| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ།དྷརྨྨ་ས་མུ་དྲན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།ཐེག་པ་ཆེན་པོའི་མདོ་ཆོས་རྒྱ་མཚོ་ཞེས་བྱ་བ།འདི་སྐད་བདག་གིས་ཐོས་པ་དུས་གཅག་ན།བཅོམ ་ལྡན་འདས་རྒྱ་མཚོའི་གླིང་ཕྲན་པོ་ཏྲལ་ཀཽའི་རི་ལ་རྒྱལ་བའི་སྲས་ཕྱིར་མི་ལྡོག་པ་ཕལ་པོ་ཆེས་བསྐོར་ཅིང་མདུན་དུ་བྱོས་ཏེ་བཞུག་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་དབང་པོ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ།སྐྱེས་བུ་དམ་པ་ཆོས་ཀྱི་གཏམ་ཅི་འདོད་པ་དྲི་བར་གྱིས་ཤིག།ཅེས་འདོད་པ་རྟོག་ཅིང་མི་སྟེན་པ་དང་།མི་འཆང་བ་དང་། ་རྒྱལ་མེད་པ་དང་།ཤེས་རབ་དང་།ཐབས་ལ་མཁས་པ་དང་།སྟོང་པ་ཉིད་ལ་ཤིན་ཏུ་མོས་པ་དང་ལྡན་ཏེ།ཡོད་པ་དང་མེད་པ་སྤངས་པ་དང་།ཡང་དག་པ་མ་ཡིན་པ་ལ་རྟགས་པས་གྲངས ་མེད་པར་འཁོར་བར་གྱུར།ཇི་ལྟར་ན་དགེ་བར་གསུངས་པའི་ཆོས་དང་འདུལ་བ་ལ་རབ་ཏུ་བྱུང་ཞིང་ཡང་དག་པར་རྫོགས་པའི་བསྙེན་པར་རྫོགས་པ་ལགས།འགྲོ་བ་ཐ་དད་པའི་ཆོས་རྣམས ་ལས་འདས་པ་དང་།གནས་ངནི་ལེན་ལ་རྟེན་ཅིང་འཇུག་པའི་སེམས་དང་།ཡིད་དང་།ཡིད་ཀྱི་རྣམ་པར་ཤེས་པ་ལ་འདས་ཏེ།མི་གཉིས་པའི་ཆོས་ཐོས་དེ་ནི་ཤིན་ཏུ་རབ་ཏུ་བྱུང་བའོ།། ་སེམས་ཅན་གང་ཐ་དད་པའི་དེ་ལྟ་བུས་རབ་ཏུ་བྱུང་བ་དེ་ན་ཡང་དག་པར་རབ་ཏུ་བྱུང་བའོ།།གང་རབ་ཏུ་བྱུང་ཡང་ཚུལ་ཁྲིམས་དང་།སྤྱོད་ཡུལ་དང་།འཚོ་བ་དང་།ལྟ་བ་དང་།བསམ་པ་ཉམས ་པསྟེ།དེ་ནི་མགོ་དང་ཁ་སྤུ་བྲེགས་ཀྱང་དོན་མེད་པ་སྟེ།རྙོག་པ་འཆང་བས་རང་རྙོག་པ་དེས་ངན་སོང་དུ་གཞོལ་བ་ཡིན་ནོ།།ངས་དད་པས་བྱིན་པ་སྤྱོད་དུ་གནང་བ་ནི་རིགས་པས་གྲོལ་བ་སྟེ།དགེ ་སློང་གང་བརྩོན་པ་མི་འདོར་བ་དེས་གཟུགས་མི་འདིར།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་དང་།རྣམ་པར་ཤེས་པ་མི་འདོར།ཕུང་པོ་ལྔ་ཐ་དད་པ་དང་།རིལ་གྱིས་བརྟགས་པའི་ར ་བཞིན་པས་ན་མི་རྟག་པ་དང་།།སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པར་ལྟ་བ་དེ་དག་ཀྱང་མི་དམིགས་པའི་ཚུལ་གྱིས་ཁམས་དང་།སྐྱེ་མཆེད་རྣམས་མ་ཡིན་པར་སྤྲོ་བ་དམ་པར་བྱེད ་པས་རྟག་ཏུ་སྒོམ་མོ།།སྙིང་པོ་མེད་པ་དང་།འབྲུམ་པ་ཅན།ཟུག་རྔུ་ཅན་དང་ལྡན་པ་སྐྱོན་ཅན།ཕ་རོལ་པོ་སླུ་བའི་ཆོས་ཉིད་ཅེས་སུན་འབྱིན་པ་དེ་དག་ཀྱང་མི་དམིགས་པའི་ཚུལ་དུ་སྦྱོར་བས།གང ་ལུས་ཀྱིས་ལུས་ལ་སྲེད་པ་དང་།ལུས་ལ་བྱམས་པ་དང་།ལུས་ལ་བདག་ཡིད་ཆེ་སོ་པ་དང་།ལུས་ལ་ཞེན་པ་དེ་དག་རབ་ཏུ་སྤོང་ངོ་།།གང་འདི་ལྟ་བུའི་དགེ་སློང་ནི་དགེ་བར་གསུངས་པའི་ཆོས ་དང་འདུལ་བ་ལ་རབ་ཏུ་བྱུང་བར་གྱུར།དད་པས་བསྙེན་པར་རྫོགས་པའི་ཡང་དག་པར་རྫོགས་པ་ཡིན་ཏེ།འདི་ལྟ་བུའི་དགེ་སློང་ནི་ལྷ་དང་འཇིག་རྟེན་དུ་བཅས་པ་རྣམས་ཀྱི་སྦྱིན་གནས་སུ ་གྱུར་པའོ།།དེ་ནས་བྱམས་པ་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ།བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ་འགྲོ་བ་ཐ་དོད་པའི་ཆོས་རྣམས ་ལ་འདས་ཤིང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པ་དེ་ནི་དགེ་བར་གསུངས་པའི་ཆོས་དང་འདུལ་བ་ལ་རབ་ཏུ་བྱུང་བར་གྱུར།བསྙེན་པར་རྫོགས་པའི་ཡང་དག་བླང་། ་རྫོགས་པ་ཞེས་གསུངས།།གཞན་གང་ག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཀྱང་བདག་བསླུས་པ་སྟེ།ཕེཾ་དང་ལྟར་བྱི་བའང་མ་ཡིན།བྱིའང་མ་ཡིན་པ་བཞིན་དུ་དོན་ཁྱིམ་པའད་མ་ཡིན ་རབ་ཏུ་བྱུང་བའངམ་སྦྱིན་པས་གླེན་པའི་སྐྱེས་བུ་དེ་དེ་ལྟ་བུའི་ཚུལ་དུ་ཟུང་ཞིག།སྐྱེས་བུ་དམ་པ་འགྲོ་མ་ཐ་དད་པོའི་ཆོས་དེ་དག་ནི་སྒྱུ་མ་ལྟོ་བུ་སྟེ།དེ་ལས་འདའ་བར་ཡང་མི་ནུས།འགྲོ་བ ་ཐ་དད་དྲིའི་ཆོས་ནི་ཡོངསུ་མ་རྫོགས་པསསོ་ན་དེ་ལས་འདིའབར་ཡང་དཀཻའ།སེམས་ཅན་གྱི་ཁམས་ནི་བྱིན་འང་མེད།ནང་ན་འང་མཽད་དེ་གཉིས་ཀར་ཡང་དམིག་སུ་མེད་པས་ནཱ།གླང་སེམ ་ཅན་གྱི་ཁམས་ཀྱི་དངོས་པོ་དེ་ནི་འགྲོ་བ་ཐ་དད་པའི་ཆོས་ཀྱི་དངོས་པོ་སྟེ།དེ་ལས་འདའ་བར་ཡང་དཀའ་བ་དེ་ལ་ཀྱེ་རྒྱལ་བའི་སྲས་བཅྡོཾས་ཀྱི་འགྲོ་བ་ཐ་དད་པའི་ཆོས་ལས་འདས་ཤིང་འཇིག་རྟེན་རྫ ་པའི་ཆོས་ཐོབ་པའི་དགེ་སློང་དེ་ནི་རབ་ཏུ་བྱུང་བར་གྱུར།བསྙེན་པར་རྫོགས་པར་ཡང་དག་པར་རྫོགས་པ་སྟེ།དེ་ནི་དད་པས་བྱིན་པ་སྤྱོད་པའི་མཆོད་གན་སུ་གྱུར་པའི་ཞེས་གསུངས་པའང་ཀྱེ་རྒྱས ་བའི་སྲས་རྟེན་པའི་གནས་འ་ན་དེ་ལ་འཛི་བ་གང་ཅིསྟེ་འཛི་རྟེན་ལས་འདས་པའི་ཆོས་རྣམས་འཐོབ་པར་འགྱུར་ནི་དེ་ནི་དམིགས་པར་གྱུར་པག།།དེ་བཞིན་གཤེགས་པ་དགྲ་བཅོམ་པོ ་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་ནི་མི་དམིགས་པ་སྟེ།བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལྟར་དགོས་ནས་འགྲོ་བ་ཐ་དད་པའི་ཆོས་ལས་འདུས་ཤིང་འཇིག་རྟེན་ལས་འདས་པའི་ཆོས་ཐར ་པ་དེ་ནི་དགེ་སློང་ཡང་དག་པར་གྱུར་པ་སྟེ།དད་པས་བྱིན་པ་སྤྱོད་པའི་མཆོད་གནས་སོ།།དེ་ནས་བྱམས་པ་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ།བཅོམ ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ་བརྩོན་པ་མི་འདོར་ངོའི་དགེ་སློང་གང་གིས་གཟུགས་མི་འདོར།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་དང་།རྣམ་པར་ཤེས་པ་མི་འདོར་བ་དེ་ནི་རབ་ཏུ་བྱུང ་བའི་དགེ་སློང་སྟེ།དེ་ནི་དགེ་བར་གསུངས་པའི་ཆོས་ཀྱི་འདུལ་བ་ལ་ཤིན་ཏུ་ས་བྱུང་བར་གྱུར་པས་ན་འདི་ལྟ་བུའི་དགེ་སློང་ནི་དད་པས་བྱིན་པ་སྤྱོད་པའི་མཆོད་གནས་སུ་གྱུར་པའོ་ཞེས་གསུངས།འཇིག ་རྟེན་གྱི་དབང་པོས་སྨྲས་པ།ཀྱེ་རྒྱལ་བའི་སྲས་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་ལ་དགོངས་ཏེ་ཆོས་ཀྱི་དབྱིངས་ནང་ནའང་མེད།ཕྱི་ན་འོང་མེད།གཉི་གར་ཡང་དམིགསུ་མེད་པས་ན་ནད་མེད་པར ་བཏགས་པ་དྲང་།མི་སྐྱེ་བར་བཏགས་པ་དང་།མི་འགག་པར་བཏགས་པ་རྣམས་གདག་སུ་མེད་པ་སྟེ།སེམས་ཅན་གྱི་ཁམས་མཉམ་པ་བཞིན་དུ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཆོས་ཀྱི་དབྱིངས ་མཉམ་པ་བཞིན་དུ་སེམས་ཅན་གྱི་ཁམས་མཉམ་པ་ཉིད་དང་།ཆོས་ཀྱི་དབྱིངས་མཉམ་པ་ཉི་དུ་མི་གཉི་སྟེ་གཉི་སུར་དོ།།དེ་མི་གཉིས་ཏེ་གཉི་སུ་མེད་པས་ན་དེ་ལ་དོར་བའང་མེད།མི་དོར་བའང ་མེད།གང་དོར་བའང་མེད།མི་དོར་བའང་མེད་པས་ན་དེ་ལས་འདའ་བ་དང་།ཐོབ་པར་མི་ནུས་ཏེ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་ལྟར་དགོངས་ནས་གདག་སུ་མེད་པའི་དགེ་སློང ་བཏགས་པ་ལ་མི་འཇུག་གོ།།གང་ཡི་གེ་མེད་པའི་དགེ་སློང་ཡི་གེ་ལས་འདས་པ་སྟེ།དེ་ལ་གྲངས་ཀྱིས་བསྟན་པར་ཡང་མི་རུང་སྟེ།དེ་ནི་མི་འང་མི་འགྲོ་མི་གནས་མི་འདུག་ཉལ་བར་ཡང ་མི་རྟོག་གོ།།ཞི་བ་དང་ཉེ་བར་ཞི་བ་རྣམས་མི་དམིགས་པའི་དགེ་སློང་ལ་བརྟགས་པ་སྟེ།སྤྱོད་པ་རྣམས་ཀྱང་བརྟགས་པའོ།།མག་པ་ལ་རྣམ་པ་མང་དུ་རྟོག་པའི་དགེ་སློང་སློ་ཤིམ་རྟགས་པའོ།། ་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགོངས་ནས་འདི་ལྟ་བུའི་དགེ་སློང་ནི་དད་པས་སྦྱིན་པ་སྤྱོད་པའི་སྦྱིན་གནསུ་གྱུར་པའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་དབང་པོ་བྱང ་ཆུབ་སེམས་དཔའ་ལ་དགེ་བ་བྱིན་ཏེ་ངས་དགོངས་ཏེ་བཤད་པ་བཞིན་དུ་སྐྱེས་བུ་དམ་པོ་ཁྱོད་ཀྱིས་བསྟན་པ་ནི་དགེའོ་དགེའོ།།དགེ་བར་གསུངས་པའི་ཆོས་ཀྱི་འདུལ་བ་ལ་རབ་ཏུ་བྱུང་བ ་འདི་བླ་ན་མེད་པ་དམ་པའི་ཆོས་ཀྱི་ཕྱག་རྒྱ་སྟེ།འདི་ཚུལ་ཁྲིམས་ཉམས་པ་དང་།མ་དུལ་བ་དང་།ང་རྒྱལ་མངོན་པར་བྱེད་པ་རྣམས་ཀྱི་མདུན་དུ་མི་བཤད་པར་གྱིས་ཤིག།དེ་ལྟ་བུ ་དེ་དག་རྣམས་ཀྱི་སྙེམས་པ་སྤང་པོའི་ཕྱིར་ཕྱག་རྒྱ་འདི་ལ་གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་བལྟས་ཤིང་མི་དམིགས་པའི་ལུས་མངོན་དུ་བྱས་ན།དེས་ཡིད་ཀྱི་ལུས ་མྱུར་དུ་འཐོབ་བོ།།གང་གི་ཡིད་ཀྱི་ལུས་དེས་གྲངས་མེད་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སྨིན་པར་བྱེད་དོ།།དེ་ནས་ཆོས་ཀྱི་གཞུང་འདི་བཤད་པའི་ཚེ་དགེ་སློང་བདུན་སྟོང་ཟག་པ་མེད་པར་མི་སྐྱེ་བའི ་སེམས་རྣམ་པར་གྲོལ་བར་གྱུར།བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར།དམིགས་པ་ཅན་གྱི་དགེ་སློང་ལྔ་བརྒྱ་ཆོས་ཀྱི་གཞུང་འདི་མི་སྒྲུབ་ཅིང་མི་འཇུག་པ་དང་། ་མ་དད་པ་ན་སྟན་ལས་ལངས་ཏེ་དོང་ངོ་།།བཅོམ་ལྡན་འདས་ངས་དགོངས་ཏེ་གསུངས་པ་འདི་དག་འཇིག་རྟེན་ཐམས་ཅད་ཡིད་མི་ཆེས་པའི་གཉེན་པོ་ཡིན་པས་ན་ཆོས་ཀྱི་གཞུང་འདི་དམིགས ་པ་དང་བཅས་པ་རྣམས་མི་མཐུན་པའོ།།ཡོད་པ་མ་ཡིན་པ་ལ་བརྟེན་པ་རྣམས་དང་མི་འགལ་ཏེ།དགེ་བའི་བཤེས་གཉེན་གྱིས་བཟུང་བ་རྣཾས་དང་།ཟབ་མོའི་རྒོལ་མོ་པ་རྣ་སཾ་དང་།སྐྱོ་ཞིང་ཆོ་ག་ཤྲེ་པྲ་སཱུང་ཏེ། ་དབེན་པ་ལ་མངོན་པར་དགའ་བ་རྣམས་དང་།སྔོན་གྱི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྲུན་པ་རྣམས་ཀྱིས་ངའི་ཆོས་ཀྱི་གཞུང་འདི་ལ་སྟོན་པར་ཤེསོ།།ཀྱེ་རྒྱལ་བའི་སྤོས་འདི་ལྟ་སྟེ།དཔེར ་ན་སྐྱེས་བུ་གང་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ནི་འགྲོ་བ་མང་པོའི་མདུན་ན་སྨྲ་ཞིང་ཆོས་འཆད་ཀྱང་ཆོས་དེ་འཇིག་རྟེན་ཐམས་ཅད་ལས་མ་གྲགས་ནཱ།ཀྱེ་རྒྱལ་བའི་སྲས་ཅི་འགྲོ་བ་མང་བ་དེ ་རྣམས་ཡོད་དེ།གང་དེས་སངས་རྒྱས་ཀྱི་ཆོས་བཤད་པ་དང་མི་འགལ་བ་སྙམ་དུ་སེམས་སམ།བྱམས་པས་སྨྲས་པ།རྨི་ལམ་ནི་ཡང་དག་པར་མཆིས་པ་སྟེ།འཁྲུལ་པ་ཙམ་ཞིང་མཆིས ་པར་བས་ན་དེ་ངན་འགྲོ་ཕལ་པོ་ཆེ་ལ་ཆོས་འཆད་པར་གྱུར་པ་ལྟ་ག་ལ་ཞིག་མཆིས།ཀྱེ་རྒྱལ་བའི་སྲས་དེ་ལྟར་དེ་བཞིན་དུ་ཆོས་ཐམས་ཅད་ནི་རྨི་ལམ་དང་མཆུས ་ཏེ།ཡང་དག་པ་མ་ཡིན་པར་འབྱུང་བར་བྱུང་ནས་ཀྱང་མེད་པར་གྱུར་པ་སྟེ།ཀུན་རྫོབ་ཀྱང་འཁྲུལ་པ་ཙམ་ཞིག་ཡོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ།།འཕགས་པའི་ཤེས་རབ་ཀྱིས་ཇི ་ལྟ་བ་མངོན་དུ་བྱས་ན་བསཾ་གཏན་སེམྦ་པཱི་བས་གཏན་པའང་མི་མི་ཌ་ང་སྟེ།དེ་ལ་ཆོས་ཀྱི་ཚུལ་ཙམ་ཞིག་ཡོད་ཀྱི་ཀུན་ཏུ་བརྟགས་པ་དང་གཞན་གྱི་དབང་ལས་ཀྱི་རྣམས་ནི་ཡོད་པ་མ་ཡིན་ནོ།། ་དེ་ལྟར་དེ་བཞིན་དུ་ཆོས་འདི་ནི་འཇིག་རྟེན་པ་ཐམས་ཅད་དང་མི་མཐུན་པའོ།།ཆོས་འདི་དག་ལ་དམིགས་པ་རྣམས་ཀྱིས་ནི་དོན་དམ་པར་འཛིན་གྱི་འཕགས་པའི་རྣམས་ནི་མི་དམིག་སོ།། ་བྱིས་པ་རྣམས་མི་ཤེས་པས་དེ་ལ་མངོན་པར་ཞེན་པས་ན་དམྱལ་བ་དང་།ཡི་དགས་རྣམས་ཀྱིས་སྡུག་བསྔལ་གྱིས་ཉོན་མོངས་པ་མྱོང་བར་འགྱུར་རོ།།ཆོས་ཀྱི་གཞུང་འདི་ཇི་ལྟ་བ ་དེ་ནི་དམིགས་པའོ།།ཇི་ལྟར་དམིགས་པ་དེ་ནི་ཆོས་ཐམས་ཅད་དོ།།དེ་ལྟར་དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་དེ།།མི་དམིགས་པས་ན་གང་དམིགས་པ་དེ་ནི་རྟོགས ་པའོ།།གང་རྟོགས་པ་དེ་ནི་ཐོབ་པ།གང་ཐོབ་པ་དེ་ནི་བྱང་ཆུབ་གང་བྱང་ཆུབ་པ་དེ་ནི་དེ་བཞིན་ཉིད།གང་དེ་བཞིན་ཉིད་པ་དེ་ནི་ཡང་དག་པའི་མཐའ་གང་ཡང་དག་པའི་མཐའ་དེ་ནི་སྟོང་པ་ཉིད།། ་གང་སྟོང་པ་ཉིད་དེ་ནི་མཚན་མ་མེད་པ།གང་མཚན་མ་མེད་པ་དེ་ནི་སྨོན་པ་མེད་པ།གང་སྨོན་པ་མེད་པ་དེ་ནི་དོན་དམ་པ།གང་དོན་དམ་པ་དེ་ནི་ཆོས་ཀྱི་དབྱིངས།གང་ཆོས་ཀྱི་དབྱིངས་དེ་ནི་གཉིསུ ་མེད་པའི་མཐའ་གང་གཉི་སུ་མེད་པའི་མཐའ་དེ་ནི་དབུ་མར་སྒྲུབ་པ།གང་དབུ་མར་སྒྲུབ་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རྟག་པོ།བརྟན་པ་མི་འགྱུར་བ་སྟེ།རྟག་པའང ་མ་ཡིན།མི་རྟག་པའང་མ་ཡིན་ཏེ།དེ་ནི་གདགས་པའང་མ་ཡིན།མི་གདགས་པའང་མ་ཡིན།གང་གདགས་པའང་མ་ཡིན།མི་གདགས་པའང་མ་ཡིན་པ་དེ་ནི་འཇིག་རྟེན་པའང་མ་ཡིན།འཇིག ་རྟེན་ལས་འདས་པའང་མ་ཡིན།གང་འཇིག་རྟེན་པའང་མ་ཡིན།འཇིག་རྟེན་ལས་འདས་པའང་མ་ཡིན་པ་དེ་ནི་བརྗོད་དུ་མེད་པ།གང་བརྗོད་དུ་མེད་པ་དེ་ནི་ཆུང་ཟད་ཀྱང་མེད་པ་གང་ཅུང་ཟད་ཀྱང་མེད་པ ་དེ་ནི་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་གང་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དེ་ནི་སྟོན་པ།གང་སྟོན་པ་དེ་ནི་རྣམ་པར་མི་རྟོག་པ།གང་རྣམ་པར་མི་རྟོག་པ་དེ་ནི་དམིགས་པ་མེད ་པ།གང་དམིགས་པ་མེད་པ་དེ་ནི་མི་འགྱུར་བ་གྲུབ་པ།གང་མི་འགྱུར་བ་གྲུབ་པ་དེ་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ་སྟེ།འདུལ་བའི་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངསསུ་རྫོགས་པར ་བྱ་བའི་ཕྱིར་ཇི་ལྟར་མོས་པ་ཐམས་ཅད་བྱེད་དོ།།དེ་ནས་བྱང་ཆུབ་སེམས་དཔའ་མང་པོ་དེ་དག་གིས་ཚིག་མཐུན་པར་སྨྲས་པ།ཆོས་ཀྱི་གཞུང་འདི་གང་ན་སྤྱོད་པའི་ས་ཕྱོགས་དེ་རྡོ་རྗེ་ལྟ་བུ་སྟེ། ་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་རྣམས་བཞུགས་པས་ན་སེམས་ཅན་དེ་མྱུར་དུ་མངོན་པར་ཤེས་པ་དང་།དབང་པོ་རྣོན་པོར་འགྱུར་བར་རིག་པར་བྱའོ།།གང ་ཞིག་ཆོས་ཀྱི་གཞུང་འདི་ལ་བརྗོད་དམ།འཛིན་ཏམ།ཀློག་གམ།ཆུབ་པར་བྱེད་དམ།ཁ་ཏོན་དུ་བྱེད་དམ།ཚུལ་བཞིན་དུ་ཡིད་ལ་བྱེད་ན་དེ་བདུད་ཀྱི་དབང་དུ་མི་འགྱུར་རོ།།བཅོམ་ལྡན།། ་འདས་ཀྱིས་དགོངས་པ་འདི་བཤད་ནས་འཇིག་རྟེན་གྱི་དབང་པོ་དང་།བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་།ཉན་ཐོས་ཆེན་པོ་རྣམས་དང་།ལྷ་དང་མིར་བཅས་པ ་དང་།ལྷ་མ་ཡིན་དང་།དྲི་ཟའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་དགའོ།།ཐེག་པ་ཆེན་པོའི་མདོ་ཆོས་རྒྱ་མཚོ་ཞེས་བྱ་བ་རྫོག་སོ།།། ་ཆོས་ཀྱི་རྒྱ་མོ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནས་བཤད་པ་ལེའུ་བཅུ་སྟེ།བམ་པོ་དང་པོ།།སངས་རྒྱས་ཀྱི་བུ་ཐམས་ཅད་ཐལ་མོ་སྦྱོར ་