| Wylie | e-texts produced with BDRC’s OCR application |
སྐད་དུ།འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྨ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ཚུལ་ལོ།།འདི་སྐད་བདག་གིས་ཐེ་སྟེ་པདུས ་གཅིན་ནཱ།བཅོམ་ལྡན་འས་འི་ཉན་མངོན་རྒྱལ་བ་རྒྱ་བྱུད་ཀྱི་ཚུལ་ན་སྒྲིས་མ་ས་ཁྱིམ་པའི་འཁོར་གྱི་བྱམས་ན་འཇུགས་ཏེ།དེ་ཆ་སྨྱིག་ས་ལས་བྱས་པའི་འཁོར་གྱི ་འདུས་ཤིང་འཁོད་པའི་བྱུང་ཆུབ་ཁམས་དང་ར་ཏུ་ཡོང་པོ་དག་འདི་སྙམ་དུ་སེམས་ཏེ།བདག་ཅག་གིས་དེ་ལྟར་གནས་པར་བྱ།ཇི་ལྟར་སྒྲིབ་པར་བྱ།ཇི་ལྟར་རྡུལ་འབྱོར་དུ ་སེམས་ཅན་རྣམས་མ་སུཾ་སྨིན་པར་བྱ་སྙམ་པ་དང་།།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བང་ཏུ་མང་བ་དེ་དག་གི་བསམ་པ་མཁྱེན་ནིས་སྨྱིག་མ་ལོས་རྒྱ ་པའི་འཁོར་གྱི་ཁྱམས་གོ་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཏིང་བ་ལ་བཞུགསོ།།བཞུགས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ ་ཏོ།།རིགས་ཀྱི་བུ་དག་ལེགསོ་ལེག་སོ།།ཁྱོད་ཀྱི་རྟོག་པ་ནི་བཟང་ངོ་།།ཡིད་ཀྱི་དྲི་བ་ནི་མཛེས་སོ།།སྤོབས་པ་ནི་དགེའོ།།ཡིད་ལ་བྱ་བ་ནི་ཚུལ་བཞིན་ནོ།།རིགས་ཀྱི་བུ་དག་དེའི་ཕྱིར་ལེགས་པར ་ར་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་གང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྟོན་པར་བྱེད་པ་དང་།སངས་རྒྱས་ཀྱི་ཆོས ་ཐམས་ཅད་རྗོད་པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ངས་ཁྱེད་ལ་བཤད་དོ།།བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། ་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་དག་དེ་ལྟ་བུས་ན་མྱ་ངན་ལས་འདས་པའི་བསམ་པ་ཅན་དུ་གྱིས་ཤིག།འཁོར་བར་སྦྱོར་བ་ཅད་དུ་གྱིས་ཤིག། ་འཁོར་བ་དང་མྱ་ངན་ལུས་འདས་པ་ལའང་གནས་པར་མི་བྱེད་ཅིག།དེ་དག་གིས་གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མྱ་ངོནམས་འདས་པའི་བསམ ་པ་ཅན་དང་འཁོར་བར་སྦྱོར་བ་ཅན་ལགས།ཇི་ལྟར་ན་འཁོར་བ་དང་།མྱ་ངན་ལས་འདས་པ་ལའང་མི་གནས་པ་ལགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཆི་བ་མེད་པའི ་བྷྲི་གལ་རེག་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པའི་བསམ་པནྡན་ཡིན།དགེ་བའི་བྱང་བསགས་དྲའི་ཕྱིར་འཁོར་བར་སྦྱོར་བཙུན་ཡིན།འཕགས་པ་དང་སོ་སོ་སྐྱེ་བ་དྲུག ་སྟེན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འོངས་པ་ལའང་མི་གནས་ཏེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་རང་གི་སེམས་ཡོངསུ་སྦྱོངས་ཤིག།ཕ་རོལ་གྱི་སེམས་སྲུངས་ཤོག།སེམས ་དཔའ་བ་ཅན་དུ་ཀྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རང་གི་སེམས་ཡོངསུ་སྦྱོང་བར་དཔྱིད་པ་ལགས།ཇི་ལྟར་ན་གཞན་གྱི་སེམས་སྲུང་བ ་ལགས།ཇི་ལྟར་ན་སེམས་དཔའ་བ་ཅན་ལགས།བཀའ་སྩལ་པ།ཉོན་མོངས་པ་སེལ་བས་རང་གི་སེམས་ཡོངསུ་སྦྱོང་བར་བྱེད་པ་ཡིན།ཁོང་ཁྲོ་བ་མེད་པས་གཞན་གྱི་སེམས་སྲུང་བ་ཡིན། ་བྱང་ཆུབ་ཀྱི་སེམས་མི་གཏོང་བས་སེམས་དཔའ་བ་ཡིན་ཏེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་བྱ་བ་དང་ཡོང་འགོལ་བར་མ་བྱེད་ཅིག།བྱ་བ་མ་ཡིན་པ་ལའང་སྣང་བར་གྱིས་ཤིག། ་བྱས་པ་ལ་ལན་རེ་བ་མེད་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བགྱི་བ་དང་མི་འགལ་བར་བགྱིད་པ་ལགས།ཇི་ལྟར་ན་མི་བགྱི་བ་ལའང ་གདའ་བ་ལགས།ཇི་ལྟར་ན།བགྱི་བ་ལ་ལན་རེ་བ་མ་མཆིས་པ་ལགས།བཀའ་སྩལ་པ།།བྱ་བ་དང་འགལ་བར་མི་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ལ་འཇུག་པས་ལས་ཀྱི ་རྣམ་པར་སྨིན་པ་ལྔ་ཡིད་ཆེས་པར་བྱའོ།།དྱ་བ་མ་ཡིན་པ་ལ་སྨད་པ་ནི་སྙིང་རྗེ་ཆེན་པོ་ལ་འཇུག་པའོ།།བྱས་པ་ལ་ལན་རེ་བ་མེད་པ་ནི་ལན་དུ་ཕན་འདོགས་པ་རེ་བ་མེད་པ་སྟེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་པ ་ལྟེལྟ་བས་ན་དུས་མ་ཡིན་པར་ནམ་ལྡང་ཅིག།དུས་ལ་བབ་ན་ནི་མ་ཉིལ་ཅིང་།།ཉལ་བ་རྣམས་ནི་སློངས་ཤིག།རྟག་ཏུ་ནི་ཉོལ་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་རྣམས་དུས་མ་ལགས་པར་མི་ལྡང་བ་ལགས།ཇི་ལྟར་ན་དུས་ལ་བང་ན་མི་ཉལ་བ་ལབྲས།ཇི་ལྟར་ན་ཉལ་བ་རྣམས་སློང་བ་ལགས།ཇི་ལྟར་ན་རྟག་ཏུ་ཉལ་བ་འམས།བཀའ་སྩལ་པ།དུས་མ ་ཡིན་པར་མི་ལྡང་བ་ནི་སྣོད་འགྱུར་བ་རྣམས་ལ་ཆོས་མི་བསྟན་པའོ།།དུས་ལ་བབ་ན་མི་ཉལ་བ་ནི་སྣོད་དུ་གྱུར་པ་ལས་འདའ་བར་མི་བྱའོ།།ཉལ་བ་རྣམས་བསླང་བ་ནི་དུས་དང་དུས་མ་ཡིན་པས་བསྐུལ ་བའོ།།རྟག་ཏུ་ཉལ་བཱི་ན་སྙོམས་པར་འཇུག་པ་ལས་མི་ཉ་ལ་སྟེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་བརྟན་པ་མེད་པར་གྱིས་ཤིག།ཡིད་བརྟན་པ་གཞིག་པར་གྱིས་ཤིག།ཡིད ་མ་བརྟན་པ་རྣམས་ལྔ་ཡིད་བརྟན་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་མི་རྟོན་པ་ལགས།ཇི་ལྟར་ན་ཡིད་བརྟན་པ་འཇིག་པར ་འབྱེད་པ་ལགས།ཇི་ལྟར་ན་ཡིད་མ་བརྟན་པ་རྣམས་ལ་ཡིད་རྟོན་པ་ལེགས།བཀའ་སྩལ་པ།ཡིད་མི་བརྟན་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད ་མི་གཞག་པའོ།།ཡོད་བརྟན་པ་ཞིག་པར་བྱ་བ་ནི་སྙོམས་པར་འཇུག་པ་བཟློག་པའོ།།ཡིད་མ་བརྟན་པ་རྣམས་ལ་ཡིད་བརྟུན་པར་བྱ་བ་ནི་ལོག་པར་ཞུགས་པ་རྣམས་ལ་སྟེར། ་ནི་ཚུལ་ལོ།།རིགས་ཀྱི་བུ་དགྲ་དེ་ལྟ་བས་ན་ནོར་དྲུང་ལྡན་པར་གྱིས་ཤིག།བྱས་པ་ཤེས་པ་མེད་པར་སྦྱོར་ཅིག།ཅི་ལའང་ལན་རེ་བར་མ་བྱེད་ཅིག།རྙེད་པ་ཆེན ་པོས་ཉེ་བར་འཚོ་བར་གྱིས་ཤིག།གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ནི་བྱང་ཆུབ་སེམས་དཔའ་རྣམས་ནོར་དང་ལྡན་པ་ལོགས།ཇི་ལྟར་ན་བྱས་པ་འཚལ་བ་མ་མཆིས་པར་སྦྱོར ་ལགས།ཇི་ལྟར་ན་ཅི་ལའང་ལྡན་མི་རེ་བ་ལགས།ཇི་ལྟར་ན་རྙེད་པ་ཆེན་པོས་ཉེ་བར་འཚེ་བ་ལགས།བཀའ་སྩལ་པ།ནོར་དང་ལྡན་པ་ཞེས་བྱ་བ་ནི་ནོར་བདུན་དང་ལྡན་པའོ།།བྱས ་པ་ཤེས་པ་མེད་པར་སྦྱར་བ་ནི་སེར་སྣ་ཅན་རྣམས་སྦྱིན་པ་ལ་སྦྱར་བ་དང་།ཤེས་རབ་འཚལ་པ་རྣམས་ཤེས་རབ་ལ་སྦྱར་བའོ།།ཅི་ལའང་ལན་རེ་བ་མེད་པ་ནི་རང་གི་དགོས་པ་ལའང་ནུན ་ཏན་དུ་བྱ་བའོ།།རྙེད་པ་ཆེན་པོས་ཉེ་བར་འཚོ་བི་ནི་བླ་ན་མེད་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་བ་སྟེ་དེ་ནི་ཚུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆགས་པའང་ཤེས་པར་གྱིས ་ཤིག།ཆགས་པ་རྣམས་ལའང་སྤྱོད་ཅིག།ཆགས་པ་ལ་ཞེན་པ་རྣམས་ལའང་ལྟོས་ཤིག།ཆགས་པ་མེད་པ་ལའང་སྲུངས་ར་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་ལ་ཆགས་པ་འཆལ་བ་ལགས།ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས།ཇི་ལྟར་ན་ཆགས་པར་ཞེན་པ་ལ་ལྟ་བ་ལགས།ཇི་ལྟར་ན་ཆགས་པ་མ་མཆིས་པ་སྲུང་བ་ལགས།བཀའ་སྩལ ་པ།ཆགས་པ་ཤེས་པར་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ།།ཆགས་པ་རྣམས་ལ་སྤྱད་པ་ནི་སྐྱེ་མཆེད་དྲུག་བཅད་པའོ།།ཆགས་པར་ཞེན་པ་ལ་ལྟ་བ་ནི་སོ་སོའི་སྐྱེ་བོ ་ཡོངསུ་སྨིན་པར་བྱ་བའོ།།ཆགས་པ་མེད་པ་སྲུང་བ་ནི་སྐྱོན་མེད་པར་མི་འཇུག་པ་སྟེ།དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིགས་པར་གྱིས་ཤིག།མངོན་པར་དགའ་བ་མེད་པར ་གྱིས་ཤེག།སྙིང་རྩེ་བ་མེད་པར་གྱིས་ཤིག།སྙིང་རྗེ་བོ་མེད་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཇིགས་པར་བགྱིད་པ་ལགས།ཇི ་ལྟར་ན་མངོན་པར་དགའ་བ་མ་མཆིས་པ་ལགས།ཇི་ལྟར་ན་སྙིང་བརྩེ་བ་མ་མཆིས་པ་ལགས།ཇི་ལྟར་ན་སྙིང་རྗེ་བི་མ་མཆིས་པ་ལགས།བཀའ་སྩལ་པ།འཇིགས་ཞེས་བྱ་བ་ནི་ཉན་ཐོས ་རང་རང་སངས་རྒྱས་ཀྱི་སས་འཇིགས་པའོ།།མངོན་པར་དགའ་བ་མེད་ཅེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་དགའ་བ་མེད་པའོ།།སྙིང་བརྩེ་བ་མེད་པ་ནི་ཕྱི་རོལ་གྱི་དངོས ་བོ་རྣམས་ཡོངསུ་བཏང་བ་ལའོ།།སྙིང་རྗེ་བ་མེད་པ་ནི་ནང་གི་དངོས་པོ་མགོ་ལ་སོགས་པ་ཡོངསུ་བཏང་བ་ལ་སྟེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དེ་ལྟ་བས་ན་བདེན་པའང་ཁོང་དུ་ཆུད་པར་གྱིས་ཤིག། ་བརྫུན་དུ་སྐ་འདྲ་སྤང་ཞིང་ཀླག་སོལ་པ།བཅོམ་ལྡན་ནས་ཇི་ལྟར་ན་བྱང་ཆུབ་སེམས་དངའ་རྣམས་བདན་འཁོང་དུ་ཆུད་པར་བགྱི་བ་ལགས།ཇི་ལྟར་ན་བརྫུན་དུ་སྨད་ན ་མི་སྤོང་བ་ལགས།བཀའ་སྩལ་པ།བདེན་འཁོང་དུ་ཆུད་པར་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་འདུལ་བའི་ཕྱིར་རོ།།བརྫུན་དུ་སྨྲ་བ་མོ་སྤང་བ་ནི་འདུས་བྱས་ལ་ཉེ་བར་སྤྱོད་པའི་ཕྱིར་ཏེ་དེ་ནི ་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པར་བགྱིས་ཏེ།ཚུ་རོལ་གྱི་ངོགས་ལ་བལྟ་བར་གྱིས་ཤིག།ཕ་རོལ་ཏུ་ཕྱིན་པར་མ་བྱེད་པར་ཕ་རོལ་གྱི་ངོགས་ལོ་བལྟ་བར་གྱིས ་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་ཅིང་ཚུ་རོལ་གྱི་ངོགས་ལ་བལྟ་བོ་ལགས།ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པར་མི་བགྱིད་ཅིང་ཕ ་རོལ་གྱི་ངོགས་ལ་བལྟ་བ་ལགས།བཀའ་སྤྲུལ་པ།ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་།སྤྱོད་པ་དང་།བསམ་པ་ལའོ།།ཚུ་རོལ་གྱི་ངོགས་ལ་བལྟ་བ་ནི་སེམས་ཅན ་ཐམས་ཅད་ཡོངསུ་སྨིན་པར་བྱ་བའི་ཕྱིརརོ།།ཕ་རོལ་ཏུ་ཕྱིན་པར་མི་བྱ་བ་ནི་ཕ་རོལ་བསྒྲོལ་བའི་ཕྱིརརོ།།ཕ་རོལ་གྱི་ངོགས་ལ་ལྟ་བ་ནི་རྟག་ཏུ་མྱ་ངན་ལས་འདའ་བ་ལ་གཞོལ་བར་བྱ་སྟེ་དེ་ནི ་ཚུཆུལོ།རིགས་ཀྱི་བུ་དཔེ་དེ་ལྟ་བོས་ན་རྟོག་ཏུ་མི་མཐུན་པར་ཡང་གྱིས་ལ་རྩོད་པ་མེད་པ་མཆོག་ཏུའང་གྱིས་ཤིག།བྱམས་པ་ལའང་གནས་ལ་སྐྱོན་ཡང་མཐོང་བར་གྱིས་ཤིག།གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་མི་མཐུན་པར་བགྱིད་པ་དང་།རྩོད་པ་མ་མཆིས་པ་མཆོག་ཏུ་བགྱིད་པ་ལགས།ཇི་ལྟར་ན་བྱམས་པ་ལ་གནས་ཤིང་སྐྱོན་ཡང་མཐོང་བ ་ལགས།བཀའ་སྩལ་པ།རྟག་ཏུ་མི་མཐུན་པར་བྱེད་པ་ནི་དམ་པའི་ཆོས་ཡོངསུ་གཟུང་བའི་ཕྱིརརོ།།རྩོད་པ་མེད་པ་མཆོག་ཏུ་བྱེད་པ་ནི་བསམ་པ་དག་པའི་ཕྱིརརོ།།བྱམས་པ་ལ་གནོས་པ་ནི་སེམས་ཅན ་ཡོངསུ་བསྒྲུབ་པའི་ཕྱིར་རོ།།ཉེས་པ་མཐོང་བ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་དྲ་ན་མཿའ་ཟས་མ་བྱེད་ཅིག།མི་ཟད་པར་ཡང་ལྟུང་བར་མ་བྱེད་ཅིག།ཟད ་བའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པར་གྱིས་ཤིག།གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཟད་པ་ཟད་པར་མི་བགྱིད་པ་ལགས།ཇི་ལྟར་ན་མི་ཟད་པར་མི་ལྟུང་བ ་ལགས།ཇི་ལྟར་ན་ཟད་པའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པ་ལགས།བཀའ་སྩལ་པ།ཟད་པ་ཞེས་བྱ་བ་ནི་འདུས་བྱས་སོ།།མི་ཟད་པ་ཞེས་བྱ་བ་ནི་འདུས་མ་བྱསོ།།དེ་ལ་བྱང་ཆུབ་སེམས་དཔས ་དགེ་བའི་རྩ་བ་བསགས་པའི་ཕྱིར་འདུས་བྱས་ཀྱང་ཟད་པར་མི་བྱའོ།།ཐབས་ལ་མཁས་པས་འདུས་མ་བྱས་སུའང་ལྟུང་བར་མི་བྱའོ།།ཟད་པའི་ཆོས་ཉིད་ཁོང་དུ་ཆུད་པར་བྱ་བ་ནི་མི་རྟག་པའི་མཐར ་འགྱུར་བ་སྟེ་དེ་ནི་ཚུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་མུན་པོའི་ནང་ནའང་གནས་པར་གྱིས་ཤིག།སྣང་བའང་ཟིན་པར་གྱིས་ཤིག།མི་བྱ་བ་ནི་གྱིས་ཤིག།བྱ་བ་ནི་ཡལ་བར་ཞོག་ཅིག ་གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མུན་པའི་ནང་ན་གནས་པ་ལགས།ཇི་ལྟར་ན་སྣང་བ་ཟིན་པ་ལགས།ཇི་ལྟར་ན་མི་བགྱི་བ་བགྱིད ་བ་ལགས།ཇི་ལྟར་ན་བགྱི་བ་ཡལ་བར་གཞོག་པ་ལགས།བཀའ་སྩལ་པ།མུན་པ་ཞེས་བྱ་བ་ནི་མི་ཤེས་པ་སྟེ།དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་མི་ཤེས་པ་རྣམས ་ཀྱི་དོན་དུ་བདེན་པ་ཐོབ་པར་བྱའོ།།སྣང་བ་ཞེས་བྱ་བ་ནི་ཤེས་རབ་སྟེ།ཤེས་རབ་དེས་ཀྱང་མུན་པ་བསལ་བར་བྱའོ།།མི་བྱ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ།།བྱ་བ་ཞེས་བྱ་བ་ནི ་མངོན་པར་འདུ་བྱ་བ་མེད་པའོ།།དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་གཞག་པར་བྱ་སྟེ་དེ་ནི་ཚུའོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ཟབ་མོའི་ཆོས་ཀྱི་སྣང་བ་ལའང་གནས་པར ་གྱིས་ཤིག།སྣང་བའི་ཆོས་རྣམས་ལརང་བརྙས་པར་མ་བྱེད་ཅིག།སྣང་བ་དང་མི་སྣང་བ་ལའང་མི་གནས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་རྣམས་ཟབ་མོའི་ཆོས་ཀྱི་སྣང་བ་ལ་གནས་པ་ལགས།ཇི་ལྟར་ན་སྣང་བར་གྱུར་པའི་ཆོས་རྣམས་ལ་བརྙས་པ་མ་མཆིས་པ་ལགས།ཇི་ལྟར་ན་སྣང་བ་དང་མི་སྣང་བ་ལ་མི་གནས་པ་ལགས།། ་བཀའ་སྩལ་པ།ཟབ་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ།དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་བ་ཐམས་ཅད་དང་བྲལ་བས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར ་འབྱུང་བ་ཡིན་པར་རིག་པར་བྱའོ།།ཆོས་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བས་སྣང་བར་གྱུར་པ་དེ་དག་ལའང་སེམས་ཅན་ཡོངསསུ་སྨིན་པར་བྱ་བའི་ཕྱིར་བརྙས་པར་མི་བྱའོ།།སྣང་བ་དང་མི་སྡང ་བ་ལ་གནས་པར་མི་བྱ་བ་ནི་གཉིས་དང་བྲལ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་ཡང་དག་པར་བསྡུ་བར་བྱ་བ་དེ་ལ་འདོད་པ་མེད་པར་གྱིས་ཤིག།ཡང་དག་པར་བསྡུ ་བའི་ཕྱིར་ཡང་བརྩོན་འགྲུས་མ་གློད་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་ཡང་དག་པར་བསྡུ་བར་བགྱི་བ་དེ་ལ་འདོད་པ་མ་མཆིས་པ་ལགས། ་ཇི་ལྟ་རོ་ན་ཡང་དག་པར་བསྡུ་བར་བགྱི་བའི་སླད་དུ་བརྩོན་འགྲུས་ལྷོད་པར་མི་བགྱིད་པ་ལགས།བཀའ་སྩལ་པ།ཡང་དག་པར་བསྡུ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམ་སོ།།དེ་ལ་འདོད་པ་མེད ་པ་ནི་མི་ལྟ་བར་སེམས་ཅན་རྣམས་ལ་གཏང་བའོ།།ཡང་དག་པར་བསྡུ་བ་ལ་བརྩོན་འགྲུས་མི་གློད་པར་དགེ་བའི་རྩ་བ་ལ་ངོམས་མི་ཤེས་པར་བརྩོན་པར་བྱེ་བ་སྟེ་དེ་ནི་ཚུ་ལོ།།རིགས་ཀྱི་བུ ་དག་དེ་ལྟ་བས་ན་གཏིང་དཔག་དཀའ་བར་ཡང་གྱིས་ཤིག།སྤྱོད་པ་གསལ་བ་ལའང་སྣང་བར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཏིང ་དཔག་དཀའ་བ་ལགས།ཇི་ལྟར་ན་སྤྱོད་པ་གསལ་བ་ལའང་གདའ་བ་ལགས།བཀའ་སྩལ་པ།གཏིང་དཔག་དཀའ་བ་ཞེས་བྱ་བ་ནི་ཟབ་པ་ལ་སྙོམས་པར་འཇུག་པ་སྟེ།གང་ལ་ཉན་ཐོས ་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་གཏིང་མི་རྙེད་པའོ།།སྤྱོད་པ་བསལ་བ་ལའང་སྣང་བ་ཞེས་བྱ་བ་ནི་བྱིས་པས་སར་སྐྱེ་བའི་ཆོས་རྣམས་དང་འདྲ་བར་བྱ་བ་སྟེ་དེ་ནི་ཚུལ་ལོ།།རིགས ་ཀྱི་བུ་དག་དེ་ལྟ་བས་ན་ལ.་ལ་ན་གཟུར་བར་གྱིས་ཤིག།ལམ་གོལ་བ་ན་སྣང་བར་གྱིས་ཤིག།།ཡང་དག་པའི་ལམ་ཡང་མ་དོར་ཅོག།གསོལ་པ།།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའི་རྣམས་མ་ལས་འཛུར་བ་ལགས།ཇི་ལྟར་ན་ལམ་གོལ་བ་ནའང་གདའ་བ་ལགས།ཇི་ལྟར་ན་ཡང་དག་པའི་ལམ་མི་འདོར་བ་ལགས།བཀའ་སྩལ་པ།ལེམ་ལས་འགྱུར ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལས་འབྱོལ་བའོ།།ལམ་གྲོལ་བ་ན་སྣང་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིརརོ།།ཡང་དག་པའི་ལམ་མི་འདོར་བ་ནི་འོདི་ལྟ་སྟེ། ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་སྟེ་དེ་ནི་ཆུ་ལོ།།རིགས་ཀྱི་བློ་དག་དེ་ལྟ་བས་ན་ཕྱིར་མི་ལྡོག་པའི་གོ་ཆའང་བགོ་བར་གྱིས་ཤིག།ཐམས་ཅད་ལས་ཀྱང་ཕྱིར་ལྡོག་པར་གྱིས་ཤིག།ཕྱིར ་ལོག་ནས་ཀྱོང་སྒྲོལ་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་གོ་ཆ་བགོས་པ་ལགས།ཇི་ལྟར་ན་ཐམས་ཅད་ལས་ཕྱིར་ལྡོག་པ་ལགས ་ཇི་ལྟར་ན་ཕྱིར་ལྀག་ནས་སྒྲོལ་བ་ལགས།བཀའ་སྩལ་པ།ཕྱིར་མི་ལྡོག་པའི་གོ་ཆ་བགོས་ཤེས་བྱ་བ་ནི་ཆོས་དང་མཐུན་པའི་དམ་བཅས་པ་ལ་གནས་པའོ།།ཐམས་ཅད་ལས་ཕྱིར་ལྡེག ་པ་ནི་ཆོས་མི་ལྡན་པའི་དམ་བཅས་པ་ལས་ལྡོག་པའོ།།ཕྱིར་ལོག་པ་ནས་བསྒྲོལ་བ་ནི་མི་དགེ་བའི་ཆོས་ཐམས་ཅད་ཀྱི་སྟེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་འདུམ་པར་གྱིས་ཤིག།རྟག་ཏུ་དབྱེ། ་བར་གྱིས་ཤིག།བརྟན་པར་གྱིས་ཤིག།བློ་རྒོད་ཅིང་མི་རྒོད་པར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འདུམ་པ་ལགས།ཇི་ལྟར་ན་རྟག་ཏུ་བྱེ་བ་ལགས།། ་ཇི་ལྟར་ན་བརྟན་པ་ལགས།ཇི་ལྟར་ན་བློ་རྒོད་ཅིང་མི་རྒོད་པ་ལགས།བཀའ་སྩལ་པ།འདུམ་ཞེས་བྱ་བ་ནི་བདུད་ཟིལ་གྱིས་མནན་པའི་ཕྱིར།།རྟག་ཏུ་བྱེ་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མི་གནས ་པའི་སེམས་གཞན་དང་གཞན་ཤེས་པའོ།།བརྟན་པ་ནི་བསྒྲུབ་པ་ལའོ།།བློ་རྒོད་ཅིང་མི་རྒོད་པ་ནི་དགེ་བའི་ཆོས་གཞན་དང་གཞན་ལ་དམིགས་པའི་ཕྱིར་ཏེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་རྗེས ་སུ་ཆགས་པར་ཡང་གྱིས་ཤིག།རྟག་ཏུ་ཞེ་འགྲས་པར་ཡང་གྱིས་ཤིག།ཡུན་རིང་པོར་ལྟ་བར་ཡང་གྱིས་ཤིག།བྱས་པ་མི་གཟོ་བར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར ་ན་བྱང་ཆུབ་སེམས་དཔའ་རྣམས་རྗེ་སུ་ཆགས་པ་ལགས།ཇི་ལྟར་ན་རྟག་ཏུ་ཞེ་འགྲས་པ་ལགས།ཇི་ལྟར་ན་ཡུན་རིང་པོར་ལྟ་བ་ལགས་ཇི་ལྟར་ན་བྱས་པ་མི་གཟོ་བ་ལགས།བཀའ་སྩལ་པ།རྗེསུ ་ཆགས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ།།ཞེས་འགྲས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལའོ།།ཡུན་རིང་པོར་ལྟ་བ་ནི་འཁོར་བ་ཡོངསུ་བཟུང་བའི་ཕྱིརརོ།།བྱས་པ་མི་གཟོ་བ་ནི་སྡིག་པ་བྱས་པ ་རྣམས་ལ་ཕྱིར་ལན་མི་གློན་པ་སྟེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་གཏོང་བའང་ཤིན་ཏུ་ཟོང་ཅིག།སེར་སྣ་ཅན་དུལ་གྱིས་ཤིག།འཛིན་པའི་སེམས་ཀྱང་མེད་པར ་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེདེའི་རྣཾས་གཏོང་བ་ཤིན་ཏུ་གཏོང་བ་ལན་ཇི་ལྟར་ན་སེར་སྣ་ཅན་ལཊ།ཇི་ལྟར་ན་འཛིན་པའི་སེམས་མ་མཆིས་པ་ལགས།བཀའ་སྩལ་པ།གཏོང ་བ་ཤིན་ཏུ་གཏང་བ་ནི་སེམས་ཅན་ཐམས་ཅད་ཡོངསུ་མི་གཏང་བའི་ཕྱིར་སྦྱིན་པ་གཏང་བའོ།།སེར་སྣ་ཅན་དུ་བྱ་བ་ནི་སྣོད་དུ་མ་གྱུར་པ་རྣམས་ལའོ།།འཛིན་པ་མེད་པའི་སེམས་སུ་བྱ་བ་ནི ་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའི་ཕྱིར་ཏེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་སྤངས་པ་དེ་དག་ནི་ཡོངསུ་ཟུང་ཞིག།གང་དག་ཡོངས་སུ་བཟུང་བ་དེ་དག་ནི་ཡལ་བར་ཞོག ་ཅིག།ནད་པ་ལྟར་ཡང་གྱིས་ཤིག།ན་བ་རྣམས་ཀྱང་གསོས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་སྤངས་པ་དེ་དག་ཡོངས་སུ་འཛིན་པ ་ལགས།ཇི་ལྟར་ན་གང་དག་ཡོངསུ་བཟུང་བ་དེ་དག་ཡལ་བར་འཇོག་པ་ལགས།ཇི་ལྟར་ན་ནད་པ་ལྟ་བུར་གྱུར་པ་ལགས།ཇི་ལྟར་ན་ན་པ་རྣམས་ཀྱང་གསོ་བ་ལགས།བཀའ་སྩལ་པ།གང ་དག་སྤངས་པ་དེ་དག་ཡོངསུ་གཟུང་བ་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་སངས་རྒྱས་ཐམས་ཅད་ཀྱིས་སྤངས་པ་དེ་དག་བྱང་ཆུབ་སེམས་དཔས་ཡོངསུ་བཟུང་བར་བྱའོ།།གང་དག་ཡོངསུ ་བཟུང་བ་དེ་དག་ཡལ་བར་གཞུག་པ་ནི་སློབ་པ་དང་མི་སློབ་པ་ཐམས་ཅད་དོ།།ནད་པ་ལྟར་ཡང་བྱ་ཞིང་ནུ་བ་རྣམས་ཀྱང་གསོ་བར་བྱ་བ་ནི་བསམས་བཞིན་དུ་རྒ་བ་དང་ན་བ་བསྟན་ནས་ས་སའ་སྐྱེ་བོ་རྣམས ་ལ་ཆོས་བསྟན་པ་སྟེ་དེ་ནི་ཚུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་ཀྱི་ལས་རྣམས་ནི་འབར་བར་གྱིས་ཤིག།སངས་རྒྱས་ཀྱི་ཆོས་རྣམས་མི་ཞི་བར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལས་རྣམས་ནི་འབར་བར་བབྱེད་པ་ལགས།ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་བགྱིད་པ་ལགས།བཀའ་སྩལ་པ།བདུད་ཀྱི་ལས་འབར ་བར་བྱེད་པ་ནི་དགེ་བའི་ཆོས་ལ་བརྩོན་པ་རྣམས་ལའོ།།སངས་རྒྱས་ཀྱི་ཆོས་རྣམས་ཞི་བར་བྱེད་བྲི་ནི་ཆོས་ཐམས་ཅད་ཉོན་མོངས་པ་དང་ཉ་བའི་ཉོན་མོངསྔ་མེད་པར་སྦྱོར་བ་སྟེ་དེ་ནི་ཆུའོ།།རིགས ་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྣམས་དང་ནི་འཐབ་པར་གྱིས་ཤིག།སྟོན་པ་ནི་མ་ཚོལ་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་དང་འཐབ་པ་ལགས།ཇི ་ལྟར་ན་སྟོན་པ་མི་ཚོལ་པ་།བཀའ་སྤྲུལ་པ།བདུད་དང་འཐབ་པར་བྱ་བ་ནི་བྱང་ཆུབ་སེམས་དག་གང་གི་ཚེ་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་པ་དེའི་ཚེ་བར་ཆད་བྱ་བའི་ཕྱིར་བདུད་བརྩོན་པར་བྱེད་པ ་ནོའོ།།སྟོན་པ་མི་ཚོལ་བ་ནི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་སྟེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་ཉན་ཐོས་ཀྱིས་སྨད་པར་བྱ་བ་དེ་ཁྱེད་ཀྱིས་མི་སྨད་ཅིག།གང་ལ་ཉན་ཐོས ་མངོན་པར་དགའ་བ་དེ་ལ་ཁྱེད་དགའ་བར་མ་བྱེད་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་ཉན་ཐོས་ཀྱིས་སྨད་པར་བགྱི་བ་དེ་དག ་ལ་མི་དམོད་པ་ལགས།ཇི་ལྟར་ན་གང་ལ་ཉན་ཐོས་དགའ་བ་དེ་ལ་མི་དགའ་བ་ལགས།བཀའ་སྩལ་པ།ཉན་ཐོས་ནི་སྐྱེ་བོའི་གནས་རྣམས་ལ་སྨོད་དེ།དེ་དག་ཁྱེད་ཀྱིས་སྨད་པར་མི་བྱའོ།།ཉན་ཐོས ་ནི་རང་ཡོངས་སུ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ན་དེ་ལ་ཁྱེད་ཀྱིས་མངོན་པར་དགའ་བར་མི་བྱ་སྟེ།དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིག་རྟེན་ན་གནས་པར་གྱིས་ཤིག། ་འཇིག་རྟེན་གྱི་ཆོས་རྣམས་མྱོང་བར་གྱིས་ཤིག།འཇིག་རྟེན་གྱིས་ཀྱང་མ་གོས་པར་གྱིས་ཤིག།འཇིག་རྟེན་ན་ཐོགས་པ་རྣམས་ཀྱང་སྒྲོལ་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན ་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ན་གནས་པ་ལོགས།ཇི་ལྟར་ན་འཇིག་རྟེན་གྱི་ཆོས་རྣམས་མྱོང་བ་ལགས།ཇི་ལྟར་ན་འཇིག་རྟེན་གྱིས་མི་གོས་པ་ལགས།ཇི་ལྟར་ན་འཇིག་རྟེན ་དུ་ཐོགས་པ་སྒྲོལ་བ་ལགས།བཀའ་སྩལ་པ།འཇིག་རྟེན་ན་གནས་པར་བྱ་བ་ནི་འདོད་པ་དང་།གཟུགས་དང་།གཟུགས་མེད་པ་རྣམས་སུའོ།།འཇིག་རྟེན་གྱི་ཆོས་རྣམས་མྱོང་བར་བྱ་བ་ནི ་འཇིག་རྟེན་གྱི་ཆོས་བརྒྱད་པོ་དག་གོ།འཇིག་རྟེན་གྱིས་མི་གོས་པར་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱིས་མི་བསྐྱོད་པའི་ཕྱིར་རོ།།འཇིག་རྟེན་དུ་ཐོག་པ་བསྒྲོལ་བ་ནི་ཁམས་གསུམ་གྱི ་བཙོན་ར་ནས་འདོན་པ་སྟེ་དེ་ནི་ཚུལོ།།རིགས་ཀྱི་བུ་དག་དེ་ལྟ་བ་སྔ་ན་ཡང་བར་གྱིས་ཤིང་།།ལྕི་བར་གྱིས་ཤིག།སྡུག་བསྔལ་བར་གྱིས་ཤིང་།།བདེ་བར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར ་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལགས།ཇི་ལྟར་ན་ལྕི་བ་ལགས།ཇི་ལྟར་ན་སྡུག་བསྔལ་བ་ལགས།ཇི་ལྟར་ན་བདེ་བ་ལགས།བཀའ་སྩལ་པ།ཡང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད ་པ་ལ་སྙིང་ལས་སུ་བྱེད་པའོ།།ལྕི་བ་ནི་ཡིད་མ་ལ་བརྟན་པའོ།།སྡུག་བསྔལ་བར་བྱ་བ་ནི་མི་མཐུན་པའི་གཉེན་པོ་རྣམས་ལའོ།།བདེ་བར་བྱ་བ་ནི་བསོད་ནམས་བྱས་པའི་ཕྱིར་ཏེ་དེ་ནི་ཚུ་ལོ།།རིགས་ཀྱི། ་བུ་དག་ད་ལྟ་བས་ན་མི་སྣང་བར་གྱིས་ཤིག།ཐམས་ཅད་དུ་སྣང་བར་ཡང་གྱིས་ཤིག།བྱོལ་བར་བྱ་བ་རྣམས་ལ་ནི་བྱོལ་ཅིག།བསྡད་པར་བྱ་བ་རྣམས་ལ་ནི་སྡོད་ཅིག།གསོལ་པ།བཅོམ་ལྡན ་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མི་གདའ་བའང་ལགས།ཇི་ལྟར་ན་ཐམས་ཅད་དུ་གདའ་བའང་ལགས།ཇི་ལྟར་ན་བྱོལ་བར་བགྱི་བ་རྣམས་ལ་བྱོལ་བ་ལགས།ཇི་ལྟར་ན་བསྡད་པར ་དབྱི་བ་རྣམས་ལ་སྡོད་པར་བགྱིད་པ་ལགས།བཀའ་སྩལ་པ།མི་སྣང་བར་བྱ་བ་ནི་ལྟུང་བ་དང་འཁྲུལ་པ་ཐམས་ཅད་ལས་ཡང་དག་པར་འདས་པར་བྱ་བའོ།།ཐམས་ཅད་དུ་སྣང་བར་ཡང་བྱ ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་བསྒྲུབ་པའི་ཕྱིར་རོ།།བྱོལ་བར་བྱ་བ་རྣམས་ལས་འབྱོལ་བ་ནི་འཐབ་མོ་དང་རྩོད་པ་རྣམས་ལགསོ།།བསྡང་བར་བྱ་བ་རྣམས་ལ་སྡོད་པ་ནི་སེམས་ཅན་ཚོགས ་པར་བྱ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་མ་བྱས་པ་རྣམས་ལའང་གནས་པར་གྱིས་ཤིག།བྱས་པ་རྣམས་ལའང་གནས་པར་གྱིས་ཤིག།བྱས་པ་དང་མ ་བྱས་པ་རྣམས་ལའང་སེམས་མཉམ་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མ་བགྱིས་པ་རྣམས་ལའང་གནས་པ་ལགས།ཇི་ལྟར་ན་བགྱིས ་པ་རྣམས་ལའང་གནས་པ་ལགས།ཇི་ལྟར་ན་བགྱིས་པ་དང་མ་བགྱིས་པ་རྣམས་ལའང་སེམས་མཉམ་པ་ལགས།བཀའ་སྩལ་པ།མ་བྱས་པ་རྣམས་ལ་གནས་པ་ནི་དགེ་བའི་རྩ་བ་ཡང ་དག་པར་བསྒྲུབ་པའི་ཕྱིར་རོ།།བྱས་པ་རྣམས་ལ་གནས་པ་ནི་དགེ་བའི་རྩ་བ་བྱས་པ་དེའི་གོང་མའི་ཆོས་དང་སྦྱར་བར་བྱ་བའི་ཕྱིར་རོ།།བྱས་པ་དང་མ་བྱས་པ་རྣམས་ལ་སེམས་མཉམ་པར ་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་དང་།།ཚུལ་ཁྲིམས་འཆལ་བ་རྣམས་ལ་བྱེ་བྲག་མེད་པའི་འདུ་ཤེས་སུ་བྱ་བ་སྟེ་དོ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་སྙིང་པོ་མེད་པ་ལས་ཀྱང་སྙིང ་པོབོ་ཚལ་ཅིག།སྙིང་པོ་ལའང་སྙིང་པོ་མེད་པའི་འདུ་ཤེས་སྐྱེད་ཅིག།སྙིང་པོ་དང་སྙིང་པོ་མེད་པ་ལའང་སྤྱོད་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྙིང ་བོ་མ་མཆིས་པ་ལ་སྙིང་པོ་ཚལ་བ་ལགས།ཇི་ལྟར་ན་སྙིང་པོ་ལ་སྙིང་པོ་མ་མཆིས་པར་འདུ་ཤེས་བསྐྱོད་པ་ལགས།ཇི་ལྟར་ན་སྙིང་པོ་དང་སྙིང་པོ་མི་མཚོས་པ་ལ་སྤྱོད་པ་ལགས།པཻཀྴའི ་སྩལ་པ།སྙིང་པོ་མེད་ཅེས་བྱ་བ་ནི་ལུས་དང་།སྲོག་དང་།ལོངས་སྤྱོད་རྣམས་ཏེ།དེ་ལས་དམ་པའི་ཆོས་ཡོངསུ་རྫོགས་པར་བྱ་བས་སྙིང་པོ་བཅོལ་བའོ།།སྙིང་པོ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ།སངས་རྒྱས ་ཀྱི་ཆོས་ལ་གཟུང་བའི་ཕྱིར་དེ་ལ་སྙིང་པོ་མ་ཡིན་པའི་འདུ་ཤེས་བསྐྱེད་པར་བྱའོ།།སྙིང་པོ་དང་སྙིང་པོ་མ་ཡིན་པ་ལ་སྤྱོད་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་བློ་གཏང་སྟེ་དེ་ནི་ཚུའོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་དམ་བཅས་པ་ནི་ཉམས་པར་གྱིས་ཤིག།ཚུལ་ཁྲིམས་ནི་མ་ཉམས་པར་གྱིས་ཤིག།ཚུལ་ཁྲིམས་འཆལ་བ་རྣམས་ལ་ནི་ལྟོས་ཤིག།ཚུལ་ཁྲིམས་དང་ལྡན ་པ་རྣམས་ལ་ནི་ཡལ་བར་ཞོག་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དམ་བཅས་པ་ཉམས་པར་བགྱིད་པ་ལགས།ཇི་ལྟར་ན་ཚུལ་ཁྲིམས་མ་ཉམས། ་པ་ལག་།ཇི་ལྟར་ན་ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྟ་བ་ལགས།ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཡལ་བར་གཞོག་པ་ལགས།བཀའ་སྩལ་པ།དམ་བཅས་པ་ཉམས ་པར་བྱ་བ་ནི་དགེ་བའི་རྩ་བ་གོང་མ་དང་གོང་མ་ལ་ལྷག་པར་དམིགས་པའི་ཕྱིརརོ།།ཚུལ་ཁྲིམས་མ་ཉམས་པར་བྱ་བ་ནི་བྱང་ཆུབ་ཀྱིས་སེམས་ལ་ལྷག་པར་དམིགས་པའི་ཕྱིརརོ།།ཚུལ་ཁྲིམས ་འཆལ་བ་རྣམས་ལ་ལྟ་བ་ནི་ཚུལ་ཁྲིམས་ལ་སྦྱར་བའི་ཕྱི་རོ།།ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཡལ་བར་གཞག་པ་ནི་བྱ་བ་བྱས་པའི་ཕྱིར་ཏེ་དེ་ནི་ཚུལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན ་གཞན་གྱི་ནོར་ལ་དགའ་བར་གྱིས་ཤིག།རང་གི་ནོར་ནི་ཡོངསུ་ཐོང་ཞིག།ཉེ་བར་གནས་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་གཞན་གྱི་ནོར་ལ་དགའ་བ་ལགས།ཇི་ལྟར་ན་རང་གི་ནོར་ཡོངསུ་གཏོང་བ་ལགས།ཇི་ལྟར་ན་ཉེ་བར་གནས་པ་ལགས།བཀའ་སྩལ་པ།གཞན་གྱི་ནོར་ལ་མངོན་པར་དགའ ་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་།ཉན་ཐོས་དང་།རང་སངས་རྒྱས་ཐམས་ཅད་དང་།སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེ་སུ་ཡི་རང་བར་བྱའོ།།རང་གི་ནོར་ཡོངས་སུ་གཏང་བ ་ནི་རང་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་ཡོངསུ་གཏང་བར་བྱའོ།།ཉེ་བར་གནས་པར་བྱ་བ་ནི་བྱང་ཆུབ་ཏུ་ཡོངསུ་བསྔོ་བའི་ཕྱིར་ཏེ་དེ་ནི་ཚུལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་མཆོག ་ཏུ་ཕྱིན་པར་ཡང་གྱིས་ཤིག།སེམས་དམའ་བར་ཡང་གྱིས་ཤིག།ལེ་ལོ་ཅན་དུའང་གྱིས་ཤིག།རྟག་ཏུ་བརྩོན་པར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང ་ཆུབོ་སེམས་དཔའ་རྣམས་མཆོག་ཏུ་ཕྱིན་པ་ལགས།ཇི་ལྟར་ན་སེམས་དམའ་བ་ལགས།ཇི་ལྟར་ན་ལེ་ལོ་ཅན་ལགས།ཇི་ལྟར་ན་རྟག་ཏུ་བརྩོན་པ་ལགས།བཀའ་སྩལ་པ།མཆོག་ཏུ་ཕྱིན་པ ་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་སོ།།སེམས་དམའ་བ་ནི་ང་རྒྱལ་མེད་པའི་ཕྱིརརོ།།ལེ་ལོ་ཅན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་འཐོབ་པར་བྱ་བ་ལའོ།།རྟག་ཏུ་བརྩོན་པ་ནི་ཕ་རོལ་ཏུ་ཕྱིན་པ ་རྣམས་ལ་སྟེ་དེ་ནི་ཚུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་མི་སྲུན་པར་ཡང་གྱིས་ཤིག།དུལ་བའི་ས་ལ་གནས་པར་ཡང་གྱིས་ཤིག།འཇིགས་པར་ཡང་གྱིས་ཤིག།སངྒེའི་རྩལ་གྱིས་རྣམ་པར་གནོན ་པར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མི་སྲུན་པ་ལགས།ཇི་ལྟར་ན་དུལ་བའི་ས་ལ་གནས་པ་ལགས།ཇི་ལྟར་ན་འཇིགས་པ་ལགས།། ་ཇི་ལྟར་ན་སེང་གེའི་རྩལ་གྱིས་རྣམ་པར་གནོན་པ་ལགས།བཀའ་སྩལ་པ།མི་སྲུན་པར་བྱ་བ་ནི་བདུད་ཐམས་ཅད་གདུལ་བའི་ཕྱིར་རོ།།དུལ་བའི་ས་ལ་གནས་པ་ནི་སེམས་ཅན་ཅང་ཤེས ་གདུལ་བའི་ཕྱིརརོ།།འཇིགས་པར་བྱ་བ་ནི་སྡིག་པ་ཐམས་ཅད་ལས་སོ།།སེང་གེའི་རྩལ་གྱིས་རྣམ་པར་གནོན་པར་བྱ་བ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་དམའ་དབབ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་དུ་འོང་བར་ཡང་གྱིས་ཤིག།ཡིད་དུ་མི་འོང་བར་ཡང་གྱིས་ཤིག།སྨད་དུ་མེད་པར་ཡང་གྱིས་ཤིག།སྨད་དུ་ཡོད་པར་ཡང་གྱིས་ཤིག།གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་དུ་འོང་བ་ལགས།ཇི་ལྟར་ན་ཡིད་དུ་མི་འོང་བ་ལགས།ཇི་ལྟར་ན་སྨད་དུ་མ་མཆིས་པ་ལགས།ཇི་ལྟར་ན་སྨད་དུ་མཆིས ་པ་ལགས།བཀའ་སྩལ་པ།ཡིད་དུ་འོང་བ་ཞེས་བྱ་བ་ནི་ཡོན་ཏན་གྱིས་ཕྱུག་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགསསུ་བྱོན་པའོ།།ཡིད་དུ་མི་འོང་བ་ནི་མངོན་པར་ཤེས་པ་ཐམས་ཅད ་ཀྱིས་རྣམ་པར་འཕྲུལ་པའི་ཕྱིར་བདུད་ཐམས་ཅད་བྱ་ཡིད་དུ་མི་འོང་བའོ།།སྨད་དུ་མེད་པ་ནི་ལུས་དང་།ངག་དང་ཡིད་ཡོངསུ་དག་པའི་ཕྱིརརོ།།སླད་དུ་ཡོད་པ་ནི་མི་དགེ་བའི་ཆོས ་ཐམས་ཅད་ལ་དམོད་པའི་ཕྱིར་ཏེ་དེནི་ཆུལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་རྨ་བྱུང་བ་རྣམས་ལ་རྨ་མ་འབྱིན་ཅིག།རྨ་མ་བྱུང་བ་རྣམས་ལ་རྨ་ཕྱུང་ཤིག།ཡེ་ཤེས་ཚོལ་ཅིག།ཡེ་ཤེས་ཀྱི ་བྱ་བ་རྣམས་ལ་དགའ་བར་མ་བྱེད་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྨ་བྱུང་བ་རྣམས་ལ་རྨ་མི་འབྱིན་པ་ལགས།ཇི་ལྟར་ན་རྨ་མ་བྱུང་བ་རྣམས་ལ ་རྨ་འབྱིན་པ་ལགས།ཇི་ལྟར་ན་ཡེ་ཤེས་ཚོལ་བ་ལགས།ཇི་ལྟར་ན་ཡེ་ཤེས་ཀྱི་བགྱི་བ་རྣམས་ལ་མི་དགའ་བ་ལགས།བཀའ་སྩལ་པ།རྨ་བྱུང་བ་རྣམས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི ་ས་སྟེ་དེ་ལ་རྨ་དབྱུང་བར་མི་བྱའོ།།རྨ་མ་བྱུང་བ་རྣམས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཐམས་ཅད་དེ།དེ་དག་ནི་རྨད་བྱུང་བར་བྱའོ།།ཡེ་ཤེས་བཙལ་བར་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ།། ་ཡེ་ཤེས་ཀྱི་བྱ་བ་ལ་དགའ་བར་མི་བྱ་བ་ནི་འདུས་མ་བྱས་སུ་ལྟུང་བར་མི་བྱེ་བ་སྟེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་མཉམ་པར་གཞག་པར་ཡང་གྱིས་ཤིག།སེམས་རྣམ་པར ་གཡེང་སྔལ་གྱིས་ཤིག།སེམས་མི་གནས་པར་ཡང་གྱིས་ཤིག།རྟག་ཏུ་སྙོམས་པར་ཞུགས་པར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཉམ་པར ་བཅུག་པ་ལགས།དེ་ལྟར་ནྱ་སེམས་རྣམ་པར་གཡེང་བར་བགྱོད་པ་ལགས།། ལྷུར་ན་ས་མས་མི་གནས་པ་ལགས།།ཇི་ལྟར་ན་རྟག་ཏུ་སྙོམས་པར་ཞུགས་པ་ལགས།བཀའ་སྩལ་པ།མཉམ་པར་བ ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས།།སེམ་སྟེ་རྣམ་པར་གཱ་ཡེང་བར་བྱུང་ནི་ཉན་ཐོས་ཀྱི་སེམས་ལསོ།།མི་ནུས་པ་ནི་དེ་ལ་མཚུགས་པའི་ཧཱུ~ཾ་རོ།།དྲུག་ཏུ་སྙོམས་པར་ཞུགས་པ་ནིསེམས་ཅན་ཐམས་ཅད ་སེམས་མེཉམ་པའི་ཕྱིར་ཏེ་དེ་ནི་ཆུའོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་བསྲེག་པར་བྱ་བ་ནི་སྲེགས་ཤིག།ཚིག་པ་ནི་སྐྱེད་ཅིག།སྐྲོད་པ་ནི་ཐོང་\ུ0f7f།།རྣམ་པར་ཕྱེ་བ་ནི་བསྡུས་ཤིག།གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བསྲེག་པར་བགྱི་བ་བསྲེག་པ་ལགས།ཇི་ལྟར་ན་ཚིག་པོ་རྣམས་སྐྱེད་པ་ལགས།ཇི་ལྟར་ན་སྐྱེས་པ་རྣམས་གཏོང་བ་ལགས།ཇི་ལྟར ་ནརྣམ་པར་ཕྱེ་བ་རྣམས་སྡུད་པ་ལགས།བཀའ་སྩལ་པ།བསྲེག་པར་བྱ་བ་སྲེག་པ་ནི་ཉོན་མོངས་པ་ཐམས་ཅད་ཤེས་རབ་ཀྱི་མེས་སྲེག་པའོ།།ཚིག་པ་སྐྱེད་པ་ནི་ཐབས་ཀྱིས་ཕུང་པོ་དང་། ་ཁམས་དང་།སྐྱེ་མཆེད་རྣམས་གཟུང་བའོ།།སྐྱེས་ནས་གཏོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བ་བ་ཅི་སྟོང་པ་ལ་སྙིང་ལས་སུ་བྱ་བའོ།།རྣམ་པར་ཕྱེ་བས་བསྡུ་བ་ཞིས་བྱ་བ་དེ་ནི་ཡང་སུ་བ་སྟེ་པ་ཆེན ་བླ་དགས་ཏིང་ནི་ཚུའོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་དུས་མ་ཡིན་པ་ནི་དུས་སུ་ཤེས་པར་གྱིས་ཤིག།དུ་སྐུནི་དུས་མ་ཡིན་པར་ཤེས་པར་གྱིས་ཤིག།དུས་དང་དུས་མ་ཡིན་པ་ལ་མཁས ་མརུ་ཡང་ཀྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱུང་ཆུབ་སེམས་དཔའ་རྣམས་དུས་མ་ལགས་པ་ལ་དུས་འཚལ་བ་ལགས།ཇི་ལྟར་ན་དུས་ལ་དུས་མ་ལགས ་པར་འཚལ་བ་ལགས།ཇི་ལྟར་ན་དུས་དང་དུས་མ་ལགས་པ་ལ་མཛེས་པ་ལགས།།བཀའ་སྩལ་པ།གང་ཉན་ཐོས་ཀྱིས་ཐོབ་པར་བྱ་བའི་དུས་དེ་ནི་བྱང་ཆུབ་སེམས་དཔའི་དུས་མ་ཡིནོ།།ཕ་རོལ ་ཏུ་ཕྱིན་པ་ཐམས་ཅད་ཡོང་སུ་རྫོགས་པར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་བྱང་ཆུབ་སེམས་དཔའི་དུསོ།།དུས་དང་དུས་མ་ཡིན་པ་ལ ་མཁས་པར་བྱ་བ་ནི་དུས་བཞིན་དུ་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་འབྱོར་པ་ནི་ཕྱེ་ཤིག་མ་འབྱོར་པ་ནི་སྦྱོར་ཅིག།འབྱོར་པ་དང ་མ་འབྱོར་པ་ལ་ཆགས་པར་ཡང་མ་བྱེད་ཅིག།གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འབྱོར་པ་འབྱེད་པ་ལགས།ཇི་ལྟར་ན་མོ་འབྱོར་པ་ནི་སྦྱོར་བ ་ལགས།།ཇི་ལྟར་ན་སྦྱོར་བ་དང་།མི་སྦྱོར་བ་ལ་མ་ཆགས་པ་ལྤགས།དཀའ་སྩལ་པ།འབྱོར་པ་ནི་ཕྱིན་ཅི་ལོག་བཞི་འཁོར་བའི་འདམ་དང་འབྱོར་པ་སྟེ།དེ་ནི་བྱང་ཆུབ་སེམས་དཔས་དབྱེ་བར ་བྱའོ།།མི་འབྱོར་པ་ནི་མྱ་ངན་ལས་འདས་པའི་ཚུལ་བཞིན་ཡིད་ལ་བྱ་བ་སྟེ།དེ་ནི་བྱང་ཆུབ་སེམས་དཔས་སྦྱར་བའོ།།འབྱོར་ད་དང་མ་འབྱོར་པ་ལ་ཚོགས་པོར་མི་བྱ་བ་ནི་ཉན་ཐོས་དོང་རང ་སངས་རྒྱས་ཀྱི་སྤྱོད་པ་དང་།སོ་སོའི་སྐྱེ་བོའི་སྤྱོད་པ་ལ་མ་ཆགས་པར་བྱ་བ་སྟེ་དྲ་ནི་ཆུའོ།།རིགས་ཀྱི་བུ་ངག་དེ་ལྟ་བས་ན་དབུགས་ཕྱིན་པ་རྣམས་ནི་དབུགས་མ་ཕྱུང་ཞིག།དབུགས་མ་ཕྱིན་པ་རྣམས ་ནི་དབུགས་ཕྱུང་ཞིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དབུགས་ཕྱིན་པ་རྣམས་དབུག་སྨི་འབྱིན་པ་ལགས།ཇི་ལྟར་ན་དབུགས་མ་ཕྱིན་པ་རྣམས་དབུགས ་འབྱིན་པ་ལགས།བཀའ་སྩལ་པ།དབུགས་ཕྱིན་པ་རྣམས་དབུགས་མི་དབྱུང་བ་ནི་ཡོངསུ་སྨིན་པའི་སེམས་ཅན་རྣམས་ཡོངསུ་སྨིན་པར་མི་བྱའོ།།དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང ་བ་ནི་ཡོངསུ་མ་སྨིན་པའི་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱ་བ་སྟེ་དེ་ནི་ཚུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་མ་བྱུང་བར་ཡང་གྱིས་ཤིག།མ་རྨས་པར་ཡོད་གྱིས་ཤིག།རྨ་བྱུང་བ ་རྣམས་ནི་སོས་པར་ཡང་གྱིས་ཤིག།རྨ་མ་བྱུང་བ་རྣམས་ནི་རྨ་བྱུང་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྨ་འབྱིན་པ་ལགས།ཇི་ལྟར་ན་མ་རྨས ་པ་ལགས།ཇི་ལྟར་ན་རྨ་བྱུང་བ་རྣམས་གསོ་བ་ལགས།ཇི་ལྟར་ན་རྨ་མ་བྱུང་བ་རླ་མི་འབྱིན་པ་ལགས།བཀའ་སྩལ་པོ།རྨ་མ་བྱུང་བ་ནི་ཡན་ལག་དང་ཉིང་ལག་ཡོངསུ་བཏང་བའི་ཕྱིརོ།། ་མ་རྨས་པར་བྱ་བ་ནི་སེམས་ཀྱི་སོ།།རྨ་བྱུང་བ་རྣམས་གསོ་བ་ནི་ལྟུང་བ་བྱུང་བ་རྣམས་ཆོས་བཞིན་དུ་བཅོས་པའོ།།རྨ་མ་བྱུང་བ་རྨ་མི་དབྱུང་བ་ནི་སྲོག་གི་ཕྱིར་ཡང་བསླབ་པ་ལས་འགོལ་བར ་མི་བྱ་བ་སྟེ་དེ་ནི་ཚུལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ཉེ་བར་འཚོར་མེད་པར་ཡང་གྱིས་ཤིག།སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་ཡང་གྱིས་ཤིག།མ་བསགས ་པ་རྣམས་ཀྱང་སོགས་ཤིག།བསགས་པ་རྣམས་ཀྱང་ཆུང་མ་གཟན་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་འཚོ་བ་མ་མཆིས་པ་ལགས།ཇི ་ལྟར་ན་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ལགས།ཇི་ལྟར་ནམ་བསགས་པ་སོགས་པ་ལགས།ཇི་ལྟར་ན་བསགས་པ་ཆུད་མི་གཟོན་པ་ལགས།བཀའ་སྩལ་པ།།ཉེ་བར་འཚེ་བ་མེད ་པ་ནི་བདུད་དང་མུ་སྟེགས་ཅན་ཐམས་ཅད་ཀྱིས་གླགས་མི་རྙེད་པའོ།།སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ནི་དཔགེ་བསམ་གྱི་ཤིང་ལྟ་བུའོ།།མ་བསགས་པ་བསགས་པ་ནི་དགེ་བའི་རྩ་བ ་བསྐྱེད་པའི་ཕྱིར།།བསགས་པ་ཆུད་མི་གཟོན་པ་ནི་དགེ་བའི་སེམས་སྐྱེས་སོ་ཅོག་བྱང་ཆུབ་ཏུ་ཡོངསུ་བསྔོ་བ་སྟེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་སྟོབས་ཆུང་བར་ཡང་གྱི་ཤིག།སྟོབས་དང ་ལྡན་པར་ཡང་གྱིས་ཤིག།རྟེན་མེད་པར་ཡང་གྱིས་ཤིག།དཔུང་གཉེན་མེད་པར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྟོབས་ཆུང་བ ་ལེགས།།ཇི་ལྟར་ན་སྟོབས་དང་ལྡན་པ་ལགས།ཇི་ལྟར་ན་རྟེན་མ་མཆིས་པ་ལགས།།ཇི་ལྟར་ན་དཔུང་གཉེན་མ་མཆིས་པ་ལ་གྷས་བཀའ་སྩལ་པ།སྟོབས་ཆུང་ངུ་བྱ་བ་ནི་གནོད ་པར་བྱེད་པ་རྣམས་ལ་ལན་མི་བྱའོ།།སྟོབས་དང་ལྡན་པར་བྱ་བ་ནི་ཕན་པ་མི་བྱེད་པ་རྣམས་ལ་བཟོད་པས་ཕན་གདགས་པའོ།།རྟེན་མེད་པར་བྱ་བ་ནི་སོ་སོ་རང་གིས་ཤེས་པས་སོ།།དཔུང་གཉེན་མེད་པར ་བྱ་བ་ནི་གཞན་གྱི་དྲིང་མི་འཇོག་པ་སྟེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟོ་བས་ནི་དང་བ་དག་ནི་རྙོག་པ་ཅན་དུ་གྱིས་ཤིག།རྙོག་པ་ཅན་དག་ནི་དང་བར་གྱིས་ཤིག།རྙོག་པ་མེད་པར་ཡང་གྱིས ་ཤིག།རྟག་ཏུ་དང་བར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དང་བ་དག་ནི་རྙོག་པ་ཅན་དུ་བགྱི་བ་ལགས།ཇི་ལྟར་ན་རྙོག་པ་ཅན་དག་ནི་དང ་བཔར་བགྱིད་པ་ལགས།ཇི་ལྟར་ན་རྙོག་པ་མ་མཆིས་པ་ལགས།ཇི་ལྟར་ན་རྟག་ཏུ་དང་བ་ལགས།བཀའ་སྩལ་པ།དང་བ་དག་རྙོག་པ་ཅན་དུ་བྱ་བ་ནི་མཉམ་པར་བཞག་པའི་སེམས་ལ་དགེ ་བའི་རྩ་བ་དག་གིས་བསྒོ་བའོ།།རྙོག་པ་ཅན་དག་དང་བར་བྱ་བ་ནི་ཉོན་མོངས་པ་ལ་རྙོག་པའི་སེམས་བྱང་ཆུབ་ཀྱི་སེམས་སུ་དང་བར་བྱ་བའོ།།རྙོག་པ་མེད་པར་བྱ་བ་ནི་ཉོན་མོངས་པ་ཐམས་ཅད ་བསལ་བའོ།།རྟག་ཏུ་དང་བར་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་དང་བ་སྟེ་དེ་ནི་ཚུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ལུགས་ལས་བཟློག་པར་འཇུག་པར་ཡང་གྱིས་ཤིག།ལུགས ་བཞིན་དུའང་སློབས་ཤིག།སྤྱིའུ་ཚུགས་ཀྱི་རྒྱུད་ཀྱང་ཤེས་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལུགས་ལས་བཟློག་པར་འཇུག ་པ་ལགས།ཇི་ལྟར་ན་ལུགས་བཞིན་དུ་སློབ་པ་ལགས།ཇི་ལྟར་ན་སྤྱིའུ་ཚུགས་ཀྱི་རྒྱུད་འཚལ་བ་ལགས།བཀའ་སྩལ་པ།ལུགས་ལས་བཟློག་པར་འཇུག་པར་བྱ་བ་ནི ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པ་ལས་ཕྱིར་ལོག་པའོ།།ལུགས་བཞིན་དུ་དུ་སློབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལའོ།།སྤྲིའུ་ཚུགས་ཀྱི་རྒྱུད་ཤེས་པར་བྱ་བ ་ནི་འདུ་ཤེས་མེདོ་འདུ་ཤེས་མེད་མི་ནི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལོག་སྟེ་འདོད་པའི་ཁམས་སྣང་བར་བྱ་བ་སྟེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དོག་དེ་ལྟ་བས་ནི་བདུད་རྩི་དང་དུག་ཏུ ་མ་འདྲེས་པར་གྱིས་ཤིག།དུག་མེད་པ་རྣམས་དང་མ་བསྟེན་ཅིག།དུག་དང་ལྡན་པ་རྣམས་ལ་བདུད་རྩིའི་སྦྱིན་པ་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་བདུད་རྩི་དང་དུག་ཏུ་མ་འདྲེས་པ་ལགས།ཇི་ལྟར་ན་དུག་མ་མཆིས་པ་རྣམས་དང་མི་སྟེན་པོ་ལེགས།ཇི་ལྟར་ན་དུག་དང་ལྡན་པ་རྣམས་ལ་བདུད་རྩིའི་སྦྱིན་པོ་བགྱིད་པ་ལགས ་བཀའ་སྩལ་པ།བདུད་རྩི་ཞེས་བྱ་བ་ནི་བག་ཡོད་པའོ།།དུག་ཅེས་བྱ་བ་ནི་བག་མེད་པ་སྟེ།དེ་ལ་བྱང་ཆུབ་སེམས་དཔས་བག་ཡོད་པར་བྱ་ཞིང་བག་མེད་པའི་སེམས་དང་མ་འདྲེས་པར་བྱའོ།། ་དུག་མེད་པ་རྣམས་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཏེ།དེ་དག་དང་བསྟེན་པར་མི་བྱའོ།།དུག་དང་ལྡན་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཏེ།དེ་དག་ལ་བདུད་རྩི་བསྟན་པར་བྱ་སྟེ་དེ་ནི་ཚུལ ་ལོ་དེ་རིགས་ཀྱི་བུ་དག་དེ་ལྟ་བས་ན་མངོན་པར་དགའ་བར་བྱ་བ་ལ་ནི་མངོན་པར་དགའ་བར་མ་བྱེད་ཅིག།མངོན་པར་དགའ་བ་མི་བྱ་བ་ལ་ནི་མངོན་པར་དགའ་བར་གྱིས་ཤིག།དགའ་བ་དང་འདོད ་ཆགས་དང་ལྡན་པར་ཡང་གྱིས་ཤིང་།།དགའ་བ་དང་འདོད་ཆགས་ཡོངསུ་བཅད་པར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་དགའ ་བར་བགྱི་བ་ལ་མངོན་པར་དགའ་བར་མི་བགྱིད་པ་ལགས།ཇི་ལྟར་ན་མངོན་པར་དགའ་བར་མི་བགྱི་བ་ལ་མངོན་པར་དགའ་བར་བགྱིད་པ་ལགས།ཇི་ལྟར་ན་དགའ་བ་དང་འདོད་ཆགས་དང་ལྡན ་པ་ལགས།ཇི་ལྟར་ན་དགའ་བ་དང་འདོད་ཆགས་ཡོངསུ་གཅོད་པ་ལགས།བཀའ་སྩལ་པ།མངོན་པར་དགའ་བ་ཞེས་བྱ་བ་ནི་ངར་འཛིན་པ་དང་ང་ཡིར་འཛིན་པ་སྟེ།དེ་དག་ལ་མངོན་པར་དགའ ་པར་མི་བྱའོ།།མངོན་པར་མི་དགའ་བ་ནི་བདུད་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ལ་སྟེ།དེ་ལ་མངོན་པར་དགའ་བར་བྱའོ།།དགའ་བ་དང་འདོད་ཆགས་དང་ལྡན་པར་བྱ་བ་ནི་འཁོར་བ་ན ་སྲེད་པ་ནི་ཟླ་ཡིན་པའོ།།དགའ་བ་དང་འདོད་ཆགས་ཡོངསུ་བཅད་པ་ནི་འགོག་པ་ཡོངསུ་ཤེས་པར་བྱ་བ་སྟེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་བཅིངས་པས་བཅིངས་པར་ཡང་གྱིས་ཤིག། ་བཅིངས་པས་བཅིངས་པ་རྣམས་ཀྱང་ཁྲོལ་ཅིག།གྲོལ་བ་རྣམས་ལའང་བསྙེན་བཀུར་གྱིས་ཤིག།མ་གྲོལ་བ་རྣམས་ཀྱི་རྗེ་སུ་འབྲང་བར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང ་ཆུབ་སེམས་དཔའ་རྣམས་བཅིངས་པས་བཅིངས་པ་ལགས།ཇི་ལྟར་ན་བཅིངས་བརྣམས་དགྲོལ་བ་ལགས།ཇི་ལྟར་ན་དགྲོལ་བ་རྣམས་ལ་བསྙེན་དཀུར་བགྱིད་པ་ལགས། ་ཇི་ལྟར་ན་མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྱང་བ་ལགས།བཀའ་སྩལ་པ།བཅིངས་པས་བཅིངས་པར་བྱ་བ་ནི་བསླབ་པའི་བཅིངས་པས་སོ།།བཅིངས་པ་འགྲོལ་བ་ནི་སྲེད་པའི་བཅིང་བ་ལསོ།། ་གྲོལ་བ་རྣམས་ལ་བསྙེན་དཀུར་བྱ་བ་ནི་ཉན་བློ་དང་རང་སངས་རྒྱས་རྣམས་ལའོ།།མ་གྲོལ་བ་རྣམས་ཀྱི་རྗེ་སུ་འབྲང་བར་བྱ་བ་ནི་བྱིས་པ་སོ་སོའི་སྐྱེའོ་རྣམས་ཡོངསུ་སྨིན་པར་བྱ་བ་སྟེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག། ་དེ་ལྟ་བས་ན་འདོད་པར་བྱ་བ་རྣམས་ལ་ནི་འདོད་པར་གྱིས་ཤིག།འདོད་པར་མི་བྱ་བ་རྣམས་ལ་ནི་འདོད་པར་མ་བྱེད་ཅིག།འདོད་པ་དང་བྲལ་བར་ཡང་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་རྗེ ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཚལ་བར་བགྱི་བ་རྣམས་འཚལ་བ་ལགས།ཇི་ལྟར་ན་འཚལ་བར་མི་བགྱི་བ་རྣམས་མི་འཚལ་བ་ལགས།ཇི་ལྟར་ན་འཚལ་བ་དང་བྲལ་བ་ལགས། ་བཀའ་སྩོལ་བ།བྱང་ཆུབ་སེམས་དཔའི་འདོད་པར་མི་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དེ།དེ་དག་ལ་འདོད་པར་མི་བྱའོ།།ལྷ་དང་བཅས་པའི་འཇིག་རྟེན་གྱི་འདོད་པའི་བྱ་བ་ནི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ།དེ་དག་ལ་འདོད་པར་བྱའོ།།འདོད་པ་དང་བྲལ་བར་བྱ་བ་ནི་བརྒྱ་བྱིན་དང་ཚངས་པར་སྐྱེ་བ་ལ་ལྟ་སྟེ་དེ་ནི་ཆུའོ།།རིགས་ཀྱི་བུ་དག་དེ་ལྟ་བས་ནི་ཇི་ཙམ ་དུཆུད་པའི་ས་བོན་ལའང་མ་བརྙེས་ཤིག།ཞིང་ཆུང་མེད་པ་ལའང་མྱོས་པར་གྱིས་ཤིག།འཐོབ་པ་ཆེན་པོ་ནིམ་སྒྲུབ་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས ་ཇི་ཙམ་དུ་ཆུད་པའི་ས་བོན་ལའང་བརྙེས་པར་མི་བགྱིད་པ་ལགས།ཇི་ལྟར་ན་ནོང་ཚང་མ་མཆིས་པ་ལ་མོས་པ་ལགས།།ཇི་ལྟར་ན་འཐོབ་པ་ཆེན་པོ་མི་སྒྲུབ་པ་ལགས།བཏའོ་སྩལ་བ།ཇི་ཙམ་དུ་ཆུད་པའི ་ས་བོན་ཞེས་བྱ་བ་ནི་ཇི་ཙམ་དུ་ཆུད་པའི་དགེ་བའི་རྩ་བ་སྟེ།དེ་ལ་བརྙེས་པར་མི་བྱའོ།།ཞིང་ཚད་མེད་པ་ལའང་མོས་པར་བྱ་བ་ནི་སངས་རྒྱས་ལ་ཕུལ་བའི་སྦྱིན་པ་ཚད་མེད་པ་ལ་མོས་པར་བྱེ་བའོ།། ་འཐོབ་པ་ཆེན་པོ་མི་སྒྲུབ་པ་ནི་སེམས་ཅན་ཐམས་ཅད་སུ་སྦྱིན་པའི་ཕྱིར་ཏཱི་དོན་ཆུ་ལོ།།རིགས་ཀྱི་བུ་དགྲ་དེ་ལྟ་བས་ན་ཆགས་པ་རྣམས་ནི་ཁོང་དུ་ཆུད་བོར་གྱིས་ཤིག།ཆགས་པ་རྣམས་ལ་ནི ་སྤྱོད་ཅིག།ཆགས་པ་ལ་ཞེན་པ་རྣམས་ལ་ནི་ལྟོས་ཤིག།ཆགས་པ་མེད་པར་ནི་མ་ལྟུང་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་རྣམས་འཚལ ་བི་ལགས།ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས།ཇི་ལྟར་ན་ཆགས་པ་ལ་ཞེན་པ་རྣམས་ལ་ལྟ་བ་ལགས།ཇི་ལྟར་ན་ཆགས་པ་མ་མཆིས་པ་ཉིད་དུ་མི་ལྟུང་བ་ལགས།བཀའ་སྩལ་པ། ་ཆགས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་འདོད་པ་དང་ཁོང་ཁྲོ་བའི་སེམས་ཏེ།དེ་གཉིས་ནི་བྱང་ཆུབ་སེམས་དཔས་བསྲུང་བར་བྱའོ།།ཆགས་པ་རྣམས་ལ་སྤྱད་པ་ནི་འདོད་པ་དང་།གཟུགས་དང་།གཟུགས། ་མེད་པ་རྣམས་སུའོ།།ཆགས་པ་མེད་པ་ཉིད་དུ་མི་ལྟུང་བ་ནི་མངོན་པར་འདུ་བྱ་བ་མེད་པར་ཏེ་དེ་ནི་ཆུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་ཡང་གྱིས་ཤིག།ཁུར ་ཆེན་པོའང་ཁྱེར་ཅིག།མ་བླངས་པ་ནི་མ་ལེན་ཅིག།བླངས་པ་ནི་ཉམས་འོག་ཏུ་ཆུད་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལགས།།ཇི ་ལྟར་ན་ཁུར་ཆེན་པོ་ཁྱེར་བ་ལགས།ཇི་ལྟར་ན་མ་བླངས་པ་མི་ལེན་པ་ལགས།ཇི་ལྟར་ན་བླངས་པ་ཉམས་འོག་ཏུ་ཆུད་པར་བགྱིད་པ་ལགས།བཀའ་སྩལ་པ།ཡང་བར་བྱ་བ་ནི་ཉོན་མོངས་པ ་ཐམས་ཅད་བཅད་དོ།།ཁུར་ཆེན་པོ་བསྐུར་བ་ནི་སེམས་ཅན་ཐམས་ཅད།།མ་བླངས་པ་མི་བླང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའོ།།བླངས་པ་ཉམས་འོག་ཏུ་ཆུད་པར་བྱ་བ་ནི ་ཐེག་པ་ཆེན་པོ་སྟེ་དེ་ནི་ཚུ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་སྨད་པར་ཡང་གྱིས་ཤིག།བསྟོད་པར་ཡང་གྱིས་ཤིག།ཉེ་བར་བསྙེན་པར་ཡང་གྱིས་ཤིག།སྤང་བར་ཡང་གྱིས་ཤིག། ་གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྨོད་པ་ལགས།ཇི་ལྟར་ན་བསྟོད་པ་ལགས།ཇི་ལྟར་ན་ཉེ་བར་བསྙེན་པ་ལགས།ཇི་ལྟར་ན་སྤང་བ་ལགས།བཀའ་སྩལ ་པ།སྨད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་སྨད་པའོ།།བསྟོད་པ་ནི་དགེ་བའི་ཆོས་ཐམས་ཅད་བསྟོད་པའོ།།བསྟན་པ་ནི་འཕགས་པའི་ལ་མོ།།སྤང་བ་ནི་མི་དགེ་བའི་ཕྱོགས་ཀྱི་ལམ་ཐམས་ཅད་དེ་ནི་ཆུ ་རིགས་ཀྱི་བུ་དག་དེ་ལྟ་བས་ན་གྲོང་དང་།གྲོང་ཁྱེར་དང་།ཡུལ་དང་ཕོ་བྲང་འཁོར་དག་ཏུ་ནི་བསམ་གཏན་གྱི་སྟོབས་སྟོན་ཅིག།དགོན་པ་དར་བས་མཐའ་རྣམས་སུ་ནི་ཉོན་མོངས་པ་ཆུང་བར་སྟོན་ཅིག། ་གསོལ་བ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གྲོང་དང་གྲོང་ཁྱེར་དང་།ཡུལ་འཁོར་དང་།ཕོ་བྲང་འཁོར་རྣམས་སུ་བསམ་གཏན་གྱི་སྟོབས་སྟོན་པ་ལགས།ཇི་ལྟར ་ན་དགོན་པ་དང་།བསེ་མཐའ་རྣམས་ཉོན་མོངས་པ་ཆུང་བར་སྟོན་པ་ལགས།བཀའ་སྩལ་པ།གྲོང་དང་།གྲོང་ཁྱེར་དང་།ཡུལ་འཁོར་དང་།ཕོ་བྲང་འཁོར་དག་ཏུ་ཕྱིན་པ་ན་གཟུགས ་དང་སྒྲ་དང་།དྲི་དང་།རོ་དང་།རེག་བྱ་རགས་པ་དག་སྣང་བར་འགྱུར་ཏེ།དེ་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་མནན་པར་བྱའོ།།དགོན་པ་དང་བས་མཐའ་རྣམས་ནི་འདུག་པའི་ཚེ་ཉོན་མོས ་གང་དག་།སྐྱེ་སྡེ་འགྱུར་བ་དེ་དག་ནི་དབེན་པའི་ཡོན་ཏན་གྱིས་མནན་པར་བྱ་སྟེ་དེ་ནི་ཚུལ་ལོ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆུའི་ནང་ནའང་འདུག་པར་གྱིས་ཤིག།རྟག་པར་སྐོམ་པར་ཡང་གྱིས་ཤིག། ་སྒོམ་པའང་སོལ་ཅིག།སྐོམ་པ་མེད་པར་མ་བྱེད་ཅིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆབ་ཀྱི་ནང་ན་མ་མཆིས་པ་ལགས།ཇི་ལྟར་ན་རྟག་ཏུ ་སྐོམ་པ་ལགས།ཇི་ལྟར་ན་སྐོམ་པ་གསལ་བ་ལགས།ཇི་ལྟར་ནུ་སྒོམ་པ་མ་མཆིས་པར་མི་བགྱིད་པ་ལེགས།བཀའ་སྩལ་པ་ཆུའི་ནང་ན་འདུག་པར་བྱ་བ་ནི་ཆོས་ཀྱི་ཚུལ་གནས་པར ་བྱ་བའོ།།རྟག་པར་སྒོམ་པར་བྱ་བ་ནི་ཆོས་ཀྱིས་སྐོམ་པར་བྱས་པའོ།།སྐོམ་པ་བསལ་བ་ནི་ཆོས་ཀྱིས་ཆོས་ཀྱི་བྱ་བ་བསླབ་པའོ།།སྐོམ་པ་མེད་པར་མི་བྱ་བ་ནི་འདུས་མ ་བྱས་སུ་ལྟུང་བར་མི་བྱ་བ་སྟེ་དེ་ནི་ཚུལ་ལ།།རིགས་ཀྱི་བུ་དག་དེ་ལྟ་བས་ན་གཅིག་པུ་གྲོགས་མེད་པར་ཡང་གྱིས་ཤིག།གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པར་ཡང་གྱིས་ཤིག། ་གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཅིག་པུ་གྲོགས་མ་མཆིས་པར་ཡང་བགྱིད་པ་ལགས།ཇི་ལྟར་ན་གཡོག་མང་པོ་དང་འཁོར་མང་པོ་དང་ལྡན།། ་པ་ལགས།བཀའ་སྩལ་པ།གཅིག་པུ་གྲོགས་མེད་པར་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལའོ།།གཡོག་མང་པོ་དང་ལྡན་པར་བྱ་བ་ནི་དགེ་བའི་རྩ་བ་དེ་དག ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱ་བའོ།།འཁོར་མང་པོ་དང་ལྡན་པར་བྱ་བ་ལ་འཁོར་མང་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་ཕྱོགས་འདི་ལྟ་སྟེ་དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་གྲོལ་བར་ཡང་གྱིས་ཤིག།བཙོན་རེར་ཆུད་པར་ཡང་གྱིས་ཤིག།ཕ་རོལ་ཏུ་ཕྱིན་པར་ཡང་གྱིས་ཤིག།ཆུ་བོ་ཆེན་པོའི་ནང་དུ་འདུག་པར་ཡང་གྱིས་ཤིག། ་གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བ་ལགས།།ཇི་ལྟར་ན་བཙོན་རར་ཆུད་པ་ལགས།ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ལེགས།ཇི་ལྟར་ན་ཆུ་བོ་ཆེན་པོའི་ནང ་ན་གནས་པཱ་ལགས།བཀའ་སྩལ་པ།གྲོལ་བར་བྱ་བ་ནི་ཉོན་མོངས་པ་དང་འདུད་ཀྱི་བཅིང་བ་ཐམས་ཅད་ལསོ།།བཙོན་རཱར་ཆུད་པར་ཡུང་བྱ་བ་ནི་བསམས་བཞིན་དུ་སྐྱོ་བ་རྣམ་སུའོ།།ཕ་རོལ་ཏུ་ཕྱིན་པར ་ཡང་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་ལའོ།།ཆུ་བོ་ཆེན་པོའི་ནང་ན་གནས་པར་ཡང་བྱ་བའི་ཆུ་བོ་འནིས་ཁྱེར་ངའི་སེམས་ཅན་སྒྲོལ་བའི་ཕྱིར་ཏེ་དེན་ཚུལ་ལོ།།རིགས་ཀྱི་བུ ་དག་དེ་ལྟ་བས་ན་ཆད་ཡོད་པ་ལའང་སོ་སོར་རྟོག་པར་གྱིས་ཤིག།ཚད་མེད་པར་ཡང་མཉམ་པ་ཉིད་ཁོང་དུ་ཆུད་པར་གྱིས་ཤིག།གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་རྣམས་ཚད་མ་མཆིས་པ་ལའང་སོ་སོར་རྟོག་པ་ལགས།ཇི་ལྟར་ན་ཚད་མ་མཆིས་པ་ལའང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་འགྱིད་པ་ལགས།བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ།རིགས་ཀྱི་བུ་དག་ཚད་ཡོད་པ་ཞེས་བྱ་བ་ནི་འདུས་བྱསོ།།ཚདདེ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ།དེ་ལ་བྱང་ཆུབ་སེམས་དཔས་འདུས་བྱས་ཀྱང་སྤང་བར་མི་བྱ་སྟེ།འདུས་བྱས་སུ ་གཏོགས་པའི་ཉོན་མོངས་པ་རྣམས་དང་ཡང་འགྲོགས་པར་མི་བྱའོ།།འདུས་མ་བྱས་ལའང་བརྟག་པར་བྱ་སྟེ།སྐྱོན་མེད་པར་ཡང་འཇུག་པར་མོ་བྱའོ།།འདུས་བྱས་དང་འདུས་མ་བྱས་གཅིག ་པའི་མཚན་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་མཉམ་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ་དེ་ནི་ཚུལ་ལོ།།ཚུལ་གྱི་ཚིག་འདི་དག་བསྟན་པའི་ཚེ་ལྷའི ་བུ་བརྒྱད་སྟོང་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།།བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།།བཅོམ་ལྡན་འདས་ཀྱིས། ་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དེ་དག་དང་།ལྷ་དང་།མི་ད་།ལྷོ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན ་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགསོ།།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་།ཞུ་ཚོན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས ་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།རྒྱ་གར་སྐད་དུ།ཨཱརྱ་དྷརྨྨ་སྐནྣ་ནཱ་མ་མ་ཧཱ་མྦྷི་ན་སུ་ཏྲ།བོད་སྐད་དུ།འཕགས་པ་ཆོས ་