་ན་ཉིད་དམ།ཇི་ལྟ་བ་བཞིན་ཉིད་དམ།མ་ནོར་བ་ཉིད་དམ།ཕྱིན་ཅི་མ་ལོག་པ་ཉིད་མེད་དེ།གསོག་ཀྱང་དེ་ཉིད་ཡིན་གསོབ་ཀྱང་དེ་ཉིད་ཡིན།སྙིང་པོ་མེད་པ ་འང་དེ་ཉིད་ཡིན།བརྫུན་པའང་དེ་ཉིད་ཡིན།སླུ་བའི་ཆོས་ཀྱང་དེ་ཉིད་ཡིན།བདུད་ཀྱང་དེ་ཉིད།བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།རོའང་དེ་ཉིད་ཡིན།རོའི ་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ།མངོན་པར་བརྗོད་པར་བྱ་བ་འམ།ལྷག་པར་ཆགས་པར་བྱ་བ་འམ།ལྷག་པར ་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི།བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར ་བྱེད་དོ།།དེས་དེ་ལྟར་ཤེས་ནུས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་གཟུགས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འདྲས ་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེ་སུ་མཐོང་ངོ་།།དེས་མིག་གིས་རྣམ ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་གཟུགས་རྣམས་ནང་དུ་ཡང་དག་པར་རྗེསུ་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག ་པ་དང་།མི་རྟོག་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེསུ་མཐོང་བ་ན་དེ་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། ་མ་འོངས་པ་དང་།ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་འམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བ་ཕྱིན་ཅི་ལོག་ཏུ ་གྱུར་པ་འདི་ལྟ་སྟེ།བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི ་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།།དེ་དག་སྤངས་པའི་ཕྱིར ་བདུད་ལྡོངས་པ་དང་།ཡི་ཆད་པ་དང་།ཕྱོགས་མེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱི ་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ།གཡུལ་ལས་རྣམ་པར་རྒྱལ་བ་དང་།གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ།དེ་ལྟར་ན ་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེསུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚེ་བ་ཡིནོ།།དགེ་སློང ་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེསུ་ཞུགས་པ་ལ་གནས་པ།ཤེས་རབ་ཀྱི་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚེ་བ་ཡིན་ཞེ་ན།། ་དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེསུ་ཞུགས་པ་ལ་གནས་པ་ནི།བདག་སྔོན་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་བདེ་བའི ་གནས་ལྟ་བུ་དག་ལ་ནི་རྗེ་སུ་ཆགས་ཤིང་གནས་པར་འགྱུར་ལ།རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང ་གནས་པར་གྱུར།རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན།སོ་སོར་བརྟགས་པ་མ་ཡིན་པའི་བཏང ་སྙོམ་སུ་གནས་པར་འགྱུར་ཏེ།དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེསུ་སློབ་ཅིང་རྗེ་སུ་བྱེད་པ་ན་རྒ་བ་དང་།འཆི་བ་ཉམ་སུ་མྱོང་ཞིང་།སྔོན་གྱི་མཐའ་མི་མངོན་པར་གྱུར་པས།བདག ་གིས་ད་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར ་བྱུང་བའི་སྒྲ་དག་ལ་ལོག་པར་མོས་པ་འམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་ལྟ་བ་སྟེ།བརྣབ་སེམས་ཀྱི ་ཚོགས་ཀྱི་མདུད་པེ་དང་།གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ། ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་།དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར། ་རྟོག་པར་བྱེད་པའི་ཕྱིརརོ།།དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།གཞན་དག་ལ་ནི ་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ།དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་།དུས་ལ་ལར་ནི་ཡིད་མི་བདེ་བའི ་གནས་ལྟ་བུ་དག་ཏུ་འགྱུར།དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ།དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན ་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་།སེམས་ཀྱིས་བྲིད།སེམས་ཀྱིས་བསླུས་ནས་ཉེས་དམིགསུ་མི་མཐོང་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས ་ཏེ།བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱུང་དུ་འཇུག།དགེ་སློང་དག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི ་དྲག་ཉིད་བདྲེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན ་གྱི་གཞན་ནི་བརྫུན་པའོ་ཞེས་རྗེསུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེསུ་ཆགས་ཤིང་གནས་ཏེ།། ་དགེ་སྦྱོང་དང་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།རྗེ་སུ་ཚོགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི ་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན།།དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པོར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་།། ་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའི་ཞེས་རྞྞ་སུ་ཐ་སྙད ་འདོགས་པར་བྱེད་པ་དེ་དག་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ།དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི ་མདུད་པས་ཀུན་ནས་སུན་བྱུང་བ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིནོ།།དགེ་སློང་དག་དགེ་སྦྱོང་ངམ་བྲམ ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་།གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས ་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེ་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་བཏང ་སྙོམས་ཀྱི་གནས་ལྟ་བུ་དག་ལས་སོ་སོར་བརྟགས་པ་མ་ཡིན།སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམསུ་གནས་ཏེ།དགེ་སྦྱོང་དང་།བྲམ་བློ་འདི་བདེན་ནོ་སྙམ ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ ་བཞིན་བྱེད་དུ་འཇུག་པ་ཡིན།།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་མི་སྟོན་པའམ།ཆང་གིས་ར་རོ་བར་གྱུར་པ་ནི་མ་དང་ལྷན་ཅིག་ཉལ་པོ་བྱེད ་ཅིང་།དེ་དེས་མངོན་པར་དགའ་བར་བྱེད་ལ།དེ་ལ་ཉེས་དམིགསུ་མ་མཐོང་བ་ལས་གང་གི་ཚེ་དེ་སྨྱོས་པ་འམ།ར་རོ་བསངས་པར་གྱུར་པ་དེའི་ཚེ་མ་དང་ལྷན་ཅིག་ཉལ ་པོ་བྱས་པ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་།རྣམ་པར་སྨོད་པར་བྱེད།།དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་།རྨོངས་པའི་སྤྱོད་པ་དང་།ཤེས་རབ་འཚལ་བའི་སྤྱོད་པ་དེས་གདུང་བར ་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་།རྣམ་པར་སྨོད་པར་བྱེད་ལ།དེ་འདི་སྙམ་དུ་སེམས་ཏེ།བདོག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། ་བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས།བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས།བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ ་བསམ་ཏེ།དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་།སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་།མི་གཙང་བ་ལ་གཙང་བར་འདུ་ཤེས་པ ་དང་།བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམསོ།།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་ཆུ་ཀླུང་གི་འགྲམ་མམ་ཡུང་པོ་ཆེའི་འགྲམ་ནུ་སྒྲ་བརྙན་གྱི་སྒྲ་གྲགས། ་པར་གྱུར་ན།དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་།རྨོངས་པའི་རང་བཞིན་ཅན་དང་།ཤེས་རབ་འཆལ་བའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ ་དུ་སེམས་ཏེ།གང་ལས་སྒྲ་འདི་གྲག་པའི་སེམས་ཅན་དེ་ནི་བདེན་པ་དང་།གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམསོ།།སེམས་ཅན་བྱིས་པའི་རང་བཞིན་མ་ཡིན་པ ་དང་།རྨོངས་པའི་རང་བཞིན་ཅནི་མ་ཡིན་པ་དང་།ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ།གང་ལས་སྒྲ་འདི་གྲག ་པའི་སེམས་ཅན་དེ་ནི་བདེན་པ་དང་།གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ།སྒྲ་བརྙན་འདི་འབའ་ཞིག་ཡོད་དེ།རྣ་བ་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ ་སེམསོ།།དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད ་ལྟར་བྱུང་བའི་སྒྲ་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ།བརྟན་པ་ཉིད་དམ།ཐེར་ཟུག་ཉིད་དམ།དེ་བཞིན་ཉིད་དམ།མ་ནོར་བ་དེ་བཞིན་ཉིད་དམ།གཞན་མ ་ཡིན་པ་དེ་བཞིན་ཉིད་དམ།ཡང་དག་པ་ཉིད་དམ།བདེན་པ་ཉིད་དམ།དེ་ཁོ་ན་ཉིད་དམ།ཇི་ལྟ་བ་དེ་བཞིན་ཉིད་དམ།མ་ནོར་བ་དེ ་ཉིད་དམ།ཕྱིན་ཅི་ལོག་པ་ཉིད་མེད་དེ།གསོག་ཀྱང་དེ་ཉིད་ཡིན།གསོབ་ཀྱང་དེ་ཉིད་ཡིན།སྙིང་པོ་མེད་པའང་དེ་ཉིད་ཡིན།བརྫུན་པའང་དེ་ཉིད་ཡིན།སླུ ་བའི་ཆོས་ཀྱང་དེ་ཉིད་ཡིན།བདུད་ཀྱང་དེ་ཉིད་ཡིན།བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།རོ་ཡང་དེ་ཉིད་ཡིན།རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར ་དགའ་བར་བྱ་བ་འམ།མངོན་པར་བརྗོད་པར་བྱ་བ་འམ།ལྷག་པར་ཆགས་པར་བྱ་བ་འམ།ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི།བཅོམ་ལྡན ་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།།དེས་དེ་ལྟར་ཤེས་ནས་རྣ་བས་རྣམ་པར་ཤེས་པར་བྱ་བ ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་སྒྲ་རྣམས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག ་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེ་སུ་མཐོང་ངོ་།།དེས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས ་པ་དང་།ད་ལྟར་བྱུང་བའི་སྒྲ་རྣམས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དང་།། ་བདག་མེད་པར་ཡང་དག་པར་རྗེ་སུ་མཐོང་བ་ན།དེའི་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མེ་འོངས་པ་དང་།ད་ལྟར་བྱུང་བའི་སྒྲ་དག་ལེ་ལོག་པར་མོས་པ་འམ། ་འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ།བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།གནོད་སེམས་ཀྱི ་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས ་ཀྱི་མདུད་པ་གང་ཡིན་པ་དེ་དག་སྤོང་བར་བྱེད་དོ།།དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་།ཡི་ཆད་པ་དང་།ཕྱོགས་མེད་པར་བྱས་ཏེ།གནས་ཤིང་བདུད་སྡིག་ཅན་གྱིས ་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ།གཡུལ་ལས་རྣམ་པར་རྒྱལ་བ་དང་།གཡུལ་ངོ་དེ་ཉིད་ཕམ་པར་བྱས་ཤིང་གནས་ཏེ། ་དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན།།དགེ་སློང ་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ།ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན ་མེད་པས་འཚོ་བ་ཡིན་ཞེ་ན།དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེསུ་ཞུགས་པ་ལྔ་གནས་པ་ནི་བདག་སྔོན་སྣས་རྣམ་པར་ཤེས་པར ་བྱ་བའི་དྲི་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེ་སུ་ཆགས་ཤིང་གནས་པར་གྱུར་ལ།སྣས་རྣམ་པར་ཤིས་པར་བྱ་བའི་དྲི་ཡིད་མི་བདྲེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ ་དང་ལྡན་ཞིང་གནས་པར་གྱུར།སྣས་རྣམ་པར་ཤེས་པར་བྱ་བའི་དྲི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན་སོ་སོར་བརྟགས་པ་མ་ཡིན་པའི ་བཏང་སྙོམསུ་གནས་པར་གྱུར་ཏེ།དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེསུ་སློབ་ཅིང་།རྗེསུ་བྱེད་པ་ན།རྒ་བ་དང་།འཆི་བ་ཉམསུ་མྱོང་ཞིང་།སྔོན་གྱི་མཐའ་མི་མངོན ་པར་གྱུར་པས་བདག་གིས་ང་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་།བདག་གི་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། ་མ་འོངས་པ་དང་།ད་ལྟར་བྱུང་བའི་དྲི་དག་ལ་ལོག་པར་མོས་པའམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བ་ཕྱིན་ཅི་ལོག་ཏུ ་ཏུ་ག་ས་ན་ས་སྨྲ་ས་སྐྱེས་ས་སུ་མས་ན་གས་སུ་སྨྲ་དུ་དུ། ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་།དེ་དག་སྤངས་པར་གྱུར་ཅིག་ཅེས་དེ ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།།དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།གཞན་དགེ ་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ་དེ་དག་ལའང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་།དུས་ལ་ལར་ནི་ཡིད་མི་བདེ་བའི་གནས། ་ལྟ་བུ་དག་ཏུ་འགྱུར།དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ།དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས ་ཀྱིས་བསྒྲིབས་ཤིང་།སེམས་ཀྱིས་བྲི་བ།སེམས་ཀྱིས་བསླུས་ནས་ཉེས་དམིགསུ་མི་མཐོང་ཞིང་།ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ།བདུད ་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག།དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་དག་ཉིད་བདེན་པ་དང ་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདྲ ་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེ་སུ་ཐུ་སྙད་འདྲོགས་པར་བྱེད་པ་དེ་དག་ནི་སྣས་རྣམ་པར་ཤེ་བཱ་བྱ་དྲི་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེ་སུ་ཆགས་ཤིང་གནས་ཏེ། ་དགེ་སྦྱོང་དང་།བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུང་པས་ཀུན་ནས་སུན་ཕྱུང་གི།རྗེས་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན ་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིནོ།།དགེ་སློང་དག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་དགེ་ཉིད ་བདྲེན་པ་དང་།གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པ་དག་ལྔ་ནན་གྱིས་བརླིང་སྟེ།མངོན་པར་ཞེན་པར་བྱས་ནས ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེ་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ ་ཁོང་ཁྲོ་བ་དང་ལྡན་པར་གནས་སྟེ།དགེ་སྦྱོང་དང་།བྲམ་ཟེ་གནོད་སེམས་ཀྱི་ཚིགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན།།དགེ་སློང་དག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར་ཤེས་པར་བྱ ་བའི་དྲི་འདི་དག་ཉིད་བདེན་པ་དང་།གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནཱན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས ་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེ་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྣས་རྣམ་པར་ཤེས་པར་བྱ་བའི་དྲིའི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར ་བརྟགས་པ་མ་ཡིན་པའི་བཏང་སྙོམསུ་གནས་ཏེ།དགེ་སྦྱོང་དང་།བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས ་ཀུན་ནས་སུན་ཕྱུང་བ།ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།།དགེ་སློང་དྲག་འདི་ལྟ་སྟེ། ་དཔེར་ན་མི་ཞིག་གི་ཕྱི་ཐོག་ཐག་ཏུ་གཤེད་མ་ཕྱིར་རྒོལ་བ་དགྲ་བོ་ཞིག་རྗེསུ་འབྲང་བར་གྱུར་ཅིང་།དེ་དེ་ལ་མངོན་པར་དགའ་བར་བྱེད་ལ།དེ་ལ་ཉེས་དམིགས་སུ་མ ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན།འདི་ནི་བདག་གི་གཤེད་མོ་ཕྱིར་རྒོལ་བ་དགྲ་བོ་ཡིན་ཞེས་ཤེས་པར་གྱུར་པ་དེའི་ཚེ།དེས་དེ་གདུང་བར ་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་།རྣམ་པར་སྨོད་པར་བྱེད་དོ།།དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་བྱིས་པའི་སྤྱོད་པ་དང་།རྨོངས་པའི་སྤྱོད་པ་དང་།ཤེས་རབ་འཚལ ་དེའི་སྤྱོད་པ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་།རྣམ་པར་སྨོད་པར་བྱེད་ལ།དེ་འདི་སྙམ་དུ་སེམས་ཏེ།བདག་གིས་ནི་སྔོན ་མི་རྟག་པ་ཁོ་ན་ལ་རྟོག་པར་བསམས་ཤིང་།བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདྲ་བར་བསམས།བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསེམས།། ་བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ།དེ་ལྟར་བདག་ནི་སྔོན་མི་རྟགས་པ་ལ་རྟག་པར་འདུ་ཤེས་པ་དང་།སྡུག་བསྔལ་བ་ལ་བྱད ་བར་འདུ་ཤེས་པ་དང་།མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་།བདག་མྱེད་པཱ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས།།དགེ་སློང་དག ་འདི་ལྟ་སྟེ།དཔེར་ན་སྐྱེས་བུ་མིག་དང་ལྡན་པ་ཞིག་ནིས་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངསུ་དགེ་བ་བླངས་ཏེ།རིང་གི་གཞིན་གྱི་མཚན་མ་ས་སོ ་རྟོག་པར་བྱེད་པ་ན།དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་།རྨོངས་པའི་རང་བཞིན་ཅན་དང་།ཤེས་རབ་འཆལ་བའི་རང་བཞིན་ཅན་གླང་དག་ཡིན་པ་དེ་དག་ནི་འདི།། ་སྙམ་དུ་སེམས་ཏེ།གང་འདི་ལྟར་སྣང་བའི་སེམས་ཅན་འདི་ནི་བདེན་པ་དང་།གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམསོ།།སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ ་དང་།རྨོངས་པའི་རང་བཞིན་ཙན་མ་ཡིན་པ་དང་།ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ།གང་འདི་ལྟར་སྣང་བའི་སེམས་ཅན ་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ།གཟུགས་བརྙན་འདི་འབའ་ཞིག་ཡོད་དོ།།མིག་སླུ་བར་བྱེད་པ་ནི་འབའ་ཞིག་ཡོད་དོ་སྙམ་དུ་སེམསོ།།དགེ་སློང ་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གི་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་དྲི་གང་དག་ཡིན་པ ་འདི་དག་ལ།རྟག་པ་ཉིད་དམ།བརྟན་པ་ཉིད་དམ།ཐེར་ཟུག་ཉིད་དམ།དེ་བཞིན་ཉིད་དམ།མ་ནོར་བ་དེ་བཞིན་ཉིད་དམ།གཞན་མ་ཡིན་པ་དེ་བཞིན་ཉིད ་དམ།ཡང་དག་པ་ཉིད་དམ།བདེན་པ་ཉིད་དམ།དེ་ཁོ་ན་ཉིད་དམ།ཇི་ལྟ་བ་བཞིན་ཉིད་དམ།མ་ནོར་བ་ཉིད་དམ།ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། ་གསོག་ཀྱང་དེ་ཉིད་ཡིན།གསོབ་ཀྱང་དེ་ཉིད་ཡིན།སྙིང་པོ་མེད་པའང་དེ་ཉིད་ཡིན།བརྫུན་པའང་དེ་ཉིད་ཡིན།སླུ་བའི་ཆོས་ཀྱང་དེ ་ཉིད་ཡིན།བདུད་ཀྱང་དེ་ཉིད་ཡིན།བདུད་ཀྱི་ལ་བྱུད་ཀྱང་དེ་ཉིད་ཡིན།རོ་འང་དེ་ཉིད་ཡིན།རོའི་གི་ཟུགས་ཀྱང་ང་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བ ་འམ།མངོན་པར་བརྗོད་པར་བྱ་བ་འམ།ལྷོག་པར་ཆགས་པར་བྱ་བ་འམ།ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི།བཅོམ་ལྡན ་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།།དེས་དེ་ལྟར་ཤེས་ནས་སྣས་རྣམ་པར་ཤེས ་བཱ་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་དྲི་རྣམས་ནང་དུ་ཡང་དག་པར་རྣཾསུ་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་། ་མི་རྟོག་པ་དང་།སྡུག་བསྔལ་བ་དང་།སྦྱོང་པ་དང་།བདགེ་མེད་པར་ཡང་དག་ཕྱིར་རྗེ་སུ་མཐོང་ངོ་།།དེས་སྐྱེས་རྣམ་པར་ཤེས་པར་བྱ་བ་འདས་པ ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་དྲི་རྣམས་ནང་ཏུ་ཡང་དགེ་བར་རྗེས་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང ་སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེ་སུ་མཐོང་བ་ན།དེའི་སྒྲས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་དྲི ་དག་ལ་ལོག་པར་མོས་པ་འམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ།བརྣབ་སེམས་ཀྱི་ཚོགས ་མདུད་པ་དང་།གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ་སྙམ ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།།དེ་དག་སྤངས་པའི་ཕྱིར་བདུད་ལྗོངས་པ་དང་།ཡི་ཆད་པ་དང་། ་ཕྱོགས་མེད་པར་བྱས་ཏེ་གནས་ཤིང་།བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས།བདུད་དང་བདུད་ཀྱི་འཁར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ ་གཡུལ་ལས་རྣམ་པར་རྒྱལ་བ་དང་།གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ།དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ ་སྦྱོར་བར་རྗེསུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན།།དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས ་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ།ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞྭ་ན།དགེ ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད ་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེ་སུ་ཆགས་ཤིང་གནས་པར་གྱུར་ལ།ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང ་ལྡན་ཞིང་གནས་པར་གྱུར།ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར།ལྕེས་རྣམ་པར ་ཤེས་པར་བྱ་བའི་རོ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམསུ་གནས་པར་གྱུར་ཏེ།དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ ་རྗེསུ་སློབ་ཅིང་རྗེསུ་བྱེད་པ་ནི་རྒ་བ་དང་།འཚོ་བ་ཉམ་སུ་མྱོང་ཞིང་སྔོན་གྱི་མཐའ་མི་མངོན་པར་གྱུར་པས།བདག་གིས་དེ་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི ་རོ་དག་ལ་སྔོན་ཇི་ལྟོ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་།བདག་གིས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་རོ་དག ་ལལོག་པར་མོས་པའམ་འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བུ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ།བརླབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པོ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང ་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་།དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། ་དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར ་འགྱུར་བའང་ཡོད་ལ།དེ་དག་ལ་འང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་།དུསུ་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། ་དུས་ལ་ལྔར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ།དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་།སེམས་ཀྱིས་བྲིད། ་སེམས་ཀྱིས་བསླུས་ནས་ཉེས་དམིགསུ་མི་མཐོང་ཞིང་།ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ།བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།།དགེ་སློང་དག་དགེ ་སྦྱོང་ངམ།བྲམ་ཟེ་དག་ཁ་ཅིག་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདོན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེ་སུ་ཐ་སྙད་འདོགས་པར ་བྱེད་པ་དེ་དག་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེསུ་ཆགས་ཤིང་གནས་ཏེ།དགེ་སྦྱོང་དང་།བྲམ་ཟེ་བརྣབ་སེམས ་ཀྱི་ཚོགས་ཀྱི་མདུད་བྱས་ཀུན་ནས་སུན་ཕྱུང་བ།རྗེསུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ ་ཡིན་ནོ།།དགེ་སློང་དག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་ཁ་ཅིག་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདྲེན་པ་དང་གནས་པའི་སྒོ་ནས་མི་མཐོང ་ཞིང་།ཇི་ལྟར་རང་རང་ལོག་པོར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེ་སུ་ཐ ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ།དགེ་སྦྱོང་དང་། ་བྲམ་ཟེ་གནོད་སོམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ ་ཡིན།།དགེ་སློང་དག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་ཁ་ཅིག་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི ་ལྟར་རང་རང་གིས་ལོག་པར་མོས་པདག་ལ་ནན་གྱིས་བཟུང་སྟེ།མངོན་པར་ཤེས་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་རྗེ་སུ་ཐ་སྙད་འདོགས་པར ་བྱེད་པ་དེ་དག་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན།སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམསུ ་གནས་ཏེ།དགེ་སྦྱོང་དང་།བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ང་རྒྱལ་གྱི་ཀུན་ཏུ ་སྦྱོར་བ་དང་ལྡན་པ་དེ་དོག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན།།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་སློབ་མ་ཞིག་གིས་སློབ་དཔོན ་ཟོས་སྦྱིན་པར་བྱའོ་ཞེས་པ་ལང་གི་ལྕི་བ་ཟར་བཙུག་ཅིང་།སྐོམ་བླུད་པར་བྱའོ་ཞེས་གཅིན་འཐུང་དུ་བཅུག་ལ།དེ་དེས་མངོན་པར་དགའ་བར་བྱེད་ཅིང་དེ་ལ་ཉེས ་དམིག་སུ་མ་མཐོང་བ་ལས།གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན་བདག་གིས་སློབ་དཔོན་ཟས་སྨྱོན་པར་བྱའོ་ཞེས་པ་ལང་གི་ལྕི་བ་ཟར་བཅུག། ་ཅིང་།སྐོམ་བླུད་པར་བྱའོ་ཞེས་གཅིན་འཐུང་ངུ་བཅུག་པར་ཤེས་པར་གྱུར་པ་དེའི་ཚེ།དེ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད་ལ།གནོད་པར་བྱེད་ཅིང་རྣམ་པར ་སྨོད་པར་བྱེད་དོ།།དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི ་བྱིབྱས་པའི་སྤྱོད་པ་དང་།རྨོངས་པའི་སྤྱོད་པ་དང་།ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་རྣམ་པར་སྦེད་པར ་བྱེད་ལ་དེ་འདི་སྙམ་དུ་སེམས་ཏེ།བདོག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་ལ་སེམས་ཤིང་།བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས།། ་བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས།བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ།དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ ་རྟག་པར་འདུ་ཤེས་པ་དང་།སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་།མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་།བདག་མེད་པ་ལ་བདག་ཏུ་འདུ་ཤེས ་པར་གྱུར་ཏོ་སྙམ་དུ་སེམསོ།།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་སྲྀ་ཀའི་ཟླ་བ་ཐ་མལ་སྤྲིན་མོད་ཅིང་སྤྲིན་དང་བྲལ་བའི་ཉི་མའི་གུང་ཚོགས་ལ་བབ་པའི་ཚེ།ཚ་བས་སྨྲིག ་རྒྱུ་དག་གཡོ་བར་གྱུར་པ་ན།དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་།རྨོངས་པའི་རང་བཞིན་ཅན་དང་།ཤེས་རབ་འཆལ་བའི་རང་བཞིན་ཅན་གང་དག་ཡིན ་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ།གང་འདི་ལྟར་སྣང་བའི་ཆུ་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམསོ།།སེམས་ཅན་བྱིས་པའི་རང་བཞིན་ཅན ་མ་ཡིན་པ་དང་།རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་།ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ།གང་འདི་ལྟར་སྣང་བའི ་ཆུ་འདི་ནི་བདེན་པ་དང་།གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ།སྨིག་རྒྱུ་འདྲི་འབའ་ཞིག་ཡོད་དོ།།མིག་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ།། ་དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འང་བདག་གིས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི ་རོ་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ།བརྟན་པ་ཉིད་དམ།ཐེར་ཟུག་ཉིད་དམ།དེ་བཞིན་ཉིད་དམ།མ་ནོར་བ་དེ་བཞིན་ཉིད་དམ།གཞན་མ་ཡིན ་།པ་དེ་བཞིན་ཉིད་དམྦྷ།ཡང་དག་པ་ཉིད་དམ།བདོན་པ་ཉིད་དམ།དེ་ཁོ་ན་ཉིད་དམ།ཇི་ལྟ་བ་བཞིན་ཉིད་དམ།མ་ནོ་བ་ཉིད་དམ། ་ཕྱིན་ཅི་མ་ལོག་པ་ཉིད་མེད་དེ།གསོག་ཀྱང་དེ་ཉིད་ཡིན།གསོབ་ཀྱང་དེ་ཉིད་སྦྱིན།སྙིང་པོ་མེད་པའང་དེ་ཉིད་ཡིན།བརྫུན་པ་འང་དེ་ཉིད་ཡིན།སྨྲ་བའི ་ཆོས་ཀྱང་དེ་ཉིད་ཡིན།བདུད་ཀྱང་དེ་ཉིད་ཡིན།བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།རོའང་དེ་ཉིད་ཡིན།རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར ་དགའ་བར་བྱ་བ་འམ།མངོན་པར་བརྗོད་པར་བྱ་བ་འམ།ལྷག་པར་ཆགས་པར་བྱ་བ་འམ།ལྐུག་པར་ཆགས་ཤིང་གནས་པར་བྱ་བའི་མི་རིགས ་བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།།དེས་དེ་ལྟོར་ཤེས་ནས་སྐྱེས་རྣམ ་པཱར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་རོ་རྣམས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འབྲས་དང་།ཟུགྲྀ་རྔུ་དང ་སྡིག་པ་དང་།མི་རྟག་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེ་ས་མཐོང་ངོ་།།དེས་ལྕེས་རྣམ་པར་ཤེས་པར ་བྱ་བ་འདས་པ་དང་།མ་འོངས་པ་དང་།དཱལྟར་བྱུང་བའི་རོ་རྣམས་ནད་དུ་ཡང་དག་པར་རྗེས་མཐོད་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག ་བསྔལ་བ་དང་།སྦྱོང་བ་དང་།བདག་མེད་པར་ཡང་དག་པར་དྷཱི་མི་མཐོང་བ་ན།དེའི་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང ་བའི་རོ་དག་ལ་ལོག་པར་མོས་པ་འམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བོ་ཕྱིན་ཅི་ལྡོག་ཏུ་གྱུར་པ་འདི་ལྟ་སྟེ།བརྣབ་སེམས ་ཀྱི་ཚོགས་ཀྱི་མདུད་པ་དང་།གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ན ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤྱོང་བར་བྱེད་དོ།།དེ་དགེ་སྦྱངས་པའི་ཕྱིར་བདུད་ལྡིངས་པ་དང་།ཡི་ན ་དང་ཕྱོགས་མེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱོ་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གི་ཡུ་ལེ་སྨད་དེ།གཡུལ ་ལས་རྣམ་པར་རྒྱལ་བ་དང་།གཡུལ་དེ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ།དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྤྱོར ་བར་རྗེ་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན།།དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ།ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན།དགེ་སློང་དག་འདི་ལ ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་བདེ་བའི་གནས་ལྟ་བུ ་དག་ལ་ནི་རྗེ་སུ་ཆགས་ཤིང་གནས་པར་གྱུར་ལོ།ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་མི་བདེ་བའི་གནས་ལྟོ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང ་གནས་པར་གྱུར།ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན།སོ་སོར་བརྟགས་པ་མ ་ཡིན་པའི་བཏང་སྙོམསུ་གནས་པར་གྱུར་ཏེ།དེ་ལྟར་ཡུན་རིང་པོ་ནས་འདི་ལ་རྗེསུ་སློབ་ཅིང་རྗེ་སུ་བྱེད་པ་ན་རྒ་བ་དང་འཆི་བ་ཉམསུ་མྱོང་ཞིང་སྔོན་གྱི་མཐའ་མི་མངོན་པར ་གྱུར་པས་བདག་གིས་དེ་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དག་ལ་སྔོན་ཇི་ལྟ་བ་དེ་ལྷོར་བསླབ་པར་མི་བྱ་ཞིང་།བདག་གིས་ལུས་ཀྱིས་རྣམ་པར ་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་རེག་བྱ་དག་ལ་ལོག་པར་མོས་པ་དང་།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།། ་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ།བརྣབ་སེམས་ཀྱི་ཚོགས་ཀྱི་བདུད་པ་དང་།གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག ་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ ་བར་བྱ་ཞིང་།དེ་དག་སྤང་བར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར།།དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ ་བའི་རེག་བྱ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བའང་ཡོད་ལ།དེ་དག་ལ་འང་དུས་ལ་ལར་ནི་ཡིད་བདེ་བའི ་གནས་ལྟ་བུ་དག་ཏུ་འགྱུར་ཞིང་།དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར།དུས་ལ་ལར་ནི་བཏང་སྙོམས་ཀྱི་གྲནས་ལྟ་བུ་དག་ཏུ་འགྱུར་ཏེ།དགེ ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་སུ་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་།སེམས་ཀྱིས་བྲི་བ།སེམས་ཀྱིས་བསླུས་ནས་ཉེས་དམིགསུ་མི་མཐོང ་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ།བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།དགེ་སློང་དག་དགེ་སྦྱོང་ངམ།བྲམ ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ ་ནན་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནོས་འདི་ཉིད་བདེན་གྱིས་གཞན་ནི་བརྫུན་པའོ་ཞེས་རྗེསུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར ་བྱ་བའི་རེག་བྱ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེསུ་ཆགས་ཤིང་གནས་ཏེ།དགེ་སྦྱོང་དང་།བྲམ་ཟེ་བརྣབ་སེམས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།རྗེསུ ་ཚོགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིནོ།།དགེ་སློང་དག་དགེ་སྦྱོང་དང་།བྲམ་ཟེ་གང་དག ་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནེན་གྱིས་བཟུང་སྟེ། ་མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་རྗེསུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་མི ་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ།དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན།།དགེ་སློང་དག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པརརོ་ཤེས ་པར་བྱ་བའི་རེག་བྱ་འདི་དགྲ་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ།མངོན་པར་ཞེན་པར ་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེ་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྟ་བུ ་དྲོག་ལ་སོ་སོར་བརྟགས་པ་མ་ཡིན།སོ་སོར་བརྟགས་པ་མ་ཡིན་པའི་བཏོང་སྙོམས་གནས་ཏེ།དགེ་སྦྱོང་དང་།བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན ་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནུས་སུན་ཕྱུང་བ།ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ ་ཡིནོ།།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་མི་ཞིག་རྐུན་པོ་དག་གིས་གཙེས་པ་ནི་རང་གི་བུ་ཡིནོ་སྙམ་དུ་སེམས་ཤིང་གཞན་གྱི་བུ་བླངས་ཏེ་གྲོང་ནས་འབྲོས་པར་བྱེད་ཅིང་།། ་དེ་དེས་མངོན་པར་དགའ་བར་བྱེད་ལྔ།དེ་ལ་ཉེས་དམིགསུ་མ་མཐོང་བ་ལས།།གང་གི་ཚེ་སོ་སོར་རྟོག་པར་བྱེད་པ་ན་འདི་ནི་བདག་གི་བུ ་མ་ཡིན་གྱི།འདྲི་ནི་གཞན་གྱི་བུ་ཡིནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ།དེ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གླནོད་པར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་དོ།། ་དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། ་རྨོངས་པའི་སྤྱོད་པ་དང་།ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་།རྣམ་པར་སྨོད་པར་བྱེད་ལ།དེ་འདི་སྙམ་དུ ་སེམས་ཏེ།བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟུག་པར་བསྣམས་ཤིང་།བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས།བདག་གིས་མི ་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས།བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ།དེ་ལྟར་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ ་དང་།སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་།མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་།བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ ་དུ་སོམ་སོ།།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན་འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བྱེད་པ་ལས་ཕྱིས་སང ་པ་ན་ཆུང་ཟད་མི་སྣང་བར་གྱུར་པའི་ཚེ།དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་།རྨོངས་པའི་རང་བཞིན་ཅན་དང་།ཤེས་རབ་འཚོལ་བའི་རང་བཞིན་ཅན་གང ་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ།གང་དག་བདག་ཅག་གྲིས་རྨི་ལམ་ན་དགའ་མགུར་སྤྱད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་གནས་པའི་སྒོ་ནས ་ཡོད་དོ་སྙམ་དུ་སེམསོ།།སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་།རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་།ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང ་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ།གང་དག་བདག་ཅག་གིས་རྨི་ལམ་ན་དགའ་མགུར་སྤྱོད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་གནས་པའི་སྒོ་ནས ་ཡོད་པ་མ་ཡིན་ཏེ།རྨི་ལམ་དེ་འབའ་ཞིག་ཡོད་དོ།།སེམས་སླུ་བར་བྱེད་པ་དེ་འབའ་ཞིག་ཡོད་དོ་སྙམ་དུ་སེམསོ།།དགེ་སློང་དགྲ་དྲི་བཞིན་དུ་འཕགསྲ་པ ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་རེག་བྱ་གང་དག་ཡིན་པ ་འདི་དག་ལ་རྟག་པ་ཉིད་དམ།བརྟན་པ་ཉིད་དམ།ཐེར་ཟུག་པ་ཉིད་དམ།དེ་བཞིན་ཉིད་དམ།མ་ནོར་བ་དེ་བཞིན་ཉིད་དམ།གཞན ་མ་ཡིན་པ་དེ་བཞིན་ཉིད་དམ།ཡང་དག་པ་ཉིད་དམ།བདེན་པ་ཉིད་དམ།དེ་ཁོ་ན་ཉིད་དམ།ཇི་ལྟ་བ་བཞིན་ཉིད་དམ།མ་ནོར་བུ་དེ་ཉིད་དམ།ཕྱིན་ཅི་མ་ལོག ་པ་ཉིད་མེད་དེ།གསོག་ཀྱང་དེ་ཉིད་ཡིན་ལ།གསོབ་ཀྱང་དེ་ཉིད་ཡིན།སྙིང་པོ་མེད་པ་ཡང་དེ་ཉིད་ཡིན།བརྫུན་པ་ཡང་དེ་ཉིད་ཡིན།སླུ་བའི་ཆོས་ཀྱང་དེ ་ཉིད་ཡིན།བདུད་ཀྱང་དེ་ཉིད་ཡིན།བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།རོའང་དེ་ཉིད་ཡིན།རོའི་གཟུགས་ཀྱང་དེ་ཉིད་ཡིན་པས།དེ་ལ་ནི་མངོན་པར ་དགའ་བར་བྱ་བ་འམོ།མངོན་པར་བརྗོད་པར་བྱ་བ་འམ།ལྷག་པར་ཆགས་པར་བྱ་བ་འམ།ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི།བཅོམ ་ལྡན་འདས་ཀྱིས་གསུངས་པ།འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།།དེས་དྲི་ལྟར་ཤེས་ནས་ལུས་ཀྱིས ་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།དེ་ལྟར་བྱུང་བའི་རེག་བྱ་རྣམས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འབྲས་དང་།ཟུག་རྔུ ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེ་སུ་མཐོང་ངོ་།།དེ་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་རེག་བྱ་རྣམས་ནད་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པོ་དང་། ་སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེ་སུ་མཐོང་བ་ན་དེའི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར ་བྱུང་བའི་རེག་བྱ་དག་ལ་ལོག་པར་མོས་པ་འམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ།བརྣབ་སེམས་ཀྱི་ཚོགས ་ཀྱི་མདུད་པ་དང་།གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ་སྙམ་དུ ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དགེ་སློང་བར་བྱེད་དོ།།དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་ཡི་ཆད་པ་དང་།ཕྱོགས ་མེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ།གཡུལ་ལས་རྣམ་པར ་རྒྱལ་བ་དང་།གཡུལ་ངོ་དེ་ཉིད་ཕམ་པར་བྱས་ཤིང་གནས་ཏེ།དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེསུ ་སྦྱོར་བ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱིས་ནང་ན་བླ་ན་མེད་པས་འཚོ་བ་ཡིནོ།།དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ ་སྦྱོར་བས་རྗེསུ་ཞུགས་པ་ལ་གནས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན།དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི ་ཤེས་རབ་ལ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེསུ་ཆགས་ཤིང ་གནས་པར་གྱུར་ལ།ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར་ཡིད་ཀྱིས་རྣམ ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན།སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམསུ་གནས་པར་གྱུར་ཏོ།། ་དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེ་སུ་སློབ་ཅིང་རྗེ་སུ་བྱེད་པ་ན།རྒ་བ་དང་།འཆི་བ་ཉམ་སུ་མྱོང་ཞིང་།སྔོན་གྱི་མཐའ་མི་མངོན་པར་གྱུར་པས་བདག་གིས ་ད་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་།བདག་གིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ ་དང་།ད་ལྟར་བྱུང་བའི་ཆོས་དོག་ལ་ལོག་པར་མོས་པ་འམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟོ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ ་སྟེ།བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཚིག་ཏུ་འཛིན་པའི་ཚོགས་ཀྱི ་མདུད་པ་དང་།འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤངས་པའི་ཕྱིར་བསླབ་པར་བྱ་ཞིང་།དེ ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།།དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ།དེ་དག་ལ་ལྔ་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ ་དག་ཏུ་འགྱུར་ཞིང་།དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར།དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ།དགེ་སློང་དག་དེ་ལྟར ་ན་འདི་ལ་སེམས་ཅན་རྣམས་སུན་རང་བ་ནས་སེམས་ཀྱིས་བསྒོས་ཤིང་།སེམས་ཀྱི་།ཁྱོད།སེམས་ཀྱིས་བསླུས་ནས་ཉེས་དམིག་ས་མ ་མཐོང་ཞིང་།ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ།བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།།དགེ་སློང་དྲུག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་བཅིག ་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་དུ་དེ་ནི་པ་དེང་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་ལོག་པར་མོས་པ་དག་ལ་ནེན་གྱིས་བཟུང་། ་མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པ་འོ་ཞེས་རྗེསུ་ཐ་སྙད་འདུགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡོད ་སྨྱེ་བའི་གནས་སྣ་བློ་དག་ལ་རྗེ་ཆགས་ཤིང་གནས་།དགེ་སྦྱོང་།དྲིམ་ཟེ་བནབས་མོས་ཀྱི་ཚོགས་ཀྱི་འདུད་པས་ཀུན་ནས་སྲན་མྱོང་བ།རྗེསུ་ཆགས ་དཱུཧཱུཾབྷྲི་ཀུནྡ་དུ་སྦྱོ་བ་དང་ལྡན་པ་དེ་དག་ཀྱང་བདུད་སྨྲིག་ཅན་རྗེ་ལྟར་འདོད་པ་བཞིན་བྱུད་དུ་འཇུག་པ་ཡིན།།དགེ་སློང་དྲུག་དགེ་སྦྱོང་དུམྦྷ།བྲམ་ཟེ་གང་དག ་ཅིག་ཡོད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་གནས་པའི་སྒྲ་ནིས་མ་མཐོང་ནི་།ཇི་ལྟར་རང་རིང་ལོག་པར་མོས་པ་དག་ཡིནན ་གྱིས་བཟུང་སྟེ།མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེ་ཨུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད ་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ།དགེ་སྦྱོང་དང་།བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ཁོང་ཁྲོ ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིནོ།།དགེ་སློང་དག་དགེ་སྦྱོང་ངམ།བྲམ་ཟེ་གང་དག་ཁ་ཅིག ་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དགེ་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་།ཇི་ལྟར་རང་རང་ལོག་པར་མོས་པོ་དག་ལ་ནན་གྱིས་བཟུང་སྟེ།མངོན་པར ་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེ་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ ་སོ་སོར་བརྟགས་པ་མ་ཡིན།སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམ་སུ་གནས་ཏེ།དགེ་སྦྱོང་དང་།བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞོན་ཅིང་མཆོག་ཏུ་འཛིན་པའི ་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན།།དགེ་སློང་དག་འདི་ལྟ ་སྟེ།དཔེར་ན་སྐྱེས་བུ་ཞིག་གིས་རིན་པོ་ཆེའི་ཟ་མ་ཏོག་ཡིན་པར་སེམས་ཤིང་སྦྲུལ་གྱི་ཟ་མ་ཏོག་བླངས་ཏེ་གྲོང་ཁྱེར་ཀུན་ཏུ་འབར་བ་ནས་འབྲོས་པར ་བྱེད་ཅིང་།དེ་དེས་མངོན་པར་དགའ་བར་བྱེད་པ་དེ་ལ་ཉེས་དམིགསུ་མ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན་འདི་ནི་སྦྲུལ་གྱི་ཟ་མུ་ཏོག་ཡིན་གྱི།འདི་ནི ་རིན་པོ་ཆེའི་ཟ་མ་ཏོག་མ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ།དེ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་དོ།།དགེ ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང ་རྨོངས་པའི་སྤྱོད་པ་དང་།ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད།ངོ་ཚ་བར་བྱེད།གནོད་པར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་ལ།དེ་འདྲི་སྙམ་དུ ་སེམས་ཏེ།བདག་གིས་ནི་མངོན་མི་རྟག་པ་ཁྲོ་ན་ལོ་རྟག་པར་བསམས་ཤིང་།བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས།བདག་གིས་མི་གཙང ་བ་ཁོ་ན་ལ་ནི་གཙང་བར་བསམས།བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ།དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་།སྡུག ་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་།མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་།བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམསོ།།དགེ་སློང་དག་འདི་ལྟ་སྟེ། ་དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བནི་མདོར་འདུག་སྟེ།སྒྱུ་མ་སྣ་ཚོགས་འདི་ལྟ་སྟེ།ནོར་བུ་དག་གམ།རྣ་ཆ་གདུབ ་དག་ག་མཽ།མགུལ་རྒྱན་དག་གམ།གདུབ་བུ་རྒྱན་ཅན་དག་གམ།དཔུང་རྒྱུན་དག་གྲཱམ།ལག་རྒྱུན་དག་གམ།རྐང་རྒྱན་དག་གམ།སོར་གདུབ་རྒྱན་དག་གམ། ་གསེར་དང་དངུལ་གྱི་ཕྲེང་བ་དག་བྱས་ཏེ་རྣམ་པར་བསྟན་པར་གྱུར་ན།དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་།རྨོངས་པའི་རང་བཞིན་ཅན་དང་།ཤེས་རབ ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ།གང་འདི་ལྟར་སྣང་བའི་ནོར་བུ་དག་གམ།རྣ་ཆ་གདུབ་ཀོར་དག་གམ།མགུལ་རྒྱན་དག ་གམ།གདུ་བུ་རྒྱན་ཅན་དག་གམ།དཔུང་རྒྱན་དག་གམ།ལག་རྒྱན་དག་གམ།རྐང་རྐྱེན་དྲག་གམ།སོར་གདུབ་རྒྱན་དག་གམ།གསེར་དང་།དངུལ་གྱི་ཕྲེང ་བ་འདི་དག་ནི་བདེན་པ་དང་།གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམསོ།།སེམས་ཅན་བྱིས་པའི་རང་བཞིན་མ་ཡིན་པ་དང་།རྨོངས་པའི་རང་བཞིན་ཅན་མ་ཡིན་པ ་དང་།ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ།གང་འདི་ལྟར་སྣང་བའི་ནོར་བུ་དག་གམ།རྣ་ཆ ་གདུབ་ཀོར་དག་གམ།མགུལ་རྒྱན་དག་གམ།གདུ་བུ་རྒྱན་ཅན་དག་གམ།དཔུང་རྒྱུན་དག་གྲཱམ།ལག་རྒྱན་དག་གམ།རྐང་རྒྱན་དག་གམ།སོར་གདུབ ་རྒྱན་དག་གམ།གསེར་དང་དངུལ་གྱི་ཕྲེང་བ་འདི་དག་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ།གྱི་ནི་སྒྱུ་མར་བྱས་པ་འབའ་ཞིག་ཡོད་དོ།།མིག་སྒྱུ ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས།།དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ ་འདས་པ་དང་།མ་འོངས་པ་དང་།དེ་ལྟར་བྱུང་བའི་ཆོས་གང་དགྲ་ཡིན་པ་འདི་དག་ལ།རྟག་པ་ཉིད་དམ།བརྟན་པ་ཉིད་དམ།ཐེར་ཟུག་ཉིད་དམ།དེ་བཞིན ་ཉིད་དམ།མ་ནོར་བ་དེ་བཞིན་ཉིད་དམ།གཞན་མ་ཡིན་པ་དེ་བཞིན་ཉིད་དམ།ཡང་དག་པ་ཉིད་དམ།བདེན་པ་ཉིད་དམ།དེ་ཁོ་ན་ཉིད་དམ།ཇི་ལྟ་བ་བཞིན ་ཉིད་དམ།མ་ནོར་བ་ཉིད་དམ།ཕྱིན་ཅི་མ་ལོག་པ་ཉིད་མེད་དེ།གསོག་ཀྱང་དེ་ཉིད་ཡིན་ལ།གསོབ་ཀྱང་དེ་ཉིད་ཡིན།སྙིང་པོ་མེད་པ་ཡང་དེ་ཉིད་ཡིན།བརྫུན ་བ་ཡང་དེ་ཉིད་ཡིན།སླུ་བའི་ཆོས་ཅན་ཀྱང་དེ་ཉིད་ཡིན།བདུད་ཀྱང་དེ་ཉིད་ཡིན།བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།རོ་ཡང་དེ་ཉིད་ཡིན།རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན ་པར་དགའ་བར་བྱ་བ་འམ།མངོན་པར་བརྗོད་པར་བྱ་བ་འམ།ལྷག་པར་ཆགས་པར་བྱ་བ་འམ།ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི།བཅོམ་ལྡན ་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།།དེས་དེ་ལྟར་ཤེས་ནས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག ་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ཡང་དག་པར་རྗེ་སུ་མཐོང་ངོ་།།དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།དེ་ལྟར་བྱིང ་བིའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེ་སུ་མཐོང་ཞིང་།འབྲས་དང་།ཟུག་རྔུ་དང་།སྡིག་པ་དང་།མི་རྟག་པ་དང་།སྡུག་བསྔལ་བ་དང་།སྟོང་པ་དང་།བདག ་མེད་པར་ཡང་དག་པར་རྗེསུ་མཐོང་བ་ནི།དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པ ་འམ།འདུ་ཤེས་ཕྱིན་ཅི་ལོག་གམ།སེམས་ཕྱིན་ཅི་ལོག་གམ།ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ།འདི་ལྟ་སྟེ།བརྣབ་སེམས་ཀྱི་ཚོགས ་ཀྱི་མདུད་པ་དང་།གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།ཚུལ་ཁྲིམས་དོང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་།འདི་བདེན་ནོ།།སྙམ ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གླང་དག་ཡིན་པ་དེ་དགེ་སློང་བར་བྱེད་དོ།།དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་།ཡི་ཆད་པ་དང་། ་ཕྱོགས་མེད་པར་བྱས་ཏེ་གནས་ཤིང་།བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་ཀྱི་སྲིད་དང་།བདུད་ཀྱི་འཁོར་བཅོམ་ཞིང་།གཡུལ་ཆེན་པོའི་གཡུལ ་སྤྱད་དེ།གཡུལ་ལས་རྣམ་པར་རྒྱལ་བ་དང་།གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ།དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས ་རིབ་ལ་སྦྱོར་བར་རྗེ་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིནོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྐྱོད་དོ།།བར་སྡོམ་ནི།སྨྱོན་པ་དང་ནི་སྒྱུ་མ་དང་།ར་རོ་བ་དང ་སྨྱན་དང་།གྲཝ་ཤོད་མ་དང་ནི་མོ་འོད་དང་།ཟས་སྦྱིན་པ་དང་སྒྲོག་རྒྱུ་དང་།རྐུན་པོས་གནས་པ་གྲོང་ནས་དང་།རྨོལ་མ་དགའ་སྤྱོད་ཟམ་ཏོག།ནོར་དུ་བྱུང་རྒྱན་རྣམས། ་ནི།སྒྱུ་མའི་དྲབསུ་ནུ་བསྡུས་པའོ།།མེད་རྟེན་པོ་མྦྷ་མའི་དྲི་བ་ཞེས་བྱེ་བ་རྫོགས།རྒྱག་དུ་མཁན་པ་ཛི་ན་མཻ་ཛྙཱ་དང་། ་པྲཛྙཱ་ཝརྨྨ་དང་།ཞུ་ཆེན་གྱི་མོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕུབ་པ།།རྒྱ་གར་སྐད ་