| Wylie | e-texts produced with BDRC’s OCR application |
ཕབ་པ།།།རྒྱ་གར་སྐད་དུ།མ་ཧཱ་སནྣི་པཱ་ཏཱད་མ་ཧཱ་ཡཱ་ན་སཱུ་ཏྱནྟ་ཐཱ་གཽ་ཏ་ཤྲཱི་ས་མ་ཡ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འདུས་པ་ཆེན་པོ ་ཐེག་པ་ཆེན་པོའི་མདོ་སྡེ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།།བམ་པོ་དང་པོ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚལ་ལོ།།འདི་སྐད་ཎཾ་དག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཚངས་པ་ཆེན་པོའི་ཕུར་བུ་མཐའ་ཡས་མུ་མེད་པ་ལུང་བསྟན་པ།དྲང་སྲོང་རྣམས་ཀྱི་གནས་ཐུབ་པའི ་རྟེན་རི་ཐེར་སྒྲ་ལ་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ།བཅོམ་ལྡན་འདས་ཀྱི་ཉན་ཐོས་བགྲང་བ་ལས་འདས་པ་དག་དང་།བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ།ཕྱོགས ་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་དེར་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པོ་དག་དང་ཐབས་ཅིག་ཏུ་བཞུགས་སོ།།དེའི་ཚེ་འཁོར་འདུས ་པ་ཆེན་པོ་དེ་ན་དཔལ་ལྷ་མོ་ཆེན་མོ་ཆོས་ཉན་པའི་ཕྱིར།།བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐག་མི་རིང་བ་ཞིག་ན་འདུག་གོ།དེ་ནས་དཔལ་ལྷ་མོ་ཆེན་མོ་སྟན་ལས་ལངས་ཏེ།བཅོམ་ལྡན ་འདས་ག་ལ་བདེ་ལོགས་སུ་ཐལ་མོ་བསྒྱུར་བ་བཏུད་ནས་བཅོམ་ལྡན་འདས་ལ་འོད་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་འདི་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བྲེའི ་དངོས་པོའི་གཟིངས་ཀྱིས་སྐྱེ་བའི་རྒྱ་མཚོ་ལས་སྒྲོལ་བར་མི་བགྱིད་པ་དག་མཆིས་ལགས་སོ།།དེ་ཅིའི་སླད་དུ་ཞེ་ན།།སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པ་འདི་ན ་སེམས་ཅན་བསོད་ནམས་སུ་གདགས་པ་དང་བྲལ་བ་དག་ཕལ་ཆེ་ལགས་ཏེ།རྒྱུ་དེ་དང་རྐྱེན་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འདིར་སེམས ་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དགྲ་བསྐྱེད་པར་བགྱིད་ལགས་སོ།།འདི་ནི་སེམས་ཅན་རྣམས་གང་གིས་ན་རྒྱུ་མ་མཆིས་པར་སྨྲ་ཞིང་ལོངས་སྤྱོད་དང་བྲལ་ལ།ཚོལ་ཁྲོས་སྡུག་བསྔལ་ཞིང ་ཉམས་ཐག་པ་དང་།དོན་མ་མཆིས་པར་འབད་པ་དེ་དག་ནི་སྦྱིན་པ་རྣམ་པར་བགེད་པ་མ་མཆིས་པར་ཡོངས་སུ་སྨིན་པར་བགྱིད་པའི་རྔོ་མི་ཐོག་སྟེ།དེ་ལྟ་བས་ན་བདག་ཅིག་གིས་སྦྱིན ་བའི་གོ་བགོས་ཏེ།བརྩོན་འགྲུས་བརྩམ་པར་བགྱི་ཞིང་།འདི་ལྟར་བདག་ཅག་གིས་སྦྱིན་པའི་གཟིངས་ཀྱིས་སྐྱེ་བའི་རྒྱ་མཚོ་ལས་བསྒྲལ་བར་བགྱིའོ་ཞེས་བྱང་ཆུབ་སེམས་དཔོའ ་སེམས་དཔའ་ཆེན་པོ་དེ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀུན་ཏུ་སྦྱོར་བར་བགྱི་བོའི་དངོས་པོས།།སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་བླ་ན་མ་མཆིས་པ་ལ་འཇུག་པར ་བགྱིད་པ་ནས་ཆོས་ཀྱི་རྒྱལ་པོ་བླ་ན་མ་མཆིས་པར་དབང་བསྐུར་བ་རབ་ཏུ་ཐོབ་པར་བགྱིད་པའི་བར་དུའོ།།བཙུན་པ་བཅོམ་ལྡན་འདས་འདི་ནི་སེམས་ཅན་རྟག་པར་སྨྲ་བ་འདི་དག་ལྡོངས ་སྤྱོད་དང་།ཉེ་བར་སྤྱོད་པ་རྒྱ་ཆེན་པོ་དང་བྲལ་ལ་ཚོལ་ཁྲོས་སྡུག་བསྔལ་ཞིང་ཉམ་ཐག་པ་དག་མཆིས་ཏེ།དེ་དག་ཚུལ་ཁྲིམས་རྣམ་པར་བགེད་པ་མ་མཆིས་པར་ཡོངས་སུ་སྨིན་པར་བགྱིད ་པར་རྔོ་མི་ཐོག་པས།འདིར་སེམས་ཅན་རྟག་པར་སྨྲ་བ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྙིང་རྗེ་ཆེན་པོ་དག་སྐྱེད་པར་བགྱིད་ཅིང་།ཚུལ་ཁྲིམས་ཀྱི་གོ་བགོས ་པའི་གཟིངས་ཀྱི་སེམས་ཅན་རྟག་པར་སྨྲ་བ་འདི་དག་སྐྱེ་བའི་རྒྱ་མཚོ་འདྲི་ལས་བསྒྲལ་བར་བགྱིའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཚུལ་ཁྲིམས་ལས་བྱུང་བའི ་བསོད་ནམས་ཀུན་ཏུ་སྤྱོད་པར་བགྱིད་པའི་དངོས་པོ་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ཡོངས་སུ་སྨིན་པར་བགྱིད་པ་དང་།སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་བླ་ན ་མ་མཆིས་པ་ལ་འཇུག་པར་བགྱིད་པ་ནས་ཆོས་ཀྱི་རྒྱལ་པོ་བླ་ན་མ་མཆིས་པར་དབང་བསྐུར་བ་རབ་ཏུ་ཐོབ་པར་བགྱིད་པའི་བར་དུའོ།།བཙུན་པ་བཅོམ་ལྡན་འདས་འདི་ན་སེམས་ཅན ་གང་དག་ཁྲ་མ་དང་།ཚིག་རྩུབ་པོ་དང་།ཆགས་སེམས་དང་།གནོད་སེམས་ཀུན་ཏུ་སྤྱོད་པའི་ཡིད་ཀྱིས་དེ་དག་འཇིག་ཚོགས་ལ་ལྟ་བ་དང་ལྡན་ཞིང་ལོངས་སྤྱོད་དང་།ཉེ་བར་སྤྱོད་པ་དང ་བྲལ་ལ་ཚོལ་ཁྲོས་སྡུག་བསྔལ་ཞིང་ཉམ་ཐག་པ་དག་མཆིས་ཏེ།སེམས་ཅན་དེ་དོག་རབ་ཏུ་འབྱུང་བའི་ཚུལ་ཁྲིམས་དང་།སྡོམ་པ་མ་མཆིས་པར་ཡོངས་སུ་སྨིན་པར་བགྱིད་པར ་རྔོ་མི་ཐོག་པས་སེམས་ཅན་ཕྲ་མ་དང་།ཚིག་རྩུབ་པོ་དང་།ཆགས་སེམས་དང་།གནོད་སེམས་ཀུན་ཏུ་སྤྱོད་ཅིང་།འཇིག་ཚོགས་ལ་ལྟ་བ་དང་ལྡན་པ་སྤྱོད་པ་དེ་དག་ལ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྙིང་རྗེ་ཆེན་པོ་དག་སྤྱོད་པར་བགྱིད་དེ།བཅོམ་ལྡན་འདས་སེམས་ཅནྡྲ་དེ་དག་མྱི་རྟག་པའི་ཚུལ་གྱིས ་བསྟན་པ་ལ་འཇུག་པར་བགྱིད་པ་དང་།རབ་ཏུ་འབྱུང་བའི་སྡོམ་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པའང་བདག་ཅག་གིས་བཟོད་པ་དང་།བརྩོན་འགྲུས ་བརྩམས་ནས་བདག་ཅག་གིས་རབ་ཏུ་འབྱུང་བའི་སྡོམ་པའི་གཟིངས་ཀྱིས་སྐྱེ་བའི་རྒྱ་མཚོ་ལས་བསྒྲལ་བར་བགྱིའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་དེ་དག་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་རྟག་པའི་ཚུལ་གྱིས་སེམས་ཅན་རྣམས་རབ་ཏུ་འབྱུང་བའི་ཚུལ་ཁྲིམས་དང་།སྡོམ་པས་ཡོངས་སུ་སྨིན་པར ་བགྱིད་དོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་བླ་ན་མ་མཆིས་པར་འཇུག་པར་བགྱིད་པ་ནས་ཆོས་ཀྱི་རྒྱལ་པོ་བླ ་ན་མ་མཆིས་པར་དབང་བསྐུར་བ་ཐོབ་པར་བགྱིད་པའི་བར་དུའོ།།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བསམ་གཏན་དང་པོའི་ཕ་རོལ་ཏུ ་ཕྱིན་པ་ཡོངས་སུ་སྦྱོང་ཞིང་སློབ་པ་ན་བསམ་གཏན་གྱི་ཡན་ལག་རྣམས་འཚལ་བ་དང་།འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་དང་།ཡན་ལག་ལྔ་དང་ལྡན་ཞིང ་ཡན་ལག་ལྔ་སྤངས་པ་དང་།རྫུ་འཕྲུལ་གྱི་རྐང་པ་བཞིས་རྣམ་པར་རྩེ་བ་མངོན་པར་འཚལ་བ་དང་།སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་།བཀུར་སྟི་བགྱི ་བ་དང་།དམ་པའི་ཆོས་མཉན་པའི་སླད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱིས་མཚོ་བ་ལ་མཁས་པ་དང་།སེམས་ཅན་རྣམས་ཀྱི་ལམ་གསུམ་མོ།།གསུམ ་འདི་ལྟ་སྟེ།ལུས་ཀྱི་ལམ་དང་།ཉོན་མོངས་པའི་ལམ་དང་།སྡུག་བསྔལ་གྱི་ལམ་དག་སྐེམས་པར་བགྱིད་པ་དང་།བསྒོམས་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ ་རྫོགས་པར་བགྱིད་པ་དག་ཇི་ལྟ་བུ་ལགས།དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ཇི་ལྟ་བུ་ལགས།།དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས ་རྫོགས་པར་འགྱུར་བ་དང་།མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཇི་ལྟ་བུ་ལགས།བཅོམ་ལྡན་འདས་ཀྱི ་བཀའ་སྩལ་པ།དཔལ་ཆོ་ག་ཤོས་ལེགས་སོ་ལེགས་སོ།།དཔལ་ཆོ་ག་ཤེསཽ་ཁྱོད་ཀྱིས་གང་གི་ཚེ་ཆོས་བཞི་པོ་འདི་ལ་ཡོངས་སུ་རྫོགས་པར་སྤྱད་ཅིང་གོམས་པར་བྱས་ཀྱང་ཁྱོད་ཀྱིས། ་སེམས་ཅན་གཞན་དང་།གང་ཟག་གཞན་དག་གི་དོན་དུ་དེ་བཞིན་གཤེགས་པོ་ལ་དོན་འདི་འདྲི་བར་སེམས་པ།དཔལ་ཆོ་གོ་ཤེས་དེའི་ཕྱིར་ལེགས་པར་ཉོན་ལོ་རབ་ཏུ་ཡོད་ལ ་གཟུང་ཞིག་དང་བཤད་དོ།།བཙུན་པ་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་བྱ་བ་ནས།བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར ་དུའོ།།དཔལ་ཆོག་ཤེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་ཞིང་སློབ་པ་ན་བསམ་གཏན་གྱི་ཡན་ལག་རྣམས་ཤེ ་པ་དང་།འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་དང་།ཡན་ལག་ལྔ་དང་ལྡན་ཞིང་ཡང་ཡན་ལག་ལྔ་སྤངས་པ་དང་།རྫུ་འཕྲུལ་གྱི་རྐང་པ་བཞིས་རྩེ་བ་མངོན་པར་ཤེས་པ ་དང་།སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ་དང་བཀུར་སྟི་བྱ་བ་དང་།དམ་པའི་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས ་ཀྱིས་འགྲོ་བ་ལ་མཁས་པ།སེམས་ཅན་རྣམས་ཀྱི་ལམ་གསུམ་པོ་ལས་ཀྱི་ལམོ་དང་།ཉོན་མོངས་པའི་ལམ་དང་།སྡུག་བསྔལ་གྱི་ལམ་དག་བསྐམ་པ་དང་།བསྒོམ་པ་ལས ་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྫོགས་པར་བྱེད་པ་དང་།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་།དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ ་རྫོགས་པར་འགྱུར་བ་དང་།མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཇི་ལྟ་བུ་ཡིན་ཞེ་ན།དཔལ་ཆོ་ག་ཤེས་འདི ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཐམས་ཅད་ཀྱི་དང་པོར་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་མཚན་མའི་དམིགས་པ་ཐམས་ཅད་ལ་སེམས་གཏོད་པར་བྱེད་དེ།། ་དེ་གཡེང་བ་མེད་པའི་སེམས་ཀྱིས་དབུགས་རྔུབ་པར་བྱེད་དོ།།དབུགས་འབྱུང་བར་བྱེད་དོ།།དེ་དང་པོར་དབུགས་རྔུབ་པའི་སེམས་ཀྱིས་སེལ་བར་བྱེད་པ་དེ་དག་ནི་དེའི་རྣམ་པར་རྟོག་པ ་ཡིན་ནོ།།དེ་ངེས་པར་འབྱུང་བ་ན་དབུགས་འབྱུང་བའི་སེམས་ཀྱིས་སེལ་བ་དེ་དག་ནི་དྲིའི་རྣམ་པར་དཔྱོད་པ་ཡིན་ནོ།།དེ་ལ་དགའ་ཞིང་ཚིམ་པ་གང་ཡིན་པ་དང་།སེམས་རྩེ་གཅིག་པ་ཉིད ་གང་ཡིན་པ་དང་།གཡེང་བ་མེད་པ་གང་ཡིན་པ་དེས་ན་དེ་ངེས་པར་འབྱུང་བ་ལ་གནས་ཤིང་རྣམ་པར་རྟོགས་པ་དང་།རྣམ་པར་དཔྱོད་པ་སྤོང་བའི་སེམས་དང་ལྡན་པ་ཡིན་ནོ།།དེ་ལྟར་ན ་དེར་དེས་རྣམ་པར་རྟོག་པ་དང་།རྣམ་པར་དཔྱོད་པ་དང་བཅས་པའི་བསམ་གཏན་དང་པོ་ཐོབ་པ་ཡིན་ནོ།།དེ་ལ་མཚན་མ་འདི་དག་འབྱུང་སྟེ།དེའི་ལུས་ཐམས་ཅད་གཡོ་བར་འགྱུར་རོ།། ་དྲོ་བར་འགྱུར་རོ།།དེར་དེ་འདོད་པའི་འདུན་པའི་སྒྲིབ་པ་སྤོང་བ་ཡིན་ནོ།།དེ་མི་དགེ་བའི་ཆོས་ཐམས་ཅད་གནོད་པར་བྱེད་དོ།།དེ་གང་གི་ཚེ་བརྩོན་པ་དྲག་པོ་ཡིད་ལ་བྱེད་ཅིང་གནས་པ ་དེས་ན་དེ་རྣམ་པར་རྟོག་པ་དང་།རྣམ་པར་དཔྱོད་པ་ཉེ་བར་ཞི་བ་ཡིན་ཏེ།དེས་ན་རྣམ་པར་རྟོག་པ་དང་།རྣམ་པར་དཔྱོད་པ་མེད་པའི་བསམ་གཏན་གཉིས་པ་ཐོབ་པ་ཡིན་ནོ།།དེ་ལྟར་དེའི ་ལུས་ཐམས་ཅད་ཤིན་ཏུ་སིམ་པ་དང་།བདེ་བ་དང་།ཚིམ་པར་འགྱུར་བ་ནི་དཔེར་ནའམ་འཇམ་ཙམ་གྱིས་ཁྲུས་ལ་ཅིག་ཅར་བྱུགས་ན་བདེ་བ་མྱོང་བ ་བཞིན་ནོ།།དེས་བདག་ནི་འདི་ལྟར་གྱུར་པར་ཤེས་ཏེ།དེས་ཟུང་ཟིང་མེད་པའི་དགའ་བ་དང་།བདེ་བ་དེ་ལྟ་བུ་དང་ལྡན་ནོ་སྙམ་དུ་ཤེས་སོ།།བྱང་ཆུབ་སེམས་དཔའ་དེས་དཀོན ་མཆོག་གསུམ་ལ་དད་པ་ཐོབ་ནས།དེ་འདི་སྙམ་དུ་བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་བགོས་ནས་བསམ་གཏན་ལོའང་མངོན་པར་བརྩོན་པར་བྱ་ཞིང ་བདག་གིས་ཅི་ནས་ཀྱང་ལུས་དང་སེམས་ཀྱི་བདེ་བའང་དོར་བར་བྱའོ་སྙམ་དུ་སེམས་སོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དབུགས་རྔུབ་པ་དང་།དབུགས་འ ་བ་གོམས་པར་བྱ་བ་སེམས་ཀྱི་དམིགས་པ་དག་འདོར་བར་བྱེད་དོ།།དེ་སྣའི་རྩེ་མོར་སེམས་གཏོད་པར་བྱེད་དེ་གང་གིས་འཇུག་པ་དང་།ངེས་པར་འབྱུང་བ་དབུགས་རྔུབ་པ་དང་། ་དབུགས་འབྱུང་བ་ལ་གནས་པའི་སེམས་ཀྱིས་ཉེ་བར་རྟོག་པར་བྱེད་དོ།།དེ་སེམས་དེའི་སྐད་ཅིག་མ་ལ་ཞིག་པ་དང་།སྐྱེ་བ་དང་།འཇིག་པ་ཉེ་བར་རྟོག་པར་བྱེད་དེ།སེམས ་དང་།ཡིད་དང་།རྣམ་པར་ཤེས་པ་དང་།ཕུང་པོ་དང་།ཁམས་དང་།སྐྱེ་མཆེད་ཐམས་ཅད་ལ་ཆུ་ཟླ་དང་།མིག་ཡོར་དང་།སྨིག་རྒྱུ་ལྟ་བུ་དང་།གློག་ལྟ་བུ་དང་།བདག་པོ ་མེད་པ་དང་།ཐམས་ཅད་སྐད་ཅིག་མ་འཇིག་པ་དང་ལྡན་པར་རྟོགས་ཏེ།དེ་དེ་ལྟར་དགའ་བ་དང་།བདེ་བ་རབ་ཏུ་གཏོང་བར་བྱེད་དེ།དེས་དེར་བསམ་གཏན་གསུམ་པའང་ཐོབ་པ་ཡིན་ནོ།། ་གང་དུ་ཆོས་དེ་དག་འཕེལ་བཞིན་དུ་འགོག་པ་ཡིད་ལ་བྱེད་པའི་སེམས་ཀྱིས་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་པ་དེ་ལ་མཚན་མ་འདི་དག་འབྱུང་སྟེ།དེས་མིག་གཉིས ་ཀ་བརྣམས་ཀྱང་ཉི་མའི་སྣང་བ་ཆེན་པོ་ལྟ་བུར་སྣང་བ་དག་ཡང་དག་པར་ལྟ་བར་བྱེད་པ་ན།དེ་འདི་སྙམ་དུ་མཚན་མོའི་སྟོབས་སྣང་བའི་རྐྱེན་ལས་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་དང ་ཁམས་དང་།སྐྱེ་མཆེད་དང་།ཉོན་མོངས་པ་དང་།ཉེ་བའི་ཉོན་མོངས་པ་རྣམ་པར་འཕེལ་ཞིང་འབར་བས་བདག་གིས་ཅི་ནས་ཀྱིང་ཡིད་ལ་བྱེད་པའི་སེམས་ཀྱི་དམིགས་པའི་སྣང་བ་དགྲ་དོར ་བར་བྱའོ་སྙམ་དུ་སེམས་སོ།།དེ་དེར་དེའི་ཚོར་བ་དང་།འདུ་ཤེས་དང་།སེམས་པ་དང་།རེག་པ་གང་ཡིན་པ་ཡིད་ལ་བྱེད་པ་ཀུན་འབྱུང་པོ་དག་སྐྱེ་ཞིང་འཇིག་པ་དང་།འགོག་པའི ་ཚུལ་གྱིས་རབ་ཞི་བར་བྱེད་ལ།འགོག་པའི་གྲོང་ཁྱེར་ཤིན་ཏུ་ཡོངས་སུ་དག་པར་འཇུག་པར་ཡང་བྱེད་དོ།།དེ་ལུས་དང་།ངག་དང་ཡོད་ལ་བྱེད་པ་ཤིན་ཏུ་སྦྱངས་པ་ལ ་གནས་སོ།།ཡང་དེ་ལས་ཀྱང་ལྡང་ངོ་།།ཡང་ནི་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་མཚན་མོ་ངག་འཛིན་པར་བྱེད་ལ།རེག་པ་ཡིད་ལ་བྱེད་པས་མཚན་མོ་ལ་ཉེ་བར་རྟོག ་པར་ཡང་བྱེད་དོ།།ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག་པར་ཡང་བྱེད་ལ།ཡང་ན་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་སྐྱེ་བ་དང་།འཇིག་པ ་མཚན་མའི་དམིགས་པ་ཡང་དག་པོར་ལྟ་བར་བྱེད་དོ།།སྨོན་པའི་ཏིང་ངེ་འཛིན་དེ་ལའང་གནས་ལ།ཡང་ན་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་ཞི་བ་དང་།འགོག ་པ་ལ་ཡང་དག་པར་ལྟ་བར་ཡང་བྱེད་དོ།།མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དེ་བཞིན་དུ་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པའང་ཡོངས་སུ་རྫོགས་པར་འགྱུར་རོ།། ་དེ་ལ་རྣམ་པར་ཐར་པ་གསུམ་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ།ཡང་ན་དབུགས་རྔུབ་པ་དང་།དབུགས་འབྱུང་བར་མི་སྨོན་ཅིང་འཇིག་པའི་ཚུལ་གྱི་དམིགས་པས ་ཉེ་བར་རྟོག་པར་ཡང་བྱེད་དོ།།དེ་ལ་ཡང་དག་པའི་སྦྱོང་བ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ།ཡང་ན་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་སྐྱེ་བ ་དང་།ནུབ་པའི་མཚན་མ་ལ་ཉེ་བར་རྟོག་པར་ཡང་བྱེད་དོ།།དེ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ།།ཡང་ན་དབུགས་རྔུབ་པ་དང་། ་དབུགས་འབྱུང་བའི་མཚན་མ་ལ་དམིགས་པས་ཉེ་ཟེར་གྱི་རྡུལ་དང་འདྲ་བར་ཕྱེ་མར་རླགས་པ་བཞིན་དུ་རང་གི་ལུས་ལ་ཉེ་བར་རྟོག་པར་ཡང་བྱེད་དོ།།དེ་དབང་པོ་ལྔ་བསྒོམ་པ ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ།ཡང་ན་དབུགས་རྔུབ་པ་དང་།དབུགས་འབྱུང་བ་སྐྱེ་བ་དང་།ནུབ་པའི་ཚུལ་གྱིས་འདུ་བྱེད་གསུམ་ལ་ཉེ་བར་རྟོག་པར་ཡང་བྱེད་དོ།།དེ་སྟོབས ་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ།ཡང་ན་དབུགས་རྔུབ་པ་དང་།དབུགསོ་འབྱུང་བའི་ཚོར་བའི་མཚན་མ་གསོལ་བའི་ཚུལ་གྱིས་ཕུང་པོ་དག་ལ་ཞི་བ་དང་ཉེ་བར་ཞི ་བར་རྟོག་པར་ཡང་བྱེད་དོ།།དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ།ཡང་ན་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་རླུབ་གི ་རྣལ་འབྱོར་ཡིད་ལོ་བྱེད་པས་སའི་ཁམས་གཟུགས་སུ་སྣང་བ་ཐམས་ཅད་རྡུལ་དུ་རླགས་ཏེ་གཏོར་ནས་མཚན་མ་མེད་པ།ལུས་པ་མེད་པ།བརྗོད་དུ་མེད་པ།མཚན་ཉིད་མེད་པ། ་རྣམ་པར་རིག་པ་མེད་པ།འདུ་བྱེད་གསུམ་ཞི་བ།ཉེ་བར་ཞི་བ།འགགས་པ།དམིགས་པ་མེད་པའི་ཏིང་ངེ་འཛིན་དག་རབ་ཏུ་ཐོབ་བོ།།བསམ་གཏན་ལ་རྣམ་པར་རྩེ་བའི་ཏིང་ངེ་འཛིན ་དེ་ལྟ་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་ཐུན་མོང་ཡིན་ལ།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ ་སྦྱོང་བ་ན་ཉན་ཐོས་དང་།རང་སངས་རྒྱས་ཐམས་ཅད་ཀྱིའང་ཐུན་མོང་ཡིན་ནོ།།གང་དག་ཁ་ཙོག་དེ་ལ་གནས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཡིན་ནོ།།བརྩོན་འགྲུས ་ཞན་པ་ཁ་ཅིག་ནི་ཉན་ཐོས་ཀྱི་ཆོས་རྣམས་ལ་འཕེལ་ལོ།།ཁ་ཅིག་ནི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པའི་བྱུང་དུའོ།།གང་དག་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ།འབྲད་པ་བརྟན་པ།སེམས་ཅན་ཐམས་ཅད་ལ་ལྟ་བ།བསོད་ནམས་དང་།ཤེས་རབ་ཀྱི་ཚོགས་དཔག་ཏུ་མེད་པོ་གོམས་པར་བྱས་ཏེ། ་བསམ་གཏན་ཡོངས་སུ་སྤྱོད་པས་རྣམ་པར་རྩེ་བའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དེ་ལྟ་བུ་དེ་ལ་གནས་ནས་རྣམ་པར་ལྡོག་པར་ཡང་མི་བྱེད་ལ།།ཉན་ཐོས་ཀྱི་ངེས་པ་ལ་འཇུག་པར་ཡང ་མི་བྱེད་དོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གོ་ཆ་ཆེན་པོ་བགོས་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་པ་ཡོངས་སུ ་སྤྱོད་པ་ལ་གནོས་པ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་།དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་འགྱུར་བའི་བར་དུའོ།།དཔལ ་ཆོག་ཤེས་ཡུལ་འཁོར་དེ་ན་དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་དང་།ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་།རང་སངས་རྒྱས་ཀྱི ་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་།ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་བསམ་གཏན་ཡོངས་སུ་སྦྱོང་བས་རྣམ་པར་རྩེ་བ་ཡིད ་ལ་བྱེད་པ་དེ་ལྟ་བུ་དག་གིས་གནས་པ་ནས་ཡུལ་འཁོར་དེ་ལྷའི་དབང་པོ་ཐམས་ཅད་ཀྱིས་ལེགས་པར་བསྲུངས་པར་འགྱུར་རོ།།ཡུལ་འཁོར་དེ་ཀླུའི་དབང་པོ་དང་།གནོད་སྦྱིན་གྱི ་དབང་པོ་དང་ལྷ་མ་ཡིན་གྱི་དབང་པོ་དང་།ནམ་མཁའ་ལྡིང་གི་དབང་པོ་དང་།མི་འམ་ཅིའི་དབང་པོ་དང་།ལྟོ་འཕྱེ་ཆེན་པོའི་དབང་པོ་དང་།ཡི་དགས་ཀྱི་དབང་པོ་དང་།ཤ་ཟའི་དབང་པོ ་ཐམས་ཅད་ཀྱིས་ལེགས་པར་བསྲུངས་པར་འགྱུར་རོ།།དེ་ན་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པའི་སྦྱིན་གནས་དྲུག་འཁོད་པའི་བར་དུའོ།།ཡུལ་འཁོར་དེའི་རྒྱལ་པོའང་ཡིད་དང་འཐད ་པའི་ཆོས་བཅུ་ཐོབ་པར་འགྱུར་ཏེ།བཅུ་གང་ཞེ་ན།ནད་མེད་པ་དང་།ནད་ཐམས་ཅད་རབ་ཏུ་ཞི་བོ་དང་།ཚེ་རིང་བ་དང་།གཟུགས་བཟང་བ་དང་།མདོག་བཟང་པོ་དང་ལྡན་པ་དང་། ་ཡན་ལག་དང་ཉིང་ལག་སྡུག་པ་དང་།འཁོར་སྐྱེ་བོ་བཟད་པ་དང་།ལས་ཀྱི་མཐའ་ལེགས་པར་སྤྱད་པ་སྤྱོད་པ་དང་།བྱམས་པ་དང་སྙིང་རྗེ་ལ་སྦྱོར་བ་དང་།སྙན་པར་གྲགས་པ་དག་སྟེ། ་ཏིང་ངེ་འཛིན་དེ་ལྟ་བུ་དག་དང་ལྡན་པའི་སྦྱིན་གནས་སྣོད་དུ་གྱུར་པ།མཐོ་རིས་སུ་འགྲོ་བའི་ཡུལ་འཁོར་དེ་ནི་ཡོན་ཏན་དང་།ཕན་ཡོན་ཆེན་པོ་བཅུ་པོ་དག་གིས་རྒྱས་པར་འགྱུར་རོ།། ་རང་གི་དཔུང་དང་།གཞན་གྱི་དཔུང་དང་།ཆོམ་རྐུན་དང་།མི་རྒོད་དང་།རི་དགས་དང་།སྟག་དང་།སྦྲང་མ་དང་།ཤ་སྦྲང་དང་།ཕྱེ་མ་ལེབ་དང་ཆར་ཆེས་པ་དང་།ཐོན་ཆེས་པ་དང་།དུས ་མ་ཡིན་པའི་རླུང་དང་།ལྷགས་པ་དང་།ཉི་མས་གདུངས་པ་དང་།ཚ་བའི་རེག་པ་དག་གིས་གནོད་པར་མི་འགྱུར་རོ།།ཡུལ་འཁོར་དེ་ས་གནི་མཉམ་སྟེ།དགོན ་པ་དང་གཅོང་རོང་མེད་དོ།།ཚ་བ་དང་ཁྲོ་བ་མེད་དོ།།དེ་ནས་བོན་སྣ་ཚོགས་དག་འཕེལ་ལོ།།འབྲུ་དང་།སྤྱན་དང་།རྩཝ་དང་།ཤྲཱིང་དང་།ཤིང་ལྗོན་པ་དང་།ཆུ་དག་ཕུན་སུམ ་ཚོགས་ཤིང་ཆུང་མི་ཟ་བ་འབྱུང་ངོ་།།དེ་ནི་མེ་ཏོག་དང་།སྨན་དང་།འབྲུ་དང་།རོ་རྣམས་ཆུད་མི་ཟ་བར་ཕུན་སུམ་ཚོགས་པར་འགྱུར་རོ།།ཡུལ་འཁོར་དེདང་ཡིད་དུ་མི་འོང་བའི་སྒྲ་དང་། ་བྱི་དགྲ་དང་།ནང་འཁྲུག་གི་དཔུང་དག་དང་།ལོ་ཉེས་དང་།ནད་དང་།དུས་མ་ཡིན་པའི་ནད་དང་།འཆི་བ་དག་མི་འབྱུང་ངོ་།།དེ་ནས་སེམས་ཅན་རྣམས་ཚེ་རིང་ཞིང་ཁ་དོག་དང་ལྡན་ནོ།། ་བདེ་བ་མང་ཞིང་སེམས་ལ་རྙོག་མ་མེད་དོ།།རྩེ་དགའ་དང་མཚུངས་པར་ལྡན་ཞིང་ཆོས་སྤྱོད་ལ་མཐོ་རིས་དག་ལ་གཞོལ་ལོ།།ཡུལ་འཁོར་དེ་ནི་སྦྱིན་གནས་སྣོད་དུ་གྱུར་པ་དག ་རྣལ་འབྱོར་ཡིད་ལ་བྱེད་པ་དང་མཐུན་པར་མངོན་པར་དགའ་བ་དང་བཅས་པསྟེ་གནས་སོ།།དེ་ནས་བཟའ་བཏུང་གི་ལྗོངས་སྤྱོད་མ་ཚད་མེད་དོ།།འབྱུང་བ་ཆེན་པོ་ཡིད་དུ་འོང་བ ་དག་གིས་བརྟན་ཏོ།།དབང་པོ་དང་།ཁམས་དག་རྒྱས་ཤིང་མི་མཐུན་པ་མེད་དོ།།ཡུལ་འཁོར་དེ་ན་མི་རྣམས་དཔའ་ཞིང་དྲན་པོ་དང་ལྡན་ལ།བྱམས་པ་དང་སྙིང་རྗེ་དང་ལྡན་ཞིང ་མཐོ་རིས་དག་ལ་གཞོལ་ལོ།།དཔལ་ཆོ་ག་ཤེས་ཡུལ་འཁོར་དེ་ཆོས་བཅུ་པོ་དེ་དག་གིས་ལེགས་པར་བརྒྱན་པ་ཡིན་ནོ།།དཔལ་ཆོ་ག་ཤེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཀྱི ་སྒྲིབ་པ་ནི་འདི་ཡིན་ཏེ།ཐེག་པ་ཆེན་པོ་གཏོང་བ་དང་།སླུ་ཞིང་ཉན་ཐོས་ཀྱི་ས་ལ་འཇོག་པར་བྱེད་པའོ།།སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཉན་ཐོས་ཀྱི་བསམ ་གཏན་དང་།ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བའི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ལྟ་བུ་ཡིན་ནོ།།ཉན་ཐོས་གང་དག་གི་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པོར་མི་ཤེས་པ་དེ་དག་ནི་ཁམས ་གསུམ་གྱི་བཙོན་རའི་གནས་ཀྱི་ཡན་ལག་ལྔ་མ་སྤངས་ཤིང་ཡན་ལག་ལྔ་དང་ལྡན་པ་ཡིན་ནོ།།གང་དག་ཁམས་གསུམ་ལས་ཡང་དག་པར་འདས་པ།མི་སློབ་པའི་ས་ལ་རབ་ཏུ་གནས་པ། ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པས་རྣམ་པར་རྩེ་བ།མངོན་པར་ཤེས་པ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ།བསྐལ་པས་ངེས་པར་འབྱུང་བ།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི ་ཞལ་ནས་སྐྱེས་པ།ཆོས་དང་ལྡན་ཞིང་ཆོས་ཀྱི་སྤྲུལ་པ་དེ་དག་གིས་ནི་སངས་རྒྱས་བཅོམ་ལྡན་འོངས་དག་ལ་མཆོད་པ་དང་།བཀུར་སྟི་བྱ་བ་དང་།ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་གཞན ་དག་ཏུ་འགྲོ་བར་ཡང་མི་ནུས་ལ་སེམས་ཅན་གཞན་དག་དང་།གང་ཟག་གཞན་དག་གི་ལམ་གསུམ་པོ་དག་ཀྱང་བསྐམ་པར་མི་ནུས་སོ།།གང་ན་ཉན་ཐོས་བསམ་གཏན་གྱི་རྣམ་པར་རྩེ་བ་མངོན ་།ང་ཤེས་པ་དག་ནི་དེ་ལྟ་བུ་ཡིན་ལ།ཡུལ་འཁོར་དེའི་ཡོན་ཏན་དང་ཕན་ཡོན་ནི་དེ་ལྟ་བུ་ཡིན་ཏོ།།སྔར་ཇི་སྐད་གསུངས་པ་ལྟ་བུའོ།།འདུས་པ་ཆེན་པོ་ཐེག་བཆེན་པར ་མདོ་བཅོ་ལྔ་པ་རིའི་སྙིང་པོའི་ལེའུ་ལས་ཉན་ཐོས་མཚོན་པ་སྟེ་དང་པོ་རྫོགས་སྷོ།།།དལ་ཆོ་ག་ཤེས་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་དང་།ཉན་ཐོས་དང་།རང་རྒྱལ་ཐམས་ཅད་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་ཐུན་མོང་དུ་གཞག་པ་དང་།གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔ་པོ་འདི་དག་ཡོངས་སུ་རྫོགས་པར་བྱེད་ཅེ་ནྟུ།དཔལ་ཆོ་ག་ཤེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་དབུགས་རྔུབ་པ་དང་།དབུགས་འབྱུང ་བ་ཐམས་ཅད་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གི་སྐྱེ་བ་དང་།འཇིག་པ་ལ་རྟོག་པར་བྱེད་དེ།དེས་ན་སྲེད་པ་དང་།ཆགས་པ་དག་སྐེམས་པར་ཡང ་བྱེད་ལ་ངེས་པ་ལ་འཇུག་པར་ཡང་མི་བྱེད་དོ།།རྫུ་འཕྲུལ་གྱི་རྐང་པ་བཞིས་རྣམ་པར་རྩེ་བ་མངོན་པར་ཤེས་པ་འང་ཡིན་ནོ།།སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་མཆོད་པ ་དངོང་།བཀུར་སྟི་བྱ་བ་དང་།དམ་པའི་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱིས་འགྲོ་བ་ལས་མཁས་པའང་ཡིན་ནོ།།སེམས་ཅན་རྣམས་ཀྱི་ལ ་གསུམ་པོ་ལས་ཀྱི་ལམ་དང་།ཉོན་མོངས་པའི་ལམ་དང་།སྡུག་བསྔལ་གྱི་ལམ་དྲུག་སྐེམས་པ་བང་བྱེད་དོ།།སྤྱོད་པའི་ཁམས་ལས་ཡང་དག་པར་འདའ་བར་ཡང་བྱེད་ལ།འདོད་དུ ་ཁམས་དག་གཏོང་བར་ཡང་མི་བྱེད་དོ།།སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འགྲོ་བ་སྣ་ཚུགས་ཀྱི་སྐྱེ་བའི་སྣ་དྲུག་སྨོན་པར་ཡང་བྱེད་ལ།མངམ་རྒྱ་ཉས་པས་གོས ་པར་ཡང་མི་བྱུད་།།སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དྲ་བ་གཅོད་པར་ཡིད་བྱེད་ལ།སེམས་ཅན་རྣམས་དམྱིགས་པར་ཡང་མི་བྱེད་ངོ་།།དཔལ་ཚིག་ཤེས་འདི་ལ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དག་དབུགས་རྔུབ་པ་དང་།དབུགས་འབྱུང་བ་ཕན་ཚུན་མི་འདྲ་བ་ལ་ཇི་ལྟ་བ་བཞིན་རྟོག་པར་ཡང་བྱེད་ལོ།།འཕྲལ་འཕྲལ་དུ་དེ་ཤེས་པརོ་ཡང་མི་བྱེད་དོ།། ་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་།དེ་བཞིན་དུ་ཚོར་བ་དང་།འཇུཤེས་དང་།འདུ་བྱེད།ས་དང་།དེ་བཞིན་དུ་དབུགས་རྡིབ་པ་དང་།དབུགས་འབྱུང ་བའི་རྣམ་པར་ཤེས་པ་ཉེ་བར་ལེན་པོའི་ཕུང་པོ་དག་ལ་ཇི་ལྟ་བ་བཞིན་དུ་འང་རབ་ཏུ་ཤེས་ཤིང་དབུགས་རྔུབ་པ་འང་གཞན་ལོ།དབུགས་འབྱུང་བ་འང་གཞན་ནོ།།དབུགས་རྫོབ་པ་སས ་ཡང་དགེ་བར་རིག་པའང་གཞན་ལ།དབུགས་འབྱུང་བ་སོ་ས་ཡང་དག་པར་རིག་པའང་གཞན་ནོ།།དབུགས་རྔུབ་པའི་ཚོར་བ་དང་།འདུ་ཤེས་དང་།སེམས་པ་ཡིད་ལ་བྱེད་པའང་གཞན། ་ལ་དབུགས་འབྱུང་བའི་ཚོད་པ་དང་།འདུ་ཤེས་དང་།སེམས་པ་ཡིད་ལ་བྱེད་པ་འང་གཞན་ནོ།།དབུགས་རྔུབ་པའི་སེམས་པའང་གཞན་ལ་དབུགས་འབྱུང་བ་འདུག་ན ་ནོ།།གང་གི་ཚེ་དབུགས་རྔུབ་པ་སོ་སོ་ཡང་དག་པར་རིག་པ་དེའི་ཚེ་དབུགས་འབྱུང་བ་སོ་སོ་ཡང་དག་པར་རིག་པ་མ་ཡིན་ནོ།།གང་གི་ཚེ་དབུགས་འབྱུང་བ་སོ་སོ་ཡང་དག་པར་རིག་པ་དེའི ་ཚེ་དབུགས་རྔུབ་པ་སོ་སོ་ཡང་དག་པར་རིག་པ་མ་ཡིན་ནོ།།འཁོར་བའི་འཁོར་ལོ་དུམ་བུ་གསུམ་པར་ཚོར་པ་དང་།འདུ་ཤེས་དང་།སེམས་པ་ཡིད་ལ་བྱེད་པའང་དེ་ལྟ་བུ་ཡིན་ཏེ།འཇུག ་པའི་རྒྱུས་ན་བར་ཆད་མེད་པར་སྐྱེ་བའི་རྒྱ་མཚོར་བངས་ཤིང་ཐར་པར་ཡང་མི་བྱེད་དོ།།ཡང་དང་ཡང་སྐྱེ་བར་བྱེད་དོ།།རྒ་བར་བྱེད་དོ།།འཆི་བར་བྱེད་དོ།།ཡང་སྐྱེ་བར་ཡང་བྱེད་དོ།།ཆོས ་གང་འདི་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེས་ན་རྒ་ཤི་ལས་ངེས་པར་འབྱུང་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ།།དེ་དག་དབུག་སོ་རྔུབ་པ་དང་།དབུགས ་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་ཉེ་བར་རྟོག་པར་མི་བྱེད་དོ།།འདི་ལྟར་སྲིད་པའི་རྒྱ་མཚོའི་སྒོ་དག་གི་དབུགས་རྔུབ་པ་དང་།དབུགས་འབྱུང་བ་འཇུག་པ་དང་།ངེས་པར ་འབྱུང་བར་ཡང་བྱེད་དོ།།དེ་བཞིན་དུ་བ་སྤུའི་ཁུང་བུའི་སྒོ་འབུམ་ཕྲག་ཁྲག་ཁྲིག་དགུ་བཅུ་རྩ་དགུ་སྙེད་ཐམས་ཅད་ཀྱི་དབུགས་རྔུབ་པ་དང་།དབུགས་འབྱུང་བ་འཇུག་པ ་དང་།ངེས་པར་འབྱུང་བར་བྱེད་ཀྱང་བ་སྤུའི་ཁུང་བུའི་སྒོ་འབུམ་ཕྲག་ཁྲག་ཁྲིག་དགུ་བཅུ་རྩ་དགུ་དེ་དག་ཉམས་པར་ཡང་མི་མངོན་ནོ།།རྒྱས་པར་ཡང་མི་མངོན་ནོ།།སྔོན་གྱི་མཐའ་དང་།ཕྱི ་མའི་མཐའ་དང་།ཐོག་མ་དང་།བར་མ་དང་།ཐ་མ་འང་མི་མངོན་ནོ།།འཇུག་པ་དང་འབྱུང་བའང་མི་མངོན་ནོ།།དེ་འདི་སྙམ་དུ་བདག་གིས་ཅི་ནས་ཀྱང་བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་དབུགས་རྔུབ་པ ་དང་།དབུགས་འབྱུང་བ་དེ་ལ་སྐྱེ་བ་དང་།འཇིག་པའི་ཚུལ་གྱིས་སྐྱེ་འཇིག་གི་མཚན་ཉིད་ལ་བརྩོན་པ་དང་ལྡན་པར་གནས་པར་བྱའོ་སྙམ་དུ་སེམས་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་དེ་རྨའི་སྒོ་དགུའི་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་སྐྱེ་བ་དང་།འཇིག་པ་ལ་སྦྱོར་ཞིང་སོ་སོར་རྟོག་པར་བྱེད་དོ།།དེ་བཞིན་དུ་བ་སྤུའི་ཁུང་བུའི་སྒོ་འབུམ་ཕྲག་ཁྲག་ཁྲིག་དགུ ་བཅུ་རྩ་དགུ་སྙེད་རེ་རེའི་བ་སྤུའི་ཁུང་བུའི་དབུགས་རྔུབ་པ་དང་།དབུགས་འབྱུང་བའི་སྐྱེ་བ་དང་།འཇིག་པའི་མཚན་ཉིད་ལ་བརྩོན་པ་དང་ལྡན་པར་གནས་པར་བྱེད་དོ།།ཡང་ན་དེ་བ་སྤུའི་ཁུང་བུའི ་སྒོ་སྒྲའི་ཉ་ག་མ་ཙམ་དུ་ཆུང་བར་རྟོག་ནའང་དར་དབུགས་རྔུབ་པ་དང་།དབུགས་འབྱུང་བ་རྒྱུ་བ་དེ་དག་ཆུང་བར་ཡང་མཐོང་ངོ་།།ཡང་ཆེ་བར་རྟོག་ནའང་ཡུངས་འབྲུ་ཆེན་པོ་ཙམ་དུ་ཡང་དག་པར ་།རྗེས་སུ་མཐོང་ངོ་།།ཡང་ན་སྐྱུ་རུ་ར་ཙམ་དུ་རྟོག་ནའང་སྐྱུ་རུ་ར་ཙམ་དུ་མཐོང་ངོ་།།ཡང་ན་བེ་སྤུའི་ཁུང་བུ་རེ་རེ་ལ་བིལླའི་འབྲས་བུ་ཙམ་དུ་རྟོག་ནའང་བིལླའི་འབྲས་བུ་ཙམ་དུ་མཐོང་ངོ་།།ཡང་ན ་མམམམས་ས་མམཿས་མཐམ། མ.ཿཐས་མཐ.་མ་མཡཐམ་མམམམ ་དཔག་ཚད་སྟོང་ཙམ་དུ་རྟོག་ནའང་དཔག་ཚད་སྐྱོང་ཙམ་དུ་མཐོང་ངོ་།།ཡང་ན་གླིང་བཞི་པ་གཅིག་ཙམ་དུ་རྟོག་ནུའང་གླིང་བཞི་པ་གཅིག་ཙམ་དུ་མཐོང་ངོ་།།ཡང་ན ་བ་སྤུའི་ཁུང་བུ་རེ་རེ་ལ་རྒྱ་ཆེ་བར་རྟོག་ནའང་རྒྱ་ཆེ་བར་ཡང་དག་པར་རྗེས་སུ་མཐོང་ངོ་།།དེ་བཞིན་དུ་མིག་གི་ཚད་ལའང་སྦྱར་བར་བྱའོ།།གང་དུ་རྒ་ཤི་དང་འབྲེང་བའི་སེམས་ཅན་དག ་པར་ཚད་མེད་པར་འཁོར་བའི་ཆུ་བོར་བངས་པས་སྡུག་བསྔལ་རྣམ་པ་སྣ་ཚོགས་དག་ཉམས་སུ་མྱོང་བ་ན།དེ་འདི་སྙམ་དུ་བདག་གིས་ཅི་ནས་ཀྱང་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི ་འདུ་ཤེས་དག་དོར་བར་བྱའོ་སྙམ་དུ་སེམས་ཏེ།དེ་རླུང་གི་ཁམས་ལ་སེམས་ཉེ་བར་གཏོད་པར་བྱེད་དོ།།དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་དག་སྤོང་བས་དེས་བརྗོད་དུ ་མེད་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ།དེ་ནི་ཉན་ཐོས་དང་།རང་རྒྱལ་བ་ཐམས་ཅད་ཀྱི་སྔ་མ་ཡིན་ནོ།།དེ་ལ་སའི་ཁམས་མི་དམིགས་སོ།།ཆུའི་ཁམས་མི་དམིགས་སོ།།མེའི ་ཁམས་མི་དམིགས་སོ།།རླུང་གི་ཁམས་མི་དམིགས་སོ།།ནམ་མཁའི་ཁམས་མི་དམིགས་སོ།།རྣམ་པར་ཤེས་པའི་ཁམས་མི་དམིགས་སོ།།ཕུང་པོ་དང་།ཁམས་དང་། ་སྐྱེ་མཆེད་རྣམས་རྒྱུ་བ་མི་དམིགས་སོ།།སྔོན་གྱི་མཐའ་མི་དམིགས་སོ།།ཕྱི་མའི་མཐའ་མི་དམིགས་སོ།།འཇིག་རྟེན་འདི་མི་དམིགས་སོ།།འཇིག་རྟེན་ཕ་རོལ་མི་དམིགས་སོ།། ་ལེགས་པར་སྤྱད་པ་དང་།ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་དམིགས་སོ།།སྐྱེ་བ་མི་དམིགས་སོ།།འཇིག་པ་མི་དམིགས་སོ།།ཀུན་ནས་ཉོན་མོངས་པ་མི་དམིགས་སོ།། ་རྣམ་པར་བྱུང་པོ་མི་དམིགས་སོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཞི་བ་ལ་གནས་པ་དེ་དག་གིས་གནས་སོ།།གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན ་འདིས་བསྐོལ་པ་ཚད་མེད་པར་བྱིན་གྱིས་རླབ་པར་འདོད་ནུའང་།དེ་བཞིན་དུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱིན་གྱིས་རློབ་པོ།།དེ་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་འདིས ་བསྐུལ་པ་ཚད་མེད་པར་གནས་པར་འདོད་ནའང་དེ་བཞིན་དུ་གནས་པར་བྱེད་དོ།།འདི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། ་དཔེར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་བཞིན་ནོ།།དཔལ་ཚིག་ཤེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲོང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད ་དུ་མེད་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དབང་ཐོབ་པར་གྱུར་པ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་གི་ཚེ་ཏིང་ངེ་འཛིན་འདི་ལ་འཇུག་པར་འདོད་པ་དེའི་ཚེ།དེས་དང ་པོ་ཁོ་ནར་སེམས་ཅན་ཡོངས་སུ་སྨོན་པར་བྱ་བའི་ཕྱིར་བསོད་ནམས་དང་།ཤེས་རབ་ཀྱི་སྟོབས་ཀྱིས་སྨོན་ལམ་འདི་ལྟ་བུར་འདེབས་པར་བྱེད་དེ།འདི་ལྟར་བདག་ཡུན་ཇི་སྲིད་དུ་ཏིང ་འཛིན་ལས་མ་ལངས་པ་དེ་སྲིད་ཀྱི་བར་དུ་ཡུལ་འདི་ཉིད་དང་།གླང་བཞི་པ་འདི་ཉིད་ཅེས་བྱ་བ་ནས་སངས་རྒྱས་ཀྱི་ཞིང་འདི་ཉིད་ཀྱི་སེམས་ཅན་ཞེས་བྱ་བའི་བར་གྱི ་སེམས་ཅན་རྣམས་ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་དང་།ཡོ་བྱད་རྣམ་པ་སྣ་ཚོགས་དག་ཕུན་སུམ་ཚོགས་པར་གྱུར་ཅིག་འདི་ལྟ་སྟེ།དེ་ན་སེམས་ཅན་རྣམས་ཀྱི་གནས་དང་། ་ལུས་དང་།ལུས་ཀྱི་དབྱིབས་མདོག་དང་།ཡན་ལོག་དང་།ཉིང་ལྡོག་དང་།རྒྱུན་དང་།ལྷབ་ལྷུབ་དང་།ཕྱང་ཕྲུལ་དང་།ཕྲེང་བ་དང་།མལ་ཆ་དང་།གོས་དང་།བཟའ་བ་དང་། ་བཏུང་བ་དང་།གཟུགས་དང་།སྒྲ་དང་།དྲི་དང་།རོ་དང་།རེག་པ་ཡིད་དུ་འོང་བ་ཅི་དང་ཅི་འདོད་པ་དང་།ཇི་ལྟ་བུ་ཞིག་འདོད་པ་དང་།ཇི་སྙེད་ཅིག་འདོད་པ་རྣམས་འབྱུང་བར་གྱུར་ཅིག་ཅེས ་སྨོན་ལམ་བཏབ་ནས།དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་དེ་ལ་འཇུག་པར་བྱེད་དོ།།ཏིང་ངེ་འཛིན་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་དེ་ཇི་སྲིད་དུ་སྙོམས་པར་ཞུགས་པ་དེ་སྲིད་ཀྱི་བར་དུ་དེ་ན་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་།ཡོ་བྱད་དེ་ལྟ་བུ་དག་འབྱུང་བ་ནི་སྔར་ཇི་སྐད་གསུངས་པ་ཡིན་ནོ།།གཞན ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྨོན་ལམ་འདི་ལྟ་བུར་འདེབས་པར་བྱེད་དེ།འདི་ལྟར་བདག་ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ ་ཚད་བཟུང་སྟེ།སེམས་ཅན་རྣམས་ཀྱི་ལུས་ཀྱི་ནད་རླུང་ལས་གྱུར་པ་དང་།མཁྲིས་པ་ལས་གྱུར་པ་དང་།བུད་ཀན་ལས་གྱུར་པ་དང་།འདུས་པ་ལས་གྱུར་པ་དང་།དེ་བཞིན་དུ་སེམས་ཀྱི་ནང ་འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་ལ་སོགས་པ་དག་རབ་ཏུ་ཞི་བར་གྱུར་ཅིག།མི་དང་མི་མ་ཡིན་པའི་གནོད་པ་ལས་འབྱུང་བའི་ནད་དག་རབ་ཏུ་ཞི་བར་གྱུར་ཅིག།དགེ་བ་བཅུའི ་ལས་ཀྱི་ལམ་དག་ལ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནུས།དེའི་རྗེས་ལ་ཏིང་ངེ་འཛིན་ལ་འཇུག་པར་བྱེད་དོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་ལྟར་ཡུན་ཇི་སྲིད ་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་ཚད་བཟུང་བའི་སེམས་ཅན་རྣམས་ཀྱི་ལུས་དང་།སེམས་ཀྱི་སྡུག་བསྔལ་གྱི་ནང་དེ་ལྟ་བུ་དག་རབ་ཏུ་ཞི་བར་བྱེད་དོ།།གཞན་ཡང་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་འདི་ལྟ་བུ་འདེབས་པར་བྱེད་དེ།བདག་ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པར་གནས་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་དམྱལ ་བ་རྣམས་དང་།དུད་འགྲོ་རྣམས་དང་།གཤིན་རྗེའི་འཇིག་རྟེན་པ་རྣམས་ཀྱི་སྡོལ་བསྔལ་དང་།བཀྲེས་པ་དང་།སྐོམ་པ་དང་།ཚ་བ་དང་།གྲང་བ་དང་།མི་སྡུག་པ་དང་ཕྲད་པ་དང་།སྡུག་པ་དང ་བྲལ་བ་དང་།དལ་བའི་སྡུག་བསྔལ་དང་།ཚོལ་ཁྲོའི་སྡུག་བསྔལ་དག་རབ་ཏུ་ཞི་བར་གྱུར་ཅིག།ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་བརྩོན་འགྲུས ་དང་ལྡན་པར་གྱུར་ཅིག།དགེ་བའི་ཆོས་ཐམས་ཅད་དང་བྲལ་བ་རྣམས་དགེ་བའི་ཆོས་ཐམས་ཅད་ལ་བརྩོན་པར་གྱུར་ཅིག།ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་སེམས་ཅན་གཞན་དག་ལ་བྱམས་པའི་སེམས་དང་ལྡན་པ་དང་།ཕན་པའི་སེམས་དང་ལྡན་པ་དང་།མི་འཁྲུག་པའི་སེམས་དང་ལྡན ་པ་དང་།འཁོན་མེད་པའི་སེམས་དང་ལྡན་པ་དང་།རྙོག་པ་མེད་པའི་སེམས་དང་ལྡན་པ་དང་།སྙིང་རྗེའི་སེམས་དང་ལྡན་པ་དང་།སྙིང་བརྩེ་བའི་སེམས་དང་ལྡན་པ་དང་།བསམ་གཏན ་གྱི་སེམས་དང་ལྡན་པ་དང་།སྙོམས་པར་འཇུག་པ་ལ་མཁས་པར་གནས་པའི་སེམས་དང་ལྡན་པ་དང་།འཁྲུལ་པ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག།ཇི་སྲིད་དུ་ཏིང་ངེ་འཛིན ་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བུར་དུ་སེམས་ཅན་རྣམས་ཀྱི་གཏི་མུག་གི་མུན་པ་དང་།རྟག་པ་དང་ཆད་པར་ལྟ་བ་དག་རབ་ཏུ་ཞི་བར་གྱུར་ཅིག།དུས་ཐམས་ཅད་དུ་ལྟ་བར་འཛིན་པ ་རྣམས་རབ་ཏུ་ཞི་བར་གྱུར་ཅིག།ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་བློ་འཇུག་ཅིང་ཞེས་དང་རི་མོ་བྱེད་པར ་གྱུར་ཅིག།ཕྱིན་ཅི་ལོག་བཞི་དང་།བྲལ་ཞིང་བདེནི་པ་བཞིའི་རྣམ་པ་ལ་གནས་པའི་སེམས་དང་ལྡན་པར་གྱུར་ཅིག།འཕགས་པ་དོན་དམ་པའི་བདེན་པ་ལ་རྣམ་པར་གནས་པའི ་སེམས་དང་ལྡན་པར་གྱུར་ཅིག།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གང་གི་ཚེ་ཏིང་ངེ་འཛིན་ལ་འཇུག་པར་འདོད་པ་དེའི་ཚེ།འདི་ལྟར་ཤེས་རབ ་དང་།བསོད་ནམས་ཀྱི་སྟོབས་དང་།ཐབས་ཀྱི་སྟོབས་ཀྱིས་འདི་ལྟ་བུར་བྱིན་གྱིས་རློབ་པར་བྱེད་དེ།བདག་ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་ལས་མ་ལངས་པ་དེ་སྦྲིད་ཀྱི་བར་དུ་ཡུལ་འདི་ཉིད་དང་།གླིང ་བཞི་པ་འདི་ཉིད་ཅེས་བྱ་བ་ནས་སངས་རྒྱས་ཀྱི་ཞིང་འདི་ཉིད་ཀྱི་སེམས་ཅན་ཞེས་བྱ་བའི་བར་དག་ཇི་ལྟར་ཚད་བཟུང་བ་རྣམས་ལ་འདི་ལྟར་བདེ་བར་སྦྱར་བར་བྱིན་གྱིས་རློབ་པར་བྱེད་དོ།།དེའི་རྗེས ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་འཇུག་པར་བྱེད་དོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་མ་ཐག་པ་དེས་ཇི་ལྟར་སེམས་ཅན ་རྣམས་ཚད་བཟུང་བ་དེ་བཞིན་དུ།བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བདེ་བར་སྦྱར་བ་ཡོན་ཏན་སྣ་ཚོགས་དེ་ལྟ་བུ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། ་བྱང་ཆུབ་སེམས་དཔའ་སེམས་དཔའའི་ཆེན་པོ་དག་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་ལས་དེ་སྲིད་དུ་ལྡང་བར་མི་བྱེད་དོ།།དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྙོམས་པར་ཞུགས་པ་དེའི་ལུས་ལ་གནོད་པ་དང་འགྱུར་བ་མི་འབྱུང་ངོ་།།བཀྲེས་པ་དང་སྐོམ་པའི་གནོད་པ་མི་འབྱུང་ངོ་།།མེའི་གནོད་པ་མི་འབྱུང་ངོ་།།བསྐལ་པའི་མེས་ཚིག་པར་མི་འགྱུར ་བ་ནས་མེ་ཕལ་བས་ཚིག་པར་མི་འགྱུར་རོ།།ཆུས་ཁྱེར་བར་མི་འགྱུར་རོ།།ནད་ཀྱི་བསྐལ་བས་ཟད་པར་མི་འགྱུར་རོ།།མུ་གེས་དགོན་པར་གྱུར་པའི་བསྐལ་པས ་ཟད་པར་མི་འགྱུར་རོ།།བསམ་བཞིན་དུ་ཚེའི་འདུ་བྱེད་འདོར་བ་ལས་མ་གཏོགས་པར་ཚེའི་འདུ་བྱེད་དང་།སྲོག་གི་དབང་པོ་ཡོངས་སུ་ཟད་པར་མི་འགྱུར་རོ།།ལུས་དང་།སྲོག་ལ་མི་དང་། ་མི་མ་ཡིན་པ་དང་།རླུང་དང་།ཉི་མས་གདུངས་པ་དག་གིས་གནོད་པར་མི་འགྱུར་ཏེ།དེ་ལྟ་བུ་ནི་སྙོམས་པར་ཞུགས་པ་ཡིན་ནོ།།ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་འདོད་ན་སྐྲའི་རྩེ་མོ ་གཅིག་གིས་ནང་དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དགྲ་གཞུག་པར་ནུསོ།།འདོད་ན་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཐམས་ཅད་དང་།བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམ་པ་མ་ལུས་པ་དག་སོར་མོ་གཅིག་གི་སེན་མོའི་ནང་དུ་བལྟ་བར་ཡང་ནུས་སོ།།འདོད་ན་སྐྲའི་རྩེ་མོ་གཅིག་གི་ནང་དུ ་སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་གྲཞུག་པར་ཡང་ནུས་ལེ།དེ་ན་དེ་སེམས་ཅན་རེ་རེའི་རང་རང་གི་ཡུལ་དང་།སྤྱོད་ཡུལ་དག་ཡངས་པར་ཡང་མཐོང་ངོ་།།འདོད་ན་སངས ་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་དག་གི་རླུང་གི་ཁམས་ཐམས་ཅད་སྐྲའི་རྩེ་མོ་གཅིག་གི་ནང་དུ་བཅུག་སྟེ་དེར་ནམ་མཁའི་གཏོས་ཡངས་པ་བཞིན་དུ་སྤྱོད་པར་བྱེད་ཀྱང་དེ་ཆེ་བར ་ཡང་མི་མངོན་ནོ།།ཆུང་བར་ཡང་མི་མངོན་ནོ།།འདོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཆུའི་ཁམས་ཐམས་ཅད་མོན་སྲན་སྡེའུའི་འབྲུམ ་བུ་གཅིག་གི་ནང་དུ་བཅུག་སྟེ།དེར་ནམ་མཁའི་གཏོས་ཡོངས་པ་བཞིན་དུ་སྤྱོད་པར་བྱེད་ཀྱང་དེ་ཆེ་བར་ཡང་མི་མངོན་ནོ།།ཆུང་བར་ཡང་མི་མངོན་ནོ།།བྱང་ཆུབ་སེམས་དཔའ་དེ་རང་གི་སྨོན ་ལམ་གྱི་སྟོབས་མ་གཏོགས་པར་ཡང་དང་ཡང་མངལ་གྱི་གནས་སུ་སྐྱེ་བར་མི་འགྱུར་རོ།།ངན་འགྲོར་སྐྱེ་བར་མི་འགྱུར་རོ།།བུད་མེད་དུ་མི་འགྱུར་རོ།།སྐྱེ་བ་དམན་པ་འཐོབ་པར་མི་འགྱུར་རོ།། ་ཡན་ལག་ཉམས་པར་མི་འགྱུར་རོ།།ལུས་དང་།ངག་དང་།ཡིད་ཀྱི་སྤྱོད་པ་ལ་འཁྲུལ་པར་མི་འགྱུར་རོ།།སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོང་གི་སྨོན་ལམ་གྱི་སྟོབས་མ་གཏོགས ་པར་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་སྐྱེ་བར་མི་འགྱུར་རོ།།དེ་རྟག་པར་སངས་རྒྱས་བལྟ་བ་དང་།ཆོས་མཉན་པ་དང་།དགེ་འདུན་ལ་བཀུར་སྟི་བྱ་བ་དང་མི་འབྲལ་བ་ཡིན་ནོ།།དེ་ཤེས ་རབ་དང་།བསོད་ནམས་དང་ཏིང་ངེ་འཛིན་དང་།ཐབས་མཁས་པ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་བླ་ན་མེད་པའི་བརླ་ལ་འཇིགས་པ ་མེད་པ་དང་མ་བྲལ་བ་ཡིན་ནོ།།དཔལ་ཆོ་ག་ཤེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་དེ་ལྟ་བུ་བགོས་ནས་བསམ་གཏན་དང་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤྱོང ་ཞིང་སློབ་པ་ན་འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་བྱེད་དོ།།དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་རྣམས་ཀྱང་ཤེས་པར་བྱེད་དོ།།ཡན་ལག་ལྔ་དང ་ལྡན་ཞིང་ཡན་ལག་ལྔ་རྣམ་པར་སྤངས་པ་ཡིན་ནོ།།དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པོ་བཞིས་རྩེ་བ་མངོན་པར་ཤེས་པ་ཡིན་ནོ།།སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ ་མཆོད་པ་དང་བཀུར་སྟི་བྱ་བ་དང་།དམ་པའི་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གློག་ལྟ་བུའི་ཤུགས་ཀྱིས་འགྲོ་བ་ལ་མཁས་པ་ཡིན་ནོ།།གང་གིས་ན ་སེམས་ཅན་ཐམས་ཅད་ཀྱི་ལམ་གསུམ་པོ་ལས་ཀྱི་ལམ་དང་།ཉོན་མོངས་པའི་ལམ་དང་།སྡུག་བསྔལ་གྱི་ལམ་ངག་སྐེམས་པར་བྱེད་པ་ཡིན་ནོ།།བྱང་ཆུབ་སེམས་དཔའ་དེ་ལྟར ་སྐེམས་པར་བྱེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།།དེ་བཞིན་དུ་དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཞིང་མྱུར་དུ་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།།ཡང་བཅོམ་ལྡན་འདས་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས ་པར་བསྟན་པ་ན།འཁོར་དེ་ནི་སེམས་ཅན་ལྔ་ཁྲི་བོ་གང་དག་གིས་སྔོན་ཆོས་བཞི་པོ་འདི་དག་གོམས་པར་བྱས་པ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་དང་ལྡན ་དེན་སྲོག་ཆགས་བརྒྱ་ཁཱ་བནི་སྟོང་དག་གིས་ནི་དཔའ་བར་འགྲོ་བྱའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་ཏོ།།དེ་ནས་དྲོག་ཆགས་ཁྲག་ཁྲིག་སྟོང་ཕྲག་དགུ་བཅུ་རྩ་དགུ་དག་གིས་ན ་བས་མ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་པར་གྱུར་ཏེ།།དེ་ན་སེམས་ཅན་སྔོན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་གི ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།།འདུས་པ་ཆེན་པོ་ཐེག་པ་ཆེན ་པོའི་མདོ་བཅཝོ་ལྔ་པ་རིའི་སྙིང་པོའི་ལེའུ་ལས་བསམ་གཏན་མཚོན་པ་སྟེ་གཉིས་པ་རྫོགས་སྷོ།།།དེ་ནས་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས ་སྙིང་པོས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་སྨྲས་སོ།།དབུལ་ཆོག་ཤེས་གླིང་ཆེན་པོ་བཞི་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཡུན་རིང་པོར ་ཤིན་ཏུ་མརྗོད་པ་ཆེར་བྱུ་བ་དང་།རྗེས་སུ་བསྲུང་བར་བྱ་བ་དང་།རྗེས་སུ་དྲན་པར་བྱེ་བ་དང་།ཕྱག་བྱ་བར་ཐོས་པ་དག་ཇི་རྣམ་པ་ནིང་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱི་འདུས་པ་ཆེན་པོ་དེ་ལྟ་བུ་དག་བསྡུས་པ་དང་།བྱང་ཆུབ་ཀྱི་ལམ་མཐའ་དག་ལ ་འཇུག་པ་དང་།ཕྱིར་མི་ལྡོག་པའི་འཁོར་ལོའི་ཐབས་མཁས་པའི་ཕ་རོལ་ཏུ་འགྲོ་བ་དང་།སངས་རྒྱས་སུ་དབང་བསྐུར་བའི་ས་རབ་ཏུ་བསྒྲགས་པ་དེ་ལྟ་བུ་དག་ལྟོས ་ཤིག།ཁྱོད་ཕྱིར་མི་ལྡོག་པའི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་སྟེ།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་ཡང་དག་པར་མངོན་དུ་ཞོན་ནས་ཁྱོད་ཀྱིས་སྦྱིན་གནས་དེ་ལྟ་བུ་དག་ལ་བཟའ་བ་དང་།། ་བཏུང་བའི་ཡོ་བྱད་དག་འབྱོར་པར་བྱས་པ་ཡིན་ཏེ།ཁྱོད་བརྩོན་པ་དེས་ན་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དམ།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས ་ལ་གནས་པར་བྱེད་དམ་དེ་ལ་དཔལ་ལྷ་མོ་ཆེན་མོས་འདི་སྐད་ཅེས་སྨྲས་སོ།།སྐྱེས་བུ་ཆེན་པོ་དམ་པས་ཇི་སྐད་སྨྲས་པ་དེ་ལྟར་ལགས་ཏེ།སྔོན་བྱུང་བ་འདས་པའི་དུས་བསྐུལ་པ་དཔག ་ཏུ་མེད་པ་དག་འོདས་པ་ན་གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགསོ་པ་ཤཱཀྱ་ཐུབ་པ་དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན།འདི་ལྟར་བདག་དང་གཅིག་ལ་གཅིག་དེ་ཚིག་བཅས ་པ་གང་གི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱ་བ་དེའི་ཚེ།བདག་གླིང་ཆེན་པོ་བཞི་པ་དེར་དཔལ་ཆེན་མོའི་གོ་འཕང་ཐོབ་པར་ཤོག་ཅིག ་པ་དང་།དེ་ན་སེམས་ཅན་རྣམས་ལ་བཟའ་བ་དང་།བཏུང་བའི་ཡོ་བྱད་ཐམས་ཅད་ཀྱིས་སྦྱིན་པ་བྱེད་པར་འགྱུར་བར་བགྱིས་ལགས་སོ།།རིགས་ཀྱི་བུ་ཁྱོད་བདག་ལས་གསོན་ཅིག་དང་། ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ་འདས་པ་གང་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན ་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ།།སྐྱེ་དགུའི་ཚེ་ལོ་སྟོང་ཞེས་བྱེ་བ་ནས་དེའི་ཚེ་དེའི་དུས་ན་དགེ་བསྙེན་སྐར་མ་དྲི་མེད་དཔལ་ཞེས་བྱ་བ་དུལ་བ།གསལ་བ།འཇིགས་པ་མེད་པ།ཐོས ་པ་མང་བ།འཁོར་བཞི་པོ་དག་ལ་ཆོས་སྟོན་པོ།འཁོར་མང་བ།འཁོར་ཕུན་སུམ་ཚོགས་པ་ཞིག་བྱུང་བར་གྱུར་ཏེ་ཞེས་བྱ་བའི་བར་དུ་སྟེ།དེའི་བུ་ཐུ་བོ་དྲི་མེད་དཔལ་ཞེས་བྱ་བ་ཞིག་བྱུང ་བ་དེས་རང་གི་ཕ་ལ་ཚིགས་སུ་བཅད་པས་སྨྲས་པ།།ཡབ་ཅིག་ཅི་སླད་རང་གི་ལུས་སྲོག་བཏང་ནས་ཀྱང་།།ཞུམ་པ་མེད་པའི་སེམས་ཀྱིས་བརྩོན་ཞིང་རྩོལ་བར་མཛད།།ཡབ་ཅིག་ཚ ་འདིས་མྱ་ངན་འདས་པར་མི་གཤེགས་པར།།སེམས་ཅན་རྣམས་ལ་མཆོག་ཏུ་སྲུང་མཛད་ཤིན་ཏུ་བརྩོན།།དེས་རང་གི་བུ་དྲི་མེད་དཔལ་ལ་ཚིགས་སུ་བཅད་པས་ལན་སྨྲས་པ།སེམས་ཅན ་འཁོར་བའི་སྡུག་བསྔལ་དག་གིས་རྨོངས་པ་དང་།།ལམ་ངན་ཞུགས་ཤིང་ཉོན་མོངས་པ་ཡི་མེ་འབར་བ།།རྟག་ཏུ་སྡུག་བསྔལ་དག་གིས་ཉོན་མོངས་ངས་མཐོང་ནས།།ཉོན་མོངས་པ ་ཡི་མེ་དག་གསད་ཕྱིར་དེ་བརྩོན་བྱེད།།ཤེས་རབ་རྣམ་པར་ཉམས་ཤིང་མཐའ་ལས་འདས་པ་དང་།ལམ་ལས་རབ་ཏུ་ཉམས་ཤིང་ངན་སོང་འགྲོ་བ་དང་།།འཁོར་བ་ཤིན་ཏུ་བཟོད་རླག་ཆུ་བོར ་།ལྟུང་བ་རྣམས།།རབ་ཏུ་བསྒྲལ་བའི་ཕྱིར་ནི་ང་ཡང་སྤྱོད་པར་བྱེད།།སྦྱིན་ད་ངུལ་དང་སྡོམ་པ་རྣམ་པར་སྤངས་པ་དང་།།ལྷ་དང་མི་ཡི་བདེ་ལས་རྟག་ཏུ་ཉམས་པད། ་དགེ་བའི་བཤེས་གཉེན་དག་དང་རྟག་ཏུ་བྲལ་བ་རྣམས།།དེ་དག་ལ་ནི་བདག་གིས་ལམ་སྟོན་འགྱུར་བར་བྱ།།སེམས་ཅན་ཉོན་མོངས་པ་ཡིས་བརྩོན་རར་རྟག་བཅིངས་པ།།མགོན ་མེད་གྱུར་པ་མིག་ནི་རྣམ་པར་ཉ་མོས་གྱུར་ཅིང་།།ལྕེ་ངན་དག་ལ་ཆགས་པ་ཤ་དང་ཁྲག་ཟླ་བ།།དེ་དག་དོག་པར་བྱ་ཕྱིར་དུ་ནི་སྤྱོད་པར་བྱེད།།སེམས་ཅན་རེ་རེའི་དོན་དུ་མནར ་མེད་སྤྱོད་བྱེད་པ།།དྲི་འདྲའི་སྙིང་རྗེའི་སེམས་ཅན་རྣམས་ལ་བསྐྱེད་པར་བྱ།།ཇི་ལྟར་སེམས་ཅན་རེ་རཱིའི་དེ་དག་ཟེར་བྱའི་ཕྱིར།།སྡུག་བསྔལ་བཟོད་རླག་བཟོད་དཀའ་བདག་གི ་དང་དུ་བླང་།།བུ་ཅིག་ང་ཡིས་བྱང་ཆུབ་སྤྱོད་མཆོག་སྤྱད་པར་བྱ།།ཉན་ཐོས་དག་གི་ཤེས་པ་བཙལ་བར་མི་བྱ་ཞིང་།།རང་སངས་རྒྱས་ཀྱི་ཤེས་པའང་བཙལ་བར་མི་བྱ་སྟེ།།བླ་ན་མ ་པའི་ཡེ་ཤེས་དག་ནི་བཙལ་བར་བྱ།།ཇི་སྲིད་གདྷཱིའི་བྱི་སྙེད་སེམས་ཅན་དུ་མདག།སྡུག་བསྔལ་དག་ལས་ཐར་པར་བྱས་པར་མཱ་གྱུར་པར།།དེ་སྲིད་བྱང་ཆུབ་མཆོག་རབ་འདི ་འཚང་མི་རྒྱ།།ཕྱི་ནས་བྱང་ཆུབ་མཆོག་རབ་དེ་ལ་རིག་པར་བྱ།།བུ་ཅིག་ཕྱེད་ཀྱིས་སེམས་ཅན་རྣམས་ལ་མཚུངས་པར་ནི།།སྙིང་རྗེ་འདི་ལྟ་བུ་དག་བསྐྱེད་པར་བྱས་ནས་ཀྱང་།།ཁྱོད ་ཀྱིས་དགེ་དང་རྟག་ཏུ་ལྡན་པར་བྱས་པ་རྣམས།།བྱང་ཆུབ་མཆོག་པ་ག་།བདག་ཏུ་བསྔོ་བར་གྱིས།།སེམས་ཅན་ཉོན་མོངས་མེ་ལུས་རབ་ཏུ་ཐར་བྱའི་ཕྱིར།།སྡུག་བསྔལ་བཟོད་དྲུག་བཟློད ་དགའ་བ་དགྲ་དང་དུ་ལོང་།།སྦྱིན་དྲང་དུལ་དང་སྡོམ་པ་དག་ལ་ལེགས་སྤྱོད་ཅིང་།།རྫོགས་སངས་རྒྱས་པར་འགྱུར་བ་འདི་ནི་ཐེ་ཚོམ་མེད།།གང་ཚེ་དེ་ནི་བྱང་ཆུབ་མཆོག་མ་ཐོབ་པ་ནི།། ་དེ་ཚེ་ཁྱོད་ནི་སེམས་ཅན་རྣམས་ཀྱི་སྦྱིན་པོར་འགྱུར།།དེ་ཡིས་ཁྱོད་ནི་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས།།འདི་ལ་དམ་བཅས་བརྟན་པོར་ལེགས་པར་གནས་པ་ཡིན།རིགས་ཀྱི་བུ ་དེའི་ཚེ་བདག་གིས་དེའི་ཚེ་ན་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཆིན་རྒྱལ་པོའི་སྤྱན་སྔར་འདི་ལྟ་བུར་དམ་བཅས་ཏེ།།བདག་ཡུན་ཇི་སྲིད་དུ་འཁོར་བ་ན་འཁོར་བ་དེ་སྲིད་ཀྱི་བར ་དུ་བརྟུལ་ཞུགས་དང་།དཀའ་ཐུབ་དང་།དཀའ་བ་སྤྱད་པ་དང་།སྦྱིན་པ་དང་།དུལ་བ་དང་།སྡོམ་པ་དང་།བསམ་གྲཏཱན་དང་།ཟློས་པ་དང་།གཏོང་བ་དང་ཞལ་ཏ་སྣ་ཚོགས་དག ་ལཱ་གྲིམས་པར་བགྱིའོ།།དཀའ་བ་སྤྱད་པ་དང་།ཡོངས་སུ་གཏོང་བ་རྣམ་པ་སྣ་ཚོགས་དག་ལ་གོམས་པར་བགྱིའོ།།གང་གི་ཚེ་སྐྱེ་དགུའི་ཚེ་ལོ་བརྒྱ་པའི་ཚེ་ཉོན་མོངས་པ་དང་།ཉོན་མོངས ་པའི་རྙོག་པ་དག་གིས་ཀུན་ཏུ་རྨོངས་པར་གྱུར་པའི་ཞིང་དག་ཏུ་བདག་གི་ཕ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པརརོ་འཚང་རྒྱ་བར་འགྱུར་བའི་ཞིང་དེར། ་བདག་གིས་ཀྱང་དཔལ་གྱི་གོ་འཕང་གི་བདག་པ་བླ་ན་མེད་པ་དག་བསྟན་པར་བགྱིའོ།།དེའི་བསྟན་པ་ལ་བཟའ་བྱ་དང་།བཏུང་བའི་ཡོ་བྱད་བླུ་ན་མེད་པའི ་སྦྱིན་པ་པོར་འགྱུར་བར་བགྱིའོ།།དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་དག་ལ་བདག་གིས་ཞལ་ཟས་དང་།བཏུང་བ་སྣ་ཚོགས་དག་གིས་རིམ་གྲོ་བགྱིའོ།།དེར་དེ ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་མངོན་སུམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་བགྱིའོ།།དེར་སེམས་ཅན་གང་དག་མ་རུངས་པ།རྩུབ་པ། ་སྙིང་མི་བརྩེ་བ།བྱས་པ་མི་གཟོ་བ།མི་མཉམ་པ།ཡང་བར་སྤྱོད་པ།སྡིག་པའི་སེམས་དང་ལྡན་པ་དག་འབྱུང་བར་འགྱུར་བ་དེ་དག་གིས་དུས་མ་ཡིན་པའི་རྫི་ཆར་དང་།ཚ་བ་དང་།གྲང ་བ་དང་།ཆར་མོ་ཆེ་དག་འབེབས་པར་བྱེད་པས་གང་དག་སེམས་ཅན་རྣམས་ཀྱི་འབྲུ་དང་།འབྲས་བུ་དང་།ལོ་ཏོག་དང་།སྨན་དང་།ལྗོན་ཤིང་དང་།རོ་དག་མ་རུང་བར་བྱེད་པ།མདྲངས ་འཕྲོག་པ།སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་དག་ཆུང་གཟོན་པར་བྱེད་པ།མུན་གནག་ཏུ་བྱེད་པ་དེ་དག་ཐམས་ཅད་བདག་གིས་བསོད་ནམས་ཀྱི་མཐུ་དང་ཤེས ་རབ་ཀྱི་སྟོབས་ཀྱིས་བཟློག་པར་བགྱིའོ།།དོང་པར་བགྱིའོ།།།འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ།།བམ་པོ་གཉིས་པ།།གང་གི་ཚེ་སེམས་ཅན་དེ་དག་ལོངས་སྤྱོདཔ ་ཉེ་བར་སྤྱོད་པ་དང་བྲལ་བས་སེམས་ཅན་དེ་དག་མི་དགེ་བ་བཅུ་ལ་སྤྱོད་པར་བྱེད་དོ།།དགེ་བཅུའི་ཆོས་རྣམས་ཡོངས་སུ་ཉམས་པར་བྱེད་དོ།།འདི་ལྟར་དེ་ལྟར་བཅོམ་ལྡན་འདས་ཀྱི་གདུལ་བྱ་རྣམས ་བསྟན་པོ་དང་།དཀོན་མཆོག་གསུམ་གྱི་གདུང་དང་།ཡོ་བྱད་དོག་དང་མི་ལྡན་པས་གྲགས་པ་མེད་པར་འགྱུར་ཏེ།དེས་ནུ་དེར་བདག་གིས་ལྗོངས་སྤྱོད་དང་།ཉེ་བར་སྤྱོད་པའི་ཡོ་བྱད་ཕུན་སུམ ་ཚོགས་པའི་རྒྱུ་དག་གིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བགྱིའོ།།གང་གི་ཚེ་འདི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྦྱར ་སྨོན་ལམ་བཏབ་པས་མ་འོངས་པའི་དུས་ན་དེ་ལྟར་བདག་གིས་བསམ་པ་ཡོངས་སུ་རྫོགས་པར་བྱས་པ་དེའི་ཚེ་བཅོམ་ལྡན་འདས་དེས་ལེགས་སོ་ཞེས་བྱ་བ་གནང་སྟེ།དེའི་ཚེ་ཇི་ལྷོར་སྨོན་ལམ ་བཏབ་པ་བཞིན་བསམ་པ་ཡོངས་སུ་རྫོགས་པར་བྱས་པས་རིགས་ཀྱི་བུ་དེ་ལྟར་སྨོན་ལམ་བཏབ་པ་ལེགས་སོ་ལེགས་སོ་ཞེས་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོས ་ལེགས་སོ་ཞེས་བྱ་བ་གནང་བ་ཡིན་ནོ།།རིགས་ཀྱི་བུ་ཁྱོད་ལ་བདག་གིས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་སྦྱིན་གྱིས།།ཁྱོད་ཀྱིས་གཟུངས་ཀྱི་སྙིང་པོ་འདིས་དེ་ལྟ་བུར ་སེམས་ཅན་རྣམས་ཤིན་ཏུ་ཡོངསུ་སྨིན་པར་བྱེད་ནུས་སོམ།།སེམས་ཅན་ཚད་མེད་པ་དག་ལོངས་སྤྱོད་དང་།ཉེ་བར་སྤྱོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པ་དག་གིས་ཉོན་མོངས་པའི ་།མ་ཧཱ་ཛ་ལཱམྦྷ། ནུ་ཛ་ལམྦྷ།སརྦ་ཛ་ལམྦྷ།ོཾ་གྲ་ཛ་ལམྦྷ།ཡཀྵ་བྷཱི་ཛ་ལམྦྷ།ནཱག ་ཛཱ་ལམྦྷ།ུ་ག་ར་པྲི་ཛ་ལམྦྷ།ཧཻ་སྟི་བྲི་ཛྲ་ལམྦྷ། ཛ་ལམྦྷ།ཛ་ལམྦྷ།ན་མཾ་ཊཱ་ཀཱ་པྲྀ་ཛ་ལམྦྷེ།ཁ་མུ་བྲི་ཛཱ་ལམྦྷ།བང་ཀ་བྲི་ཛ་ལམྦྷཾ། མཾ་བྲི་ཛ་ལམྦྷཾ།སཱུ་ཙི་མུ་ཁ ་བྲི་ཛ་ལིམྦྷ།བ་མྲ་བ་མྲ།ཛ་ལ་བ་མྲ།བི་ཛ་བྷ་ན་དཱ།པྲཱནྡྷ་པུཥྤ་ཕ་ལམྦྷ།མུཀྵཱན་རི་བྷཱན་ས།དྷརྨཱ་ཡ་ཛྙཱ།བྲིཥྚི་སཾ།ཧྲི་ལམྦྷ།ཤ་ཤི་སྟུད་ལ།གུང་གུང་ས་ར་གུང་། ་ཅི་དུང་གུང་།བ་ར་ཛ་བཾ་སྭཱ་ཧཱ།འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་ནི་དེ་ཡིན་ཏེ།གཟུངས་ཀྱི་སྙིང་པོ་འདིས་དེ་ལྟ་བུར་སེམས་ཅན་རྣམས་ཤིནྡ་ཏུ་ཡོངས་སུ་སྨིན ་པར་བྱེད་ནུས་སམ།རིགས་ཀྱི་བུ་དེར་བདོག་གིས་ནི་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོ་དེ་ལས་འབྱོར་བྱེང་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་མནོས ་སོ།།མནོས་ནུས་ཀྱང་དེ་བཞིན་གཤེགས་པ་དེ་ལ་བདག་གིས་མཆོད་པ་དང་རིམ་གྲོ་རྣམ་པ་སྣ་ཚོགས་འདི་དག་བྱས་ཏེ།ཚུལོ་ཁྲིམས་དང་།ཐོས་པ་དང་།བརྟུལ་ཞུགས་དག་ཀྱང ་སྤྱད་དོ།།དེའི་འོག་ཏུའང་སངས་རྒྱས་ཁྲི་སྙེད་ལ་དེ་ལྟ་བུའི་སྨོན་ལམ་དག་བཏབ་པ་དེས་ནི་བདག་གིས་ང་ལྟར་བསྐལ་པ་བཟང་པོ་འདི་ལ་དཔལ་ཆེན་པོའི་གོ་འཕང་ཐོབ་པ་ཡིན།། ་ད་ལྟར་བདག་འདིར་དོན་ཆེན་པོ་དེ་ལྟ་བུ་བགྱིད་པའི་ཚེ་མི་ཉལ་པ་དེ་ཅིའི་སླད་དུ་ཞེ་ན།དེ་ཚུན་ཆད་ཀླུ་ཁྲོ་བོ་ཕལ་མོ་ཆེ་དག་བྱུང་བ་དང་།གནོད་སྦྱིན་དང་།སྲིན་པོ་དང་།ལྷ་མ་ཡིན་དང་།གྲུལ ་བུམ་དང་།ཡི་དགས་དང་།ཤ་ཟ་མ་རུངས་པ་རྩུབ་པ།མ་དད་པ།སྙིང་རྗེ་མེད་པ།སྙིང་བརྩེ་བ་མེད་པར་ཞུགས་པ་ཕལ་མོ་ཆེ་དག་ལྷོགས་པས་སྲོག་ཆགས་སུ་གྱུར་པ་རྣམས་ལ ་གནོད་པ་དང་།ཡང་བར་སྤྱོད་པ་དེ་དག་གིས་དུས་མ་ཡིན་པའི་རླུང་དང་།ཆར་མོ་ཆེ་དང་།ཐན་ཆེན་དང་།སེར་དྲག་འབེབས་པ་དང་།ཚ་བ་དང་།གྲང་བ་དག་འབྱིན་པར་བྱེད་དོ།།ཕྱི་དགྲ་དང ་ནང་འཁྲག་དང་།ཕུང་པར་འགྱུར་བ་དང་།ཕས་ཀྱི་དམག་ཚོགས་ཀྱི་གནོད་པ་དང་།ཐབ་མོ་དང་།ཉི་མས་གདུངས་པ་དང་།རླུང་དམར་དག་གཏོང་བར་བྱེད་དོ།།དེ་དག་ཀྱང་སྔོན་གྱི་རྒྱལ ་བས་བྱིན་གྱིས་མ་བརླབས་ལ།དེ་དག་འཇིག་རྟེན་ཕ་རོལ་ཏུ་འང་མི་ལྟ་བས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་ལ་རི་མོ་མི་བྱེད་དེ།དེ་དག་སེམས་ཅན་རྣམས་ཀྱི་ས་བོན་དང་། ་མྱུ་གུ་དང་།འདབ་མ་དང་།མེ་ཏོག་དང་།འབྲས་བུ་དང་།རོ་དང་།འབྲུ་དང་།སྨན་དང་།ལོངས་སྤྱོད་དང་།ཉེ་བར་སྤྱོད་པ་དག་ཆུད་གཟོན་པར་བྱེད་དོ།།འཇིག་པར་བྱེད་དོ།མདངས་འཕྲོག ་པར་བྱེད་དོ།།དེ་དག་སའི་བཅུད་རྣམས་ལ་དབུགས་གཏོང་བར་བྱེད་དེ།དེ་དག་གིས་སའི་བཅུད་རྣམས་སྐྱོན་དང་བཅས་པ་དང་།སྙེགས་མ་དང་བཅས་པ་དང་།ནང་དང་བཅས་པ་དང་། ་ལྡུམ་ལྡུམ་གྱིས་འགགས་པ་དང་།རྩུབ་པ་དང་།རོ་མེད་པ་དང་།སྲ་བ་དང་།དྲི་མི་ཞིམ་པ་དག་ཏུ་བྱེད་དོ།།དེ་དག་གིས་སེམས་ཅན་རྣམས་མངོན་པར། ་དགའ་བར་མི་བྱེད་དོ།།སེམས་ཅན་གང་དག་སའི་བཅུད་འདི་ལ་བརྟེན་པ་རྣམས།ས་བོན་དང་།སྡོང་བུ་དང་།ལོ་མ་དང་།མེ་ཏོག་དང་།འབྲས་བུ་དང་།རོ་དང་།འབྲུ་དང་། ་སྨན་དང་།ལོངས་སྤྱོད་དང་།ཉེ་བར་སྤྱོད་པ་དག་ལ་སྤྱོད་པར་བྱེད་པས་དེ་དག་གི་སེམས་འཇིག་རྟེན་ཕ་རོལ་ལ་མི་བལྟ་ཞིང་སེམས་ཅན་རྣམས་ལ་སེམས་རྩུབ་པ་དང་།ཞེས ་འགྲེས་པ་དང་།གདུག་པ་དང་།སྡང་བ་དང་།སྙིང་རྗེ་མེད་པ་དང་།སྙིང་བརྩེ་བ་མེད་པར་ཞུགས་པ་ཡིན་ནོ།།ནད་སྣ་ཚོགས་ཀྱིས་གཟིར་ཅིང་གཟུགས་མི་སྡུག་ལ་ལུས་རྩུབ་པ། ་ཉོན་མོངས་པ་དང་།ནང་དུ་མས་ཉམས་སྨད་པ།ལྟ་བ་ངན་པར་ཞུགས་པ།སྐྱབས་ངན་པ་ལ་བརྟེན་པ་ཡིན་ནོ།།དེ་དག་ཅེས་བྱ་བ་ནས་རི་དགས་དང་བྱ་དག་གི་བར་དུ་དཀོན་མཆོག ་གསུམ་ལ་དད་པ་དང་།དང་བ་དང་།དགའ་བ་དང་།བླ་མ་དང་།ཞེ་ས་དང་།རི་མོ་བྱེད་པའི་སེམས་དག་མ་ཐོབ་པ་ཡིན་ཏེ།དེ་དག་ནོད་སྣ་ཚོགས་དང་།ལྟོ་བ་ངན་པས་གཟིར་ཅིང་ངན ་གཡོ་ཅན་ཁར་བྲོས་པས་དཀོན་མཆོག་གསུམ་ལ་ལུས་དང་།ངག་ཡིད་འཁྲུལ་པར་སྤྱོད་པ་ཡིན་ནོ།།སྡིག་པའི་སེམས་དང་ལྡན་པ།ཚུལ་ཁྲིམས་འཆལ་པ་སྡོམ་པ་མ་ཡིན ་པ་ལ་སྤྱོད་པ་དེ་དག་དགེ་སློང་ཚུལ་ཁྲིམས་དང་ལྡན་ཞིང་ཡོན་ཏན་གྱིས་ཕྱུག་པ།སྤོབས་བགྲོལ་བ་དང་ལྡན་པ་དེ་དག་གིས་སྤྱོད་པར་བྱེད་དོ།།ད་ལྟར་འདི་ན་སེམས་ཅན་དག།གཤེ་བ། ་དང་།སྨྱོ་བ་དང་།སྨོད་པ་དང་།བཤུང་བ་དང་།ཉམས་པར་བྱེད་པ་དང་།བརྙས་པ་དང་།འདྲིད་པ་དང་།སྡིག་པ་དང་།གྲགས་པོ་མ་ཡིན་པར་སྤྱོད་པ་དང་།ངོ་ཚ་ཤེས་པ་དང་ཁྲེལ ་ཡོད་པ་སྤངས་པ་དང་།མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་མངོན་པར་དགའ་བའི་སེམས་དང་ལྡན་པ་དང་།དགེ་བ་ཐམས་ཅད་ལ་སྤྱོད་པ་སྤངས་པའི་སེམས་དང་ལྡན་པ་ད ་བསོད་ནམས་དང་ཤེས་རབ་དང་བྲལ་བ་དང་།ཚེ་ཐུང་ཞིང་ངན་སོང་དུ་འགྲོ་བ་དེས་ན་སེམས་ཅན་འདི་དག་ཐམས་ཅད་དེ་དག་གིས་ནི་ལོངས་སྤྱོད་དང་།ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་ཚིམ ་པར་བྱེད་ཀྱང་མི་ནུས།ཡོངས་སུ་སྨིན་པར་བྱེད་ཀྱང་མི་ནུས་སོ།།འདི་ལྟར་སྐྱེས་བུ་དམ་པ་ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་རག་མོ་ལུས་པར་ཤེས་ཤིང་མཁས་པ་ཁྱོད་ནི་ཏིང་ངེ ་འཛིན་དང་།གཟུངས་དང་།བཟོད་པ་ཐམས་ཅད་ལ་རྣམ་པར་སྤྱོད་པ་ལ་མཁས་པའི་ཕ་རོལ་ཏུ་སོན་པ།སྙིང་རྗེ་དང་སྙིང་བརྩེ་བས་བརྒྱན་པ།མཁས་པ་ཆེན་པོ་ཤེས་ཕྱིའི་ཕ་རོལ་ཏུ ་སོན་པ་ཁྱོད་ནི་བྱང་ཆུབ་སེམས་དཔའི་ཆགས་ཐམས་ཅད་ཀྱི་ནང་ན་རྒྱལ་མཚན་གྱི་མཆོག་ཏུ་གྱུར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ཡིན་པས་ང་ཁྱོད་ཀྱིས་གླིང ་བཞི་པ་འདིར་སྙིང་རྗེ་དང་སྙིང་བརྩེ་བ་དག་སྐྱེད་ཅག།གླིང་བཞི་པ་འདི་ནི་ཀླུ་ཁྲོ་བོ་དག་ཇི་ལྟར་བཟློག་པར་ནུས་པ་དང་།གནོད་སྦྱིན་དང་།སྲིན་པོ་དང་།ལྷ ་མ་ཡིན་དང་།གྲུལ་བུམ་དང་།ཡི་དགས་དང་།ཤུ་ཟ་ཁྲོ་བོ་དང་།ལུས་སྲུལ་པོ་ཁྲོ་བོ་དག་ཇི་དག་ཇི་ལྟར་བཟློག་པར་ནུས་པ་དང་།དེ་དག་ཅི་ནས་ཀྱང་དུས་སུ་ཚོར་འབེབས་ཤིང ་ཆུ་འབྱིན་པར་འགྱུར་བ་དང་།ལོ་ཏོག་ཕུན་སུམ་ཚོགས་པ་སྒྲུབ་པར་འགྱུར་བ་དང་།ཚ་བ་དང་།གྲང་བ་དུས་སུ་སྦྱོར་བར་འགྱུར་བ་དག་བློས་རྟོགས་ཤིག་དང་།གཞི་དེས་སེམས ་ཙནྡ་རྣམས་ཀྱི་ལོངས་སྤྱོད་དང་།ཉེ་བར་སྤྱོད་པ་མི་ཉམས་ལ་སའི་བཅུད་ཐམས་ཅད་ལ་འདྲ་སྐྱོན་མེད་པ་དང་།ནད་མེད་པ་དང་།སྙིང་པོ་དང་ལྡན་པ་དང་།དྲན་པའི་རྒྱུ་ཅན་དང་། ་དྲི་ཞིམ་པ་དང་།རོ་ཞིམ་པ་ཕུན་སུམ་ཚོགས་པར་འགྱུར་རོ།།སྔའི་བཅུད་འདི་ལ་བརྟེན་པའི་སེམས་ཅན་གང་དག་གི་ལོངས་སྤྱོད་དང་།ཉེ་བར་སྤྱོད་པ་ལ་ལོངས་སྤྱོད་པ་དེ་དག ་ནི་ནད་མེད་པ་དང་།དྲན་པ་དང་ལྡན་པ་དང་ཞེས་བྱ་བའི་བར་དུ་སྔར་ཇི་སྐད་གསུངས་པ་ཡིན་ནོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་དཔལ ་ལྷ་མོ་ཆེན་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།།དཔལ་ཆོག་ཤེས་བདག་གིས་ནི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཀྱི་འབྱུང་བ་ཆེན་པོ་མ་ལུས་པ་དག་ལྷའི་བདེ་བར་སྤྲུལ་ན ་འདིར་སེམས་ཅན་རྣམས།བསྐལ་པ་འབུམ་ཕྲག་སྙེད་ཀྱི་བར་དུ་ལོངས་སྤྱོད་པར་བྱ་བར་ནུས་ཀྱང་།འདིར་སེམས་ཅན་རྣམས་ཀྱིས་ལོངས་སྤྱོད་པར་མི་ནུས་སོ།།དེ་ཅིའི་ཕྱིར་ཞེ་ན། ་སེམས་ཅན་འདི་དག་ནི་བསོད་ནམས་དང་བྲལ་བ་སྟེ།ལོངས་སྤྱོད་དང་ཉེ་བར་སྤྱོད་པོ་རྒྱ་ཆེན་པོ་དག་ལ་ལོངས་སྤྱོད་པའི་སྣོད་མ་ཡིན་ནོ།།བདག་གིས་ནི་སངས་རྒྱས་ཀྱི་ཞིང་མི་མཇེད་འདྲི ་ཐམས་ཅད་ལྷའི་གཞལ་མེད་ཁང་རྒྱ་ཆེན་པོར་སྤྲུལ་པ་དང་།ལྷོའི་གནས་མ་ལ་དང་།རྒྱན་དང་།གོས་དང་།ལྷབ་ལྷུབ་དང་།སྤོས་དང་།མེ་ཏོག་དང་།ཕྲེང་བ་དང་།འབྲས་བུ་དང་།ཤིང ་ལྗོན་པ་དང་།རོལ་མོའི་སྒྲ་དང་།སིལ་སྙནཱ་དང་།གླུ་དབྱངས་དང་།རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དག་ཏུ་སྤྲུལ་པར་ནུས་ཀྱང་།འདིར་སེམས་ཅན་དེ་དག་བསོད་ནམས་དང་བྲལ་བས ་སྣོད་དུ་མ་གྱུར་པའི་ཕྱིར་ལོངས་སྤྱོད་པར་མི་ནུས་ཏེ།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས ་བཅུ་པ་དེ་དག་དང་།དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པ་དག་ལོངས་སྤྱད་པར་སྤྱོད་པ་ནི་མ་གཏོགས་སོ།།བདག་གིས་སེམས་ཅན་གྱི་ཁམས་མ་ལུས་པ་དྲུག་བསམ་གཏན ་བཞི་ལ་སྙོམས་པར་ཞུགས་པར་གཞག་པར་ནུས་ན།འདི་ན་ཀླུ་ཁྲོ་བོ་ཞེས་བྱ་བ་ནས་ལུས་སྲུལ་པོ་ཁྲོ་བོ་ཞེས་བྱ་བའི་བར་དག་ཞི་བར་བྱ་བ་ལྟ་སྨོས་ཀྱང་ཅི་དགས།འདི་ལྟར་བདག་ནི ་དེ་བཞིན་གཤེགས་པས་མ་གནང་བར་བདག་གིས་རྫུ་འཕྲུལ་གྱི་ཡུལ་དག་བསྟན་པ་ནི་ཚུལ་དང་མཐུན་པ་མ་ཡིན་ཏེ།དཔེརྙན་འཁོར་ལོས་སྒྱུར་བའི་རྒྱལ ་པོས་མ་གནང་བར་བློན་པོ་རིན་པོ་ཆེ་དང་།ཁྱིམ་བདག་རིན་པོ་ཆེ་དགྲ་གིས་དཔུང་གི་ཚོགས་ཡན་ལག་བཞི་པ་ཤོམ་པ་དེ་ནི་གནས་མེད་དོ།།དེ་ཅིའི་ཕྱིརརོ་ཞེ་ན།བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་མཱ་ལུས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྲས་ཐུགས་ལས་སྐྱེས་པ།གསུང་ལས་སྐྱེས་པ།ཆོས་ལས་བྱུང་ཞིང ་ཆོས་ཀྱིས་སྤྲུལ་པ་སྟེ།དེའི་ཕྱིར་དེ་བཞིན་གཤེགས་པས་མ་གནང་བར་རྫུ་འཕྲུལ་གྱི་ཡུལ་བསྟན་པར་ནི་སུས་ཀྱང་མི་ནུས་སོ།།དཔལོ་ཆོ་ག་ཤེས་འོན་ཀྱང་ཆུ་ཀླུང་ནོར་བུའི ་གཞལ་མེད་ཁང་ཞེས་བྱ་བའི་གཟུངས་ཀྱི་ཚོགས་ཀྱི་རིག་སྔགས་དང་།གསང་སྔགས་ཀྱི་ཚིག་མདོར་བསྡུས་པ་དང་།དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་དེ ་དག་ཐམས་ཅད་ཀྱི་དཀོན་མཆོག་གསུམ་གྱི་གདུང་གི་བྱིན་གྱི་རླབས་ཀྱིས་རྣམ་པར་འཕྲུལ་པ་དག་ཡོད་ཀྱིས།དཔལ་ཆོ་ག་ཤྲེསཱ་དེ་དེ་བཞིན་གཤེགས་པ་དེ་ལེ་ཚིག་དག ་ཞུས་ཤིག་དང་།ད་དེ་བཞིན་གཤེགས་པས་ཁྱོད་ལ་ཆུ་ཀླུང་ནོར་བུའི་གཞལ་མེད་ཁང་ཞེས་བྱ་བའི་གཟུངས་ཀྱི་ཚོགས་ཀྱི་རིག་སྔགས་དང་།གསང་སྔགས་ཀྱི་ཚིག ་མདོར་བསྡུས་པ་དག་སྟོན་པར་འགྱུར་ཏེ།བདག་ཀྱང་རྗེས་སུ་ཡི་རང་ངོ་།།ཁྱོད་ཀྱིས་ཀྱང་བྱསམ་པ་ཐམས་ཅད་རྫོགས་པར་གྱིས་ཤིག།དེ་ནས་དཔལ་ལྷ་མོ་ཆེན་མོ་དང་། ་ཆེན་མོ་དབྱངས་ཅན་དང་།ལྷ་མོ་ཆེན་མོ་བརྟན་མ་དངལྷ་མོ་ཆེན་མོ་འོད་བྱེད་དང་།ལྷ་མོ་ཆེན་མོ་གཟི་བརྗིད་ཅན་དང་།ལྷ་མོ་ཆེན་མོ་དག་ལྡན་དང་།ལྷ་མོ་སྦྱིན་མོ ་ཏམ་ལའི་སྙིང་པོ་དང་།ལྷ་མོ་ཆེན་མོ་ཉི་མ་བདག་དང་།ལྷ་མོ་ཆེན་མོ་ཤེལ་ཅན་དང་།དེ་དག་ལོ་སོགས་པ་ལྷ་གཞན་ཁྲག་ཁྲིག་འབུམ་ཕྲག་བརྒྱུད་ཅུ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང ་མདུན་དུ་བདེརརཱ་ནས་སྟན་ལས་ལངས་ཏེ།བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དཔལ་ལྷ་མོ་ཆེན་མོས་དེའི་ཚེ་ཚིགས་སུ་བཅད་པས་གསོལ་པ།།སྤྱོད ་པ་རྣམ་དག་དྲི་མའི་དྲི་མེད་པ།།ཉི་མ་ཉོན་མོངས་རྙོག་སེལ་བསྟན་དུ་གསོལ།།ཆུ་ཀླུང་གཟུགས་ཀྱིས་བདག་ཅག་སྐོམ་ལགས་ན།།བདེ་གཤེགས་གཟུངས་ཚོགས་ཞི་བགྱིད་བསྟན།། ་དུ་གསོལ།།ཆུ་ཀླུང་རིག་སྔགས་གསང་སྔགས་ཚིག་རབ་མཆོག།ཐུབ་པ་རིན་པོ་ཆུ་ཡིས་བསྟན་དུ་གསོལ།།དེས་ན་རྙོག་ལྡན་ཀླུང་དག་དང་འགྱུར་བས།།ས་ཡི་བཅུད་རྣམས་སླན ་ཚད་ཆབ་མི་འཚལ།།དུས་མིནི་རླུང་དང་ཉི་མས་གདུངས་པ་དང་།རྡུལ་དང་ཐན་པ་ཆེན་པོ་ཞི་བགྱིད་ལ།།ལོ་ཏོག་འབྲས་བུ་སུས་ཀྱང་མདངས་མི་འཕྲོག།གང་དག་སྲུང་བར་འགྱུར་བ ་བསྟན་དུ་གསོལ།།དེས་ན་ནད་མེད་དྲན་དང་ལྡན་པ་དང་།།དགེ་བ་དག་ལ་སྤྱོད་པར་གྱུར་ནས་ཀྱང་།།རྒྱལ་བའི་བསྟན་ལ་ལྟ་བ་ངན་པ་པོ།།ཡང་བ་དག་རྣམ་པ་ར། ་སྤོང་བར་འགྱུར།།རྒྱལ་བས་བདག་གི་སྙིང་ལ་མྱ་ངན་དང་།།ཉོན་མོངས་སེལ་བགྱིད་མདངས་ནི་འགྲུབ་པ་དང་།།གང་གིས་བདག་ནི་སེམས་ཅན་ཐམས་ཅད་དག།ཡོངས་སྨིན་བགྱིད། ་བྱར་རྡོ་ཐོག་བསྟན་དུ་གསོལ།།ཐུབ་པའི་ཐད་ན་ལྷོ་རྣམས་འདི་དག་གསོལ་འདེབས་པ།།ཐེག་པ་ཆེན་པོ་ཟབ་མོའི་ལམ་ལ་གཞུག་དུ་གསོལ།སེམས་ཅན་ཡོན་ཏནི་ཕྱུག ་པོ་འབྲས་བཅས་འདུས་པ་པོ།།ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཁྱོད་ལ་བསྔགས་པ་བརྗོད།།ཆུ་བོ་ལེགས་འབབ་ལོ་ཏོག་མི་ཉམས་བགྱི་སླད་དུ།།སྡིག་ཅན་ཀླུ་རྣམས ་བཟློག་ཕྱིར་འདི་དག་བསྟན་དུ་གསོལ།།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དཔལ་ཆོ་ག་ཤེས་འདུས་པ་རྣམས་ཀྱི་མདུན་དུ་དེ་བཞིན་གཤེགས་པ་ནི་དུས་སུ་བྱིན་གྱིས ་རློག་པར་མཛད་ལ།དྲི་བཞིན་གཤེགས་པ་ད་ནི་འདུས་པ་རྣམས་ཀྱི་ནང་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ།འབྱོར་བྱང་ཆུ ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་སྟོན་ཏོ།།ཕྱོགས་བཅུ་ནས་འདིར་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་དེ་ཐོས་ནས་ཀྱང་ཕྱོགས་བཅུའི་སངས ་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་སྟོང་པ་དེ་ན་སེམས་ཅན་རྣམས་ལ་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདྲ་རབ་ཏུ་སྟོན་པར་བྱེད་དོ།།གཟུངས་ཀྱི་རྒྱུ་དེས་ན་དེར་དུས་མ་ཡིན། ་པའི་རླུང་དང་།ཉི་མས་གདུངས་པ་དང་།གྲང་བ་དང་།ཚ་བ་དང་།ཆར་མོ་ཚོ་དང་།ཐན་ཆེན་ངག་རབ་ཏུ་ཞི་བར་བྱེད་དོ།།དེ་ནས་དེར་འཇིག་རྟེན་ཕ་རོལ་ལ་མི་ལྟ་བའི་ལྷ་དང་།གནོད་སྦྱིན། ་དང་།སྲིན་པོ་དང་།ལྷ་མ་ཡིན་དང་།གྲུལ་བུམ་དང་།ཡི་དགས་དང་།ཤཱ་ཟ་དང་།སྲུལ་པོ་དང་།ལུས་སྲོལ་པོ་དང་།མི་དང་།མི་མ་ཡིན་པ་དང་།ཐ་ན་རི་དགས་དང་།བྱ་མ་རུས ་པ།གཏུམ་པ།སེམས་ཅན་རྣམས་ལ་སྙིང་བརྩེ་བ་མེད་པ་དང་།སྙིང་རྗེ་མེད་པར་ཞུགས་པ་དག་དད་པ་ཅན་དུ་འགྱུར་རོ།།སེམས་འཇམ་པར་འགྱུར་རོ།།དགེ་བ་དྲན་པར་འགྱུར་རོ།།། ་ཆོས་ཚོལ་བ་ལ་འདོད་པར་འགྱུར་རོ།།ཆོས་སྲུང་བར་འགྱུར་རོ།།དཀོན་མཆོག་གསུམ་གྱི་གདུངས་འབར་བ་བྱེད་པར་འགྱུར་རོ།།གཟུངས་འདིའི་མཐུས་དེ་ན་སེམས་ཅན་རྣམས ་ཚེ་རིང་བར་འགྱུར་རོ།།ཁ་དོག་འཕེལ་བར་འགྱུར་རོ།།ལོ་ཏོག་འཕེལ་བར་འགྱུར་རོ།།ལོངས་སྤྱོད་འཕེལ་བར་འགྱུར་རོ།།བདེ་བ་འཕེལ་བར་འགྱུར་རོ།།ནད་མེད་པ ་འཕེལ་བར་འགྱུར་རོ།།གྲགས་པ་འཕེལ་བར་འགྱུར་རོ།།ཚུལ་ཁྲིམས་འཕེལ་བར་འགྱུར་རོ།།ཐོས་པ་འཕེལ་བར་འགྱུར་རོ།།བྱམས་པ་འཕེལ་བར་འགྱུར་རོ།།སྙིང་རྗེ ་འཕེལ་བར་འགྱུར་རོ།།ཡེ་ཤེས་འཕེལ་བར་འགྱུར་རོ།།ཐུབས་འཕེལ་བར་འགྱུར་རོ།།ཏིང་ངེ་འཛིན་འཕེལ་བར་འགྱུར་རོ།།གཟུངས་འཕེལ ་བྱར་འགྱུར་རོ།།ས་རྣམ་པར་དཔྱོད་པ་འཕེལ་བར་འགྱུར་རོ།།རྣམ་པར་སྤོང་བ་འཕེལ་བར་འགྱུར་རོ།།སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འཕེལ་བར་འགྱུར ་རོ།།ཐེག་པ་ཆེན་པོའི་བསྔགས་པ་ཡོངས་སུ་འཕེལ་བར་འགྱུར་རོ།།སྨོན་ལམ་གྱི་ཁྱད་པར་འཕེལ་བར་འགྱུར་རོ།།ས་ནས་སར་འཕེལ་བར་འགྱུར་རོ།།ཕུང་པོ་དང་། ་ཁམས་དང་།སྐྱེ་མཆེད་ལྷག་པར་མཐོང་བ་འཕེལ་བར་འགྱུར་རོ།།ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་འཕེལ་བར་འགྱུར་རོ།།སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རབ ་ཏུ་འཛིན་པ་འཕེལ་བར་འགྱུར་རོ།།ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་རྟག་པར་དུས་སུ་དགོངས་པ་འཕེལ་བར་འགྱུར་རོ།།སངས་རྒྱས་བཅོམ་ལྡན་འདས ་རྣམས་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་རྟག་ཏུ་དགེ་བའི་བཤེས་གཉེན་ཡིན་པར་འཛིན་པ་འཕེལ་བར་འགྱུར་རོ།།རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རྩ་བ ་འགྱུར་རོ།།ཉོན་མོངས་པ་ཐམས་ཅད་སྐྱེ་ཞིང་འཕེལ་བ་དང་།ལས་འཕེལ་བ་དག་ལས་ཀུན་ནས་སྒྲོལ་བར་བྱེད་དོ།།མྱ་ངན་ལས་འདས་པ་བླ་ན་མེད་པ་ལ་ཐུག་པའི་བར་དུ་དགེ ་པའི་ཆོས་ཐམས་ཅད་ཀྱིས་ཉམས་པར་མི་འགྱུར་རོ།།ཡོངས་སུ་ཧ་མ་སཱ་པར་མི་འགྱུར་རོ།།ཏདྱཱ་ཊཱ།སྭ་ར་པྲ་ཏི།ན་ཡྲ་པྲ་ཏི།དྭེཥྚ་ཚ་ཏ། ནཱ་ཡ་པྲ་ཏེ།ཤཱུསྟྲཻ་ར་པྲ་ཏི།ཤཱ་ར་ཎ་པྲ་ཏི ་ཀུ་མུ་ད་བཱ་ཏི།ས་ཙི་ར་པྲཱ་ཏི།ཆེང་ས་ལ་བྷྲྀ་ཏི།ས་ར་པྲ་ཏི།སཱ་ར་པ་རི་ཧ་རེ།ས་རཾ་པྲ་ཏ་པ་རི་ཧཱ་རཱི།ནཱ་ཡན་པྲ་ཏཱ་པ་རི་ཧཱ་རེ།བི་བི་དྷི་ཀྲ་པ་རི་ཧཱ་རེ།ཡཛྙཱ་པ་རི་ཏཱ་རེ།བིནྣ་པ་རི་ཧཱ་རེ། ་ཛྭ་ལཱ་པ་རི་ཧཱ་རེ།ཀྵེ་ཏྲ་པ་རི་ཧཱ་རཱི།དཀྵ་པ་རི་ཧཱ་རེ།ས་ན་ས་པ་རི་ཧཱ་རེ།ཤྲ་བ་བཱ་དྲྀ།གོ་མ་ཡ་བཱ་ཎེ།མེ་ད་ས་ཁེ།སུ་ནི་ཡ་བྷ་དྲ་ཛེ་མེ་ལ་བནྡི་ཨ་ར་ན་ཛུ་ཥེ་ཁེ་ར་བ་དྷཱི་བྷེ།ན་ར་མ ་ན་བི་ཛི་བྷེ།ུ་ར་ག། ནི་མི་ཥྚེ།ཀུ་ཛ་ར་བྷེ།ཛ་ཧཱ་ནི་མ་བྷེ།ཀརྨ་བི་ར་ལེ།ཤྲ་མ་ས་ལི་ལཻ།ཁ་ཌཱ་ཀཱ་ཤ་མེ། སནྣ་མ།གྣི་བྷ་དྲ།ནངྒ་ཏུམྦུ་རེ།བཱ་ཡ་དེ།བ་རུ་ཎ། ་ཀནྣ་ནི་པྲ།ཤ་ཀྲ་ཛྙཱ་ཡེ།ཾ་ན་ཚེ་བྱེ་ནཱི་ནཱ་ཡཱ།ནི་ཡེ་ཏྲཾ་ཡདྡྷ།བུདྡྷ་ཨ་དྷིལླི་ཏེ་སྭཱ་ཧཱ།ན་རཱ་ཡ་ཙི་ནཱི་ལཱ་ཡེ་སྭ་ཧཱ།ཙཀྲ་བཏ་ཀྲ་མཱཾ་སཱཧྨ་སཾ་ཀྱིས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི ་གཟུངས་འདི་བསྟན་མ་ཐག་ཏུ་དེ་ནས་དེའི་མོད་ལ་ས་ཆེན་པོ་གཡོས་པར་གྱུར་ཏེ།སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་ཀྱི་སོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།།ཐམས་ཅད ་དང་ལྡན་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱང་འདར་ཤིག་ཤིག་སྟེ།འཁྲུགས་ཤིང་སྐྱོ་བ་སྐྱེས་ནས་སངས་རྒྱས་ལ་ཕྱག་འཚལ་ལོ།།སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་འཛེར་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དཔལ་ཆོག་ཤེས་ཁྱོད་ཀྱིས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི ་གཟུངས་ནི་དེ་ལྟ་བུ་ཡིན་ཏེ།དེའི་མཐུ་ས་རྩོད་པ་དང་།ཐབ་མོ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།།ཀླུ་ཁྲོ་བོ་དང་།མ་རུངས་པ་ཐམས་ཅད་ཞི་བོར་བྱེད་དོ།།གནོད་སྦྱིན་ནོས་མི་དང ་མི་མ་ཡིན་པ་དང་།ཐ་ན་རི་དགས་དང་།བྱ་ཁྲོ་བོ་དང་།མ་རུངས་པ་ཐམས་ཅད་ཀྱང་ཞི་བོར་བྱེད་དོ།།དུས་མ་ཡིན་པའི་རླུང་དང་།ཉི་མུམྦྷ་གདུངས་པ་དང་།གྲང་བ་དང་།ཆ ་བ་དང་།ཐན་ཆེན་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།།ལོ་ཏོག་ཐམས་ཅད་འཕེལ་ཞིང་འགྲུབ་པར་བྱེད་དོ།།སེམས་ཅན་རྣམས་ཚེ་རིང་བར་བྱེད་དོ།།ལོངས་སྤྱོད་འཕེལ ་བྱར་བྱེད་དོ།།ལས་འཕེལ་བ་སྒྲོལ་བར་བྱེད་པའི་བར་དུ་བྱེད་དོ།།མྱ་ངན་ལས་འདས་པ་བླ་ན་མེད་པ་ལ་ཐུག་གི་བར་དུ་དགེ་བའི་ཆོས་ཐམས་ཅད་ཀྱིས་ཉམས་པར་མི་འགྱུར་རོ།། ་ཡོངས་སུ་ཉམས་པར་མི་འགྱུར་རོ།།ལ་ལོ་ཞིག་གཟུངས་ཆེན་པོ་འདི་ཉན་ཏམ།ཀློག་གམ།སྒྲུབ་པར་བྱེད་ན་དེ་ཕྱིས་འགལ་བུ་མེད་པའི་ཆོས་དང་།སྡོམ་པ་གསུམ་ལ་གནས་པར ་འགྱུར་རོ།།དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ།བཙུན་པ་བཅོམ་ལྡན་འདས་འདོར་བདག་གིས་ཀྱང་མཚོན་ཆའི་སྟོབས་ཞེས་བགྱི་བའི་གཟུངས་ཆེན་པོ་བཤད ་པར་བགྱིའོ།།མཚོན་ཆའི་སྟོབས་ཞེས་བགྱི་བའི་གཟུངས་དེས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱི་ཆེད་དུ་སའི་བཅུད་ཐམས་ཅད་ཉམས་པར་མི་འགྱུར ་ལགས་སོ།།ཡོངས་སུ་ཉམས་པར་མི་འགྱུར་ལགས་སོ།།སཉྫི་བཅུད་ཀྱི་མུདངས་རྣམས་གུང་གིས་ཀྱང་རོ་ཟློག་པར་རྔོ་མི་ཐོག་ལེགས་སོ།།དབུགས་གདུག་པ་གཏོང་བ་འམ།བསྐམ ་པར་ཡང་རྔོ་མི་ཐོག་ལྤགས་སོ།།རྩུབ་པ་དང་།རོ་མ་མཆིས་པར་བགྱི་བར་རྔོ་མི་ཐོག་ལེགས་སོ།།ཉམས་པ་དང་མ་མཆིས་པར་བགྱི་བར་རྔོ་མི་ཐིག་ལགས་སོ།།དོགས་ལས་ལོ ་ཐོག་མི་འཁྲུང་བར་བགྱི་བར་རྔོ་མི་ཐོག་ལགས་སོ།།རྩུབ་པ་དང་རོ་མ་མཆིས་པར་བགྱི་བར་རྔོ་མི་ཐོག་ལགས་སོ།།ལོ་ཏོག་གི་ས་བོན་དང་།མྱུ་གུ་དང་།འདབ་མ་དང་།མེ་ཏོག་དང་།འབྲས ་བུ་དང་།འབྲུ་དང་།སྨན་རྣམས་ཀྱི་མདངས་འཕྲོག་པར་རྔོ་མི་ཐོག་ལགས་སོ།།དེ་ལ་དབུགས་གདུག་པ་གཏོང་བའམ།བསྒོམ་པར་ཡང་ཇི་མི་ཐོག་ལགས་སོ།།རྩུབ་པ་འམ་རོ་མ་མཆིས ་པར་བགྱི་བའང་རྔོ་མི་ཐོག་ལགས་སོ།།མ་སྨིན་པ་རྣམས་ཆོས་སྩལ་བར་ཡང་རྔོ་མི་ཐོག་ལགས་སོ།།ལྐུགས་པ་དང་།ཚྭ་བ་དག་གིས་ཚིག་པ་དང་།འཚལ་དུ་མི་རུང་བར་བགྱི་བར་རྔོ་མི ་ཐོག་ལགས་སོ།།འཚལ་བ་ཙམ་གྱིས་སེམས་ཅན་ལ་ལའི་ལུས་ལ་དབུགས་གདུག་པ་གཏང་བར་རྔོ་མི་ཐོགས་ལགས་སོ།།གཞི་དེ་ལྟ་བུ་ལས་སེམས་ཅན་རྣམས་ཀྱིས་ཟས་འཆོལ་བ ་སྨོན་ནས་ལྟོ་བྲོ་འཚལ་བ་དང་།ཡན་ལགུ་དང་ཉིང་ལག་བྲོ་འཚལ་ཅིང་འཁུམས་པར་བགྱི་བར་རྔོ་མ་ཐོག་ལགས་སོ།།རིམས་ནད་དང་།བརྗེད་བྱེད་དང་། ་སེམས་གཡེངས་པ་དང་།དྲན་པ་ཉམས་པར་བགྱིད་པར་རྔོ་མི་ཐོག་ལགས་སོ།།ཕན་ཚུན་ཟབ་མོ་དང་དམག་བགྱིད་པར་རྔོ་མི་ཐོག་ལགས་སོ།།ཁ་ཅིག་སྲོག་གཅོད་པོ་དང་། ་མ་བྱིན་པར་ལེན་པ་དང་།སྦྱོར་བ་ནས་ལོག་པར་ལྟ་བ་ལ་མི་སྦྱོར་བའི་བར་གྱི་ཆོས་དེ་དག་གིས་སེམས་ཅན་རྣམས་ཀྱི་སེམས་ལ་སྦྱོར་ལ།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།སྲིམ ་པོ་དང་།གྲུལ་བུམ་དང་།མཽ་འམ་ཅི་དང་།དྲི་ཟ་དང་།ཡི་དགསོ་དང་།ཤ་ཟ་དང་།སྲུལ་པོ་དང་།ལུས་སྲུལ་པོ་དང་།མི་འམ་མི་ཡིན་པ་དག་གིས་ཀྱང་སེམས་ཅན་རྣམས་ལ ་གནོད་པ་དེ་ལྟ་དུ་དག་བགྱི་བར་རྔོ་མི་ཐོག་ལྤགས་སོ།།ཏདྱ་ཐཱ།ནཱ་བི་མ་ཧཱ་ནཱ་བྲྀཀྵཱ་ཀྵ་ར་ནཱ་བེ།ུ་བིད་གུ་ནཱ་བེ།སཾ་ཤོ་ཥ་ན་ནཱ་བེ།ནི་རཱ་ཛ་ཁ་བྷེ།ོཾ་བ་ར་མུ་ནི།ཏཱ་རུ་ཎཱ་རུ་ཧེ། ་ནཨཱརྱཱ་བྱཱ་ཏྱེ།ཛཾ་བཾ་བྲྀ་མཱ།མསྶ་རཏྣེ།ཏཱི་མཱི་ར་ཥྚེ།ཁརྡྷ་ནཱིར་ཏེ་རེ།ཙྪིཀྵཱི་བྷྲེ་སུ~ཾ་ཀྲཱི་ཎ་བྷྲྀ་མྨེ།ཀྵཱིདྡྷིཏྲ་ཡཻ་སྭཱ་ཧཱ། གུ་ཥྚི་སྱཱཏྨ།བུཉྫ་མ་ཡེ་སྭཱ་ཧཱ། ལ་ནཱི་མྲྀ་བྷཱུཾ་སྭཱ་ཧཱ། ་ན་མ་ཏ་ཡེ་སྭཱ་ཧཱ།ཤ་རཱི་རན་པོ་ཀྲ་མ་པ་ཤི་སྭཱཧཱ།དཔལ་ཆོག་ཤེས་ཁྱོད་ཀྱི་མཚོན་ཆའི་སྟོབས་ཞེས་བྱ་བའི་གཟུངས་ཆེན་པོ་ནི་དེ་ཡིན་ཏེ།མཚོན་ཆེའི་སྟོབས་ཤེས་བྱབ ་གནས་ན་པ་དྲེས་ནས་དུས་རྣམསས་།།དཱུར་ནུས་པར་བྱེད་།།འད་རྩོན་པ་སྐྱེད་བུར་བྱེད་དོ།།རྒྱུ་ན་ན་ས་ས།ས་རྒྱུན་རྣམས་མྱུར་དུ་འདུས་པར་གྱུ་རོ།།རྒྱུན ་སེམས་དཔའ་སེམས་དཔའ་ཆེན་པོ་སྣའི་སྙིང་པོ་དེ་ལ་ཐམས་ཅད་དང་སྦྱིན་པའི་འཁོར་ལྷ་ལས་ཀྱི་ཀྱང་ལག་ས་མ་ཞེས་བྱ་བ་བྱིན་འདི།བཅོམ་ལྡན་འདྲེས་ཀྱིས་ཀྱང་ལེགས་སོ་ཞེས་བྱ ་བགནང་སྟེ།རིགས་ཀྱི་བུ་ལེགས་སོ།།ལེགས་སོ།།རིགས་ཀྱི་བུ་ཁྱེད་ནི་སེམས་ཅན་རྣམས་ཀྱི་རྗེ་སྨན་ཡིན་ཞིང་སེམས་ཅན་རྣམས་ཀྱི་སྙན་པར་གྱུར་པའོ།།འདི་ལྟར་གླིང་བཞི་པའི ་སེམས་ཅན་ཐམས་ཅད་ཀྱི་ཁྱུ་དྱ་།དྷཱི་སྨན་ཡིན་ཞིང་སྡུག་བསྔལ་ཐམས་ཅད་རབཏུན་པར་བྱེད་པའོ།།བ་དེར་སྒྱུར་བྱ་ཐམས་ཅད་སྦྱིན་པར་བྱེད་དོ།།སྙིང་རྗེ་ཆེན་པོ་ཀུན་ནས་སྤྱོང་པ་དང་། ་མཚུངས་པར་ལྡན་པའོ།།མཚོན་ཆའི་སྟོབས་ཞེས་བྱ་བའི་གཟུངས་ཆེན་པོ་ཤིན་ཏུ་ཟབ་པ་དེ་ལྟ་བུ་སྟོན་པ་ཡིན་ནོ།།གཟུངས་ཆེན་པོ་དྲོས་ནི་འདི་ན་སེམས་ཅན་རྣམས་ཀྱི་སའི་བཅུང ་གྱི་མདངས་དང་།ས་བོན་དང་།མྱུ་གུ་དང་།འདབ་མ་དང་།མེ་ཏོག་དང་།རོ་དང་།འབྲུ་དང་།སྨན་རྣམས་མཱ་ཉམས་ཤིང་སྐྱོན་མེད་ལ་འཕེལ་ཞིང་འབྱོར་པར་བྱེད་དོ།།སེམས་ཅན་གང་དག་བླ ་ཟོས་པ་དེ་དག་གི་རྒྱུད་ལ་རྩོད་པའི་རྙོག་པ་ཐམས་ཅད་ཞི་བར་བྱེད་དོ།།འདིར་སེམས་ཅན་རྣམས་དགེ་བའི་ཆོས་ཐམས་ཅད་ལ་སྤྱོད་པར་འགྱུར་རོ།།གླིང་བཞི་པ་འདིར་དུས་མ་ཡིན་པ ་རླུང་དང་།ཉི་མ་བས་གདུས་པ་དང་།ཚ་བ་དང་།གླང་བ་དང་།ཆར་མོ་ཆེ་དང་།ཟན་ཆེན་དང་།ཟླ་བ་དང་།ཉི་མ་དང་།གཟུའ་དང་།རྒྱུ་སྐར་དང་།ལྗིན་མཚན་དང་།། ་ཟླ་བ་དང་།ཟླ་བ་ཕྱེད་པ་དང་།ལོ་དང་།དུས་ཚིགས་ལོག་པ་ཐམས་ཅད་ཉེ་བར་ཞི་བར་བྱེད།།གཟུངས་ཆེན་པོ་བསྟན་པ་དེས་ནི་དེའི་དཀོན་མཆོག་གསུམ་གྱི་གདུང་དང་།ཆོས་ཀྱི་ཚུལ་ཡུན ་རིང་དུ་གནས་པར་འགྱུར་རོ།།གལ་ཏེ་འདིར་མུན་པ་ཅན་སྐལ་བ་ཆུང་བ།རྒྱགས་པ་དང་།དྲེགས་པས་ཁེངས་ཤིང་དགེ་བའི་རྩ་བ་མ་སྐྱེད་པ།རྒྱལ་རིགས་གདོལ་པ་དང་།བློན་པོ ་གདོལ་པ་དག་གིས་འདི་ལྟར་ངའི་བསྟན་པ་དཀའ་བས་བསྒྲུབས་པ་དང་།ངའི་དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་དག་ལ་འཚེ་བར་བྱེད་པ་ནས་རྒྱུ་དེས་ནུ ་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།འཁྲུག་པར་མི་བྱེད་པའི་བར་དུའོ།།དེ་བཞིན་དུ་སེམས་ཅན་རྣམས་ལ་བྱེདེ་བར་སྦྱར་བ་ཐམས་ཅད་འབྱུང་བ་ནི་སྔར་ཇི་སྐད་གསུངས་པ་བཞིན་ནོ།། ་འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་བོཅཝོ་ལྔ་པ་རིའི་སྙིང་པོའི་ལེའུ་ལས་ཀུན་ཆེནི་རབ་ཏུ་ཞི་བར་བྱེད་པ་མཚོན་པ་སྟེ་གསུམ་པ་རྫོགས་སྷོ།།།དེ་ནས་བཅོམ་ལྡན ་འདས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དཔྲལ་ལྷ་མོ་ཆོག་ཤེས་སྔོན་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོའི་སྤྱན་སྔར་བདག་ཅག ་གཉིས་ཀྱིས་ཕན་ཚུན་དམ་བཅས་པ་དེ་བཞིན་དུ།བདག་ཅག་གཉིས་ཀྱི་བསམ་པ་ཡོངས་སུ་རྫོགས་ཤིང་གྲུབ་པོ།།དེ་ནས་དཔལ་ལྷ་མོ་ཆེན་མོས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ ་བཅོམ་ལྡན་འདས་དེ་ལྟ་ལགས་སོ།།བཙུན་པ་བདེ་བར་གཤེགས་པ་དེ་ལྟ་ལགས་ཏེ།སྐོལ་གྱི་བསམ་པ་རྫོགས་ལགས་སོ།།སྔོན་སྒྲོལ་གྱིས་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི ་རྒྱལ་མཚན་རྒྱལ་པོའི་སྤྱན་སྔར་ཕན་ཚུན་དམ་བཅས་པ་བཞིན་འདི་ལྟར་སྐོལ་གྱི་བསམ་པ་ཡོངས་སུ་གྲུབ་སྟེ།དེ་ལྟར་ཁྱོད་ཉིད་ནི་དེ་བཞིན་གཤེགས་པ་སྟེ་འཇིག་རྟེན་དུ་བྱུང་ལ།ད་ལྟར་བདག ་གིས་ནི་དཔལ་གྱི་གོ་འཕོང་ཐོབ་པ་ལགས་སོ།།ད་ལྟར་བདག་གིས་སེམས་ཅན་རྣམས་ལ་སེམས་ཅན་ཡོངས་སུ་སྨིན་པར་རྔོ་མི་ཐོག་པར་གྱུར་པ་དེ་ཅིའི་སླད་དུ་ཞེ་ན།།འདི་ནི་ཀླུ་གླང་པོ་ཆེ་ལྟ ་བུ་དང་།ཀླུ་རྟ་ལྟ་བུ་དང་།ཀླུ་སྦྲུལ་ལྟ་བུ་དང་།ཀླུ་ཉ་ལྟ་བུ་དང་།ཀླུ་སྦལ་པཱ་ལྟ་བུ་དེ་དག་དུས་འདིར་ཡང་བསྒྲུབ་པར་བགྱིད་ལགས་སོ།།བདག་གིས་འཇིག་རྟེན་སྣང་བར་བྱེད་པ་ཟབ་མོ ་དག་བསྟན་པ་ན་གང་དག་དུས་མི་ལགས་པའི་ལྷགས་པ་དང་།ཚ་བ་དང་།སྤྲིན་དང་།ཁུག་རྣ་དང་།ཊཱི་ཆར་དང་།ཆར་མོ་ཆེ་དང་།ཐན་ཆེན་དག་འབྱུང་བར་བགྱིད་པ།སེམས་ཅན་རྣམས་ཀྱི ་ལོ་ཏོག་དང་།ཡོ་མ་དང་།མེ་ཏོག་དང་།འབྲས་བུ་དང་།འབྲུ་དང་།སྨན་རྣམས་མ་རུང་བར་བགྱིད་པའི་ཀླུ་དང་།ཀླུ་ཆེན་པོ་དེ་དག་མ་བསྐྲད་ལགས་སོ།།བཙུན་པ་བཅོམ་ལྡན་འདས་དུས་འདིར ་ད་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ན་ཀླུ་དང་།ཀླུ་ཆེན་པོ་དང་།ཀླུརཱི་འཁོར་དང་།སྐྱེས་པ་དང་།བུད་མེད་དང་།ཁྱེའུ་དང་།བུ་མོ་དང་།གླིང་བཞི་པ ་འདི་ན་གང་ཁ་ཅིག་ཀླུའི་སྐྱེ་གནས་པ་དེ་དག་ཐམས་ཅད་ད་ལྟར་འདིར་མཆིས་པ་རྣམས་དང་།ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་དེ་དག་ད་ལྟར་འདུས་པ་ཆེན་པོ་འདིར་མཆིས་པ་རྣམས་དང་།ད་ལྟར་འདིར་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།སྲིན་པོ་དང་།དྲི་ཟ་དང་།མི་འམ་ཅི་དང་།ལྷ་མ་ཡིན་དང་ལྟོ་འཕྱེ་ཆེན་པོ ་དང་།ཡི་དགས་དང་།ཤ་ཟ་དང་།སྲུལ་པོ་དང་།ལུས་སྲུལ་པོ་འདུས་པ་ཐམས་ཅད་དང་།བཅོམ་ལྡན་འདས་ཀྱི་ཉན་ཐོས་མི་དང་མི་ཡིན་པ་དེ་དག་ད་ལྟར་འདུས་པ་ཆེན་པོ་འདིར་ཆོས ་ཉན་པའི་སླད་དུ།བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་པའི་སེམས་ཅན་དེ་དག་ཐམས་ཅད་ཟས་བཞི་ལ་རྟེན་ཅིང་འཚོ་བར་བགྱིད་ལགས་སོ།།བཙུན་པ་བཅོམ་ལྡན་འདས་ང་ལྷའི ་དུས་སུ་ཀླུ་ཁྲོ་བོ་ཕུང་བར་བགྱིད་པ་དག་ཞི་བར་མཛད་དུ་གསོལ།གང་དག་ཀླུ་ཁྲོ་བོ་རྣམས་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་མངོན་པར་མ་དད་པས་རྟག་པར་ཡང་སྒྲུབ་པར་བགྱིད་པ། ་སེམས་ཅན་རྣམས་ལ་ཐོ་འཚམ་པ་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་པ་དང་།ཉེ་བར་ལོངས་སྤྱོད་པ་དག་མ་རུངས་པར་བགྱིད་པ།འཇིག་རྟེན་ཕ་རོལ་ལ་མི་ལྟ་བ།སེམས་ཅན་རྣམས ་ལ་སྐྱིད་བརྩེ་བ་མ་མཆིས་ཤིང་སྙིང་རྗེ་མ་མཆིས་པར་ཞུགས་པ།སྡང་བ།རྩུབ་པ་ལགས་ཏེ།བདག་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལ་བར་ཆད་བགྱིད་པ་ལགས་པས།དེ་དག་གི་དོན། ་དུ་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་བསྐྱེད་དུ་གསོལ།བཅོམ་ལྡན་འདས་ཀྱིས་དེ་དག་གི་སྡིག་པ་དེ་ཐམས་ཅད་ཞི་བར་མཛད་དུ་གསོལ།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི ་གནས་ན་གནས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་སྙིང་པོ་ལ་བཀའ་སྩལ་པ།རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་སྤྱན་སྔར་ཀླུ་ཡོངས་སུ་སྨིན ་པར་བརྩོན་པས་སྨོན་ལམ་བཏབ་པ་ཅི་འདྲ་ཞི་ན།སྔོན་དང་།ད་ལྟར་དང་།མ་འོངས་པའི་དུས་ཀྱི་ཀླུ་དང་།ཀླུ་ཆེན་པོ་ཀླུ་ཁྲོ་བོ་སྐྱེ་གནས་བཞི་པ་དག་དབུགས་གདུག་པ་དང་།ཀླུ་རྣམས་ཀྱི ་མིག་གདུག་པ་དང་།རེག་པ་གདུག་པ་དང་།ལྕེ་གདུག་པ་དང་།འདོད་ཆགས་ཀྱི་དུག་དང་།ཞེ་སྡང་གི་དུག་དང་།གཏི་མུག་གི་དུག་དང་།ཀླུ་ཁྲོ་བོ་རྣམས་ཀྱི་སྡིག་པའི་ཆོས་དག་ཅི་ནས་ཀྱང ་ཆོས་དང་ལྡན་པས་བསལ་བར་ནུས་པར་བྱའོ།།ཅི་ནས་ཀྱང་ཀླུ་ཁྲོ་བོ་དེ་དག་གིས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་།ཉེ་བར་སྤྱོད་པ་དང་།ཡོ་བྱད་སྣ་ཚོགས་དང་ལྡན་པ་རྣམས་ལ ་གནོད་པར་མི་འགྱུར་བར་བྱའོ།།དཀོན་མོ་ཆོག་གསུམ་པོ་དེ་དག་ལ་དད་པ་དང་།དགའ་བ་ཐོབ་པར་བྱའོ།།ད་འཇིག་རྟེན་ཕ་རོལ་ལོ་བལྟ་བ་དང་བཅས་ཤིང་སྡིག་པའི་ཆོས་རྣམས་དང ་འབྲལ་བར་འགྱུར་བར་བྱའོ་ཞེས་སྨོན་ལམ་བཏབ་པོ།།དེ་སྐད་ཅེས་བཀའ་སྩལ་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་སྙིང་པོས་བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་བདག་གིས་གླང་ད་ཀླུ་པོ་དེ་དོག་ནི་གནས་དེར་ཞུགས་ཏེ་མཆིས་ནས་ཀླུ་རྣམ་པར་བསྒྱིངས་པའི ་གནས་ཞེས་བགྱི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གནས་པར་བགྱི་ལགས་སོ།།དེ་ཏིང་ངེ་འཛིན་གྱི་མཐུས་བདག་གིས་དེ་དག་གི་ཁྲོ་བ་དང་།ང་རྒྱལ་དང་།དྲེགས་པ་དང་། ་འདོད་ཆགས་དེ་དག་ཉེ་བར་ཞི་བར་བགྱི་ལེགས་སོ།།དེ་དག་འཇམ་པ་དང་།སྣོད་དུ་རུང་བ་དང་།སེམས་ཞི་བར་འགྱུར་བ་དང་།སེམས་འཇིག་རྟེན་ཕ་རོལ་ལ་བལྟ་བར་འགྱུར་བ་དང་། ་སེམས་ཅན་ཐམས་ཅད་ལ་སེམས་བྱམས་པ་དང་།སྙིང་རྗེ་བ་དང་།སྙིང་བརྩི་བ་དང་།སེམས་བརྩེ་བ་ཅན་དུ་འགྱུར་བར་བགྱི་ལེགས་སོ།།ཀླུ་ཁྲོ་བོ་དང་།ཀླུ་མ་རུངས་པ་རྣམས་དང ་པར་འགྱུར་བར་བགྱི་ལགས་སོ།།སེམས་ཅན་ཐམས་ཅད་ལ་མི་འཆི་ཞིང་སྙིང་བརྩེ་བ་ཅན་གྱི་སེམས་ཀྱི་ས་ལ་གནས་པར་བགྱི་ལགས་སོ།།གཞན་ཡང་གང་དག་རྫི་ཆུར་དང ་ཆང་མོ་ཆེ་དང་།ཟན་ཆེན་དང་།སྤྲིན་དང་།སྤྲིན་ཆེན་དང་།ལྷགས་པ་དང་།ཚ་བ་དག་གིས་གནོད་པར་གྱུར་པའི་སེམས་ཅན་དེ་དག་གིས་ཐལ་མོ་སྦྱར་ཏེ།བདག་གི་མིང ་བརྗོད་ནས་འདི་སྐད་དུ་རིའི་སྙིང་པོ་ཐུགས་རྗེ་རྒྱུ་ཆེ་བ།ཀླུ་ཡོངས་སུ་སྦྱིན་པར་མཛད་པ།བདག་ཅག་དྲན་ལགས་སོ།།བླ་ན་མེད་པའི་བྱང་ཆུབ་ལ་སྤྱོད་པར་མཛད་པ།ཐབས་དང་ཡེ་ཤེས ་སྣཚོགས་ལ་བརྩོན་པས་མི་སྤྱོད་ལགས་སམ།བདག་དྲུག་སྡུག་བསྔལ་ལས་ཐར་བར་མཛད་དུ་གསོལ།ཡོངས་སུ་བསྒྲུབ་ཏུ་གོསོ་ལ་ཞེས་སྤྲོ་བ་དག་གིས་འདི་སྐད་དུ་བརྗོད་པར ་གྱིའོ།།ཏྱཱདྷྱ་ཐཱ།སྠཱམ་བྷ་བྷཱུ་ཛཾ།བི་རེ་ཌུ་བྷཱུ་ཛ།གོ་བྷཱུ་བཱི་རཱི་ཛཱི་བྷཱུཛྫ།མེ་རུ་བྷཱུ་ཛ།ག་ཏུ་བ་དྷྭཾ་ཛྙཱཾ།ཧཱུཾ་ཧཱུཾ། ནེ་བ་བྷཱུ་ཛཱཾ།སྥཱར་བྷུ་ཛ།སྥཱ་རེ་ཨུ་བརྟྟ་དྷཱ་ཛྙཱ།ནི་མཾ་བྷི་བྷཱུཛྫ་སྭཱ་ཧཱ། ་བཙུན་པ་བཅོམ་ལྡན་འདས་སེམས་ཅན་གང་ཁ་ཅིག་ཀླུ་ཁྲོ་བོ་དཱི་དྲུག་གི་རྒྱུས་གནོད་བུ་དག་གིས་གནོད་པ་བགྱིས་པར་གྱུར་པ་དེ་ལྟ་བུ་དེ་དག་གིས་མིང་ནས་བརྗོད་པར་བགྱི་ཞིང་། ་བྱ།ང་རྒྱལ་ཅན།དྲེགས་པ།ཕྲག་དོག་དང་།འདོད་ཆགས་ཀྱི་སེམས་ཞི་བར་བགྱི་བའི་སླད་དུ་གསང་སྔགས་འདོན་པ་ན་བདག་གིས་ལྷའི་རྣ་བ་རྣམ་པར་དགེ་པ་མི་ལས་འདས་པས། ་བོས་ནསྟེ་སྨྲེ་གནས་བཞི་པའི་ཀླུ་དང་།ཀླུ་ཆེན་པོ་དང་།གླུ་རྒན་པོ་དང་།ཀླུའི་བུ་ཀྱི་པོ་རྣཾ་ས་དང་པར་མ་བགྱིས་སམ།དུས་མ་ལགས་པར་དོན་ཆེད་ཡང་བ་ལ་ཞུགས་པ་དག ་མ་བཟློག་གམ།དེའི་ཚེ་དུས་མ་ལེགས་པའི་ཆར་མོ་ཆེ་ང་།ཟིན་ཆེན་པོ་དང་།དུས་མ་ལེགས་པའི་ལྷགས་པ་དང་།ཚ་བ་དང་།རླུང་དང་།སྤྲིན་དང་།འཁྲུག་པོ་དག་ར་ཏུ ་ཞི་བར་མ་བཀྱིས་སམ།བདག་གིས་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སེམས་ཅན་དེ་དག་གི་བསམ་པ་དག་ཡོངས་སུ་རྫོགས་པར་མ་བགྱིས་ན།བདག་གིས ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བསླུས་པར་གྱུར་ཅིག།བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚ ་རྒྱ་བར་མ་གྱུར་ཅིག།བཙུན་པ་བཅོམ་ལྡན་འདས་བདག་གིས་སྔོན་འདི་ལྟར་དེ་བཞིན་གཤེགས་པ་མེར་མེ་མཛད་འཁོར་ཚོགས་པ་དང་བཙོས་པའི་སྤྱན་སྔར་སེམས་ཅན་ཡོངས ་སུ་སྨིན་པར་བགྱི་བའི་སླད་དུ་སྨོན་ལམ་བརྟན་པོར་བཏབ་སྟེ།ཤིན་ཏུ་གནས་པར་གྱུར་ལགས་སོ།།དེའི་འོག་ཏུ་འང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་བྱེ་བ་ཁྲག་ཁྲིག ་འབུམ་ཕྲག་སྙེད་འཚོ་ཞིང་གཞེས་པ་འཁོར་ཚོགས་པ་དང་བཅས་པའི་སྤྱན་སྔར་སྨོན་ལམ་བརྟན་པོ་འདི་ལྟ་བུ་དག་བཏབ་སྟེ།བདག་གིས་དེར་རྟག་པར་སེམས་ཅན་ཡོངས ་སུ་སྦྱིན་པར་དགྱི་བའི་སླད་དུ་ཕ་རོལ་གནོན་པའི་བརྩོན་འགྲུས་ཆེན་པོས་ཤིན་ཏུ་བརྟེན་པར་གནས་པར་བགྱིའོ་ཞེས་བརྩོན་པར་བགྱིས་ལགས་སོ།།ད་ལྟར་བཅོམ་ལྡན ་འདས་ཀྱི་སྤྱན་སྔར་ཡང་ཀླུ་ཁྲོ་བོ་རྣམས་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་རྩོལ་བ་བརྟན་པོ་བགྱིས་ལ།བདག་གིས་ད་ལྟ་བུའི་རྩོལ་བ་བརྟན་པོས་བརྩོན་འགྲུས་བརྩམས་པ ་ནི་བསྐལ་པ་གྲངས་མ་མཆིས་པར་སྐད་ཅིག་ཙམ་ཡང་གཏང་མ་མྱོང་ལགས་སོ།།བདག་གིས་རྟག་པར་ཕ་རོལ་གནོན་པའི་རྩོལ་པ་དང་།བརྩོན་པ་བརྟན་པོས་སེམས་ཅན་ཡོངས་སུ་སྨིན ་པར་བགྱིས་ལགས་པ་རྣམས་ཀྱང་ཡང་ཡོངས་སུ་སྨིན་པར་བགྱི་ལགས་སོ།།གཞན་ཡང་བདག་གིས་ཀླུའི་དབང་པོ་དག་ཐེག་པ་ཆེན་པོའི་སྤྱོད་པ་ལ་བརྩོན་པར་བགྱིས་ལགས་ཏེ། ་ཀླུ་གླང་པོ་ཆེ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཤིན་ཏུ་རབ་གནས་འདི་དང་།ཀླུ་སྦྲུལ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་དགའ་བོ་དང་།བསྙེན་དགའ་བོ་འདི་གཉིས་དང་།ཀླུ་རྟ་རྣམས ་ཀྱི་བདག་པོ་ཀླུའི་རྒྱལ་པོ་མ་དྲོས་པ་འ་དང་།ཀླུ་ཉ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཆུ་ལྷ་དང་།ཀླུ་སྦལ་པ་རྣམས་ཀྱི་བདག་པོ་ཀླུའི་རྒྱལ་པོ་ཡིད་བཟང་འདི་རྣམས་སྟེ།ཀླུ་དེ་ལྟ་བུ་དག་ནི ་སེམས་ཅན་རྣམས་ལ་གནོད་པ་བགྱིད་པར་རྔོ་ཐོག་པ་དགོ།།ཀླུའི་རྒྱལ་པོ་གཞན་དག་དེ་ལྟ་བུ་དེ་དག་ཀྱང་རང་རང་གི་མཐུས་སེམས་ཅན་རྣམས་ལ་དེ་ལྟ་བུར་གནོད་པ་བགྱིད་པར་རྔོ་ཐེག་པ་དག་གོ།འདི ་ལྟར་ཐེག་པ་ཆེན་པོ་ལ་རབ་ཏུ་ཞུགས་པའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་སོ་སོ་རང་རང་གི་འཁོར་དང་།དཔུང་གི་ཚོགས་རྣམས་དུས་མ་ལགས་པར་དེ་ལྟ་བུར་ཡང་བ་བསྒྲུབས་པས་རང ་རང་གི་འཁོར་རྣམས་བསྐྱོད་པར་བགྱིད་ལགས་སོ།།འདི་ལྟར་འདིར་བཅོམ་ལྡན་འདས་ཀྱི་བསྟན་པ་ཆོས་སྒྲོན་མ་དང་།དཀོན་མཆོག་གསུམ་གྱི་གདུང་མྱུར་དུ་མི་འཆད་པར་བགྱི་བའི་སླད་དུ ་འཁོར་དེར་མཆིས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་སྙིང་པོ་ཀླུའི་དྲང་སྲོང་ལ་ལེགས་སོ་ཞེས་བགྱི་བ་སྩལ་ཏོ།།དེའི་ཚེ་ཀླུའི་རྒྱལ ་པོ་ཤིན་ཏུ་རབ་གནས་སྟན་ལས་ལངས་ཏེ།བཅོམ་ལྡན་འདས་གཽ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་བདག་ལ་རྟེན་པོའི ་ཀླུ་དང་།ཀླུའི་རྒྱལ་པོ་གང་དག་སྒོ་ང་ལས་སྐྱེ་བ་དང་།མངལ་ནས་སྐྱེ་བ་དང་།དྲོད་དང་གཤེར་ལོས་སྐྱེ་བ་དང་།རྫུས་ཏེ་སྐྱེ་བའི་ཀླུ་དེ་དག་གྲང་ན་བཅོམ་ལྡན་འདས་ཀྱི་འཁོར་ཉན་ཐོས ་རྣམས་དང་།འཁོར་བྱང་ཆུབ་སེམས་དཔོའ་དེ་དག་ལ་ཕན་ཚུན་བྱོམས་པའི་སེམས་དང་ལྡན་པ་དང་།ཡུལ་འཁོར་དོར་ཤ་ཁོ་ན་མ་མཆིས་པའི་སེམས་ཀྱིས་གནས་པར་འགྱུར་ལགས ་གནོད་སེམས་མ་མཆིས་པ་དང་།སེམས་མཉམ་པས་གནས་པར་འགྱུར་ལགསོ།།གང་དག་ཡུལ་འཁོར་དེའི་རྒྱལ་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སེམས་ཤིན་ཏུ ་དད་པར་འགྱུར་ལགས་སོ།།དེ་དག་བཅོམ་ལྡན་འདས་ཀྱི་བསྟན་པའང་འཛིན་པར་འགྱུར་ལགས་སོ།།དབང་ཕྱུག་གི་རྒྱགས་པ་དང་དྲེགས་པས་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར ་མི་འགྱུར་ལེགས་སོ།།དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་དག་ལ་འཚེ་བར་མི་འགྱུར་ལོགས་སོ།།བཙུན་པ་བཅོམ་ལྡན་འདས་ཀྱི་སླད་དུ་རབ་ཏུ་བྱུང་ནས ་སྐྲ་བྲེགས་ཏེ་གོས་ངུར་སྨྲིག་བགོས་པ།སྣོད་དུ་གྱུར་པ་དང་།སྣོད་དུ་མ་གྱུར་པ་ལྷག་པའི་བསམ་པ་ཅན་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་འཛིན་པར་བགྱིད་ལགས་སོ།།གཞན་ཡང་ཡུལ་འཁོར ་དེ་ན་གང་དག་མི་རྣམས་བཅོམ་ལྡན་འདས་ཀྱི་བསྟན་པ་དེའི་ཚེར་མེར་གྱུར་པ་དེ་དག་ཆོས་དང་ལྡན་པས་སྐྲོད་པར་བགྱིད་ལགས་སོ།།དེ་ནས་ཡུལ་འཁོར་དེར་དགེ་སྦྱོང་དང་།བྲམ་ཟེ་བསོད་སྙོམས་པ ་རྣམས་ལ་སྔོན་གྱི་རྒྱལ་པོ་དག་གིས་སྔོན་ལྷག་པའི་བསམ་པས་སྦྱིན་པ་ཕུལ་བ་རྣམས་རྒྱལ་རིགས་དགེ་བས་འཕྲོག་པར་མི་བགྱིད་ལ།རྒྱལ་རིགས་དག་པ་བློན་པོ་དང་།མདུན་ན་འདོན་དང་། ་སྐྱེ་བོ་དམག་མི་རྣམས་དང་བཅས་པས་ཚོགས་སྦྱོར་བ་ནི་དོན་ཆེན་ལ་བརྩོན་པ་ལགསོ།།སྙིང་པོ་བླངས་པ་ལགས་སོ།།ལག་བརྐྱང་ནས་ལྷག་པར་གཏོང་བ་ལགས་ཏེ།རྒྱལ་རིགས་དགེ་བ་དེ་ཡུལ ་འཁོར་དང་བཅས་པར་སྲུང་བར་བགྱི་ལག་སོ།།ཡོངས་སུ་བསྐྱང་བར་བགྱི་ལགས་སོ།།དེའི་ཡུལ་ཕྱོགས་ན་རྩོད་པའི་རྙོག་པ་ཐམས་ཅད་དང་།སོ་སོའི་འཁོར་དག་སྔར་ཇི་སྐད་བསྟན་པ་བཞིན་བསྐྲད་པར ་བགྱི་ལགས་སོ།།དེ་ཅིའི་སླད་དུ་ཞེ་ན།ཆོས་གོས་ངུར་སྨྲིག་ཁ་བསྒྱུར་བ་འདི་ནི་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བརླབ་པ་ལགས་སོ།།བྱང་ཆུབ་སེམས་དཔའ་རྣམས་ཀྱི ་རྒྱལ་མཚན་ལགས་སོ།།མྱ་ངན་ལས་འདས་པར་མཆི་བ་རྣམས་ཀྱི་ལམ་ལགས་སོ།།ཉོན་མོངས་པ་རྣམས་ཀྱི་རལ་གྲི་ལགས་སོ།།མྱ་ངན་ལས་འདས་པའི་ས་བོན་ལགས་སོ།།ལམ ་ལས་རབ་ཏུརྣམས་པ་རྣམས་ཀྱི་སྒྲོན་མ་ལགས་སྷོ།།ཕུང་པོ་རྣམས་ཀྱི་སྤྱན་ལགས་སོ།།མ་རིག་པའི་མུན་པའི་རླུང་ལགས་སོ།།དྲན་འགྲོ་རྣམས་ཀྱི་སྲོག་ཤིང ་ལགས་སོ།།ཉོན་མོངས་པའི་སྐྱོན་གྱིས་ཉམས་པར་གྱུར་པ་རྣམས་ཀྱི་སྡུག་སྨན་ལགསོ།།དགྲ་རྣམས་ཀྱི་རྡོ་རྗེ་ལགས་སོ།།དགེ་བའི་ཙ་བ་ཐམས་ཅད་ཀྱི་གཏེར་ལེགས་སོ།།སྡིག ་པས་གོས་པ་རྣམས་ཀྱི་ཆབ་ལ་གྲོས་སོ།།ནོངས་པ་བགྱིད་པ་རྣམས་ཀྱི་མེ་ལོང་ལེགས་སོ།།སེམས་གཡེངས་པ་རྣམས་ཀྱི་ཏིང་ངེ་འཛིན་ལགས་སོ།།ཏིང་ངེ་འཛིན་རྣམས་ཀྱི་ཟམ ་ཏོག་ལགས་སོ།།ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ས་གཞི་ལགས་སོ།།གཟུངས་རྣམས་ཀྱི་ནོར་བུ་ལགས་སོ།།བཟོད་པ་རྣམས་ཀྱི་ཁྱིམ་ལེགས་སོ།།ས་རྣམས་ཀྱི་སྣོད་ལགས་སོ།། ་ཕས་ཀྱི་རྒོལ་བ་རྣམས་ཀྱི་མཁར་ལགས་སོ།།ནད་པ་རྣམས་ཀྱི་སྨན་པ་ལགས་སོ།།བསླབ་པ་རྣམས་ཀྱི་རི་ལགས་སོ།།ཉོན་མོངས་པས་ཀུན་ནས་གདུངས་པ་རྣམས་ཀྱི་ཟླ་བ་ལགས ་སོ།།ལྟ་བ་ངན་པར་ལྷུང་བ་རྣམས་ཀྱི་ཉི་མ་ལགས་སོ།།ཡེ་ཤེས་ཀྱི་རྒྱ་མཚོ་ལགས་སྷོ།།བྱང་ཆུབ་ཀྱི་ཕྱོགས་པ་རྣམས་ཀྱི་ཕྲེང་བར་གྱུར་པ་ལེགས་སོ།།ཐམས་ཅད་མཁྱེན་པའི་ཡེ ་ཤེས་ཀྱི་བུམ་པ་བཟང་པོ་ལགས་སོ།།ཆོས་གོས་ངུར་སྨྲིག་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ལགས་སོ།།ཆོས་གོས་ངུར་སྨིག་འདི་ནི་སེམས་ཅན་རྣམས་ལ་ཆོས་ཀྱི་ཆར ་དབབ་པའི་དོན་གྱི་སླད་དུ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ།།བཙུན་པ་བཅོམ་ལྡན་འདས་འདི་ལྟར་གང་དག་རྒྱལ་རིགས་གདོལ་པ་དེ་དག་ནི།བཅོམ་ལྡན་འདས ་ཀྱི་བསྟན་པ་འཇིག་པར་བགྱིད་ཅིང་དགེ་སློང་དག་ལ་ཐོ་འཚམ་པར་བགྱིད་པ་ནས།བཅོམ་ལྡན་འདས་ཀྱི་སླད་དུ་རབ་ཏུ་བྱུང་བ་སྣོད་དུ་གྱུར་པ་དང་།སྣོད་དུ་མ་གྱུར་པའི་ལུས་ལ་གནོད་པ ་བགྱིད་པ་དང་།ནོར་འཕྲོག་པ་དང་།སྲོག་གི་བར་ཆད་དག་བགྱིད་པའི་བར་དུའོ།།ཡུལ་འཁོར་དེར་གང་དག་སངས་རྒྱས་ལ་དད་པའི་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།སྲིན་པོ་དང་། ་ལྷ་མ་ཡིན་དང་།གྲུལ་བུམ་དང་།ཡི་དགས་མཐུ་བོ་ཆེ་དེ་དག་ཐམས་ཅད་ཀྱང་རྒྱལ་རིགས་གདོལ་པ་ལ་གླ་ཤེ་བར་འགྱུར་ཏེ།དེ་དག་གིས་དེའི་ཡུལ་འཁོར་དུ་ཐོབ་མོ་དང་།རྩོད་པ་དང་། ་ལོ་ཉེས་དང་།ནད་དང་།ཕ་རོལ་གྱི་དམག་ཚོགས་དག་འབྱུང་བར་བགྱིད་ལགས།།དུས་མ་ལགས་པའི་ཆར་མོ་ཆེ་དང་།ཐན་ཆེན་དང་།ལྷགས་པ་དང་།ཚ་བ་དང་།རླུང་དང་།ཉི་མས ་གདུངས་པ་དག་གིས་ས་བོན་དང་།མྱུ་གུ་དང་།འདབ་མ་དང་།མེ་ཏོག་དང་།འབྲས་བུ་དང་།འབྲུ་དང་།སྨན་དང་།རོ་རྣམས་མ་རུང་བར་བགྱིད་ཀྱང་དེ་ན་ཀླུ་རྣམས་ལ་སྐྱོན་ནི་མ་མཆིས ་ལགས་ཏེ།དེ་ན་ཀླུ་རྣམས་རྒྱུ་དེས་ན་གྲགས་པ་མ་ལགས་པས་ནི་གོས་པར་འགྱུར་ལགས་སོ།།བཙུན་པ་བཅོམ་ལྡན་འདས་དཔེར་བགྱི་ན་ཡུལ་གྱི་བུད་མེད་བཟང་མོས་ཟས་ངན་པ ་འཚལ་ནས་དེ་དབུག་དྲི་མི་བདའ་བར་འགྱུར་ལག་སོ།།དེ་བཞིན་དུ་རྒྱལ་རི།ཌགདོལ་པས་ཀྱང་རྒྱལ་རིགས་ཀྱི་ཆོས་རྣམས་སྤངས་ནས་དམངས་རིགས་ཀྱི་ཆོས་རྣམས་སྤྱོད་པར་བགྱིད ་ན་ཡུལ་ཕྱོགས་ཐམས་ཅད་སྲུང་བའི་ལྷ་ནས་ཡི་དགས་མཐུ་བོ་ཆེ་དོག་གིས་བར་དུ་ཁྲོས་པར་འགྱུར་ཏེ།དེ་དག་གིས་ཡུལ་འཁོར་མ་རུང་བར་བགྱིད་ལ།གླུ་དང་ཀླུ་ཆེན་པོ་རྣམས ་གྲགས་པ་མ་ལགས་པས་ཀྱང་གོས་པར་འགྱུར་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀླུའི་བདག་པོ་རྒྱལ་པོ་རྣམས་རྒྱལ་པོའི་བསླབ་པའི་གཞི་ག་ནས་པར ་བསྟན་པ་དེ་དང་དེ་དག་མཐོ་རིས་དང་།མྱ་ངན་ལས་འདས་པའི་བདེ་བ་ལྔ་བརྩོན་པ་ཡིན་ནོ།།གང་དག་རྒྱལ་རིགས་གདོལ་པ་རྒྱལ་རིགས་ཀྱི་བསླབ་པ་ལ་མི་གནས་པ་དེ་དག་ནི ་སེམས་ཅན་དམྱལ་བ་མནར་མེད་པའི་བོར་ལ་གཞོལ་བ་ཡིན་ནོ།།ཀླུའི་བདག་པོ་ང་རང་གི་འཁོར་བསླབ་པ་ལས་མི་འདའ་བར་བསྟན་པ་དེས་ན་དེ་དག་ད་ལྟར་གྱི་དུས་དང་།མ་འོངས ་པའི་དུས་སུ་ངོའི་བསྟན་པ་དང་།དཀོན་མཆོག་གསུམ་གྱི་གདུང་མེད་པར་མི་བྱེད་པར་འགྱུར་རོ།།གསོལ་པ།བཙུན་པ་བཅོམ་ལྡན་འདས་དེ་ལྟར་ལགས་སོ།།བཙུན་པ་བདེ ་བར་གཤེགས་པ་དེ་ལྟར་ལགས་སོ།།བཙུན་པ་བཅོམ་ལྡན་འདས་ཡུལ་འཁོར་གང་དང་གང་དག་ན་གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།ལྗོངས་དང་།རི་བྲེགས་ཀྱི ་གནས་མྱལ་ན་བ་སྟན་ལས་ཉན་དུས་ན་ལ་\ུ0f7fས་དང་སྟན་ཐོས་པ་མང་པོ་སྦྱིན་གནས་དེ་ལྟ་བུ་དག་གནས་ཤིང་མཆིས་པ་དེད་བདག་ག་འཁོར་གང་དག་ཀླུ་ག་སྣོད་པ་ན ་ན་པའི་བུཾ་བྷ་དང་། བུམ་ང་། ལེཁོར་པོ་དང་། ལཁི་མོ་རྣམས་དུས་མི་ལེགས་པ་ཛི་ནཱ~ཾ་དང་།སི་གྷ་ཧྞ།ཆར་མིཆེདང་།ཕན་ཆེན་དག་གཏོང་བར་བགྱིང་ས ་ལྕགས་མཆེ་དང་།ཤིན་ཏུ་ཆེ་བ་དང་།ཉི་མས་གསུས་པ་དག་འབྱུང་བར་བགྱིད་དམ།སེམས་ཅན་རྣམས་ཀྱི་ལོ་ཏོག་དང་།མེ་ཏོག་དང་།འབྲས་བུ་དང་།འབྲུ་དང་།སྨན་གྱི་རོ་དང་།ལོས ་སྤྱོད་དང་།ཡོངས་སུ་སྤྱོད་པ་དག་ཆབ་འཚལ་བར་བགྱིད་ན་ཀླུ་དེ་དག་གིས་བདག་བསླུས་པས་དེའི་ལུས་ཐམས་ཅད་འཁུམས་པར་གྱུར་ཅིག།དེ་དགཱ་རྫུ་འཕྲུལ་དང་བྲལ་ནས་འགྲོ་མི་ནུས ་པོར་འགྱུར་ཅིག།རིམས་ནད་ཀྱིས་གདུངས་པར་གྱུར་ཅིག།ལོངས་སྤྱོད་ཐམས་ཅད་དང་བྲལ་བར་གྱུར་ཅིག།སྤོབས་པ་མེད་པར་གྱུར་ཅིག།དོན་བྱེད་མི་ནུས་པར་གྱུར་ཅིག་ཅེས་མནས་བསྒྲགས ་པར་བགྱིའོ།།ཏདྱ་ཐཱ།ནཱཾ་ག་ཛན་དུ་ཤྲཱི།མཱ་གཽ་མྦྷི་ན།ནཱ་ག་དྷཱ་ར་གྷཱགྷྲ~ཾ་གྷཱཀྵྨ།ཛཾ་ལཱ་གྷྲགྷྲཱ་ཨ་བི་མཱམྦུ་རཱ་ག།ས་ཧ་སྭ་མུ་ཁེ།ཀ་ལཱ་ཏི་མཱ་བུས།ནཱ་ག་སྟཱ་མཊྚཱ་རི།ཛ་ཡ་བ་ཕ་ལ། ་མུ་ཤ་ཀྲྀ་སྭཱ་ཧཱ།ཐམས་ཅད་དང་ལྡན་པའི་འཁོར་གྱིས་དེ་ཉིད་དུ་ལེགས་སོ་ཞེས་བྱ་བ་བྱིན་ནོ།།དེ་ཉིད་ཀྱི་ཚེ་ཐམས་ཅད་དང་ལྡན་པའི་ཀླུའི་འཁོར་རྣམས་ཤུགས་དྲག་པོར་འཁྲུགས ་ཤིང་དངངས་པར་གྱུར་ཏོ།།དེའི་ཚེ་གླུའི་རྒྱལ་པོ་དགའ་བོ་དང་།བསྙེན་དགའ་བོ་གཉིས་སྟན་ལས་ལངས་ཏེ།བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར། ་བྱ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་།མ་འོངས་པའི་དུས་སུ་རྒྱལ་རིགས་གདོལ་པོ་དེ་དག་གཞན་ལ་སྦྱིན་པར་མ་དད་ཅིང་བདག་ཉིད་ལོངས ་སྤྱོད་པར་འཚལ་ལ།འཇུངས་པ་ལོངས་སྤྱོད་ལ་སེམས་ཀུན་ཏུ་འཛིན་ཅིང་ལག་མི་རྐྱང་པས་དགེ་སྦྱོང་དང་།བྲམ་ཟེ་དང་།བཀྲེན་པ་དང་།ཕོངས་པ་དང་།འདྲོན་པོ་སློང་བ་རྣམས་ཀུན་ནས ་ཚིམ་པར་མི་བགྱིད་ལགས་སོ།།ཕོ་བྲང་འཁོར་བ་དང་།ལྗོངས་ཀྱི་མི་དང་།འཁོར་རྣམས་ཡང་དག་པའི་བདེ་བས་ཚིམ་པར་མི་བགྱིད་ལགས་སོ།།རྒྱལ་རིགས་གདོལ་པ་དེ་དག་ལ ་ཡུལ་ཕྱོགས་སྲུང་བའི་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།སྲིན་པོ་དང་།ལྷ་མ་ཡིན་དང་།གྲུལ་བུམ་དང་།ཡི་དགས་མཐུ་བོ་ཆེ་དེ་དག་ཐམས་ཅད་ཀྱང་ཁྲོས་པར་གྱུར་ཏེ།དེ་དག་གི ་ཡུལ་འཁོར་དུ་ཐབ་མོ་དང་།རྩོད་པ་དང་།མུ་གེ་དང་།ནད་དང་།ཕ་རོལ་གྱི་དམག་ཚོགས་དག་ཀུན་ཏུ་འབྱུང་བར་བགྱིད་ལགས་སོ།།འབྲུ་དང་།སྨན་གྱི་རོ་རྣམས་མི་རུང་བར་བགྱིད། ་ཀྱང་དེ་ན་ཀླུ་དང་།ཀླུ་ཆེན་པོ་རྣམས་ལ་སྐྱོན་ནི་མ་མཆིས་ལེགས་ཏེ།དེ་ན་ཀླུ་རྣམས་རྒྱུ་དེས་ན་གྲགས་པ་མ་ལགས་པས་ནི་གོས་པར་འགྱུར་ལགས་སོ།།བཙུན་པ་བཅོམ་ལྡན་འ ་དཔེར་བགྱི་ན་ཕྱིས་ས་ཁུང་གི་དྲི་མ་བདའ་བ་བསེར་མས་འཚལ་དྲི་མི་བདའ་བར་འགྱུར་བ་དེ་བཞིན་དུ།བཙུན་པ་བཅོམ་ལྡན་འདས་རྒྱལ་རིགས་གདོལ་པ་རྣམས་ཀྱིས་ཀྱང་ཡུལ་ཕྱོགས ་ཐམས་ཅད་སྲུང་བདག་ཁྲོས་པར་གྱུར་ཏེ།ཡུལ་འཁོར་དེ་མ་རུང་བར་བགྱིད་ལགས་སོ།།ཀླུ་རྣམས་ཀྱང་གྲགས་པ་མེ་ལགས་པོས་གོས་པར་འགྱུར་ལེགས་སོ།།། ་བམ་པོ་གསུམ་པ་སྟེ་ཐ་མ།།ཡང་ན་ཀླུ་ཐམས་ཅད་བདག་གི་བསླབ་པ་ལས་མི་འདའ་བར་བདག་གིས་ལུང་དབོག་པར་བགྱི་སྟེ།ཡུལ་འཁོར་གང་དང་གྲང་དག་ན་གྲོང་དང་།གྲོང་ཁྱེར་དང་།། ་གྲོང་རྡལ་དང་།ལྗོངས་དང་།རི་བྲགས་ཀྱི་གནས་ཡུལ་འཁོར་དེ་ན་ད་ལྟར་དང་།མ་འོངས་པའི་དུས་སུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཚུལ་ཁྲིམས་དང་ལྡན་ཞིང་ཐོས་པ་མང་པོ་སྦྱིན་གནས ་དེ་ལྟ་བུ་དག་གནས་ཤིང་མཆིས་པ་དེར་བདག་གི་འཁོར་གང་དག་ཀླུ་དང་།ཀླུ་མོ་དང་།ཀླུ་རྒན་པོ་དང་།ཀླུའི་བུ་ཕོ་དང་།ཀླུའི་བུ་མོ་དང་།ཀླུའི་འཁོར་ཕོ་དང་།ཀླུའི་འཁོར་མོ་སྒོ་ང་ལས་སྐྱེ་བ ་དང་།མངལ་ནས་སྐྱེ་བ་དང་།དྲོད་གཤེར་ལས་སྐྱེ་བ་དང་།རྫུས་ཏེ་སྐྱེ་བ་དག་དུས་མ་ལེགས་པར་རྫི་ཆུར་དང་།སེར་དྲག་དང་།ཆར་མོ་ཚེ་དང་།ཕན་ཆེན་དག་གཏོང་བར་བགྱི་དམ།ལྷགས ་མོ་ཆེ་དང་།ཤིན་ཏུ་ཚ་བ་དང་།ཉི་མས་གདུངས་པོ་དག་འབྱུང་བར་བགྱིད་དམ།སེམས་ཅན་རྣམས་ཀྱི་ལོ་ཏོག་དང་།མེ་ཏོག་དང་།འབྲས་བུ་དང་།འབྲུ་དང་།སྨན་དང་།རོ་དང་།ལོངས་སྤྱོད ་དང་།ཡོངས་སུ་སྤྱོད་པ་དག་ཆབ་འཚལ་བ་དྲ་བགྱིད་ན་ཀླུ་དེ་དག་གིས་བདག་བསླུས་པས་དེའི་ལུས་ཐམས་ཅད་འཁུམས་པར་གྱུར་ཅིག།དེ་དག་རྫུ་འཕྲུལ་དང་བྲལ ་ནས་འགྲོ་མི་ནུས་པར་གྱུར་ཅིག།རིམས་ནད་ཀྱིས་གདུངས་པར་གྱུར་ཅིག།ལོངས་སྤྱོད་ཐམས་ཅད་དང་བྲལ་བར་གྱུར་ཅིག།སྤོབས་པ་མེད་པར་གྱུར་ཅིག།དོན་བྱེད་མི་ནུས་པར་གྱུརཅི ་ཅེས་མནས་བསྒྲག་པར་བགྱིའོ།།ཏདྱ་ཐཱ།ཀརྣ་གྷྲ~ཾ་མེ།ཀུན་བྷ་རཀྵེ།བར་མགུ་ཎེ། ཀ་ལ་ཀྵི།བི་ཤ་ནཱཾ།བི་མཱརྒ་ཀྵི།ཀུན་བི་ར་གེ།ཱ་ཏ་ས་ལེ།ནཱ་ཡན་ཏུམ་བྷེ།ཀཱ་ལ་ཀུ ་ཤྭེ།ནང་གུ་པྲ་བྷེ།གན་དྷ་ར་བ་སཾ་སྭཱ་ཧཱ།དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ།།ཞེས་བགྱི་བ་སྩལ་ལགས་སོ།།དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཞེས་བྱ་བ་ནས་སྡེ ་ཇི་སྐད་གསུངས་པའི་བར་དུའོ།།ཏཱདྱ་ཐཱ།།ན་བ་བྷི་ཤེ།ན་བ་ན་མེ་བྷི་ཤེ།ཱ་ནོ་ཀྵེ།ན་བ་ཀུ&ཛ་བྷེ་ཤྭེ།ཁ་ག་བཻ་ཁ།ས་རཱ་ཏྲ་ན་ཌྷ།པཱ་པ་ཡ་སི་ལེ།ན་རཱ་ཡ་ཎ་གུ་ཎེ།བི་ན་སྟཱ ་ལེ།དཱ་ཤ་ཀྲ་མཾ། ཀྵུ་ད་ཉེ་སེ།ཱ་ནཱི་ས་བི་སྭཱ་ཧཱ།ཀླུའི་རྒྱལ་པོ་ཆུ་ལྷ་ཞེས་བྱ་བ་ནས་སྔར་ཇི་སྐད་གསུངས་པའི་བར་དུའོ།།ཏདྱ་ཐཱ།ཧི་མ་བཽ་མཱཾ།བ་ལི་ཀྵི་ན་གུ་ནེ།རུ་ནི་བིནྣ་ཏྲི་ཎེ།ཙ་རཀྵདྷ ་རེ།མཻ་བྷྱ་སཏྭ་མ།བྷྱེ་ཊ་ཊུ་ཀ་ཤེ།དྲུ་མོ་དེ།མཻ་ཡེ་ཏན་ཀུས།མ་ཅིཀ།ཙ་འདྀ།ནཱནད་ཏྲཾ།ཀནྱག་ཏུ་ལེ་སྭཱ་ཧཱ།སྔར་ཇི་སྐད་གསུངས་པའི་བར་དུའོ།།དེ་ཚེ་ཀླུའི་རྒྱལ་པོ་ཡིད ་བསྟན་ལས་ལངས་ཏེ།བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བདུད་ནས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་བདག་ལ་རྟེན་པའི་ཀླུ་དང་།ཀླུ་ཆེན་པོ་དེ་དག་ནི་སྒོང་ལས ་སྐྱེ་བ་དང་།མངལ་ནས་སྐྱེ་བ་དང་།དྲོད་གཤེར་ལས་སྐྱེ་བ་དང་།རྫུས་ཏེ་སྐྱེ་བ་དག་ལགས་སོ།།བཙུན་པ་བཅོམ་ལྡན་འདས་ད་ལྟར་དེང་མ་འོངས་པའི་དུས་ན་རྒྱལ་རིགས་གདོལ་པ་དེ་དག་གིས་རྒྱལ ་རིགས་ཀྱི་ཆོས་སྤངས་ནས་དམངས་རིགས་ཀྱི་ཆོས་རྣམས་སྤྱོད་པར་བགྱིད་དེ།སེམས་ཅན་དམྱལ་བ་མནར་མ་མཆིས་པའི་བར་དག་ལ་གཞོལ་བར་གནས་སོ།།རྒྱལ་རིགས་གདོལ་པ་དེ་དག་གི ་སྐྱོན་གྱིས་ཀླུ་རྣམས་མནོངས་བཞིན་དུ་གྲགས་པས་མ་ལགས་པར་གོས་པར་འགྱུར་ལགས་སོ།།རྒྱུ་དེས་ན་ཀླུ་རྣམས་ལས་ཀྱི་སྒྲིབ་པ་དག་བགྱིད་པར་འགྱུར་ལོགས་སོ།།དེ་ལྟ་ལགས ་པས་བདག་ཅག་གིས་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་བཀུར་སྟི་བགྱི་ཞིང་གཟུང་བར་བགྱི་སྟེ།དཔེར་བགྱི་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ཡུལ་གྱི་བུད་མེད་བཟང་མོ་ཁྲུས་ལེགས་པར ་བགྱིས་ཏེ་སྤོས་ཀྱིས་བྱུགས་ནས་གོས་མཆོག་ཏུ་བཟང་བ་བསྐོན་ཏེ།ཡན་ལག་གི་དམ་པ་མགོ་བོ་ལ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཕྲེང་བ་མང་པོ་དག་བཏགས་ཤིང་དཔུང་རྒྱན་དང་། ་གསེར་སྐུད་དང་།སོར་གདུབ་དང་།ལག་རྒྱན་དང་།རྐང་རྒྱན་དག་གིས་བརྒྱན་ནས་གླང་པོ་ཆེའི་གཞོན་པ་ལ་བསྐྱོན་ཏེ།འཁོར་ཕལ་མོ་ཆེ་དང་ལྷན་ཅིག་ཁྲིད་པ་དེ་བཞིན་དུ་ད་ལྟར་འཁོར ་ལོས་སྒྱུར་བའི་རྒྱུལ་བཅཝ་ས་དང་ལྡན་པ།དེ་བཞིན་གཤེགས་པས་ཀྱང་བདག་ཅག་རྣམས་དུང་འགྲོའི་སྐྱེ་གནས་སུ་བསྡུས་པའི་རྫསམ ་སྣངས་རྒྱས་ལ།མཆོག་ཏུ་བྱ་བ་དང་།ང་རྒྱལ་དང་།དགོས་པའི་དྲི་མས་བསྨོས་པ།བདུག་ཅག་ཀྵ་ཐམ་ས་ཅད་རྒྱགས་པས་མྱོས་པ་མ་མཛེས་པའི་ཆོ་ཀྱིས་ཆུས་བསྡུས ་ལེགས་སོ།།བདག་ཅག་ལ་དེ་ཚྭ་ཤེས་པ་དང་།ཁྲེལ་ཡོད་པའི་གོས་བསྐྱོན་ལགས་སོ།།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཕྲེང་བས་བཅིངས་ལེགས་སོ།། ་བདག་ཅག་གི་སེམས་དང་།ཡིད་དང་།རྣམ་པར་ཤེས་པ་དགེ་བཟོད་པ་དང་།།གཟུངས་དང་།ས་རྣམ་པ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་ལེགས་སོ།།ཐེག་པ་ཆེན་པོའི ་ཤིང་རྟ་ངག་གིས་བཏེག་ལགས་སོ།།གང་ན་སངས་རྒྱས་ཀྱི་ཞིང་སྙིགས་མི་ལྔ་དང་བྲལ་བ་ཤིན་ཏུ་ཡོངས་སུ་དག་པར་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི ་ཚོགས་ཡོངསུ་དག་པས་བསྐོར་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་གཏམཾ་དག་སྨྱོན་པ་དེར་བདག་ཅག་མརྨྱི་ལགས་སོ།།དེ་ཅིའི་སླད་དུ་ཞེ་ན།དྲི་ལྟར་བདག་ཅིག་བཅོམ་ལྡན་འདས ་ཀྱི་བཀའ་ལ་བཻ་ཀུར་སྟི་བགྱིད་ཅིང་འཛིན་པར་བགྱིད་ལགས་སོ།།དེ་ལྟ་ལགས་པས་བདག་ཅག་འཁོར་དང་བཅས་པ།བཅོམ་ལྡན་འདས་ཀྱི་བཀའ་ལ་ཤིན་ཏུ་གནས་པར ་བགྱིད་ལགས་སོ།།གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།ལྗོངས་དང་།རི་བྲགས་ཀྱི་གནས་གང་དང་གང་ན་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་པ་དང་།རང་སངས་རྒྱས་ཀྱི ་ཐེག་པ་པ་དང་།ཐེག་པ་ཆེན་པོ་བདག་ཁྱིམ་ན་གནས་པ་འམ།རབ་ཏུ་བྱུང་བ་འམ།ཚུལ་ཁྲིམས་དང་ལྡན་པ་འམ།ཚུལ་ཁྲིམས་འཆལ་པ་འམ།ཐོས་པ་མང་བ་འམ།ཐོས་པ ་ཉུང་བ་འམ།བརྩོན་འགྲུས་བརྩམས་པ་འམ།ལེ་ལོ་ཅན་ནམ།མཉམ་པར་བཞག་པའམ།མཉམ་པར་མ་བཞག་པ་འམ།དེན་པ་དང་ལྡན་པ་འམ།དྲན་པ་ཉམས་པ་རྣམས་བཅོམ ་ལྡན་འདས་དང་།ཆོས་དང་།དགེ་འདུན་དང་།འཕགས་པ་དགྱེས་པའི་ཚུལ་ཁྲིམས་དྲག་ལ་དགའ་ཞིང་དད་པ་དག་བཀུར་སྟི་དང་།བླ་མར་བགྱིད་པ་དང་།རི་མོར་བགྱིད་པ་དང་།བྱང་ཆུབ ་རྣམ་གསུམ་གང་ཡང་རུང་བ་དག་ལ་རབ་ཏུ་ཞུགས་པ།བཅོམ་ལྡན་འདས་ཀྱི་ཉན་ཐོས་སྦྱིན་གནས་དེ་ལྟ་བུ་དག་གནས་ཤིང་མཆིས་པ་དེ་དང་དེར་བདག་ཅག་ཡིད་ཀྱིས་དགེའི་ཞོང་དང་པ ་དང་།བཀུར་སྟི་དང་།བླ་མར་བགྱི་བ་དང་།རི་མོ་དག་གིས་གནས་པར་བགྱི་ལགས་སོ།།ཡུལ་འཁོར་དེ་དང་།དེའི་གྲོང་ཁྱེར་དང་།གྲོང་རྡལ་དང་།ལྗོངས་དང་།རི་བྲགས་དེར ་བདག་གི་འཁོར་ཀླུ་དང་།ཀླུ་མོ་དང་།ཀླུ་རྒན་པོ་དང་།ཀླུ་རྒན་མོ་དང་།ཀླུའི་བུ་དང་།ཀླུའི་བུ་མོ་དང་།ཀླུའི་འཁོར་ཕོ་དང་།ཀླུའི་འཁོར་མོ་དག་དུས་མ་ལེགས་པར་རྫི་ཆར་དང་། ་སེར་དྲག་དང་།ཆར་མོ་ཆེ་དང་།ཟན་ཆེན་དག་གཏོང་བར་བགྱིད་དཔྱ།ལྕགས་མོ་ཆེ་དང་།ཤིན་ཏུ་ཚ་བ་དག་འབྱུང་བར་བགྱིད་དམ།སེམས་ཅན་རྣམ ་ཀྱི་ལོ་ཏོག་དང་།ལོ་མ་དང་།མེ་ཏོག་དང་།འབྲས་བུ་དང་།འབྲུ་དང་།སྨན་གྱི་རོ་དང་།ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་དག་ཆབ་འཚལ་བར་བགྱིད་ན་ཀླུ་དེ་དག་གིས་བདྲག་ཅིག ་བསླུས་པས་དེ་དག་ཐམས་ཅད་ཀྱི་ལུས་འཁུམས་པར་གྱུར་ཅིག།དེ་དག་རྫུ་འཕྲུལ་ཉམས་ནོས་འགྲོ་མི་ནུས་པར་གྱུར་ཅིག།རིམས་ནད་ཀྱིས་ཀུན་ཏུ་གྲདུངས་པར་གྱུར་ཅིག། ་དབང་པོ་ཐམས་ཅད་མ་ཚང་བར་གྱུར་ཅིག།ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག།ལས་བྱེད་མི་ནུས་པར་གྱུར་ཅིག།ཏདྱ་ཐཱ།བུདྡྷ་ཛ་ཡེ། ་བ་ལེ་ཀྵེ། མ་ནི་མེ།བྱཱ་ཏ་ས་ལི་ལེ། ན་མ་དྷཱ།ོཾ་བ་ནཱི་ལ་མེ།ཁྲི་ལ་ཤཽ་མཾ།ན་སཱུ་མི་པ་ལཾ།ཛི་སི་ཛཾ་ཧྭེ།སྐན་དྷེ་བ་ལེ།བྷ་ར་ནི་ཀཱི་ཡེ་སྭཱཧཱ།དེར་ཐམས་ཅང་དང་ལྡན ་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་བཞིན་དང་མི་གི་ཡིད་དུ་འོང་བས་ཤིན་ཏུ་དགོད་ཅིང་།ཐལ་མོ་སྦྱར་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ།འདི་སྐད་དུ་སྐྱེས་བུ་དམ་པ་ཁྱོད་སེམས ་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ཡིན་ཏེ།སྐྱེས་བུ་དམ་པ་ཁྱོད་ཀྱིས་དེ་ལྟར་བྱ་བ་ནི་ལེགས་སོ་ལེགོས་སོ་ཞེས་སྨྲས་ནས།ཐོམས་ཅད་དང་ལྡན་པའི་ཀླུའི་འཁོར་དེ་དག་ཤུགས ་དྲག་པོ་འཁྲུགས་ཤིང་དངངས་ལ་ཀུན་ཏུ་འགུལ་ཞིང་མངོན་པར་མི་དགའ་བ་དང་།ཀུན་ཏུ་འཁོར་བར་གྱུར་ཏོ།།དེའི་ཚེ་དྲི་ཟའི་དྲང་སྲོང་དགའ་བ་འབྱུང་བ་ཞེས་བྱ་བ་བསྟན་ལས་ལངས་ཏེ། ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།།ཐམས་ཅད་དང་ལྡན་པའི་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ།།ད་ལྟར་དང་མ་འོངས ་པཱའི་དུས་སུ་གང་དག་རྒྱལ་རིགས་གདོལ་པ་བླུན་པོ་མཁས་སོ་སྙམ་པའོ།།ང་རྒྱལ་ཅན།ང་རྒྱལ་དང་རྒྱགས་པས་ཉམས་པ།འཇིག་རྟེན་ཕ་རོལ་ལ་མི་ལྟ་བུ།གཡོ་སྒྱུ་ཅན།སྙིང་རྗེ་མ ་མཆིས་པ།དགེ་སློང་ལ་ཐོ་འཚམ་པར་བགྱིད་པ་ནས་ཐ་ན་བཅོམ་ལྡན་འདས་ཀྱི་སྐད་དུ་སྐྱབས་སུ་མཆིས་ནས་ཉེ་བར་གནས་པ།སྐྲ་བྲེགས་ཏེ་གོས་ངུར་སྨྲིག་དགོས་པ་ལ་ཐོ་འཚམ་པ ་དག་འབྱུང་སྟེ།བཅོམ་ལྡན་འདས་ཀྱི་སླད་དུ་རབ་ཏུ་བྱུང་བ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ།དཀོན་མཆོག་གསུམ་གྱི་གདུང་འབར་བར་བགྱིད་པ་དག་ལ་ཟོ་འཚམ་པའི ་རྒྱལ་རིགས་གདོལ་པ་དེ་དག་ཏིང་ངེ་འཛིན་གྱི་དབང་གིས་མནས་བསྒག་པར་བགྱི་བ་ནི་ལོངས་སྤྱོད་ཀྱིས་འཁྲུགས་པར་གྱུར་ཅིག།རྒྱལ་ཕྲན་གྱིས་འཁྲུགས་པར་གྱུར་ཅིག།རྒྱལ་པོས ་འཁྲུགས་པར་གྱུར་ཅིག།ནང་དམག་དང་།ཕ་རོལ་གྱི་དམག་ཚོགས་དག་གིས་འཁྲུགས་པར་གྱུར་ཅིག།ཆུ་མེད་པས་འཁྲུགས་པར་གྱུར་ཅིག།ནད་གྱིས་འཁྲུགས་པར་གྱུར་ཅིག།གཟས ་འཁྲུགས་པར་གྱུར་ཅིག།བྱམ་ཅུས་འཁྲུགས་པར་གྱུར་ཅིག།རྩེ་དགས་འཁྲུགས་པར་གྱུར་ཅིག།ཕ་ཚན་གྱིས་འཁྲུགས་པར་གྱུར་ཅིག།འཁོར་གྱིས་འཁྲུ། ་པར་གྱུར་ཅིག།འབྱུང་བ་ཆེན་པོས་འཁྲུགས་པར་གྱུར་ཅིག།ཡི་དགས་མཐུ་བོ་ཆེ་སྣ་འཁྲུགས་པར་གྱུར་ཅིག་ཅེས་བགྱི་བ་ནུས།རྒྱལ་རིགས་ཀྱིས་འཁྲུགས་པར་གྱུར་ཅིག།བྲམ་ཟེ ་དང་།དམངས་རིགས་དང་།བུད་མེད་དང་།སེང་གེ་དང་།སྟག་དང་།སྦྱང་ཀི་དག་གིས་འཁྲུགས་པར་གྱུར་ཅིག་ཅེས་བགྱི་བའི་བོར་དུ་རྒྱལ་རིགས་གདོལ་པ་དེ་དག་མ་ནས་བསྒག ་པར་བགྱི་ལགས་སོ།།ཏདྱ་ཐཱ།བ་ནཻ་ཡ་པ་ན་བ་ལེ།མ་ཧཱ་བརྟ་ནཱ་ཏྲཾ།དྲུ་མཙྪི་ཏི།ཀུ་སུམ་པ་ར་ཊེ་ཡུག་ཏེ།སམ་བྷཱུ་ཀྵེ།བི་མཱ་དྭི་བཱི་ཀྵོ།ས་ལེ་པཱ་ན་ཡ།པཱ་ར་བེ་རཾ།བྷཱུ་མི་དྲུག ་མྱེ།ནཻ་རནྡྷ་ན།ཛ་སི་ལ་མིནྣཾ།བཻ་མཱ་བཱ་ཏ་མུ་ཤྲ་མཱ་ཛྲེ།ན་ཡེ་ན་ཧིང་ཀུ་ལེ།བྷྲྀ་བང་ཆེ།བྷཱི་སེ།དྷ་ན་མཱ་ཙཾ།སང་གི་བྷོཀྵཱ།པ་ལི་མིནྡྷ་ད་ལཱི།བྷཱུ་མཱི་བཥྚེ།རོ་མ་ད་ལེ།བ་ནཱག ་ཛྙེ།ཏུ་ཊ་པཾ་ཊེ། པ་ཊེ་དྷི།ན་ཡ་ཊིཥྚི།ཛི་ཧཱ་ཀཱ་ནེ།ུ་ཏཱ་རཀྵེ།གནྡྷ་དྷེ་སི་མི་སྭཱ་ཧཱ།གླང་དག་རྒྱལ་རིགས་གདོལ་པ་འཇིག་རྟེན་ཕ་རོལ་ལ་མི་ལྟ་ཞིང་།བཅོམ་ལྡན་འདས་ཀྱི་ཉན ་ཐོས་རྣམས་ལ་མཐོ་འཚམ་པ་དེ་དག་དེ་ལྟར་གྱུར་ཅིག།དེའི་ཚེ་ཐམས་ཅད་དང་ལྡན་པའི་དྲི་ཟའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཐ ་འཚམ་པར་བགྱིད་པའི་རྒྱལ་རིགས་གདོལ་པ་དེ་དག་ལ་བདག་ཅག་ཅི་དགའ་བགྱིད་དུ་སྩལ་དུ་གསོལ།བདག་ཅག་རང་རང་གི་གནས་ན་རྩེད་མོ་ལ་ཆགས་ཤིང་ཡོངས་སུ་སྤྱོད་པར་བགྱིད་དམ། ་དགའ་སྐྱེད་ཉམས་སུ་མྱོང་བར་བགྱིད་ན་བདག་ཅག་ཀྱང་མནའི་ཁོངས་སུ་གཏོགས་པར་གྱུར་ཅིག།དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱིས་ལེགསོ།། ་ཞེས་བྱ་བ་བྱིན་ནོ།།དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་བཅོམ་ལྡན་འདས་ག་ལཱ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ ་ཏོ།།བཙུན་པ་བཅོམ་ལྡན་འོངས་བདག་གིས་ཀྱང་ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པར་རྩེ་བ་མངོན་པར་ཤེས་པའི་རྒྱལ་མཚན་གྱི་སྲོག་ཤིང་ཞེས་བྱ་བའི་གཟུངས་ཀྱི་སྒོ་ཆེན་པོ ་བཤད་པར་བགྱི་སྟེ།རྒྱལ་མཚན་གྱི་སྲོག་ཤིང་ཞེས་བྱ་བའི་གཟུངས་ཆེན་པོ་སྒོ་གང་གི་རྣ་ལམ་དུ་གྲག་པ་དེའི་རྣ་བའི་ནད་དག་རབ་ཏུ་ཞི་བར་བགྱིད་དོ།།དེའི་འདོད་ཆགས་དང་།ཞེ་སྡང ་དང་།གཏི་མུག་ལ་སོགས་པ་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་བགྱིད་དོ།།གལ་ཏེ་ན་བསྲབསྲོ་པར་འགྱུར་རོ།།རྒྱ་མཚོའི་ཤུན་པ་མན་ཛ་ན་ལ་གསང་སྔགས་ཀྱི་ཚིག ་འདི་ལན་འབུམ་བཟླས་བརྗོད་བགྱིས་ནས་རྒྱལ་རིགས་ཀྱི་རྔ་ལ་བསྐུས་ནས་རྔ་དེའི་སྒྲ་གང་དང་གང་གིས་རྣ་ལམ་དུ་གྲག་པོ་དེ་དང་དེའི་འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་ལ ་།སོགས་པ་ཉོན་མོངས་པ་རྣམས་བསྲབས་པར་འགྱུར་རོ།།དེ་དང་དེ་དགྲ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཤིན་ཏུ་དགའ་ཞིང་བཀུར་སྟི་དང་།བླ་མར་བྱེད ་པབ་དང་།རི་མོ་བྱེད་པ་དག་རབ་ཏུ་འཐོབ་པར་འགྱུར་རོ།།ཆོས་ཀྱི་རྗེས་སུ་འབྲང་བས་འཇུག་པར་འགྱུར་རོ།།འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་།ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་དང ་མྱི་འབྲལ་ལ་སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་འོང་བ་དང་།སྙིང་དུ་སྡུག་པར་འགྱུར་རོ།།ཏདྱ་ཐཱ།པཱུརྦ་མཱརྒ་ཨ་མ་ལོ་མ་ཏི།ཀྵིཏྟི་ལི།བྷུ་བཾ་པ་ན་ཁཾ་ཎྜཾ།དུརྨ་ཁི་ལཻ།མཽཏྶ་ཏུ་ལཾ། ་གཽ་ར་སནྣེ་ན།ཀྵུ་བ་རཱ་མཻ།བུད་དྷ་རཤྨི་པིངྒ་ལཻ་གྷྲི་མེ།ལོ་ཧི་ཏཱ་ར་བྷཽ།ནངྒ་ལ་སཱུཪྻཱཿ།བྷཱ་ག་བེ་རི་ཎཾ།ནྣརྦ།ུ་རེ།ཀ་ར་ཧུཛྲྀ།ཀེ་ཤ་ལོ་ཧེ་ས་མཱ་དྷེ་དྷུ་རེ་སྭཱ་ཧཱ།དེ་ནས་དེ་ཉིད ་དུ་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་གནང་ངོ་།།ཐམས་ཅད་དང་ལྡན་པའི་འཁོར་དེས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ།།དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ།།བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དབྱངས་དང་།སྒྲ་བརྗོད་པར་བགྱིད་པ།གདུགས་དང་རྒྱལ་མཚན་གྱི་སྨོན་ལམ ་གྱི་ཚུལ་ཞེས་བགྱི་བའི་གཟུངས་ཆེན་པོ་དེ་བཤད་པར་འཚལ་གྱིས།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་བདག་ལ་རྗེས་སུ་ཡི་རང་བར་མཛད་དུ་གསོལ། ་དེ་ནི་མཐུ་ཆེ་ཞིང་སྟོབས་ཆེ་ལ་ཕ་རོལ་གནོན་པ་སྣང་བར་བགྱིད་པ་ཆེན་པོ་ལགས་ཏེ།བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་ཐོས་པ་ཡོངས་སུ་རྫོགས་པར་བགྱིད་པའི་གཏེར་དང་།ཡེ་ཤེས་ཡོངས་སུ ་རྫོགས་པར་བགྱིད་པའི་གཏེར་དུ་འགྱུར་བ་ལགས་སོ།།བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སླད་དུ་ཇི་སྲིད་འཚོའི་བར་དུ་སྡོམ་པ་ལ་གནས་པ་འདི་ལྟ་སྟེ།དགེ་བསྙེན་ཀྱི་སྡོམ་པ་དང་། ་དགེ་སྦྱོང་གྲི་སྡོམ་པ་དང་།བསྙེན་པར་རྫོགས་པའི་སྡོམ་པ་ལ།གནས་པ་སྣོད་དུ་གྱུར་པ་དང་།སྣོད་དུ་མ་གྱུར་པ་དག་གིས་གདུགས་དེང་རྒྱལ་མཚན་གྱི་སྨོན་ལམ་གྱི་ཚུལ་ཞེས་བགྱི་བའི་གཟུངས ་ཆེན་པོ་འདི་ལྷག་མཐོང་གི་སྦྱོར་བས་ཉིན་མཚན་བདུན་གྱི་བར་དུ་ཀློག་ན་ཕྱིར་ཞིང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ལ་རྟོག་པར་འགྱུར་རོ།།ཉིན་མཚན་བདུན་འདས་ནས་གདུགས་དང་རྒྱལ་མཚན་གྱི ་སྨོན་ལམ་ཞེས་བགྱི་བའི་གཟུངས་ཆེན་པོ་ལན་འབུམ་སྐྱེད་དུ་ཡང་དང་ཡང་དྲན་པར་བགྱིད་པ་དེ་ནི་རྒྱལ་རིགས་རྣམས་དང་།བྲམ་ཟེའི་རིགས་རྣམས་དང་།རྗེའུ་རིགས་རྣམས་དང་།དམངས་རིགས ་རྣམས་དད་པར་བགྱིད་པ་ནས་སེམས་ཅན་ཐམས་ཅད་ཀྱི་བར་དུ་ཤིན་ཏུ་མངོན་པར་དད་པར་བགྱིད་པ་ལགས་སོ།།ཐམས་ཅད་ལོངས་སྤྱོད་པ་དང་།ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་མཆོག་དང ་མི་འབྲལ་ཞིང་མཐོ་རིས་ལ་གཞོལ་བར་འགྱུར་ལགས་སོ།།དེ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་དང་།སྐལ་བ་མཉམ་པར་སྐྱེ་བར་འགྱུར་ལོགསོ་སོ།།ཏདྱ་ཐཱ། ་ཏྲི་ནསཉྫི་ཀེ།བྲྀ་ཏཱི་ཎ་བི་མ་བེ།ཀ་ར་པྲཱ་ཀྵེ།བྷཱུ་ཏ་སྱཱ་ནྱེ་ཙ།པ་ར་ཙི་མྨེ། བྷཀྵེ།ཀྵ་ཡ་ཡོ་བྱཾ། དྷྱ་མ།ནི་མི་རེ།ཤཱི་ཏ་བསྟཱརྞ། གུ་ཛ་དྷཱ་ཛྙཱ། ་ཛ་ཛ་ར་ཎོ་སཾ། ན་ས་ཤུད་དྷེ།མྲི་གྲ་གྷི་ཀྵེ།ཀུ་ལ་བ་ཊེ།མ་གཾ་བཱ་བཱ།ཀྵེ་བྷཽ་བ་སྭ་རེ།ཱ་བྷི་ཏི་མུ་བྷུ་ར་ས་ར་ཁ་ཛེ་སྠི་ཏི་མོ་ནི་སྭཱ་ཧཱ།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ།སྐྱེས་བུ་དམ་པ་ཁྱོད་ཀྱིས་གདུགས་དང་རྒྱལ་མཚན་གྱི་སྨོན་ལམ་གྱི་ཚུལ་ཞེས་བྱ་བའི་གཟུངསོ་ཆེན་པོ ་འདི་བཤད་པས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱིས་ཐོས་པའི་མིགོ་ཀུན་ཏུ་སྟོན་པོར་བྱེད་ལ།དཱའི་བསྟན་པའང་སྟོན་པར་བྱེད་པ་ནི་ལེགས་སོ།ལེགས་སོ།།དེ་ནས་དེ ་ཉིད་དུ་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་གྱིས་ཀྱང་བྱང་ཆུབ་སེམས་དཔའི་བློ་གྲོས་མི་ཟད་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།འདི་སྐད་དུ་སྐྱེས་བུ་དམ་པ་ཁྱོད ་ཀྱིས་གདུགས་དང་རྒྱལ་མཚན་གྱི་སྨོན་ལམ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་རྫོགས་པར་བཤད་པས་ད་ལྟར་དང་མ་འོངས་པའི་དུས་སུ་ཐེག་པ་ཆེན་པོ་ལ་ཡང་དག་པར ་ཞུགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཐོས་པ་མང་པོའི་ཚོགས་རྒྱས་པར་བྱེད་པ་དང་སྟོན་པ་ནི་སྐྱེས་བུ་དམ་པ་ལེགསོ་ལེགས་སོ།།དེའི་ཚེ་འཇམ་དཔལ་གཞོན་ནུར ་གྱུར་བསྟན་ལས་ལངས་ཏེ།བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གླིང་བཞི་པ་འདིའི ་མེ་ཏོག་དང་།འབྲས་བུ་དང་།ཤིང་དང་།འབྲུ་དང་།སྨན་དང་།ལོ་ཏོག་དག་བསྐྱོང་བར་འཚལ་ལོ།།སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་དང་།རྩཝ་དང་།འདབ་མ་དང་། ་སོ་མ་ས་ལ་རྟེན་པ་རྣམས་བསྲུང་བར་འཚལ་ལོ།།བཅོམ་ལྡན་འདས་ནང་གུ་དཔལ་གྱི་རྡུལ་ཞེས་བགྱི་བའི་གཟུངས་ཆེན་པོ་དེ་དེ་ལྟར་འདི་གླིང་བཞི་པོ་དེ་དག་གིས་སྔོན་མ་ཐོས་མ་མཐོང ་བས་འདི་ལྟར་ངོ་མཚར་རྨད་དུ་བྱུང་བར་གྱུར་ཏེ།འདུས་པ་ཆེན་པོ་དེ་ལྟ་བུ་དག་བྱུང་བར་བགྱིས་ལགས་སོ།།ནང་གུ་དཔལ་རྡུལ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་ནི་མཐུ་ཆེ་བས་ལོ་ཏོག ་ཐམས་ཅད་འཕེལ་བར་བགྱིད་པ་ལགས་སོ།།ས་བོན་དང་།མྱུ་གུ་དང་།སྡོང་བུ་དང་།འདབ་མ་དང་།མེ་ཏོག་དང་།འབྲས་བུ་དང་།ཤིང་དང་།འབྲུ་དང་།སྨན་དང་།རོ་རྣམས་སྐྱེད་པར ་བགྱིད་པ་དང་།འཕེལ་བར་བགྱིད་པ་དང་།སྣུ་མ་མཆིས་པར་བགྱིས་པ་དང་།འཇམ་པར་བགྱིད་པ་དང་།མང་པོར་བགྱིད་པ་ལགས་སོ།།སེམས་ཅན་ཐམས་ཅད་དད་པར་བགྱི་དྲོ་པ་དང་།། ་ཚུལ་ཁྲིམས་ཅན་དུ་བགྱིད་པ་དང་།ཐོས་པར་བགྱིད་པ་དང་།ཤེས་པར་བགྱིད་པ་དང་།བྱམས་པ་དང་།སྙིང་རྗེ་ཅན་དུ་བགྱིད་པ་དང་།ཐབས་དང་ལྡན་པར་བགྱིད་པ་ནས་བྱང་ཆུབ་ཀྱི་ཕྱོགས ་།ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་སྟོན་པར་བགྱིད་པ་ལགས་སོ།།ཏདྱཐཱ།ནརྡྷ་བྷྲ་མྲྀ།གྷ་བཀྵ་བཱི་ཛ~ཾ།གུ་ལོ་ཙཱ་ལོ་མཾ།ཕཊ།ལོ་མ།ཝཱི་ཡ།ཀུ་སྱཱམ?།བཀྲ ་མུད?