| Wylie | e-texts produced with BDRC’s OCR application |
སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།རྒྱ་གར་སྐད་དུ།ཨཱརྱ་དྷརྨྨ་སྐནྣ་ནཱ་མ་མ་ཧཱ་མྦྷི་ན་སུ་ཏྲ།བོད་སྐད་དུ།འཕགས་པ་ཆོས ་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་སེར ་སྐྱེའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུ་དང་།ཚེ་དང་ལྡན ་པོ་མོདྒལ་གྱི་བུ་ཆེན་པོ་དང་།ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་།ཚེ་དང་ལྡན་པ་ཀུན་དགའ་བོ་དང་།ཚེ་དང་ལྡན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་གཽ་ལེ་བ་དེར་སོང་སྟེ་ཕྱིན་ནས།བཅོམ ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས ་ཆེས་ཀྱི་ཕུང་པོ་ཆོས་ཀྱི་ཕུང་པོ་ཞེས་བགྱི་ན།དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་གྱིས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩལ།།ཆོས་ཀྱི་ཕུང་པོ་ནི་ཇི་ཙམ་ཞིག།ཆོས་ཀྱི་ཕུང་པོ་ནི ་གླང་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ནི་བརྒྱད ་ཁྲི་བཞི་སྟོང་དུ་གསུངས་ཏེ།ཤཱ་རིའི་བུ་དེ་ལ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འདི་ནི་ཆོས་ཀྱི་ཕུང་པོའི་རྗེསུ་འཇུག་པ་དང་པོ་ཡི་ནོ།།ཤྲཱི་རིའི་བུ་ཆོས་འགའ་ཞིག་ལ་ཆོས་ཤེ་འམ།ཆོས་གང་ཡང ་སྐྱེ་བའམ་འགག་པ་ཞེས་ང་མི་སྨྲའོ།།དེ་ཅིའི་ཕྱིར་ཞེ་ན།ཤཱ་རིའི་བུ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའི་ཆོས་ཅན་དང་།འགག་པ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ།།ཤཱ་རིའི་བུ་འདི་ལྟ་སྟེ། ་དཔེར་ན་མ་ནིང་ནི་སྐྱེས་པའམ་བུད་མེད་ཅེས་བྱ་བའི་མིང་མི་འཐོབ་ཅིང་སྐྱེས་པ་འམ་བུད་མེད་ཅེས་བརྗོད་པར་བྱ་བ་མ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།ཤཱ་རིའི་བུ་དེ་ནི་སྐྱེས་པའམ་བུད་མེད་དུ་གདགས ་སུ་མེད་པའི་ཕྱིར།།ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་དེ་བཞིན་གཤེཞེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ།དེའི་ཕྱིར་ཆོས་ཀྱི ་ཆོས་རབ་ཏུ་ཤེས་སོ་ཞེས་བརྗོད་པར་མི་བྱའོ།།ཤཱ་རིའི་བུ་འདི་ལྟ་སྟེ།དཔེར་ན་ཟ་མ་འམ་མ་ནིང་ནི་འདོད་པའི་འདོད་ཆགས་སྤངས་པའང་མ་ཡིན་ལ་འདོད་པ་ལ་སྟོན་པའ ་མ་ཡིནོ།།ཤཱུ་རིའི་བུ་དེ་དག་གིས་བུད་མེད་སྡུག་གུ་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེས་པས་ཟ་མ་འམ་མ་ནིང་རྣམས་ལས་ཕལ་ཆེར་བྱིན་པ་ནད་ཀྱིས་བཏབ་པར་འགྱུར།བྱིན་པ་འཛག ་བར་འགྱུར།བྱིན་པ་ཁར་བ་ལྟ་བུར་འགྱུར།བཞིན་དམར་པོར་འགྱུ་རོ།།ཤཱ་རིའི་བུ་ལོ་དི་ཇི་སྙམ་དུ་སེམས།ཟ་མ་འམ་མ་ནིང་གང་ཡིན་པ་དེ་ས་ལ་མ་འགྱེལ།དེའི་ལུས་ལ་མཚོན་གྱིས། ་མ་བཏབ་པར་ཅིའི་ཕྱིར་དེ་དག་བྱིན་པ་ན་བར་འགྱུར་སྙམ།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན ་འདས་ཟ་མ་འམ་མ་ནིང་ནི་བཙུན་མོའི་འཁོར་སྲུང་བ་ལགས་ཏེ།དེ་དག་བུད་མེད་སྡུག་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེ་ལགསོ།།དེ་དག་འདོད་ཆགས་ཀྱི་སེམས་ཀྱིས་ཉོན་མོངས། ་པ་ཁོལ་བར་འགྱུར་ཏེ།ཉོན་མོངས་པ་ཁོལ་བ་དེ་དག་གི་ལུས་ཁུ་ཆུས་རྒྱས་པར་གྱུར་པས་དེ་དག་འདོད་ཆགས་ཀྱི་གདུང་བས་གདུངས་པ་ན་བྱིན་པ་ཤིན་ཏུ་གས་པར་འགྱུར་ལགས ་ཏེ།དེ་ལྟར་དེ་དག་གི་ལུས་མ་རུང་བར་འགྱུར་ལགསོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཤཱ་རིའི ་མ་འམན་ནིང་ལསྐྱ་གང་དག་དུང་འགམན་ས་ཇོག་རྟེན་དུ་སྒོ་སྦྱིན་སྷོ།འཚར་སེམས་ཅན་དུམ་བར་འགྲོ་བར་འགྱུར་རོ།།ཤཱ་རིའི་བུ་དགེ་སློང་ཤཱ་དུ་རྣམས་འམ་གང ་འདོད་ཆགས་ཀྱིས་འཕྲོགས་པར་མི་འགྱུར་བའི་ཁྱད་པར་ལོ་ལྟོས།དེ་ཅིའི་ཕྱིར་ཞེ་ན།འདོད་པ་རྣམས་ནི་དངོས་པོ་མེད་པར་ཤེས།འདོད་པ་རྣམས་ནི་མི་གཙང་བར་ཤེས་ནས་དེ་དག་འདོད ་པ་རྣམས་ཀྱིས་སྐྱོ་ཞིང་ཡིད་བྱུང་ལ་མངོན་པར་མི་དགའ་ནས་ཚངས་པར་སྤྱད་པ་སྤྱོད་དེ།བཞིན་དང་འཕྲལ་བའི་མདངས་གསལ་བ་ཡིན་ནོ།།ཤཱ་རིའི་བུ་སྐྱེས་བུ་ངན་པ་རྣམས་ཀྱིས་ནི་སྐྱོ་བ་འམ ་ཡིད་འབྱུང་བར་མི་ནུ་སོ།།དེ་ཅིའི་ཕྱིར་ཞེ་ན།ཤཱ་རིའི་བུ་འདི་ལྟར་སྐྱེས་བུ་ངན་པོ་དེ་དག་ནི་འདོད་པ་ལ་ཀུན་ཏུ་རྟོག་པ་རྣམས་ཀྱིས་ཀུན་ཏུ་རྟོག་པ་རྣམས་དང་ལྡན་པའི་ཕྱིརརོ།།ཤཱ་རིའི་བུ་སྐྱེས ་བུ་ངན་པ་རྣམས་ཀྱིས་ཀུན་ཏུ་རྟོག་པ་རྣམས་གང་ཞེ་ན།གང་དག་མེད་པ་ལ་རྟོག་པར་བྱེད་པ་སྟེ།མི་གཙང་བ་ལ་གཅད་པར་རྟོགས་པར་བྱེད།འདུ་ཤེས་མེད་པ་ལ་འདུ་ཤེ་སུ་རྟོག་པར་བྱེད་འུང་རྗེ། ་བུད་མེད་དུ་རྟོག་པར་བྱེད།འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པར་རྟོག་པར་བྱེད་པ་སྟེ།ཤཱའི་འུ་དེ་ལྟ་བུ་དེ་དག་ནི་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་རྣམས་ཡི་ནོ།།ཤཱ ་རིའི་བུ་དེ་དག་ནི་ཟ་མ་དང་མ་ནིང་འདོད་པས་ཟིན་པ་རྣམས་ཀྱི་ལས་རྣམས་ཡིན་ཏེ།དེ་དག་སྐྱེས་བུ་དམ་པའི་ལས་རྣམས་ནི་མ་ཡིན་ནོ།།ཤཱ་རིའི་བུ་མ་ནིང་གང་ལ་ལ་ཞིག་སྐྱེས་བུ་ངན་པ ་རྣམས་ཀྱི་ཀུན་ཏུ་རྟོག་པ་དེ་ལྟ་བུ་དག་ལ་ཀུན་ཏུ་རྟོག་པར་བྱེད་པ་ནི་བདག་གིས་རེག་གོ་ཞེས་ཉམས་སུ་མྱོང་བར་བྱེད་དོ།།བུག་དཀའི་སྒོ་དང་ལྡན་པ་འདི་མི་གཙང་བ་འཛག་པ ་འདི་ལ་གཙང་བར་འདུ་ཤེས་སྐྱེད་པར་བྱེད།།འདི་དག་ཐམས་ཅད་ནི་བྱ་བ་མ་ཡིན་པ་སྟེ།དེ་དག་ནི་སྐྱེས་བུ་དམ་པའི་ལས་རྣམས་མ་ཡིནོ།།ཤཱ་རིའི་བུ་དགེ་སྦྱོང་ངམ།བྲམ་ཟེ་གང་ལ་ལ ་དག་འདོད་པའི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དེ་དག་ནི་བུད་མེད་ལ་ཀུན་ཏུ་རྟོག་ཅིང་མིག་ལ་མཚན་མར་འཛིན་པར་བྱེད་དེ།བཻ་ཌཱུརྱ་ལྟ་བུའི་འདུ་ཤེསུ་བྱེད་ལ ་ཆུའི་དབུ་བ་བཞིན་དུ་འདུ་ཤེས་སུ་ནི་མི་བྱེད།།ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་བོང་མོ་འབྲངས་པ་དང་།ཕསུ་མོ་འབྲངས་པ་ནི་འབྲངས་པས་ལུས་སྟོང་པར་འགྱུར་ཞིང་ལུས་ལས་ཤ་མ་མི ་གཙང་བ་བཙོག་པ་བལྟ་བར་བྱ་བ་མ་ཡིན་པ་འབྱུང་ངོ་།།ཤཱ་རིའི་བུ་མིག་ཀྱང་དེ་དང་འདྲ་བར་བརྗོད་དེ་འདི་ལྟ་སྟེ་དཔེར་ན་བོང་མོའི་ཤ་མ་འམ།ཕག་མོ་འམ།ཁྱི་མོའི་ཤ་མ་དང་འདྲ་བར ་མིག་ཀྱང་དེ་བཞིན་འདུག་སྟེ།མིག་གི་འབྲས་བུའི་ནང་དེ་ནི་ཆུའི་ཆུ་བུར་ལྟ་བུར་འདུག།དེ་ལྟར་མི་གཙང་བ་འབྱུང་ཞིང་དེ་ལྟར་མི་མཐུན་པ་སྟེ།རྣག་དང་ཁྲག་རབ་ཏུ་འཛག་ཅིང་མི་གཙང ་བ་རབ་ཏུ་འཛག།ཤཱ་རིའི་བུ་མི་གཙང་བ་རྣག་དང་ཁྲག་རབ་ཏུ་འཛག་ཅིང་ཆུའི་སྙིང་པོ་འཛག་པའི་ལུས་ལ་ཆགས་པ་གང་ཡིན་པ་དེ་ལྟ་བུ་ནི་མིག་ཅེས་བརྗོད་དོ།།ཤཱ་རིའི་བུ་འདི་ལ་རྒྱུ་གང ་གིས་མིག་ཅེས་བྱ་བ་འོ་ཨིཙྪ་ནཽ་གླང་རྐྱེན་ནཱི་བཥྚཱ་ནོན།དེ་ནི་ལུས་ཀྱི་གཙོ་བོ་ཡིན་ཏེ།གཟུགས་ལ་བལྟ་བས་ཐོག་མ་དང་།།དབུས་པ་དང་།མཐར་ངོམས་པ་མེད་ལ་ལུས་ཀྱིས་མི་དགེ་བ་རྒྱ་མཚོ་སྙེང་བྱེདདོ།། ་དེ་རྒྱུ་དེས་ན་མིག་ཅེས་རྣལ་གླིང་གིས་ན་མིག་ཅེས་བྱ་བ་ནི་སྟ་ནི་གང་རྐྱེན་ནི་ག་ཞེ་ན།མི་མཐུན་པའི་ཕྱིར།།ཤཱ་རིའི་བུ་མིག་གི་མི་མཐུན་པ་དེ་གང་ཞོན།གང་གི་ཟུངས ་མེད་པ་ལ་གཟུགསུ་འདུ་ཤེས་པ་དང་།ཚོར་བ་མེད་པ་ལ་ཚོར་བར་འདུ་ཤེས་པ་དང་།འདུ་ཤེས་མེད་པ་དང་།།འདུད་བྱེད་རྣམས་མེད་པ་དང་།རྣམ་པར་ཤེས་པ་མེད་པ་ལ་རྣམ་པར་། ་པར་འདུ་ཤེས་པའོ།།ཡང་འདི་ལ་རྒྱུ་གང་གིས་དེ་མིག་ཅེས་བྱ་བའི་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན།འདྲིས་དགེ་བ་སྤྱོད་པ་ཉམས་པར་བྱེད་དེ་རྒྱུ་དེས་ན་མིག་ཅེས་བྱའོ།།འདྲིས་དགེ་སློང་གི་དངོས་པོ་ལས་ཉམས ་པར་བྱེད་པས་ནི་མིག་ཅེས་བྱའོ།།ཤཱ་རིའི་བུ་མིག་ནི་མི་རྟག་པ།མི་བརྟན་པ།ཐེར་ཟུག་མ་ཡིན་པ་སྟེ།རྒྱུ་དེས་ན་མིག་ཅེས་བྱ་བར་ཤེས་པར་བྱའོ།།ཤཱ་རིའི་བུ་དགེ་སློང་མཁས་པ།མང་དུ ་ཐོས་པ།ཞུམ་པ་མེད་པ་རྣམས་ཀྱིས་ནི་མིག་བུད་མེད་མ་ཡིན།སྐྱེས་པ་མ་ཡིན།སྐྱེས་པ་ཅན་མ་ཡིན།སྲོག་མ་ཡིན།གསོ་བ་མ་ཡིན།གང་ཟག་མ་ཡིན་པ་དང་།ཤཱ་རིའི་བུ་དེ་བཞིན་དུ་སྦྱར ་ཏེ་རྣ་བ་དང་།སྣ་དང་།ལྕེ་དང་།ལུས་དང་།ཡིད་ནི་བུད་མེད་མ་ཡིན།སྐྱེས་པ་མ་ཡིན།སེམས་ཅན་མ་ཡིན།སྲོག་མ་ཡིན།གསོ་བ་མ་ཡིན།གང་ཟག་མ་ཡིན་ཏེ།དེ་དག་ནི་ཕུང་པོ་ལྔ་ལ ་ལ་ཕྱིན་ཅི་ལོག་པ་ལས་བྱུང་བའོ།།ཤཱ་རིའི་བུ་དགེ་སློང་ངམ།བྲམ་ཟེ་གང་དག་ཁ་ཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་མི་ཤེས ་པ་དེ་དག་ནི་འདོད་ཆགས་ཀྱི་ཡོངསུ་གདུང་བས་གདུང་བར་འགྱུར་ལ།ཁ་དོག་ངན་ཅིང་སྐྱ་སྐྱ་བོར་འགྱུར་རོ།།ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ཤིང་ལྗོན་པ་ཆེན་པོའི་ལོ་མ་འམ།ལྗོན་པའི་འབྲས་བུ ་སྨིན་པ་འཕྲུལ་པའི་ཚེ་སྐྱ་བོར་འགྱུརརོ།།ཤཱ་རིའི་བུ་དེ་བཞིན་དུ་དགེ་སློང་ངམ།དགེ་སློང་མོ་འམ།དགེ་བསྙེན་ནམ།དགེ་བསྙེན་མ་གང་དག་ཁ་ཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པ་དེ་དག་ནི་འདོད་ཆགས་ཀྱི་ཡོངསུ་གདུང་བས་གདུངས་པར་འགྱུར།ཁ་དོག་ངན་པར་འགྱུར།བསམ་པ་མི་གསལ་བར་འགྱུར།ཁ་དོག་ངན་ཅིང་བལྟ ་ན་མི་སྡུག་པར་འགྱུར་རོ།།ཤཱ་རིའི་བུ་དགེ་སློང་གང་དག་གསར་བུ་དར་ལ་བབ་པ།གཞོན་ནུ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་དེ་དག་ནི་འདོད་པ་རྣམས་དངོས་པོ་མདོ་ཞེས་འདོད་པ་རྣམས་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།།འདོད་པའི་རྟོག་པ་སྐྱེས་ནའང་མྱུར་བ་ཉིད་དུ་རབ་ཏུ་ཞི་བར་བྱེད་དེ།དེ་དག་མི་དགེ་བ་ཡིན་པར་ཤེས་པར་ཡང་བྱེད།།ཤཱ་རིའི་བུ་དེ་ལྟར་ན་དགེ ་སློང་དག་གིས་འདོད་པ་རྣམས་ཀྱི་ཉེས་དམིགས་མཐོང་ནས་འདོད་པ་དེ་དག་ལས་ཡིད་འབྱུང་བར་བྱེད།འདོད་ཆགས་དང་བྲལ་བར་བྱེད།མངོན་པར་དགའ་ནས་ཚངས་པར་སྤྱད་པ་སྤྱོད། ་བཞིན་དང་འཕྲལ་བའི་མདངས་གསལ་བར་འགྱུར་རོ།།ཤཱ་རིའི་བུ་འདི་ལྟ་སྟེ།དཔེར་ན་མི་ཞིག་གི་ལུས་ལ་ཅད་ཀྱིས་ཐེབས་ལ་རླུག་སྨིན་ནས་དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་རྨའི་ཁ ་བརྒྱད་ཁྲི་བཞི་སྟོང་ཡིད་ལ།རྨའི་ཁ་རེ་རེ་ལའང་སྲིན་བུའི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད།དེ་དག་མཆུ་རྣོ་ཞིང་མཆུ་ཁ་གཉིས་ན་ཡོད་ལ།ཁྭ་ཟས་ཡོངསུ་ཟོས་པ་རྣམས་ཀྱིས་ཚིམ་པར ་མི་འགྱུར་ཞིང་།དེ་མ་དག་མ་སྤུངས་པའི་དྲུང་དུ་འདུག་ན།ཇི་ཙམ་ན་སྲོག་ཆགས་དེ་དག་མེས་གདུངས་པར་གྱུར་པ་དང་།དེ་ལ་ཕྱིར་ཞིང་ཟ་བར་བྱེད་ཡོངས་སུ་ཟ་བར་བྱེད་ན།ཤཱ་རིའི་བུ་འདི་ཇི། ་སྙམ་དུ་སེམས།།མི་དེ་སྲོག་ཆགས་དེ་དག་གིས་ཟོས་པ་ཡིན་ནམ།འོན་ཏེ་མ་ཟོས།དེ་སྐད་ཅེས་བཀའ་སྩལ་པ་དང་།ཚེ་དང་ལྡན་པ་ཤཱ་རིའི་བུས།བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།།བཅོམ་ལྡན་འདས་བདག་ནི་འདི་ཐོས་པ་ཉིད་ཀྱིས་ལུས་ཀྱི་སྤུ་ཟིང་ཞེས་བགྱིད་པར་གྱུར་ན་མི་དེའི་མི་མཐུན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ།བཅོམ་ལྡན་འདས་མི་དེ་ནི་སྲོག ་ཆགས་ཀྱི་རིགས་དེ་དག་གིས་འཚལ་བ་ལགས་ཀྱི་མ་འཚལ་བ་ནི་མ་ལགས་སོ།།དེ་སྲོག་ཆགས་བརྐྱང་ཁྲི་བཞི་སྟོང་པོ་དེ་དག་གིས་ལུས་གཡའ་བར་བགྱིད་ཅིང་འདི་ལྟར་ཞི་བར་མི་བགྱིད ་ལ།བདེ་བ་ཐོབ་པར་ཡང་མི་བགྱིད་པ་ལག་སོ།།ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས།མི་དེའི་ལུས་རྣག་དང་ཁྲག་འཛེག་ཅིང་དེ་ལྟ་བུར་གྱུར་པ་དེ་སྨད་པར་བྱ་བ་ཡིན་ནམ།གསོལ་བ།སྨད་པར་བགྱི་བ ་།འགྱུས།མཱན་པ་རྒྱུག།།དཱུཿ། མི་འོས་།།ུ་པཱ།ཤཱནྟིའི་བཞིན་དུ་སློང་ལྟ་ཁས་པ་དག་ནི་འདི་ལ་སྨྲས་ཡང་དཤཱ་དུ ་སྟེ།དུང་མེད་ནི་འདི་། ། །།ནཔོ་འད་ད་ད་སྟན་འ་གྱུ ་འདིད་བྱ་རྣམས་ནི་དྲི་བའོ།།རྗོད་པ་རྣམས་ནཱི་མི་མཐུན་པའོ།།འདོད་པ་རྣམས་ནི་མི་གཙང་བའོ།།དོད་པ་རྣམས་ནི་བལྟ་བར་མི་འོས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་སྣརུམིམ།།ཤཱ་རིངས་སྐྱེས་པའི་ལུས་མ་མོང་པ་ལྟ་བླ་མ་ཡིན་པ།།བུད་མེད་ལ་ཆེས་ག་སྦྱིན་འི་ཚོཤེས་ལ་དྲིང་།ཤ་རིའིན་སྦྱིན་པའི་རྫོགས་ལྕེ་བ་དེ་དགའི་ཐུང ་གཅི་བའི་ལས་ན་གནས་ཏེ།སྤྲིན་རྒྱ་ཆོགས་ལ་སྦྱིན་དུ་རྒྱུ་ན་སོང་།རྒྱུན་ནྟུ་མུ་ཁྱུབ་སྦྱིན་མེད་དེ།དྲུགུ་དྷྲྀག་ཏུ་རྒྱུན་མྱེ་ང་བྱེ་མེད་ཀྱི་མ ་ད་དེས་ནཉན་མོངས་པ་དག་གིས་བུད་མེད་ལོས་པར་གི་ས་མོ་ཙྪ་སྟྭ~ཾ།འད་པ་ཡོངསུ་སྤྱད་བ་དག་གིས་ངོམ་པོ་མི་མྱོ།།ཤཱ་རིའི་བུདེ་ལྟར་ནི་སྤྱོད་པ་རྣམས་ནི་ཉེས་དམིག་ས་ཡི ་མཐོང་ན་དེ་དག་འདོད་པ་རྣམས་ལས་ཡིད་འབྱུང་བར་འགྱུར།འདོད་ཚོགས་དང་བྲལ་བར་འགྱུར་ཏེ།མངོན་པར་དགའ་ནས་ཚངས་པར་སྤྱད་པར་སྤྱོད་ཅིང་བཞིན་དང་འབྲལ་བའི་མདས ་གསལ་བ་ཡིནོ།།ཤཱ་རིའི་བུ་འདི་ནི་འདོད་པའི་ཕུང་པོ་ལས་བརྣམས་ནས་ཆོས་བསྟན་པ་ཡིན་ཏེ།ཤཱ་རིའི་བུ་འདོད་པ་ཡོངསུ་སྤྱོད་པ་དག་ལས་ཡིད་འབྱུང་བར་བྱའོ།།ཤཱ་རིའི་བུ་ཀུནྡ་ནས་ཉོན ་མོངས་པ་གང་ཞེ་ན།ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་རང་གིས་བྱས་པའོ།།ཤཱ་རིའི་བུ་རྣམ་པར་བྱང་བ་དང་རྣམ་པར་ཞི་བོ་གང་ཞེ་ན།ཤཱ་རིའི་བུ་རྣམ་པར་བྱང་བ་དང་རྣམ་པར་ཞི་བ་ནི་རང ་གིས་བྱས་པའོ།།ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་གང་།རང་གིས་བྱས་པ་ནི་གང་ཞེ་ན།ཆོསུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་གང་ཡིན་པའོ།།ཚེ་སུ་འདུ་ཤེས་པ་ལ་མངོན་པར ་ཞེན་པ་གང་ཞེ་ན།འདི་ལྟ་སྟེ།སྐྱེ་བར་འདུ་ཤེས་པ་དང་།འགག་པར་འདུ་ཤེས་པ་དང་།བདག་ཡོད་པ་དང་།བདག་མེད་པར་བདག་ཏུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་ཡོད་དེ།དེ་ནི ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩལ་ཏོ།།ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ལོང་བ་ཡིན་ཏེ།གཟུགས་ཀྱི་ཕུང་པོའོ་ཞེས་རློམ་སེམས་སུ་བྱེད།ཚེར་བ ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པའི་ཕུང་པོའོ་ཞེས་རློམ་སེམས་སུ་བྱེད་དེ།རློམ་སེམས་སུ་བྱེད་ན་འཆིངངོ་།།རློམ་སེམས་སུ་མི་བྱེད་ན་གྲོལ་ལོ།། ་ཤཱ་རིའི་བུ་རློམ་སེམསུ་བྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་ཕུང་པོར་འགྱུ་རོ།།ཤཱ་རིའི་བུ་བཅུ་པོ་འདི་དག་ནི་ཚུལ་ཁྲིས་འཆལ་བཱི་འཆལ་གྱི་ཚུལ་ཁྲིམས་ཀྱི་ཉེས་པ་ཡིན་ཏེབཅུ་གང་ཞེ་ན།ཚུལ ་ཁྲིམས་འཆལ་བ་ནི་འཆི་བའི་དུས་ཀྱི་ཚེ་གདུང་བར་འགྱུར་བ་དང་།དགེ་སློང་ཚུལ་ཁྲིམས་ཉམས་པ་འགྱོད་པར་འགྱུར་བ་དང་།མནར་མེད་པར་འགྲོའོ་ཞེས ་འཁོར་གྱི་ནང་ན་འདུག་ར་སྐྲག་པ་དང་ཁདག་ཉིད་ཚུལ་ཁྲིམས་ལ་སྐུར་བ་འདེབས་པ་དང་།མཽ་ག་ནི་སངས་རྒྱས་རྣམས་ཀྱིས་ཡོངསུ་སྤངས་བུ་དང་།བདག་ནི་ཉན་ཐོས་རྣམས་ཀྱིས་ཡོངས ་སུ་སྤངས་པ་དང་།བདག་ནི་ལྷ་རྣམས་ཀྱིས་ཡོངསུ་སྤངས་པའོ་སྙམ་པ་དང་།འཆི་བའི་ཚེ་འཇིགས་པ་དང་བཅས་པ་དང་།དྲནྡ་འགྲོར་འགྲོ་བ་དང་།མིའི་ལུས་ཐོབ་པར་དཀའ་བའོ།། ་རིའི་བུ་དེ་དག་ནི་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་སྟེ།ཚུལ་ཁྲིམས་འཆལ་པ་ནི་འཆི་བའི་དུས་ཀྱི་ཚེ་གདུང་བ་འབྱུང་བར་འགྱུ་རོ།།ཤཱ་རིའི་བུ་དེ་ལྟ་བས། ་ན་འདོད་པ་རྣམས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ།།ཤཱ་རིའི་བུ་འདི་ལ་དགེ་སློང་དགོན་པ་ན་གནས་པའམ།ཤིང་དྲུང་ན་གནས་པའམ།ཁང་སྟོང་ན་གནས་པའམ།བླ ་གབ་མེད་པ་ན་གནས་པ་ནི་འདོད་པ་རྣམས་ནི་དྲིང་བའོ།།འདོད་པ་རྣམས་ནི་མྱི་མཐུན་པའོ།།འདོད་པ་རྣམས་ནི་རྨའི་ཁ་ལྟ་བུའོ།།འདོད་པ་རྣམས་ནི་བལྟ་བར་མི་འོས་པའོ།།འདོད་པ ་རྣམས་ནི་སྨད་པར་བྱ་བའོ།།འདོད་པ་རྣམས་ནི་བཤང་བས་ཡོངསུ་གང་བའི་རོ་ལྟ་བུའོ་ཞེས་དེ་ལྟར་སོ་སོར་ཡང་དག་པར་སློབ་བོ།།དེ་དག་ནི་བྱིས་པ་འཕྱིར་བའི་སྤྱོད་ཡུལ་ཡིན་ཏེ།ཤཱ་རིའི ་བུ་བུད་མེད་ལ་སྟེན་པ་དང་བསྙེན་པོས་ཆག།ཤཱ་རིའི་བུ་བུད་མེད་ཀྱི་ལུས་ཕྱི་ས་དང་མཆིལ་མས་ཡོངས་སུ་གང་བ་དེ་ལ་སུ་ཞིག་དཀའ་སྟེ།།ཤཱ་རིའི་བུ་དེ་དག་ནི་འཇིག་རྟེན་གྱི་ཁྱེ་རོ་རུལ་བ་དང་འདྲ ་བར་སྨད་པར་བྱ་བ་ཡིནོ།།ཤཱ་རིའི་བུ་འདི་ལྟ་སྟེན་དཏྟེ་ན་གྱི་རོ་མི་གཙང་བ་རུལ་པ།དྲི་ང་བ།མདོག་མི་སྡུག་ཅིང་སྤྲོལ་པགས་པ་མུགས།སྲོད་ཆགས་ཀྱིས་ཡོངསུ་གང་བ་ཞིག་ལམ་ཀཱ་ན ་སྣང་ལ།དེའི་སྟེང་ན་ཆར་པའང་བབ་ཅིང་དེ་རླུང་བྲིས་ཀྱང་ཀུན་ནས་བཏག།དེར་མི་རྣམས་ཀྱང་ཀུན་ནས་འཁོར་བར་གྱུར་ཏེ།དེ་དག་གིས་དྲི་དེ་ཚེ་རན།ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས།མི་དེ ་དག་དྲི་མི་ཞིམ་པ་དེ་སྣོམ་པར་བྱེད་དམ།འོན་ཏེ་མི་སྣོམ།གསོལ་པ།བཅོམ་ལྡན་འདས་དེ་ནི་མ་ལག་སོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས།ཁྱི་རོ་དེ་ལ་རིག་པར་བྱེད་དམ།སྐྱོད་པར་བྱེད་དམ།མངོན་པར་དགའ་བར་བྱེད་ན་དེ་སྐྱེ་བོ་མང་པོས་བསྔགས་པར་བྱ་བ ་ཡིན་ནམ།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་མི་དེ་ནི་བལྟ་བར་དཀའ་སྟེ།དེ་ལ་བསྔགས་པར ་ག་ལ་བགྱིད།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཤཱ་རིའི་བུ་ཁྱི་རོ་དེ་ལ་འཁྱུད་པར་བྱེད་པའམ།སྤྱོད་པར་བྱེད་པའོ།། ་མངོན་པར་དགའ་བའི་མི་དེ་ལ་ནི་དེ་བཞིན་གཤེགས་པ་བསྔགས་པ་མཛད་ཀྱི།གང་ཞིག་བུད་མེད་ཡུལ་གྱི་བཟང་མོ་ན་ཆོད་ལྷོ་བཅུ་དྲུག་ལོན་པ་འམ།ལྷག་པ་ལྟ་བུ།གཟུག ་བཟང་བ།མཛེས་པ་བལྟ་ན་སྡུག་པ།ནུ་མ་རྒྱས་པས་མཛེས་པ།རྒྱན་གྱིས་བརྒྱན་པ།ཤིན་ཏུ་གཞོན་པ།རེག་ན་བདེ་བ།ནད་དང་བྲལ་བ་དེ་ལ་ཐེ་ན་རྐང་པའི་མཐེ་བོས་རེག་པར་བྱེད་པའི་མི་དེ་ལ ་ནི་དེ་བཞིན་གཤེགས་པས་བསྔགས་པར་མི་མཛད་དེ།ཤཱ་རིའི་བུ་ཡུལ་གྱི་བཟང་མོ་དེ་ལ་ཐ་ན་རྐང་པའི་མཐེ་བོས་རེག་པར་བྱེད་པའི་མི་བྱུང་ཟག་དེ་ལྟ་བུ་དེ་ནི་ཤིན་ཏུ་སྨད་པར་བྱ་བ ་ཡིན་ཏེ།ཁྱི་རོ་ད་ལ་འཁྱུད་པར་བྱེད་པ་འམ།སྐྱོད་པར་བྱེད་པའམ།མངོན་པར་དགའ་བར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ།།ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས།ཁྱི་རོ་ལ་འཁྱུད་པ་འམ། ་རེག་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རམ།།གསོལ་པ།བཅོམ་ལྡན་འདས་དེ་ནི་མ་ལགསོ།།བཀའ་སྩལ་པ།ཤཱ་རིའི་བུ་འདི་ལྟར་དགེ་སློང་གིས་འདོད་པ་རྣམས་ལ ་ཉེས་དམིགས་ཀྱི་འདུར་ཤེས་བསྐྱེད་པར་བྱའོ།།ཤཱ་རིའི་བུ་ཇི་ལྟར་ན་དགེ་སློང་གིས་ལུས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན།ཤཱ་རིའི་བུ་ལུས་འདི་ནི་གནོད་པ་མང་བའོ།། ་འཁྲུག་པ་མང་བའོ།།ཤཱ་རིའི་བུ་བུད་མེད་ཀྱི་ལུས་ལེ་ནི་སྐྱེས་པའི་ལུས་ལ་ཡོད་པ་ལྟ་བུ་མ་ཡིན་པ་ཆེས་ལྷག་པ་སྲིན་བུའི་ཚོགས་ཉི་ཤུ་རྩ་ལྔ་ཡོད།ཤཱ་རིའི་བུ་བུད་མེད་ཀྱི་མགོ་གླང ་པའི་ནང་ན་སྲིན་བུའི་ཚོགས་འཕྲོག་བྱེད་ཅེས་བྱ་བ་དག་ཡོད་དུ།དེ་དག་དུད་མེད་ཀྱི་བླད་པ་ལ་ཟླ་བར་བྱེད་དེ།ཤཱ་རཱིའི་བུ་བུད་མེད་ཀྱི་སྣའི་ནང་ན་སྲིན་བུའི་ཚོགས་ཁ་རྫོགས་ཞེས་བྱ་བ་དྲུག་ཡོད་དེ་དེ ་ངག་བུད་མེད་ཀྱི་ཁ་སྤུལ་ཟ་སྟེ།དོས་ན་བུད་མེད་ལ་ཁ་སྤུ་མི་སྐྱེའོ།།ཤཱ་རིའི་བུ་བུད་མེད་ཀྱི་རྣ་ཁུང་ན་སྲིན་བུའི་ཚོགས་ཟ་བར་བྱེད་པ་ཞེས་བྱ་བ་དག་ཡོད་དེ།དེ་དག་བུད་མེད་ཀྱི་རྣ་བཱ་ལ་ཟ ་ཞིང་བུད་མེད་ཀྱི་རཱུ་བ་འབིགས་པར་བྱའོ།།ཤཱ་རིའི་བུ་བུད་མེད་ཀྱི་མགྲིན་པའི་མཚམས་དང་མགོ་བོའི་མཚམས་ལ་སྲིན་བུའི་ཚོགས་ཞེ་ན་བྱེད་ཅེས་བྱ་བ་དག་ཡོད་དེ།དེ་དག་བུད་མེད་ཀྱི་རྣ་བ ་ཟ་ཞིང་བུད་མེད་ཀྱི་རྣ་བ་འབིགས་པར་བྱེད་ལ་མིག་ཀྱང་རྣོ་བར་བྱེདདོ།།ཤཱ་རིའི་བུ་སྐྱེས་པའི་རྣ་བ་ལ་མི་འབིགས་ཀྱི་བུད་མེད་ཀྱི་རྣ་བ་ལ་འབིག་སོ།།ཤྨ་རིའི་བུ་བུད་མེད་ལ་སྲིན་བུའི་ཚོགས ་ཨ་བ་ར་བ་ན་ཞེས་བྱ་བ་དག་ཡོད་དེ།དེ་དག་རྟག་ཏུ་རྒྱན་མི་འཚོད་པར་བུད་མེད་ཀྱི་ཁྭ་ལ་བཱ་སྟེ།དེས་ན་བུད་མེད་ཀྱི་མགུལ་དམའ་བ་ཡིན་ཏེ།སྐྱེས་པ་ལ་ནི་དེ་ལྟ་བུ་མེད་དོ།།བཟའ་བ་དང་བཅའ ་ག་ཁར་བཅུག་མ་ཐོག་ཏུ་ཐོག་མར་དེ་དག་ཟ་བར་བྱེད།།དེ་དག་ཉལ་ཉིལ་བུད་མེད་ཀྱི་ནུ་མའི་ནང་དུ་འཇོག་སྟེ།དེས་ན་བུད་མེད་ནུ་མ་འཕྱང་བ་ཡིནོ།།གང་གི་ཚེ་བུད་མེད་སྦྲུམ་པར་གྱུར་པ་དེའི་ཚེ་སྲིན ་བུ་དེ་དག་ཀྱང་སྦྲུམ་པར་གྱུར་ཏེ།དེས་ན་བུད་མེད་ཀྱི་ནུ་ཞོ་མང་བ་ཡིན་ནོ།།ཤཱ་རིའི་བུ་བུད་མེད་ཀྱི་ལུས་ཀྱི་ནང་མངལ་གྱི་གནས་གང་ན་མངལ་ཡོད་པའི་ཕྱོགས་དེ་ན་སྲ་ནི་བུ་ཟད་པར་བྱེད་པ ་དཔའ་བ་ཞེས་བྱ་བ་དག་ཡོད་དེ།།དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་ཅེས་བྱ་བ་དག་བསད་ནས་ཟའོ།།དེ་དག་སྲིན་བུ་རབ་ཏུ་ལྡུག་བྱེད་དེ་དག་མ་རྙེད་ན་དེ་དག་ཀྱང་འཆིའོ། ་སྲིན་བུའི་ཚོགས་དེ་གཉིས་ཀ་ཤི་སྟེ་མེད་པ་དང་།ཕ་མ་འདུས་པ་ལས་མངལ་ཆགས་པར་འགྱུ་རོ།།ཤཱ་རིའི་བུ་བུད་མེད་ཀྱི་ལུས་ལ་ལུས་ཀྱི་ནང་སྐྱེ་གནས་ཀྱི་སྒོ་ན་སྲིན་བུའི་ཚོགས་བཞི ་ཡོད་དེ།འདི་ལྟ་སྟེ།མཆུ་མཆོག་ཅེས་བྱ་བ་དང་།གོང་བུ་སྲེད་ཅེས་བྱ་བ་དང་།རླུང་འབྱིན་ཅེས་བྱ་བ་དང་།འདོད་ལེན་ཅེས་བྱ་བ་སྟེ།དེ་དག་རྟོག་ཏུ་རྒྱུན་མི་འཆད་པར་བུད་མེད་ཀྱི་ལུས ་ལ་ཟ་སྟེ།དེས་ན་བུད་མེད་ཉོན་མོངས་པ་རྣམས་ཀྱིས་ཤིན་ཏུ་འབར་བར་བྱས་ཏེ།འདོད་པ་ཡོངསུ་སྤྱད་པས་མི་ངོམས་པ་ཡི་ནོ།།དེ་ལྟ་བས་ན་དེ་བཞིན་གཤེགས་པས་བུད་མེད་ཀྱི་སྐྱོན ་ཆེས་ལྷག་པ་དེ་དག་མཁྱེན་ནས་བསླབ་པའི་གཞི་ལྷག་པ་དང་བཅའ་བར་མཛད།།ཤཱ་རིའི་བུ་ཆོས་ཀྱི་ཕུང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དང་ཡང་དུ་འཁོར་བཞི་པོ་དག་ལ་སྟོན་ཅིག། ་དེ་ཅིའི་ཕྱིར་ཞེ་ན།འདོད་པ་རྣམས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར།ལུས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར་བའི་ཕྱིརརོ།།ཤཱ་རིའི་བུ་དེ་ལྟར་ལུས་འདི་བཅོས་མ ་ཡིན་པར་ཤེས་ནས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མ་གཏོགས་པར་སུ་ཞིག་འདོད་པ་རྣམས་ལ་སྟེན་པར་བྱེད་དེ་དེ་ནི་གནས་མེད་དོ།།ཤཱ་རིའི་བུ་དེ་ལྟ་བས་ན་ལུས་འདི ་ལ་མངོན་པར་དགའ་བར་མི་བྷ།ལྷག་པར་ཆགས་པར་མི་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུངས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང ་འདི་སྐད་ཅེས་བཀའ་སྩལ་ཏོ།།ལུས་ནི་མི་གཙང་ལས་བྱུང་སྟེ།།རྟག་ཏུ་སྲོག་ཆགས་རྣམས་ཀྱང་གནས།།གཅིན་དང་རྟུག་པས་རབ་གང་ན།།དེ་ལ་བྱིས་པ་རབ་ཏུ་ཆགས།།དགེ་སློང་བ་དང་དགེ ་སློང་མ།།དགེ་བསྙེན་པ་དང་དགེ་བསྙེན་མ།།འདི་ཐོས་ནས་ནི་འདོད་ཆགས་འབྲལ།།འདོད་ཆགས་བྲལ་ནས་རྣམ་པར་གྲོལ།།ཆོས་དང་ལྡན་པ་རྣམས་ལན།།ཉེས་པ་འདི་དག་ངས་མ་བསྟན།། ་གང་དག་འདོད་ལ་ལོངས་སྤྱོད་པ།།དེ་དག་ལ་ནི་སྐྱོན་རྣམས་བཤད།།སངས་རྒྱས་ཀྱིས་ནི་བསྟན་པ་བཞིན།།བུད་མེད་མཐོང་ན་སུ་རྟོག་སྟེ།།ཡང་དག་བསྐུལ་བ་ཤྲཱིས་ནས།།མཁས་པ་དངག ་རྟོག་མ་བྱེད།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚེ་དང་ལྡན་པ་ཤཱ་རིའི་བུཾ་དང་།།ལྷ་དང་།མི་དང་།ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན ་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེ་ནི་ཅིའི་མདོ་རྫོགས།།རྒྱ་གར་གྱི་མཁན་པོ་པྲདྡྷ་བར་མ་དང་།ཞུ ་ཆེན་གྱི་ལོ་ཙཱ་པ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།རྒྱ་གར་སྐད་དུ།ཨཱརྱ་བ་ར་མནྟ་དྷརྨའི་ཛ་ཡ་ནཱ~ཾ་མ་མ་ཧཱ་ཡཱ་ན་སུ་ཏྲ།བོད་སྐད་དུ ་