CLOSE WINDOW

N235: chos bzhi pa'i mdo
Wyliee-texts produced with BDRC’s OCR application

ཤེས་སྡེས་བསྐུར་ཅིང་བུས་ཏྭེ་གཏན་ལ་ཕབ་པ།རྒྱ་གར་སྐད་དུ།ཙཏྱདྷརྨཱ་ཀུ་སུ་ཏྲ།བོད་སྐད་དུ།།ཆོས་བཞི་པའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་རྣམས ་ཅད་ལ་ཕྱག་ཚོ་ཚ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན།དགེ་སློང་སྟོང་ཉིས ་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས་བརྟན་ཞིང་ཟབ་ལ་སྙན་ཅིང་རྒྱ་ཆེ་བའི་སྒོ་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ ་པའི་དགེ་སློང་དྲག་རིགས་ཀྱི་བུ་མཁས་པས་ཇི་སྲིད་འཚོའི་བར་དུ་གནས་བཞི་ལ་ཡིད་བརྟན་པར་མི་བྱའོ།།བཞི་གང་ཞེ་ན།དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་བུད་མེད་དག་ལ་དགྲའ ་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་།དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་རྒྱལ་པོའི་ཕོ་བྲང་འཁོར་ལ་དགའ་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད ་བརྙན་པར་མི་བྱ་བ་དང་།དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་གཟུགས་བཟང་བ་མཛེས་པལྟ་ན་སྡུག་པ་ནད་ཉུང་བའོ་སྙམ་དུ་ཇི་སྲིད་འཚོ་བའི་བར་དུ་ཡིད་བརྟན་པར་མི་བྱ ་པ་དང་།དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་ཕྱུག་པ།ནོར་མང་བ།ཡོ་བྱད་ཕུན་སུམ་ཚོགས་པའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིང་བརྟན་པར་མི་བྱའོ།།བཅོམ་ལྡན་འདས་ཀྱིས་ངོ ་དེ་སྐད་ཅེས་པ།ཥྞ་སྣུལ་ཏྟེ།བདེ་བརྱག།ཤོགས་བྱས་དེ་སྐད་གསུང་སྣནས་སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།།བུད་མེད་བརྟེན་དུ་གལ་རུང་།། ་རྒྱལ་པོའི་ཕོ་བྲང་ག་ལ་དགའ།།དབུ་བའི་སྙིང་པོ་གཱ་ལ་ཡོད།།ལོངས་སྤྱོད་རྟག་པ་ག་ལ་ཡིན།།ལོངས་སྤྱོད་དག་ནི་འབབ་ཆུ་བཞིན།།གྲུ་ཅི་འདྲ་བར་ཁྱིམ་དེ་འདྲ།།མེ་ཏོག ་ཅེཙོའདྲ་གཟུགས་དེ་བཞིན།།སྲོག་ནི་ཆུ་བུར་འདྲ་བ་ཡིན།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་། ་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།།ཆོས་བཞི་པའི་མདོ་རྫོག་སོ།།། ་