CLOSE WINDOW

N236: 'phags pa chos bzhi pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།ཨཱརྱ་ཙཾ་ཏུརྡྷརྨ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚ་ལོ།།འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན།དགེ་སློང ་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།བྱང་ཆུབ་སེམས་དཔའི་ཚིགས་ཆེན་པོ་དང་ཡང་ཐབས་སོག།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣ ་ས་བཀའ་སྩལ་པ།དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག་རྗེ་སྲིད་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངསུ་མི་གཏོང་།།བཞི་གང་ཞན།།དགེ། ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བྱང་ཆུབ་ཀྱི་སེམས་སྲོག་གི་ཕྱིར་ཡང་ཡོངསུ་མི་གཏང་བ་དང་།དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་ཇི་སྲིད་འཚོའི་བ་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངསུ་མི་བཏང་བ་དང་།དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི ་བར་དུ་བཟོད་པ་དང་དེས་པ་སྲོག་གི་ཕྱིར་ཡང་ཡོངསུ་མི་གཏང་བ་དང་།དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགོན་པ་ལ་གནས་པ་སྲོག་གི་ཕྱིར ་ཡང་ཡོངསུ་གཏང་བར་མི་བྱ་སྟེ།།དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་ཆོས་བཞི་པོ་འདི་དག་སྲོག་གི་ཕྱིར་ཡང་ཡོངསུ་གཏོང་བར་མི་བྱའོ།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུངས་ནས།།སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།།ཐམས་ཅད་མཁྱེན་ཉིད ་སེམས་ནི་མི་གཏོང་ཞིང་།།མཁས་པས་རྫོགས་པའི་བྱང་ཆུབ་སེམས་སྐྱེད་ཅིག།བཟོད་པ་དེས་པའི་སྟོབས་ལ་རབ་གནས་ཏེ།དགེ་བའི་བཾ་ཤེས་གཉེན་ཡོངསུ་གཏང་མི་བྱ།། ་རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྦྱངས་ཏེ།།མཁས་པས་དགོན་གནས་རྟག་ཏུ་བསྟེན་པར་བྱ།།ཆོས་འདི་དག་ལ་རྟག་ཏུ་རབ་གནས་ན།།བདུད་རྣམས ་བཅོམ་ནས་བྱང་ཆུབ་དེ་འཚང་རྒྱ།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།ཐམས་ཅད་དང་ལྡན ་བའི་འཁོར་དེ་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགསོ།།། ་