| Wylie | e-texts produced with BDRC’s OCR application |
འོས་སུ་གྱུར་པ།ཀུན་གྱི་སྦྱིན་པའི་འོས་སུ་གྱུར་པའོ།།དགེ་འདུན་རྗེསུ་དྲན་པ་རྫོགས་སོ།།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱགྲོ་འཚལོ།། ་འདི་སྐད་བདག་གིས་ཐོས་པོ་དུས་ཅིག་ན།བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནི།ལྗོངས་རྒྱུ་ཞིང་གཤེགས་པ་དང་།གྲོང་སྐྱིལ་བུ་ཅན་དུ་བྱོན་ཏེ།གྲོང་སྤྱིལ་བུ་ཅན་གྱི་གྲོང་གི་བྱང ་ཕྱོགས་ཀྱི་ཤིང་སཱ་ལའི་ཚལ་ན།དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག ་འདི་དག་ནི་ཚུལ་ཁྲིམས་ཡིན་ནོ།།འདི་ནི་ཏིང་ངེ་འཛིན་ཡིན་ནོ།།འདི་ནི་ཤེས་རབ་ཡིན་ནོ།།དགེ་སློང་དག་ཚུལ་ཁྲིམས་ལ་གོམས་པར་བྱས་ན།ཏིང་འཛིན་ལ ་ཡུན་རིང་དུ་གནས་པར་འགྱུར་རོ།།ཏིང་ངེ་འཛིན་ལ་གོམས་པར་བྱས་ན།ཤེས་རབ་ཐོབ་པར་འགྱུར།ཤེས་རབ་ལ་གོམས་པར་བྱས་ན།འདི་ལྟ་སྟེ།འདོད་ཆགས་དང་།ཞེ་སྡང་དང་། ་གཏི་མུག་དག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ།།དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི་བདག་གི ་ཟག་པ་འདི་ཟད་དོ།།ཚངས་པར་སྤྱོད་པ་ནི་བསྟེན་ཏོ།།བྱ་བ་ནི་བྱས་སོ།།འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཁོ་ནར་ཤེས་པར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།བསླབ་པ་གསུམ་གྱི་མདོ་རྫོགས་སོ།།། ་