| Wylie | e-texts produced with BDRC’s OCR application |
དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱ་གར་སྐད་དུ།ཨཱརྱ་མཾ་ག་ལ་ཨཥྚ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ། ་འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདྲི་སྐད་བདག་གིས་ཟོས ་པ་དུས་གཅིག་ན།བཅོམ་ལྡན་འདས་ཡངས་པ་ན་ཨ་མྲ་སྲུང་བའི་ཚལ་ནོ་བཞུགས།།དེ་ནས་ལིད་ཅི་བའི་བུ་རྩལ་རབ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན ་འདྲེས་ཀྱིས་ཞབས་ལ་མགོ་བྲེས་ཕྱུག་བཙལ་ཏེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ་བཅོམ་ལྡན་འདས་གང་དག་ཐོས་ནི་བདག་གིས་སྤྱི་བོས་བཀུར་ཞིང་གང་དག་བདག་གིས་སྤྱི་དོས ་བཀུར་བས་མི་འམ་མི་མ་ལགས་པ་ལས་འཇིགས་པ་འམ།གཙེ་བ་འབྱུང་བར་མི་འགྱུར་བ་དང་།བཅོམ་ལྡན་འདས་བདག་རྒྱལ་པོའི་ཕོ་བྲང་དུ་མཆིས་ཏེ།སྒྲ་བརྗོད་པ་ན ་ཅི་ནས་གང་གིས་ཀྱང་སྨྲ་བ་ལ་ཟློག་པ་མི་བགྱིད་ཅིང་ཟིལ་གྱིས་མི་ནོན་པ་དང་།མཚན་དེ་དག་ཉིད་བདྲུག་འཛིན་ནག་ཉིད་ཀྱིས་ལོག་ནའང་སྡིག་པའི་རྨི་ལམ་རྨི་བར་མི་འགྱུར ་བ་དང་།འདབ་མཚོན་ཆ་གཟས་པའི་གཡུལ་གྱི་ནང་དུ་ཞུགས་ནའང་ལུས་ལ་མཚོན་ཆ་རྣམས་ཕོག་པར་མི་འགྱུར་ལ།དེ་ལས་བདེ་བར་ཐར་པར་ཡང་འགྱུར་བ་དག་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡོངསུ་བསྟན་དུ་གསོལ།།དེ་སྐད་ཅེས་གསོལ་ནས།བཅོམ་ལྡན ་འདུས་ཀྱིས་ལིད་ཙ་བིའི་བུ་རྩལ་རབ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རྟུལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་གྲགས་ལྡན་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མའི་རྒྱལ་པོ་ཞེས་བྱ་བ་བཞུག་སོ།།རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྐྱོ་བ་མེད་པ་ཞེས་བྱ་བ་ཡོད་དེ།དེན ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྩལ་བརྟན་དོན་གྲུབ་དགོངས་པ་ཞེས་བྱ་བ་བཞུགས་སོ།།རྩལ་རོབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས ་བདེ་ལྡན་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ལ་དགོངས་པ་རྒྱ་ཆེར་གྲགསོ་པ་ཅན་ཞེས་བྱ་བ་བཞུག་སོ།།། ་རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་བགེགས་མེད་པ་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་བྱམས་པའི་རྒྱན་གྱི་དཔལ་ཞེས་བྱ་བ་བཞུག་སོ།།རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཆད་པ་སྤངས་པ་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པོ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བ་གྲགས་པ་དཔལ་དམ་པ་ཞེས་བྱ་བ་བཞུགས་སོ།།རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ལྡན ་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོ་ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས ་སོ།།རྩོལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་དཔལ་འབར་བ་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས། ་ཅན་ཐམས་ཅད་ལ་དགོངས་པ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས།རྩོལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྡོ་རྗེ་གྲགས་པ་དགའ་བ་ཅན་ཞེས་བྱ་བ་ཡོད་དེ། ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ།།རྩལ་རབ ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་ལེགས་པར་རབ་ཏུ་བཟུང་བར་བྱའོ།།ཀུན་ཆུབ་པར་བྱའོ།།བཅང་བར་བྱའོ།།རྩལ་རབ་སངས་རྒྱས་བཅོམ་ལྡན་འདས ་ཐམས་ཅད་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་མོད་ཀྱི།འོན་ཀྱང་རྩལ་རབ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག ་གི་སངས་རྒྱས་ཀྱི་ཞིང་ནི་ཡོང་སུ་དག་པ་སྟེ།སྙིག་སྔ་མ་རྣམས་དང་བྲལ་བ་ཡིན་ནོ།།རྩལ་རབ་ཁྱོད་ཀྱིས་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་བླངས་ནས་འཛིན་ན་དེས་ཡོན་ཏན་གྱི་ཁྱད་པར་དེ་དག་དང་གཞན་དག་ཏུའང་འགྱུར་ཏེ།སངས་རྒྱས་བཅོམ་ལྡན་འདས་རྣམས ་ཀྱི་མཚན་འདི་དག་ནི་སྔོན་གྱི་སྨོན་ལམ་གྱི་ཡོན་ཏན་དང་ལྡན་པ་ཡིན་པའི་ཕྱིར་རོ།།ནུབ་མོ་སྲོང་ལ་ཟེར་ན་འང་ཁྱོད་ཀྱིས་མཚན་འདི་དག་བསམ་པར་བྱའོ།།ལྡང་བ་ནའང་བསམ་པར ་བྱའོ།།འཇིག་རྟེན་གྱི་བྱ་བ་གང་ཅིའང་རུང་བ་དག་རྩོམ་པ་དག་ནའང་ཐམས་ཅད་ལ་མཚན་འདི་དག་བསམ་ནས་དེའི་འོག་ཏུ་བརྩམས་ན་དེར་ཡང་ཁྱེད་ལ་འཕེལ་བ་ཉིད་དུ་འགྱུར་གྱི་འགྲིབ ་པར་ནི་མ་ཡིན་པར་ཤེས་པར་བྱ་སྟེ།འདིས་ཁྱོད་གནས་པར་གྱིས་ཤིག།དེ་ནས་ལིད་ཙ་བིའི་བུ་རྩལ་རབ་ཀྱིས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ།རབ་ཏུ་དགའ ་ནས་དགའ་བ་དང་ཡིད་བདེ་བ་སྨོས་ཏེ།དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་འདི་དག་ཡོངསུ་རྗོད་ཅིང་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་བརྒྱད་སྟོང་གིས་བཅོམ་ལྡན་འདས་ལ་མངོན ་པར་གཏོར་ཏེ་བསྐོར་བ་བྱས་ནསོ།།དེ་བཞིན་གཤེགས་པའི་མཚན་ཡོངསུ་བརྗོད་པ་བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་།། ་དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་མཚན་ཡོངསུ་བརྗོད་པ་བཀྲ་ཤྲིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉམ་སུ་བླངས་ལག་སོ།།ཁཅོམ་ལྡན་འདས་ཀྱིས་བཀའ ་སཱ་ལཱ་བཱ།ཀཽ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱིས་ལྷ་དང་།ལྷ་མ་ཡིན་གཡུལ་འགྱེད་པ་ན་ཆོས་ཀྱི་རྣམ་གྲངས་འདི་ཡོངསུ་བརྗོད་པར་བྱའོ།།ཡོངསུ་བརྗོད་པ་ན་ལྷའི་དབང་པོ་ཁྱོད་རྒྱལ་བར་འགྱུརརོ།། ་དེ་ཅིའི་ཕྱིར་ཞེ་ན།དེ་བཞིན་གཤེགས་པའི་མཚན་ཡོངསུ་བརྗོད་པ་གང་ཡིན་པ་འདི་ནི་བདེ་ཞིང་འཇིགས་པ་མེད་པར་ཡོངསུ་བརྗོད་པ་ཡིན་པའི་ཕྱིར་རོ།།མཚན་སོངསུ་བརྗོད་པ་གང ་ཡིན་པ་འདི་ནི་ཀུན་ནས་ལྷུང་བ་མེད་པར་ཡོངསུ་བརྗོད་པ་ཡིན་པའི་ཕྱིར་རོ།།དེ་བཞིན་གཤེགས་པའི་མཚན་ཡོངསུ་བརྗོད་པ་གང་ཡིན་པ་འདི་ནི་ཡང་དག་པའི་མཚན་ཡོངསུ་བརྗོད་པ ་ཡིན་པའི་ཕྱིར་རོ།།དེ་བཞིན་གཤེགས་པའི་མཚན་ཡོངསུ་རྗོད་པ་གང་ཡིན་པ་འདི་ནི་གཡུལ་ཐམས་ཅད་ལས་ཡང་དག་པར་འདས་པར་ཡོངསུ་བརྗོད་པ་ཡིན་པའི་ཕྱིར་རོ།།དེ ་བཞིན་གཤེགས་པའི་མཚན་ཡོངསུ་བརྗོད་པ་གང་ཡིན་པ་འདི་ནི་ཟིལ་གྱིས་མི་ནོན་པར་ཡོངསུ་བརྗོད་པ་དང་།ཞི་བར་ཡོངསུ་བརྗོད་པ་དང་།ཡོངསུ་གདུང་བ་མེད་པར་ཡོངསུ ་བརྗོད་པ་དང་།འཇིགས་པ་མེད་པར་ཡོངསུ་བརྗོད་པ་ཡིན་པའི་ཕྱིར་རོ།།དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པར ་ཕྱིར།བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མནྡཱ་རཱ་བ་དག་གིས་མངོན་པར་གཏོར་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ལན་གསུམ་བསྐོར་བ་བྱས་ན ་ཡིད་དགའ་བ་དང་།སེམས་དགེ་བ་དང་།སེམས་སྒྲིབ་པ་མེད་པ་དང་།སེམས་ཀུན་ནས་ལྡང་བ་མེད་པ་དང་།དེ་བཞིན་གཤེགས་པའི་མཚོན་ཡོངསུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི ་ཡིད་ལ་བྱད་བཞིན་དུ་སླད་ཀྱིས་ཀྱང་བདག་གིས་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་གྱུར་ཅིག་ཅེས་ཚིག་ཏུ་སྨྲས་ནས།སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན ་འདས་ཀྱི་ཐད་ནས་དོང་ངོ་།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ལིད་ཙ་བིའི་བུ་རྩལ་རབ་དང་།ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་། ་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས ་སོ།།།།རྒྱ་གར་སྐད་དུ།ཨཱརྱ་བུད་དྷ་ཨ་ནུ་སྨྲྀ་ཏི།བོད་སྐད་དུ།འཕགས་པ་སངས་རྒྱས་རྗེ་སུ་དྲན་པ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས ་