CLOSE WINDOW

N265: chos rjes su dran pa
Wyliee-texts produced with BDRC’s OCR application

རྣམ་པར་གྲོལ་བ།ཁམས་རྣམས་དང་མི་ལྡན་པ།སྐྱེ་མཆེད་རྣམས་བསྡམས་པ།མདུད་པ་རྣམས་ཤིན་ཏུ་བཅད་པ།ཡོངསུ་གདུང་བ་དག་ལས་རྣམ་པར་གྲོལ ་བ།སྲེད་པ་ལས་ཤིན་ཏུ་གྲོལ་བ།ཆུ་བོ་ལས་རྒལ་བ།ཡེ་ཤེས་ཡོངསུ་རྫོགས་པ།འདས་པ་དང་།མ་བྱོན་པ་དང་།ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ ་ཤེས་ལ་གནས་པ།མྱ་ངན་ལས་འདས་པ་ལ་མི་གནས་པ།ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ།སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ།འདི ་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པའི་ཆེ་བའི་ཡོན་ཏན་ཡིན་ནོ།།འཕགས་པ་སངས་རྒྱས་རྗེ་སུ་དྲན་པ་རྫོགས་སོ།།། ་རྒྱ་གར་སྐད་དུ།དྷརྨ་ཨ་ནུ་སྨྲྀ་ཏི།བོད་སྐད་དུ།ཆོས་རྗེ་སུ་དྲན་པ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།དམ་པའི་ཆོས་ནི་ལེགས་པར ་གསུངས་པ།ཚངས་པར་སྤྱོད་པ།ཐོག་མར་དག་བ།བར་དུ་དགེ་བ།ཐ་མར་དག་པ།དོན་བཟང་པོ།ཚིག་འབྲུ་བཟང་པོ།མ་འདྲེས་པ།ཡོང་སུ་རྫོགས་པ།ཡོང་སུ་དག་པ།ཡོངསུ་བྱང ་བ།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་ལེགས་པར་གསུངས་པ།ཡང་དག་པར་ཐོབ་པ།ནད་མེད་པ།དུས་ཆད་པ་མེད་པ།ཉེ་བར་གཏོད་པ།འདི་མཐོང་བ་ལ ་དོན་ཡོད་པ།མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ།ཆོས་འདུལ་བ་ལེགས་པར་བསྟན་པ།ངེས་པར་འབྱུང་བ།རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ།མི་མཐུན་པ་མེད་ཅིང ་མཐུན་པ་དང་ལྡན་པ།རྟེན་པ་དང་ལྡན་པའོ།།རྒྱུན་ལ་མཆོད་པའོ།།ཆོས་རྗེསུ་དྲན་པ་རྫོགས་སོ།།།རྒྱ་གར་སྐད་དུ།སོངྒ་ཨ་ནུ་སྨྲྀ་ཏི།བོད་སྐད་དུ། ་དགེ་འདུན་རྗེ་སུ་དྲན་པ་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འཕགས་པའི་དགེ་འདུན་ནི་ལེགས་པར་ཞུགས་པ།རིགས་པར་ཞུགས་པ ་མཐུན་པར་ཞུགས་པ།དྲང་པོར་ཞུགས་པོ།ཕྱག་འཚལ་བའི་འོས་སུ་གྱུར་པ།ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།ཡོན་ཏན་ཡོངསུ་བྱང་བ་ཆེན་པོ།ཡོན་ཡོངསུ་སྦྱོང་བ།སྦྱིན་པའི ་འོས་སུ་གྱུར་པ།ཀུན་གྱི་སྦྱིན་པའི་འོས་སུ་གྱུར་པའོ།།དགེ་འདུན་རྗེསུ་དྲན་པ་རྫོགས་སོ།།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱགྲོ་འཚལོ།། ་འདི་སྐད་བདག་གིས་ཐོས་པོ་དུས་ཅིག་ན།བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནི།ལྗོངས་རྒྱུ་ཞིང་གཤེགས་པ་དང་།གྲོང་སྐྱིལ་བུ་ཅན་དུ་བྱོན་ཏེ།གྲོང་སྤྱིལ་བུ་ཅན་གྱི་གྲོང་གི་བྱང ་ཕྱོགས་ཀྱི་ཤིང་སཱ་ལའི་ཚལ་ན།དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག ་