CLOSE WINDOW

N253: 'phags pa bsam gyis mi khyab pa'i rgyal po'i mdo zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

དབང་སྒོང་ཕྱག་བརྒྱ་པ་རྫོགས་སོ།།།རྒྱ་གར་སྐད་དུ།ཨཱརྱ་ཨ་ཙིནྡུ་རཱ་ཛྙཱ་སཱུ་ཏཱ་ནཱ་མ་མཧཱ་མྦྷ་ན་སྨྲྀ་ཏཱ།བོད་སྐད་དུ།འཕགས་པ་བསྒོམ་གྱིས་མི་ཁྱབ་པའི་རྒྱལ་པོའི ་མདོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་ལ་ཕྱོག་འཚལ་ལོ།།འོད་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཡུལ་མ ་གྷ་དྷཱན་ཆོས་ཀྱི་དབྱེ་དཀོན་པཱ་ནཱ།བྱང་ཆུབ་ཀྱི་སྙིང་པོ་ན་སོང་གཱའི་ཁྲི་རྡོ་རྗེ་དང་ནོར་བུ་རིན་པོ་ཆེས་སྨྲས་པའི་པདྨའི་སྙིང་པོའི་གདན་ལ་འགུགས་ཏེ།བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག ་ཏུ་བཞུགས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་ཞེས་བྱ་བས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ ་ངག་ལ་སྨྲས་པ།ཀྱེ་རྒྱལ་བའི་སྲས་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་འཇིག ་རྟེན་གྱི་ཁམས་འདིའི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི ་ཁམས་ཀྱི་ཉིན་ཞག་གཅིག་གོ།ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བསྐོལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམ་པའི་སངས ་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ།ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དྲག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམ་པའི་སངས་རྒྱས་ཀྱི ་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཤིན་ཏུ་སྟུག་པོ་པདྨ་རབ་ཏུ་རྒྱས་པའི་སྐུའི་སངས ་རྒྱས་ཀྱི་ཞིང་གཱི་ཉིན་ཞག་གཅིག་གོ།།ཀྱེ་རྒྱལ་བའི་སྒྲས་དགྲ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཤིན་ཏུ་སྟུག་པོ་པདྨ་རབ་ཏུ་རྒྱུས་པའི་སྐུའི་སངས ་རྒྱས་ཀྱི་ཞིང་གི་བསྐུལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་གྱི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག ་གོ།ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་གྱི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ།།ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གྲིའི་སངས་རྒྱས་ཀྱི་ཞིང་གོ་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ།།ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགེ་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མོཛད ་ཀྱི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འོད་ཟེར་མེ་ཏོག་རབ་ཏུ་རྒྱས་པའི་སྐུ ་།སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ།།ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འོད་ཟེར་མ ་ཏོག་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་གཱི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འོད་ཟེར ་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ།།ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འོད་ཟེར་རྒྱལ ་པོའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བློ་གྲོས་ཀྱི་སངས་རྒྱས ་ཀྱི་ཞིང་གི་ཉིན་ཞག་གཅིག་གོ།ཀྱེ་རྒྱལ་བའི་སྲས་དག་འདི་ལྟར་བསྐལ་པ་བགྲང་བའི་ཐེབས་འདི་ལྟ་བུའི་ཚུལ་གྱིས་རྩིས་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི ་རྒྱ་མཚོའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདུས་པའི་ཐ་མ་འཇིག་རྟེན་གྱི་ཁམས་པདྨའི་དཔལ་ཞེས་བྱ་བ་ན།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དོག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་བཟང་པོའི་དཔལ་བཞུགས་པོའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞོག་གཅིག་གོ།།ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཚན་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པ་ཅན།དགེ་བའི་བཤེས་གཉེན་གྱིས ་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིསོ་ཐོས་པར་འགྱུར་གྱི།གཞན་དག་གིས་ནི་ཐོས་པར་མི་འགྱུརརོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ ་ནས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་དེ་དག་དོང་།ལྷ་དང་།མི་དང་ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི ་རྒྱལ་པོས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།། ་