་མེ་ཌེ།རཱུ་ཛ་བ་ར་མེ།ཙ་ཊ་ན་བ།བ་མ་ཊི།བི་ཥུ་ལང་གེ། བ་བྷ་སུ་ནྭེ་ཧ་ས་ག་བཱཀྵཾ།ལོ་མ་བྷུ་ཛེ་ཀྵོ།གམ་བྷི་ར་བ་སུ་མེ། ནོ་མ་ཡ།ས་རེ་བྱ་ལ་ཤི་ཏོ་ཡེ་སྭཱ་ཧཱ། ་བཙུན་པ་བཅོམ་ལྡན་འདས་ནང་གུ་དཔལ་རྡུལ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་རྒྱལ་མཚན་གྱི་རྦྷེ་མྱོ་ལ་བཏགས་ཏེ་སྐྱེང་བར་བགྱིད་དམ།སྐད་ཆེན་པོར་སྒྲོག་གམ།གསང ་སྔགས་ཀྱི་ཚིག་འདི་ཆུ་ལ་ལན་སྟེང་གི་བར་དུ་བཟླས་བརྗོད་བགྱིས་ནས་ཞིང་དང་།།ཤིང་དང་།ལོ་ཏོག་སྣ་ཚོགས་ལ་གཏོར་ཏམ་རྔ་དང་།རྫ་རྔ་དང་།དུང་དག་ལ་སྔགས་ནས་དེ་དག ་གི་སྒྲ་གང་དུ་ཐོས་པའི་ལོ་མ་དང་།མེ་ཏོག་དང་།འབྲས་བུ་དང་།འབྲུ་དང་།སྨན་གྱི་རྡོ་དང་།ས་ལ་རྟེན་པའི་ལོ་ཏོག་ཐམས་ཅད་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་སྒྲིབ་པའི ་རྒྱུ་ལས་པ་མ་གཏོགས་པར་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།ཡི་དགས་མཐུ་བོ་ཆེ་དང་།བདུད་དང་།བདུད་ཀྱི་བུ་དང་།བདུད་ཀྱི་འཁོར་གྱི་ཚོགས་གང་གིས་ཀྱང་གནོད་པར་བགྱི་བ་འམ། ་ཆུད་གཟིན་པ་འམ།ཚིག་པར་བགྱི་བ་འམ།བསྒོམ་པའམ།མདངས་འཕྲོགས་པ་འམ།མཐུ་ཆུང་བར་བགྱི་བ་འམ།མ་མཆིས་པར་བགྱི་བ་དག་ཏུ་རྔོ་མི་ཐོག་ན་སེམས་ཅན་དང ་སྙོམས་ཅན་སྨྲས་སུ་ག་གས་པ་གཞན་དགགས་མྦྷ་སྤྱན་རྒྱུ་མརྣལ།།དོནས་བཅོམ་ལྡན་འདས་ཀྱིས་འཇམ་དུ་ལ་གཞོན་ནུར་གྱུར་པདོལ་རྫོགས་ས་ནས་བྱ་བ་ཀུན ་རིགས་ཀྱི་བུ་ཁྱོད་གླིང་བཞི་པ་འདྲིར་སྦྱིན་པ་ཆེན་པོའི་དཔལ་གྱི་ཤིང་རྟ་ལ་ཞོན་ནས།རིགས་ཀྱི་བུ་འདིར་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་སེམས་ཅན་དཔག་ཏུ་མེད་པ་རྣམས་རྟོན་པར་བྱེད་པ་ནི། ་རིགས་ཀྱི་བུ་ཁྱོད་ལེགས་སོ་ལེགས་སོ།།དེ་ནས་དེ་ཉིད་དུ་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་ཀྱིས་ཀྱང་འཛེམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།རིགས་ཀྱི ་བུ་ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་ལེགས་སོ་ལེགས་སོ།།དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྤྱང ་ཅེས་སྨྲས་སོ།།བྱམས་པ་ཁྱོད་ལ་བདག་གིས་དཔལ་མེ་ཏོག་གསར་པ་ཞེས་བྱ་བའི་གཟུངས་ཆེན་པོ་སྦྱིན་གྱིས།གཟུངས་ཆེན་པོ་དེ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་བྱམས་པ་ཆེན་པོའི ་གློ་བགོས་ནུས།འདིར་སེམས་ཅན་རྣམས་ལ་ཚིག་གིས་ཆོས་སྟོན་ནཱ་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པིའོ་སྟོབས་བསྐྱེད་པའི་ཆོས་དེ་དག་སེམས་ཅནྡྲ་གང་དག་གིས་ཐོས་པའི། ་སྡིག་པའི་སེམས་དང་།སྡིག་པའི་ལྕི་བ་དག་སྤོང་བར་བྱེད་དོ།།སྡིག་པའི་གྲོགས་པོ་དང་།སྡིག་པའི་བཤེས་གཉེན་དག་སྤོང་བར་བྱེད་དོ།།སེམས་ཀྱིས་བྱམས་པ་དང་།སྙིང་རྗེ་དང་།དགེ ་པའི་རྩ་བ་དག་ཡིད་ལ་བྱེད་པར་འགྱུར་རོ།།སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་།སེམས་འཇིག་རྟེན་ཕ་རོལ་ལ་ལྟ་བ་ཅན་དུ་འགྱུར་རོ།།སེམས་མི་དགེ ་བ་བཅུའི་ལས་ཀྱི་ལམ་དག་ལས་ལྡོག་པར་འགྱུར་རོ།།སེམས་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་རྣམ་པར་གནས་པར་འགྱུར་རོ།།སེམས་སེམས་ཅན་ཐམས་ཅད་ལ་མངོན་པར ་དགའ་བར་འགྱུར་རོ།།གཟུངས་ཆེན་པོ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཆོས་ཀྱི་ཆར་འབེབས་པར་བྱེད་པའི་དགྲ་ཐམས་ཅད་རབ་ཏུ ་དད་པར་བྱེད་ཅིང་བ་ཤྱེས་གཉེན་ཐམས་ཅད་མངོན་པར་འཕེལ་བར་བྱེད་པའོ།།ཏདྱ་ཐཱ།ལི་བྱཱ་ཏཱ་སྭ་རེ་ཀཱ་ཤཱ་ཡ།བ་ར་མེ་ས་མེ་བག་གྷེ།དཱ་རད་ཛ་ལཽ་སུ་ཏོ་ཀྵ།སུ་ཏོ་ཀྵེ་སུམ་ཧཱ་ཐཱ ་ཀྵ་རཾ་སུ་ཧྨ་ཕུང་གེ།གཽ་ཨ་བ་ལོ་ཀ་ད་ལེ།སིདྡྷི་བི་བཀྵཾ།དྷཱ་ནན་པྲི་བ་རེ། བིནྡྷ་ལུང་བ།སོ་ཙི་ར་ཙ་ལ། བ་བྷཱ་སྭ་རེ།བ་རཱ་ཧ་ཤཱཏྟཾ།ེ་ཀ་ཧ་ད་ཏོ་ཡཾ།ས་མཱཾ་དྷི་ཀ་ར་ཎི། ་ལི་ཛཱ་བ་ཏི།མ་ཧཱ་དྷ་བྷཱུ་ཏཱ་ཀུ་སེ། ར་ཎ་ནཱི་ལ།མ་ལེ་མེ་ཤོ་མེ།ནཱི་ལ་ཀུ་སུ་མེ་སྭཱ་ཧཱ།དཔལ་མེ་ཏོག་སར་པ་ཞེས་བྱ་བའི་གཟུངས་འདིས་ནཱི་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཁྱོད་ཀྱི་བྱམས་པ་ཆེན་པོའི་གོ་བགོས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ན།དེའི་སྒྲ་ཐ་ན་སེམས་ཅན་སྲོག་ཚོགས་སུ་གྱུར་པ་ཕྲ་མོ་ཆུང་ངུ་གང་དག་གི་རྣ་ལམ་དུ་གྲག་པ་དེ་དག ་གིསོམས་ཀྱུ་རྙོག་པ་ཉེ་བ་ཞི་བུར་བྱེད་པ་དང་།དེ་དག་གི་སེམས་དགེ་བའི་རྩ་བ་ལ་གནས་པར་ཡང་འགྱུར་ན་མོར་གྱུར་པ་རྣམས་ལ་ལྷ་སྨོས་ཀྱང་རྫ་དགོས།སེམས་ཙ་ལ་ལ ་དག་གིས་ཚོར་དབབ་པའི་ཕྱིར་དྲི་ཟ་དང་།ཀླུའི་གནས་དག་ཏུག་རྒྱུས་ཆེན་པོ་འདི་བཟླས་བརྗོད་བྱས་ཏེ།ན་ལ་ཤུམ་གྱི་བྱེ་མ་དང་།ོཾ་རཎྜའི་མར་དུ་བསྲེས་བྱ་ལ་དུས་ལན ་སྐྱོང་དུ་བསྟགས་ནས།གོས་ཀྱི་མཐའ་མར་ཕུར་མ་བྱས་ཏེ་བྱོན་པར་བཅུག་ན།དེས་ན་དེ་ལ་ཀླུ་རྣམས་དགའ་བར་འགྱུར་ཏེ།ཚརརོ་གྱི་རྒྱུན་ཆེན་པོ་འདི་འབེགས་པར་བྱེད་དོ།།དེའི་ཚེ་ལུས ་དེར་འདུས་པའི་ཀླུ་དང་།ཀླུ་ཆེན་པོ་རྣམས་ཀྱིས་དཔལ་མེ་ཏོག་སཪྴ་པ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་ཐོས་ནས་སེམས་རངས་པ་ད་།སྡང་སེམས་མེད་པ་དང་།སེམས་རབ་ཏུ ་དགའ་བོ་དང་།སེམས་བྱམས་པ་དང་ལྡན་པ་དང་།སེམས་འཇིག་རྟེན་ཕ་རོལ་ལ་ལྟ་བ.རརཱ་གནས་པར་གྱུར་ཏོ།།སེམས་དཀོན་མཆོག་གསུམ་ལ་དད་ཅིང་བཀུར་སྟི་དང་།བླ ་མར་བྱེད་པ་དང་།རི་མོ་བྱེད་པ་དག་ཐོབ་པར་གྱུར་ཏོ།།སེམས་དུད་འགྲོར་སྐྱེ་བུའི་རང་གི་སྡིགས་པའི་ལས་དག་རབ་ཏུ་འཆགས་པ་དང་།སེམས་ཐེག་པ་ཆེན་པོ་བླ་ནི་མེད་པ་ལ ་འཇུག་པར་གནས་པར་གྱུར་ཏོ།།ཀླུ་དང་།ཀླུ་ཆེན་པོ་དེ་དག་ཐམས་ཅད་ཀྱི་ནང་ནས་མཐུ་ཅི་ཡོད་པ་དང་།ཅི་ནས་བདག་གིས་དེ་ན་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི ་།ཕྱི་ཁ་ཅིག་ནི་གསེར་མང་པོའི་ཆར་མངོན་པར་འབེབས་སོ།།ག་ནི་ངུལ་དང་། ག་རཱ་དང་།ཆུ་སྨོས་དང་།གཤིན་དང་།ཙནྡན་སྦྲུལ་གྱི་སྙིང་པོ་བྱམྱ་དང ་ཏ་མ་ལའི་ལོ་མའི་ཆར་དག་མངོན་པར་འབེབས་པ་ནས་ཁ་ཅིག་ནི་ཨུཏྤ་ལ་དང་།མེ་ཏོག་སྣ་ཚོགས་དང་།རས་བཅོས་བུ་སྣ་ཚོགས་དང་།གདུགས་དང་།རྒྱལ་མཚན་དང་།བ་ངན་སྣ་ཚོགས ་དང་།གསེར་སྐུད་དང་།མུ་ཏིག་གི་དོ་ཤལ་གྱི་བར་དག་གི་ཆར་མངོན་པར་འབེབས་སོ།།དེ་ནས་ཀླུ་དང་།ཀླུ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འོངས་ག་ལ་བ་དེ་ལོགས་སུ་ཐལ ་མོ་སྦྱར་བར་བཏུད་ནས་ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་ད་ལྟར་བདག་ཅག་ནི་དཀོན་མཆོག་གསུམ་ལ་སེམས་ཤིན་ཏུ་ལེགས་པར་རབ་ཏུ་ཞུགས་པ ་ལགོས་སོ།།བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཅག་འདི་རྣམས་ཀྱིས་དམ་བཅའ་བར་བགྱི་བ་ནི་བཙུན་པ་བཅོམ་ལྡན་འདས་གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།ལྗོས་ག་ང། ་གང་དག་ན་དཔལ་མེ་ཏོག་སཪྴ་པ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་རབ་ཏུ་སྒྲོགས་པ་དང་།དེ་བཞིན་དུ་གཟུངས་ལྷག་མཆུ་ཁྱིམ་སྙིང་པོ་ཞེས་བགྱི་བ་དང་།མཚོན་ཆེའི་སྟོབས་ཤེས་བགྱི་བ་དང་། ་གདུགས་དང་།རྒྱལ་མཚན་གྱི་སྨོན་ལམ་གྱི་ཚུལ་ཞེས་བགྱིས་པ་དང་།ནང་གུ་དང་ལ་རྡུལ་ཞེས་བགྱི་བ་དང་།དཔལ་མེ་ཏོག་སར་པ་ཞེས་བགྱི་བའི་གཟུངས་ཆེན་པོ་རྣམས་དང་།རྒྱལ་པོ་ཆེན ་བཞིས་བྱཤད་པའི་གཟུངས་དེ་དག་དང་།ཀླུའི་སྙིང་པོ་བཞི་པོ་དག་གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།ལྗོངས་དང་།རི་བྲགས་ཀྱི་གནས་གང་དང་གང་དག་ཏུ་རེ་རེ་ཙམ་ཡང་སྟོན་ཏམཱ།འཆང་ངམ། ་རབ་ཏུ་སྒྲོགས་སམ།དྲན་པར་བགྱིད་པ་དེ་དང་དེ་དག་ཏུ་བདག་ཅག་གིས་དུས་དུས་སུ་ཆར་འབིབས་པ་དང་།གདུགས་དང་།བསེར་མ་དག་གཏོང་བར་བགྱིའོ།།དུས་མ་ལགས་པར་ནི་མ་ལགས་སོ།། ་དེདང་དེར་བདག་ཅག་གིས་ཕྱི་དགྲ་དང་།ནང་འཁྲུག་དང་།ཐབ་མོ་དང་།རྩོད་པ་དང་།གནོད་སེམས་དང་།ནད་དང་།མི་ངས་དང་།མུ་གེ་དག་རབ་ཏུ་ཞི་བར་བགྱི་ལགས་སོ།།དེ་དང་དེར་བདག ་ཅག་གིས་སྐྱིད་པ་དང་།ལོ་ལེགས་པ་དང་།དགའ་བར་འགྱུར་བ་དག་བསྒྲུབ་པར་བགྱི་ལགས་སོ།།དེ་དང་དེར་སེམས་ཅན་རྣམས་ཀྱི་ས་བོན་དང་།མྱུ་གུ་དང་།སྡོང་བུ་དང་།འདབ་མ ་དང་།མེ་ཏོག་དང་།འབྲས་བུ་དང་།ཤིང་དང་།སྨན་དང་།རོ་དག་མི་ཉམས་པར་འཕེལ་བར་བགྱི་ལགས་སོ།།ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་ཕལ་ཆེར་དྲི་ཞིམ་པ་དང་།རོ་ཞིམ ་པདྨད་།སྣུམ་པ་དང་།འཇམ་པ་དག་ཏུ་བསྒྲུབ་པར་བགྱི་ལགས་སོ།།བདག་ཅག་གིས་འཛམ་བུའི་གླིང་འདིའི་རྒྱལ་པོ་རྣམས་ཀྱང་གཅིག་ལྔ་གཅིག་བྱམས་པའི་སེམས་དང་།ཕན ་པའི་སེམས་དང་།འཁོན་མ་མཆིས་པའི་སེམས་དང་།རྩོན་པ་མ་མཆིས་པའི་སེམས་སུ་བསྒྲུབ་པར་བགྱི་ལགས་སོ།།དེ་བཞིན་དུ་བྲམ་ཟེའི་རིགས་དང་།རྗེའུ་རིགས་དང་།དམངས་རིག ་དང་།།གནོད་སྦྱིན་རྣམས་ནས་དགེ་བསྙེན་དག་གི་བར་དག་ཏུ་བྱམས་པའི་སེམས་དང་ལྡན་པར་བསྒྲུབ་པ་བགྱི་ལགས་སོ།།གདན་གཟུངས་ཆེན་པོ་འདི་རབ་ཏུ་སྒྲོགས་པ་དེར ་ནང་ཕན་ཚུན་སེམས་མཐུན་པར་བསྒྲུབ་པར་བགྱི་ལགས་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་དེ་དག་ཐམས་ཅད་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་གནང་ངོ་།།ཐམས་ཅད་དང་ལྡན ་པའི་འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱི་ནོ།།དེ་ནས་བྱང་ཆུབ་སྡེ་དེའི་རིའི་སྙིང་པོ་ཀྱང་ལེག་སོ་ཞེས་བྱ་བ་བྱིའོ།།དེ་ནས་བཅྡོཾས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།དྲལ་ཆོག་ཁྱོད ་ལ་སྙིང་བརྩེ་བའི་གྲོགས་འདི་དག་ཡོད་ན་འདིར་སེམས་ཅན་ཡོངས་སུ་སྨོན་པར་བྱ་བའི་ཕྱིར་ད་དུང་དུ་ཅིའི་ཕྱིར་གདུལ་བའི་ཚོགས་རྣམས་གཞུག་པར་མི་ནུས།དཔལ་ལྷ་མོ་ཆེན་མོས་གསོལ ་པ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྨོན་ལམ་གྱི་ཁྱད་པར་གྱིས་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་ཐམས་ཅད་དུ་དེ་ལྟ་བུར་སྐྱེ་བ་ལེན་ཅིང་གྲོགས་དགེ་བའི ་བཤེས་གཉེན་མཐུན་པ་དེ་ལྟ་བུ་དག་དང་ཕྲད་པ་ཐོབ་ལགས་སོ།།ད་ལྟར་བདག་ཀྱང་གྲོགས་དགེ་བའི་བཤེས་གཉེན།མཐུན་པ་ཁྱོད་ལྟ་བུ་དང་ཕྲད་པ་ལགས་སོ།།བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཀྱང་དེའི་ལག་ཏུ་ཐོབ་སྟེ།དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་བརྗོད་པར་བགྱི་ལགས་སོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན ་གྱིས་ཡོངས་སུ་ཟིན་པ།བརྩོན་འགྲུས་བརྩམས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་གནས་པར་བལྟ་བར་བགྱི་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དཔལ་ཆོག་ཤེས་ཁྱོད། ་ཀྱིས་ཇི་སྐད་སྨྲས་པ་དེ་ལྟར་ཡིན་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྨོན་ལམ་གྱི་ཁྱད་པར་གྱིས་སེམས་ཅན་ཡོངས་སུ།སྨིན་པར་བྱ ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་ཐམས་ཅད་དུ་དེ་ལྟ་བུར་སྐྱེ་བ་ལེན་ལ།བསྡུ་བོའི་དངོས་པོ་བཞི་པོ་དག་ལ་བརྩོན་ཞིང་དེར་བརྩོན་པ་བརྟན་པ་དང་།བརྩོན་འགྲུས་བརྩམས་པ་ཡིན་ནོ།། ་གྲོགས་དགེ་བའི་བཤེས་གཉེན་དེ་ལྟ་བུས་ཡོངས་སུ་ཟིན་པ་ཡིན་ནོ།།རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་ལག་ཏུ་ཐོབ་པ་ཡིན་ཏེ།དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའང་བརྗོད ་པར་བྱའོ།།དེས་རྣམ་པར་གནོན་པའང་བརྗོད་པར་བྱའོ།།མངལ་གྱི་སྐྱོན་ལས་ཐར་པར་ཡང་བརྗོད་པར་བྱའོ།།མི་སློབ་པའི་ས་ལ་གནས་པས་ཟག་པ་ཟད་པར་ཡང་བརྗོད་པར་བྱའོ།།དེ ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་དགོངས་པ་དང་།བྱིན་གྱིས་བརླབས་པར་ཡང་བརྗོད་པར་བྱའོ།།འདོད་ཆགས་དང་བྲལ་བའི་ས་ལ་ཤིན་ཏུ་གནས་པར་བརྗོད་པར་བྱའོ།།དེ་ནས ་བརྒྱ་བྱིན་གཟི་བརྗིད་དྲི་མ་མེད་པ།བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་ཅིའི་སླང་དུ་འཚོ་བའི་འཇིག་རྟེན ་ནརློ་གྷྱ་།རྒྱུན་པ་རྣམས་སྐྱེནས་ཅན་རྣམས་ཀྱི་ལས་ང།ངས་སུ་སྤྱོད་བྱདག་ལ་གནོད་པ་བསྙེན་ལགས།གྷ2་ལྦུ་པ།ལྷའི་དང་ཀྱ ་རྐྱེན་གཉིས་ཀྱིས་འཚོ་བའི་འཇིག་རྟེན་འདི་ཀྱི་དང་།ཀླུ་ཆེན་པོ་རྣམས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་དག་ལ་གནོད་པར་བྱེད་དོ།།གཉིས་གང་ཞེ་ན།འཇོ ་ཆགས་ཀྱི་དབང་དང་།ཁྲོ་བའི་དབང་གིས་དུས་མ་ཡིན་པའི་སྤྲིན་དག་འབྱུང་བར་བྱེད་ཅིང་རྫིའི་ཆར་དང་སེར་དྲག་དག་འབེབས་པར་བྱེད་དོ།།ལྕགས་པ་དང་།ཚ་བ་དག་འབྱུང་བར་བྱེད།། ་དེས་ན་འདིར་སེམས་ཅན་རྣམས་ཀྱི་ས་བོན་དང་།མྱུ་གུ་དང་།འདབ་མ་དང་།མཽ་ཏོག་དང་།འབྲས་བུ་དང་།འབྲུ་དང་།སྤྱན་དོང་།རོ་དག་ཚིག་པར་བྱེད་དོ།།སྐེམས་པར་བྱེད་དོ།། ་འབྲུལ་བར་བྱེད་དོ།།མ་རུངས་པར་བྱེད་དོ།།དེ་ནས་སེམས་ཅན་རྣམས་ལོངས་སྤྱོད་དང་།ཡོངས་སུ་སྤྱོད་པ་དང་།མི་ལྡན་པས་ལུས་དང་།ངག་དང་།ཡིད་ཀྱི་སྡིག་པའི་ལསོ་མ ་བྱབདེ་བ་རྣམ་པོ་སྣ་ཚོགས་དག་ཀུན་ཏུ་སྤྱོད་པར་བྱེད་དོ།།ལས་ཀྱི་སྒྲིབ་པ་མི་བཟད་པ་དེ་ས་ན་སྔོན་དགེ་བའི་རྩ་བ་བསྐྱེད་པ་ཐམས་ཅད་ཀྱང་སྲེག་པར་བྱེད་དོ།།སྐེམས་པར་བྱེད་དོ།།ཐལ་བ ་རློག་པར་བྱེད་དོ།།དགེ་བའི་བཤེས་གཉེན་དག་སྤོང་ཞིང་ངན་སོང་གསུམ་པོ་དག་ལ་གཞོལ་བར་བྱེད་དོ།།ཁ་ཅིག་གོས་དང་།བཟའ་བ་དང་།བཏོང་བ་ཙམ་གྱི་ཕྱིར་ཚེ་གཅིག་གིས་དེ་ལྟ ་བུང་སྡིག་པའི་ལས་མཚམས་མེད་པ་དག་གིས་བྱུར་དུ་ཀུན་ཏུ་སྤྱོད་པར་བྱེད་དེ།དེ་བསྐལ་པ་མྱུང་པོ་ཞིག་གི་བར་དུ་ཕྱིས་མིར་སྐྱེ་བ་འབྱོར་མྱི་འགྱུར་རོ།།གལ་ཏེ་དེ་དག་ཡུན་རིང་པོ་འདས་ནུས་བརྒྱ ་ལ་བརྒྱ་ལམ་ན་མིའི་ལུས་ཐོབ་ནས་ཡང་ཁ་ཅིག་ནི་ཡིན་ལགྲོ་ཉམ་སོ་པར་འགྱུར་རོ།།ཁ་ཅིག་ནི་དྲན་པ་ཉམས་པོར་འགྱུར་རོ།།གདོལ་པའི་རིག་སུ་ཡང་སྐྱེ་བར་འགྱུར་རོ།།གཡུང་པོའི་རིགས ་དང་།སྒྲོག་མ་མཁན་གྱི་རིགས་དང་།བཀྲེན་པ་དངུལ་པོའི་རིགས་རྣམས་སུ་འདུ་སྐྱེ་བར་འགྱུར་རོ།།བཟའ་བ་དང་བཏུང་བའི་ལོངས་སྤྱོད་དང་།ཡོངསུ་སྤྱོད་པ་དག་དང་ཡང་བྲལ་བར་འགྱུར་ལ། ་ཡང་རྒྱུ་དེས་ན་དགེ་བའི་བཤེས་གཉེན་དང་བྲལ་བས་ལུས་དང་།ངག་དང་།ཡིད་ཀྱི་སྒྲིབ་པ་མི་བཟང་པ་དགུ་ཀུན་ཏུ་སྤྱོད་པར་བྱེད་དོ།།ཡང་ཁ་ཅིག་ངན་སོང་གསུམ་པོ་དང་།མནར་མེད་པ ་ངག་ཏུའང་གཞོལ་བར་འགྱུར་རོ།།རིགས་ཀྱི་བུ་དེ་ལྟར་ལོངས་སྤྱོད་དང་།ཉེ་བར་སྤྱོད་པ་དང་མི་ལྡན་པའི་སེམས་ཅན་རྣམས་འཁོར་བར་ཡུན་རིང་དུ་ཉམ་ཐག་པར་འགྱུར་རོ།།ངན་སོང ་གསུམ་པོ་དག་ཏུ་སྡུག་བསྔལ་མི་བཟད་པ་སྣ་ཚོགས་དག་ཉམས་སུ་མྱོང་བུར་འགྱུར་རོ།།གསོལ་པ།སྡུག་བསྔལ་གང་ཆུང་ཟད་ཅི་བྱུང་བ་ཐམས་ཅད་ནི་ཟས་ཀྱི་རྐྱེན་ལུས་གྱུར་པ་ལགྲ་ཏེ། ་ཟས་མི་མཆིས་ནི་སྡུག་བསྔལ་འབྱུང་བའང་མི་མཆིས་ལགས་སོ།།དེ་ནི་ས་དེའི་ཚེ་བརྒྱ་བྱིན་གཟི་བརྗིད་དྲིམ་མེང་པས་ཚིགསུ་བཅིད་དེ་འདི་ཉིད་ཅེས་གསོལ་ཏོ།།སྲིད་པའི་དོག་གིས་བསྐྱང་བས་ནོ།། ་དུ་བ་དང་ནི་རྒོད་པར་བགྱིད།།ཉེ་བར་གནས་ཤིང་ལྟུང་བར་བགྱིད།།ཀུན་ཏུ་སྤྱོད་ཅིང་རྣམ་པར་རྒྱུག།ས་གཱཞི་དག་ལཱ་ཏི་ལྔ་བརྡུངས་ལྟར།།སྡུག་བསྔལ་འཁྲུལ་འཁོར་གནོད ་པར་བགྱིད།།ལྷར་བཅསྣ་འཇིག་རྟེན་ཐམས་ཅད་ལ།།ད་ལྟར་སྲེད་པས་གནོད་པར་བགྱིད།།ཀྱེ་མ་སྲེད་པས་ཞུགས་པ་ཡིས།།སྲིད་པའི་རྩེ་མིར་མཐར་གཏིགས་བྱེས།།དེ་ལྟར་ཞགས་འང ་རྒྱུ་ཆེ་བ།།ཁཟླས་དག་གིས་རྒྱུ་ལས་བྱུང་།།སོ་སོའི་སྐྱེ་བོ་རྒྱུ་གཉིས་ཀྱི།།སྲེད་པའི་རྡུལ་གྱིས་ཡན་ལག་བཅིངས།།རི་དགས་ཞགས་པས་བཅིངས་པ་ལྟར།།འབྲོས་པ་དག་ཏུ་ནུས་མ་ལག ་སྦྱོར་བཅས་འཇིག་རྟེན་སེམས་ཅན་དག།སྲེད་པས་གོར་བགྱིད་རྩོལ་བ་ལྟར།།གར་གཞུང་དག་ལ་གར་མཁན་བཟླས།།དེ་ནས་གར་བགྱིད་རྩོལ་མི་ནུས།།སྲིད་པའི་དུག་གིས་བསྒྱུར་བས ་ཇི་ལྟར་སྐྱེ་བོ་མྱོས་པ་ལྟར།།བཏུང་བ་མྱོས་བགྱིང་བསྐྲད་པ་ཡིས།།མྱོས་པ་དག་ཏུ་མི་བགྱིད་དོ།།སྲེད་པའི་གནོད་སྦྱིན་གདོན་དག་གིས།།སྐྱེ་བོ་བརླམས་ནས་འཁྱལ་པ་ལྟར།། ་པོའི་གདོན་གྱིསོ་མྱོས་པ་དག།འཁྱལ་པོ་དག་ཏུ་མི་བགྱིད་།།ནོར་འཛིན་དེ་དག་འཛིན་པ་བཏང་།།སྲིད་པའི་འཇིགས་པ་རྣམ་པར་སྤངས།།གང་གིས་སྲེད་པ་བསྐམས་ནོས་ཀྱང་།།དེ་དག་ལ ་པར་མི་གནས་སོ།།བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ།།ཞེ་སྡང་ཁྲི་བས་སྐྱེ་དགུ་བརླམས།།སེམས་ཀྱང་གཡེང་འགྱུར་དེ་ཡིས་མཛ། ་ཐམས་ཅད་མྦྷི་འཚལ་ཞིང་།།བཟོད་དྲུག་ལས་ལ་སྤྱོད་པར་བགྱིད།།མི་དགེ་བ་ལ་གནས་བགྱིད་པ།།པ་མ་དག་ལ་རམ་གྲོ་ཆུང་།།གང་དག་མཚམས་མ་མཆིས་བགྱིས་པ།།དོ།ན་མཆོག་གསུམ ་བརྙས་པར་བགྱིད།།སྐྱིང་བརྩེ་སྙིང་རྗེ་མ་མཆིས་པ།།འཇིགས་པགྱིད་གཏུམ་པོ་དྲག་ཤུལ་ཅན།།ཁྲི་སེམས་དབང་གིས་དེ་དག་ནི།།སེམས་དམྱལ་མནར་མ་མཆིས་པར་གནས།།སེམས་ཅན་འདྲི་དག་ཁྲོ་བའི ་རྒྱུས།།གཅིག་ལ་གཅིག་ནི་ཟ་བར་བགྱིད།།ཡང་དང་ཡང་ནི་ངན་སོང་དུ།།སྡུག་བསྔལ་དུ་མས་རབ་ཏུ་གཟིར།།སྡིག་པའི་སེམས་ཀྱིས་བྲིང་གྱུར་ཅིང་།།དགེ་བའི་བཤེས་གཉེན་སྤངས་ནས་ཀྱང་།།སྲིད་པའི་མཆོག ་ནིལྷུང་བ་སྟེ།།མུན་པ་མུན་གནག་གཞོལ་བ་པོ།།དེ་འདྲའི་སེམས་ནྡན་དོན་སྨད།།བྱང་ཆུབ་སེམས་དཔའི་སྙིང་བརྩེ་བའི།།བསམ་པས་བདུག་བདེ་བཏང་ནས་ཀྱང་།།སེམས་ཅན་སྡིག་པ་བསལ་སླད་དུ།།བྱང་ཆུ། ་སྤྱད་པ་སྤྱོད་པ་ན།།བསོད་ནམས་བགྱི་བའི་དངོས་སུམ་གྱིས།།སྡིག་པའི་སེམས་ཅན་གྲོལ་བགྱིད་ཅིང་།།ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་བགྱིད།།སེམས་ཅན་འགའི་དོན་སླད་དུ།།ལུས་དང་སྲོག་དག་བཏང་ནས ་ཀྱང་།།དཀའ་ཐུབ་བརྟུལ་ཞུགས་སྤྱད་ལྡན་པ།།དཀའ་བ་དག་ནི་མང་དུ་སྤྱད།།གང་ཚེ་སེམས་ཅན་འགའ་སྐད་དུ།།བསྐལ་བརྒྱར་སྡུག་བསྔལ་སེལ་བགྱིད་ནཱ།།སེམས་ཅན་རྣམས་སླད་ཡུན་རིང་དུ།།འཁོར ་བར་སྡུག་བསྔལ་བཟོད་པར་བགྱི།།སེམས་ཅན་ཡོངས་སུ་སྨིན་སླད་གནསོ།།དེ་འདྲའི་བསམ་དང་ལྡན་པ་ཡིས།།སེམས་ཅན་སྲིད་པའི་བསམ་པ་ཅན།།སེམས་ནི་བྱང་ཆུབ་མངོན་བགྱིད་སྩལ།།དེ་ནས་དཔལ་ལྷ་མོ ་མམཐམ་མམམས་ཨ་མམཚས་མ་ཐམ་ཨམམ་ཐས་ཐས་མམཐམ.ས་ཐམ་མ་ཡམཿཐམ་མ.།གཐའ་མ་མ་པ་ཐམམམམམམཐམམ ་ཆེན་མོས།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བྲེ་བོ་ལོ་ཏོག་གིས་བཀང་བ་ཕུལ་ནས་སྨྲས་པ།།གླེང་བཞི་པ་འདིའི་སེམས་ཅན་རྣམས་ཀྱི། ་ལོངས་སྤྱོད་དང་།ཡོངས་སྤྱོད་པ་དག་གི་རྒྱུར་ས་བྱོན་དང་།།ལོ་ཏོག་ཐམས་ཅད་འཕེལ་རབ་བགྱི་བ་དང་།གྲུབ་ལྟར་བགྱི་བའི་སླད་དུ་ཅེས་བུ་དམ་པ་ཁྱོད་ལ་ལྷུང་བཟེད་འབུལ་ལོ།།དེས་ན་དགེ་བའི ་བ་ཡང་དག་པར་ཆད་པ་མ་རུངས་པ།གཽཏུམ་པོ།དྲུགྲ་ཤུལ་ཅན་ཀུན་ཏུ་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་བ་དང་།བྱང་ཆུབ་ཀྱི་ས་བོན་ཁོ་བཞག་པར་རྔོ་ཐོག་གོ།།དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྲེ་བོ་ལོ་ཏོག་གིས་བཀང་བ་དེ་བླངས་ནས་ཕྱོགས་བཅུར་བལྟོས་ཏེ་འདི་སྐད་ཅེས་སྨྲས་སོ།།སངས་རྒྱས་བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ།།གང་གིས་གླིང་བཞི་པ་འདིར་ས་བོན་དང་།མྱུ་གུ་དང་།འདབ་མ་དང་།མེ་ཏོག ་