CLOSE WINDOW

N262: 'phags pa dkyil 'khor brgyad pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།ཨཱརྱ་ཨཥྚ་མཎྜ་ལ་ཀ་ནཱ་མ་མ་ཧཱ་ཡཱ་ནེ་སཱུ་ཏྲ།བོད་སྐད་དུ།འཕགས་པ་དཀྱིལ་འཁོར་བརྒྱད་པེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི ་ཀུན་དགའ་ར་བ་ན།དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུག་སོ།།བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་འདི་ལྟ་སྟེ།བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྡོ་རྗེ་སྒྲ་དབྱངས་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཕམ་པ་དང་།ངག་མཆོག་དང་།བློ་གྲོས་མཐའ་ཡས་དང་།དྲི་མེད་སྙིང་པོ་དང་།ཡེ་ཤེས ་རྒྱལ་པོ་དང་།མཐའ་ཡས་སྡེ་དང་།ཡེ་ཤེས་སྣང་བ་དང་།ཡེ་ཤེས་སྒྲོན་མ་དང་།ཤེས་རབ་སྣང་བ་དང་།ཚངས་པས་བྱིན་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི ་ཅོད་པན་དང་།དེ་དག་དང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ཚི་བ་དབང་ཆེ་བར་གྲགས་པ་ཤ་སྟག་དང་ཡང་ཐབས་ཅིག་གོ།།དེ་ནས་བཅོམ་ལྡན་འདྲ ་ཀྱིས་ཚེ་དང་ལྡན་པ་ཤཱ་རཱིའི་བུ་ལ་བཀའ་སྩལ་པ།ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདྲི་ནས་ཤར་ཕྱོགས་ལོགསུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག ་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ཤིན་ཏུ་ཡོངས ་བསྒྲགས་དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།།ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགསུ་འཇིག་རྟེན་གྱི ་ཁམས་གངྒཱའི་ཀླུང་གིཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མཐོང་དགའོ་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།།ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགསུ་འཇིག་རྟེན ་གྱི་ཁམོསཱ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་རྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་མེད་པ་ཞེས་བྱ་བ་ཡོད།ད་ན་དེ་བཞིན་གཤེགས་པོ་དགྲ་བཅོམ་པ་ཡང་དྲག་པར ་རྫོགས་པའི་སངས་རྒྱས་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆེས་ཀྱང་སྟོན་ཏོ།།ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི ་ནས་ཤར་ཕྱོགས་ལོག་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་འདུས་པ་ན་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པའི་ཚོགས་ཞེས་བྱ་བ ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚོན་གྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང ་གཞེས་ལ་ཆོས་ཀྱང་སྟོན་ཏོ།།ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགསུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་ལྔའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རྡུལ་བྲལ ་ཚོགས་ཞེས་བྱ་བ་ཡོད་དོ།།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡོས་པ་སྣང་བའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དེ ་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།།ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགསུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་དྲུག་གི་བྱེ་མོ་སྙེད་འདས ་ཕྲིན་འཇིག་རྟེན་གྱི་ཁམས་སླུ་བ་མེད་པ་ཞེས་བྱ་བ་ཡོད་དོ།།དེ་ན་དེ་བཞིན་གཤོག་སླུ་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མེད་པར་སྟོན་པའི་དཔལ ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ།འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།།ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོག་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་བདུན ་གྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་གསེར་གྱི་ཚོགས་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི ་པདྨ་ལ་རྣམ་པར་གནོན་པས་བཞུད་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།།ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགསུ་འཇིག ་རྟེན་གྱི་ཁམས་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྐྲ་དབྱངས་སྙན་པ་ཞེས་བྱ་བ་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་གནས་པའི་རི་དབང་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།།ཤཱ་རིའི་བུ་དེ་བཞིན ་གཤེགས་པ་དག་བཅོམ་པ་ཡང་དག་པར་རློཊ་བའི་སདྱས་བརྒྱད་པོ་དེ་དག་གི་སངྱས་ཀྱི་ཞི་དེ་དག་ནི་ཡོངསུ་དག་པ་སྟེ།བུད་མཱ་མེད།།སྙིགས་མ་ལྔ་མེད་དོ།།ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་ཐག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱད་པོ་དེ་དག་གི་མཚན ་ཐོས་ནས་ལེན་ཅིང་འཛིན་ལ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ།འཇུག་པར་བྱེད་ཅིང་གཞན་དག་ལ་འང་རྒྱ་ཆེར་རབ་ཏུ་སྟོན་ན།ཤཱ་རིའི་བུ་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དེ ་སེམས་ཅན་དམྱལ་བར་འགྲོ་འམ།དུད་འགྲོའི་སྒྲོ་གནས་སམ།ཡི་དྭགས་ཀྱི་ཡུལ་ལམ།ལྷ་མ་སྟྲཻ་ཀྱི་ཡུ་བྱིན་དུ་གྲོ་བར་འགྱུར་བ་དེའི་གནས་མེད་དེ་གོ་སྐབས་མ།། ་ཡིན་ནོ།།མི་ཁོམ་པ་རྣམསུ་སྐྱེ་བོ་དེའི་གནས་མད་དོ།།ཤཱ་རིའི་བུ་བུད་མེད་ཀྱི་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི ་མཚན་ཐོས་ནས།བླངས་ཤིང་བཟུང་ལ་བླགས་ཤིང་ཀུན་ཆུབ་པར་བྱས་ཏེ་འཇུག་པར་བྱས་ཤིང་།གཞན་དག་ལཱི་འང་རྒྱ་ཚུར་ཡང་དག་པར་རབ་ཏུ་བཤད་ན།ཤཱ་རིའི་བུ་དེ་བུད་མེད ་ཀྱི་དངོས་པོ་ལན་གཉིས་ལེན་པའི་གནས་དེ་མེད་ཅིང་གོ་སྐབས་མ་ཡིན་ཏེ་དེའི་གནས་མོད་དོ།།ཤཱ་རིའི་བུ་རིགས་ཀྱི་འམོ།རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས ་པ་གང་ལ་ལ་ཞིག་གིས།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས་བླངས་ཤིང་བཟུང་ལ་ཀླགས་ཤིང་ཀུན་ཆུབ ་པར་བྱས་ཏེ་འཇུག་པར་བྱས་ཤིང་།གཞན་དག་ལ་འང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན།དེ་ལ་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།སྲིན་པོ་དང་།མི་དང་།མི་མ་ཡིན་པ་དང་། ་རྒྱལ་པོ་དང་།ཆོམ་རྐུན་དང་།མེ་དང་།ཆུ་དང་།དུག་དང་།མཚོན་ཆ་ལས་འཇིགས་པ་མི་འབྱུང་བར་ཤེས་པར་བྱའོ།།ཤཱ་རིའི་བུ་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་ཐེག་པ ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་གིས་དེ་བཞིན་ག་ཤློག་སྡུ་པ་དགྲ་བསྒོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྨོ་དག་གོ་མཚན་བརྗོད་དོ།།རྔུབ་མོ་སྲོང་ལ ་ན་བྱེདེ་བྱུ་གི་སྦྱི་ཀྱིས་ལྡོག་པར་འགྱུར།དེ་བ་ས་པར་འགྱུར་ཞིང་སྡིག་པ་ཅན་གྱི་རྨི་ལམྦྷཎྜི་མིའི་གྱུར་ཏེ།དག་ཉིད་ཀྱིས་མིག་པན་འང་ལྷ་རྣམས་བསྒྲེང་བར་ཡྀདྡྷ་མོ། ་ཤཱ་རིའི་བུ་རིགས་ཀྱི་བུ་འམྱ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་རྫ་དག་པར་ཞུགས་པ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དྲག་པར་རྫོགས་པའི་སངས ་རྒྱུས་དེ་དག་གི་མཚན་བརྗོད་ནས་མཚན་མོ་ཐོ་རངས་འཇིག་རྟེན་པའི་བྱ་བ་རྣམས་རྩོལ་ན་འཕེལ་བ་ཉིད་དུ་འགྱུར་གྱི་འགྲིབ་པར་མི་འགྱུརརོ།།ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི ་མོ་ཐུག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལྕེ་སྨྲིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས་ལེན ་ཙཽ་འཛིན་ལ་མྱོག་ཅིང་ཀུན་ཆུབ་པར་བྱེད་དེ།འཇུག་པར་བྱེད་ཅིང་གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ནོ།།དེ་འདི་ནས་བཟུང་སྟེ།བྱང་ཆུབ་ཀྱི་བར་དུ་ནམ་ཡང ་མངོན་པར་ཤེས་པདང་བྲལ་བར་མི་འགྱུར།ནམ་ཡང་གཟུངས་དང་བྲལ་བར་མི་འགྱུར།ནམ་ཡང་དབང་པོ་མ་ཚང་བམ་མྀ་འགྱུར།ནམ་ཡང་མཚན་དང་གྲོལ་བར་མི་འགྱུར།ནམ་ཡང ་ཤེས་རབ་ཤིན་ཏུ་རྒྱས་པ་དང་དྲན་པ།བར་མི་འགྱུར།ནམ་ཡང་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་དང་།རང་སངས་རྒྱས་དང་།ཉན་ཐོས་དང་བྲལ་བར་མ ་འགྱུར་རོ།།དེ་འདི་ནས་བཟུང་སྟེ།བྱང་ཆུབ་ཀྱི་བར་དུ་ནམ་ཡང་ཤེས་རབ་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱས་པ་དང་བྲལ་བར་མི་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ ་སྩལ་ཏེ།བདེ་བར།ཤེགས་པས་དེ་སྐད་གསུངས་ནས།སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།།འཇིག་རྟེན་མགོན་པོ་འདི་དག་གི།མཚན་རྣམས་མི་གང་འཛིན་བྱེད ་པ།།དེ་ནི་ངན་འགྲོ་ཀུན་ཟློག་ནས།།རིང་པོ་མི་ཐོགས་བདེ་འགྲོར་འགྲོ།།རྫོགས་པའི་སངས་རྒྱས་མཉེས་པར་བྱེད།།དེ་ཡི་སེམས་ནི་དང་བར་འགྱུར།།རྟག་ཏུ་འཇིག་རྟེན་མགོན་མཐོང་ནས།། ་མཆོད་པ་དམ་པ་བྱེད་པར་འགྱུར།།མཚན་རྣམས་འདི་དག་འཛིན་བྱེད་པ།།བསྐལ་པ་བྱེ་བ་གྲངས་མེད་དུ།།དོན་འདུ་བའི་སྒོ་རྙེད་ཅིང་།།དེ་ནི་རྟག་ཏུ་བཀུར་བར་འགྱུར།།མཚན་རྣམས་འདི ་ངག་འཛིན་བྱེད་པ།།བསྐལ་པ་བྱེ་བ་གྲངས་མེད་དུ།།ལྷ་རྣམས་ཀྱིས་ནི་རྟག་ཏུ་མཆོད།།མྱུར་དུ་བྱང་ཆུབ་འཚང་རྒྱར་འགྱུར།།མཚན་རྣམས་འདི་དག་འཛིན་བྱེད་པ།།དེ་ནི་ཤེས་རབ་འཚལ ་བའམ།།བློན་པ་འམ་འོན་པར་ཡོང་མི་འགྱུར།།ཀུན་ཏུ་སངས་རྒྱས་མཐོང་བར་འགྱུར།།སངས་རྒྱས་རྣམས་ཀྱི་མཚན་འཛིན་པ།།དེ་ལ་ལྷ་ཀླུ་གནོད་སྦྱིན་དང་།།གསང་བ་ལྷ་དང་ལྷ ་མིན་རྣམས།།ཉིན་དང་མཚན་དུ་སྲུང་བར་བྱེད།།མཚན་རྣམས་འདི་དག་འཛིན་བྱེད་པ།།དེ་ནི་གཟུགས་མཚན་ཕུན་སུམ་ཚོགས།།འབྱོར་པའི་རིགསུ་སྐྱེ་འགྱུར་ཞིང་།།དེ་ནི་སྦྱིན་པའི་བདག་པོར ་འགྱུར།།ཐུབ་པ་རྣམས་ཀྱི་མཚན་འཛིན་པས།།བསྐལ་པ་བྱེ་བ་བརྒྱ་མང་དུ།།ད་ཡི་ཁ་ནས་དྲི་འབྱུང་བ།།དྲི་གསུང་ཞིམ་པོ་འབྱུང་པོར་འགྱུར།།ཐུབ་པོ་རྣམས་ཀྱི་མཚན་འཛིན་པ།།རྫུ་འཕྲུལ ་ཚེ་ཞིང་ཡིད་གཞུངས་ལ།།འདབ་མ་བྱེ་བ་སྟོང་ལྡན་པའི།།རིན་ཆེན་པདྨ་སྐྱེ་བར་འགྱུར།།མཚན་རྣམས་འདི་དག་འཛིན་བྱེད་པ།།ཕ་དང་མ་དང་རྩ་ལག་དང་།།སྤུན་རྣམས་ཀྱི་ནི་ཡིད་འོང་ཞིང་།། ་ནམ་ཡང་ཕོངས་པ་མཐོང་མི་འགྱུར།།བུད་མེད་ཀྱིས་ཀྱང་བློ་ལྡན་པ།།དེ་དག་རྣམས་ཀྱི་མཚན་ཐོས་ན།།བུད་མེད་ལུས་ལ་ཡིད་བྱུང་ནས།།མཁས་ཤིང་སྐྱེས་པར་སྐྱེ་བར་འགྱུར།།ལུས ་ཅན་ཀུན་ལ་ཕན་པའི་ཕྱིར།།མྱུར་དུ་བྱང་ཆུབ་འཚང་རྒྱ་སྟེ།།ལྷ་དང་བཅས་པའི་འཇིག་རྟེན་གྱི།།རྟེན་དང་སྐྱབསུ་འབྱུང་བར་འགྱུར།དེ་ལ་མཚོན་གྱིས་མི་ཚུགས་ཏེ།།དུག་གིས་མི ་ཚུགས་མེས་མ་ཡིན།།གཡོན་ཅན་དག་དང་ཆོམ་རྐུན་དང་།།རྒྱལ་པོ་འང་དེ་ལ་གནོད་མི་འགྱུར།།ཐུབ་པ་རྣམས་ཀྱི་མཚན་འཛིན་པ།།དེ་ལ་སྡིག་དང་ལྡན་པའི་བདུད།།ནག་པོའི་རྩ་ལག ་བཞོན་བཅས་པས།།གླགས་ནི་རྙེད་པར་ཡོང་མི་འགྱུར།།ཞིང་རྣམས་བྱེ་བ་བསམ་ཡ་སུ།།དེ་ནི་མཁའ་ལས་འགྲོ་འགྱུར་ཏེ།།ཕུན་སུམ་ཚོགས་པའི་ཞིང་དེར་ནི།།འཇིག་རྟེན་མགོན ་པོ་རྣམས་ལ་བལྟ།།བརྟན་པ་སངས་རྒྱས་རྣམས་མཐོང་ནས།།དད་པ་བརྟན་པོ་ཐོབ་པར་འགྱུར།།དེ་ཡི་བསྐྱམ་པ་མཁྱེན་ནས་སུ།།མི་མཆོག་རྣམས་ནི་ལུང ་སྟོན་ཏོ།།ཐུབ་པ་རྣམས་ལས་མངོན་སུམ་བདག།བྱང་ཆུབ་ལུང་བསྟན་ཐོས་ནས་སུ།།རྟག་ཏུ་དགའ་དང་ལྡན་འགྱུར་ཞིང་།།དེ་ནི་དོགས་པ་མེད་པར་འགྱུར།།མཁས་པ་གང་ཞིག་མཎྜ ་འདི་དག།ཐོས་ནས་རབ་ཏུ་འཛིན་བྱེད་པ།།དེ་ནི་ཡོན་ཏན་འདི་དག་དང་།།རྒྱ་ཆེན་གཞན་ཡང་ལོས་ཀྱང་འཐོབ།།ཐུབ་པ་དྲང་སྲོང་ཆེ་གྱུར་པ།།འདི་དག་རྣམས་ཀྱི་མཚན་ཐོས་ནས།།མི ་གང་མཚན་རྣམས་འཛིན་བྱེད་པ།།རྫུ་འཕྲུལ་ཆེན་མཁས་བསོད་ནམས་འདོད།།དེ་ལྟ་བས་ན་བདག་ཉིད་ཆེ།།དེ་དག་རྣམས་ཀྱི་མཚན་ཐོས་ན།།སྐྱེས་བུ་མཁས་པས་བཟུང་བྱ ་ཞིང་།གཞན་དག་ལ་ཡང་བཤད་པར་བྱ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚེ་དང་ལྡན་པ་ཤཱ་རིའི་བུ་དང་།དགེ་སློང་དེ་དག་དང་།བྱང་ཆུབ་སེམས ་དཔའ་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།རྒྱ་གར་སྐད་དུ།ཨཱརྱ་མཾ་ག་ལ་ཨཥྚ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ། ་