CLOSE WINDOW

N211: 'phags pa srid pa 'pho ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

པོ་སརྦ་དྷཱི་དཾ་བ་དང་།ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གོ་ཏན་ལ་ཕབ་པ།།རྒྱ་གར་སྐད་དུ།ཨཱརྱ་བྷི་བ་ས་ཀྲཱ་ནི་ཏ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏཱ། ་བོད་སྐད་དུ།འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས ་ཐོས་པདུས་གཅིག་ན།བཅོམ་ལྡན་འདས་རྒྱལ་བའི་ཁབ་ན་འོད་མའི་ཆལ་བྱཱ་ཀ་ལནྟཀཱ།གནས་པ་ན་དང་།སློང་ཉེས་བརྒྱ་ལྔ་བཅུའི་དགེ་སློང་པ་དཔེ་འདུན ་ཆེན་པོ་དང་།བྱང་ཆུབ་སེམས་དཔེའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་འཁོར་བ་རྒྱ་སྟོང་དུ་མས་ཡོང་སུ་ལ ་ཙྪ་མདུན་གྱིས་པ།། ནས་ཆོས་སྟོན་ཏེ།ཚངས་པར་སྤྱོད་པ།ཟློག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང་པོ།ཚིག་འབྲུ་བཟང་པོ།མ་འདྲིས་པ།ཡོང་དུ་ཆགས ་པ།ཡོང་དུ་དག་པ།ཡོངསུ་བྱང་བ་ཡང་དག་པར་སྟོན་ཏེ།།དེའི་ཚྭ་ཡུལ་མ་ག་དྷཱ་འི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ་རྒྱལ་པོའི་འབྱོར་པ་ཆེན་པོ་དང་།རྒྱལ་པོའི་མཐུ་ཆེན་པོས་ཕྱིར་འོད་མའི་ཚལ་ག་ལ་བ་དང་།བཅོམ་ལྡན་འདས་གཡོ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མིག ་བོས་ཕྱག་འཚལ་ཏེ།ལྡན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག།།ཕྱོགས་གཅིག་ཏུ་འདུག་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅནྡ་སྙིང་པོ ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཇི་ལྟར་ནི་ལསོ་བགྱིས་ཤིང་བསགས་པ་འགགས་ནས་ཡུན་རིང་དུ་འགགས་པ་འིབུམ་པའི་དུས ་ཙྪ་བར་གནས་ཤང་ཡིད་ལ་མངོན་དུ་འགྱུར་ལགས།འདུ་བྱེད་ཐམས་ཅད་སྟོད་པ་ལ་ཇི་ལྟར་ལས་རྣམས་ཆབ་མི་འཚལ་བར་གཱདང་།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས ་ཀྱིས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟི་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།།རྒྱལ་པོ་ཆེན་པོ་འདི་ལྟ་སྟེ།དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི ་བུད་མེད་བཟང་མོ་དང་ལྷོན་ཅིག་ཏུ་ཡོངསུ་སྤྱོད་པ་རྨིས་ལ།དེ་ཉལ་བ་ལས་སྨད་ནས་ཡུལ་གྱི་བུད་མེད་བཟང་མོ་དེ་དྲན་ན་རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས།རྨི་ལམ་གྱི་ཡུལ ་གྱི་བུད་མེད་བཟླང་མོ་དེ་ཡིད་དམ།གསོལ་པ།བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས།འོན ་གང་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་ལ་མངོན་པར་ཞེན་པའི་མི་དེ་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ།གསོལ་པ།བཅོམ་ལྡན་འདས་དེ་ནི་མ་ལེགས་ཏེ།དེ་ཅིའི་སླད ་དུ་ཞེ་ནུ།བཅོམ་ལྡན་འདས་རྨི་ལམ་གྱི་ཡུལ་གྱི་བུད་མྱེད་བཟང་མོ་འང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ལགས་ན་དེ་དང་ཡོངསུ་སྤྱོད་པ་ལ་ལྟ་ག་ལ་མཆིས་ཏེ།འདི་ལྟར ་མེ་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་ལག་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ ་འང་མིག་གིས་གཟུགས་རྣམས་མཐོང་ན་ཡིད་བདེ་བར་འགྱུར་བའི་གཟུགས་རྣམས་ལ་མངོན་པར་ཞེན་ཏེ།མངོན་པར་ཞེན་པར་གྱུར་ནས་རྗེསུ་ཆགས་པར ་འགྱུར་རོ།།རྗེ་སུ་ཆགས་ནས་ཀུན་ཏུ་ཆགས་པར་འགྱུརརོ།།ཀུན་ཏུ་ཆགས་ནས་འདོད་ཆགས་ལས་བྱུང་བ་དང་།ཞེ་སྡང་ལས་བྱུང་བ་དང་།གཏི་མུག་ལས་བྱུང་བའི་ལས་ལུས་དང་།། ་ངག་དང་།ཡིད་ཀྱིས་མངོན་པར་འདུ་བྱེད་དེ།ལས་དེ་མངོན་པར་འདུས་བྱས་པར་གྱུར་ནས་འགག་གོ།འགག་པ་ན་ཤེར་ཕྱོགསུ་བརྟེན་ཏེ་གནས་པ་མ་ཡིན།ལྷོ་ཕྱོགསུ་མ་ཡིན།། ་ནུབ་ཕྱོགསུ་མ་ཡིན།བྱང་ཕྱོགསུ་མ་ཡིན།སྟེང་དུ་མ་ཡིན།འོག་ཏུ་མ་ཡིན།ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན།།དུས་གཞན་ཇི་ཙམ་ཞོག་ནཱ་འཆི་བའི ་དུས་དང་ཚོང་ཉེ་བར་གནས་པའི་ཚེ་དེ་དང་།སྐལ་པ་འདྲ་བའི་ལས་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ།དཔེར་ན་ཉལ་ཉལ་བ་ལྔས་སད་པའི་མིའི་ཡུལ་གྱི ་བུད་མེད་བཟུང་མོ་ལྟ་བུར་ལས་དེ་ཡིད་ལ་མངོན་དུ་འགྱུར་རོ།།རྒྱལ་པོ་ཆེན་པོ་དེ་ལྟར་རྣམ་པར་ཤེས་པ་ཐ་མ་འགྲག་ཅིང་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ ་ཡང་ན་ནི་ལྷའི་ནང་དུ།ཡང་ན་ནི་མིའི་ནང་དུ།ཡང་ན་ནི་ལྷ་མ་ཡིན་གྱི་ནང་དུ།ཡང་ན་ནི་སེམས་ཅན་དམྱལ་བའི་རྣམསུ།།ཡང་ན་ནི་དུད་འགྲོ་རྣམསུ།ཡང་ན་ནི་ཡི་དགས ་རྣམསུ་འབྱུང་བར་འགྱུར།།རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དྲང་པོ་དེ་འགགས་མ་ཟག་ཏུ་གང་པོ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པ་དེ་དང་སྩལ་པ་འདྲ་བའི་སེམས་ཀྱི་རྒྱུད ་འབྱུང་།།རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ་འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ།རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ ་ཐམ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ།གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ།།རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འང་གང་དུའང་མི་འགྲོ།རྣམ ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་འབྱུང་བའི་ཚེའང་གང་ནས་ཀྱང་མི་འོང་ངོ་།།དེ་ཅིའི་ཕྱིར་ཞེ་ན།ངོ་བོ་ཉིད་དང་བྲལ་བའི་ཕྱིརརོ།།རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར ་པ་ཐ་མས་སྟོང་།འཆི་འཕོ་ནི་འ་ཆི་འཕོས་སྟོང་།ལས་ནི་ལས་ཀྱིས་སྟོང་།རྣམ་པར་ཤེས་པ་དང་པོ་ནི་རྣམ་པོར་ཤེས་པ་དང་པོས་སྟོང་།སྐྱེ་བོ་ནི་སྐྱེ་བས་སྟོང་ལ།ལས་རྣམས་ཆུད་མི་ཟ་བར་མང ་པའང་ཡོད་དོ།།རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོའི་སྐྱེ་བའི་ཆར་གཏོགས་པ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལོ་རྣམ་པོར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས ་ཀྱི་རྒྱུད་འབྱུང་ངོ་།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།།འདི་དག་ཐམས ་ཅད་མིང་ཙམ་སྟེ།།འདུ་ཤེས་ཙམ་དུ་གནས་པ་ཡིན།།བརྗོད་པ་ལས་ནི་གཞན་གྱུར་པ།།བརྗོད་པར་བྱ་བ་ཡོད་མ་ཡིན།།མིང་ནི་གང་དང་གང་གི་སུ།།ཆོས ་རྣམས་གང་དང་གང་བརྗོད་པ།།དེ་ལ་དོན་ཡོང་མ་ཡིན།།འདི་ནི་ཆོས་རྣམས་ཆོས་ཉིད་དོ།།མིང་གིས་མིང་ཉིད་སྟོང་པ་སྟེ།།མིང་ནི་མིང་གིས་ཡོང་མ་ཡིན།།མིང་མེད་པ་ཡི་ཆོས་རྣམས་ཀྱུ ་མིང་གིས་ཡོངསུ་བརྗོད་པར་བྱས།།ཆོས་རྣམས་འདི་དག་ཡོད་མིན་ཏེ།།རྟོག་པ་ལས་ནི་ཀུན་ཏུ་འབྱུང་།།གང་གིས་སྟོང་པར་རྣམ་རྟོག་པ།།རྟོག་པ་དེའང་འདིན་མེད།།མིག་གི ་གཟུགས་ནི་མཐོང་ངོ་ཞེས།།ཡང་དག་གཟིགས་པས་གང་གསུངས་པ།།འཇིག་རྟེན་ལོག་པའི་ངང་ཅན་ལ།།ཀུན་རྫོབ་བདེན་པར་དེ་གསུངས།།ཚོགས་ནས་མཐོང་ཞེས་གང ་དག་ཏུ།།འདྲེན་པས་རབ་ཏུ་བསྟན་མཛད་པ།།དེ་ནི་དོན་དམ་གདགས་པའི་ས།།བློ་དང་ལྡན་པས་བཀའ་སྩལ་ཏོ།།མིག་གིས་གཟུགས་རྣམས་མི་མཐོང་ཞིང་།།ཡིད་ཀྱིས ་ཆོས་རྣམས་མི་རིག་པ།།དེ་ནི་བདེན་པ་མཆོག་ཡིན་ཏེ།།དེ་ལ་འཇིག་རྟེན་མི་དཔོགསོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཡུལ་མ་ག་དྷཱའི་རྒྱལ་པོ་ང ་སྦྱངས་གཟུགས་ཅན་སྙིང་པོ་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།།དགེ་སློང་དེ་དག་དང་།ལྷ་དེང་མི་དང་ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རོརང་ཏེ། ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏཱ་དང་།དཱ་ན་ཤྲཱི ་ལ་དང་།ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ།སྐད་གསར་ཚད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།།རྒྱུ་གར་སྐད་དུ།ཨཱརྱ་སརྦ་བི་ད་ལྱཱ་སཾ་མོ ་