| Wylie | e-texts produced with BDRC’s OCR application |
རྒྱུ་དྲར་སྤྱོད་སུ།ཨཱརྱ་གྷཱ་ག་པ་ཏི་བྲྀད་ཛཱ་ཨརྡྷ་ཤ་ཏི་ཀ།བདེ་སྐད་དུ།།འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་གསོངས་རྒྱས་དང་།བྱང་ཆུབ་སེམས ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁྱབ་ན།བྱ་རྒོད་ཕུང་པོའི་རྀ་ལཱ།དགེ་སློང་གི་དགེ་འདུན་ཚུན་པོ་དང་།ཐབས ་གཅིག་ཏུ་བཞུགས་ཏེ།བརྒྱ་བྱིན་དང་།ཚངས་པ་དང་།འཇིག་རྟེན་སྐྱོང་བ་དང་།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་ནམབུའ་ལྡིང་དང་།མོའམ་ཅི་དང་།ལྷོ་འཕྱེ ་ཆེན་པོ་དང་།དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་དག་དང་ཡང་ཐབས་གཅི་ག་གོ།།དེ་ནས་བཅོམ་ལྡན་འདས་ཀྱིས།ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ ་།རབ་འབྱོར་གང་ལ་ལ་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་དང་།རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ།གཟུང་བར་བྱ། ་བཅང་བར་བྱ།ཀླག་པར་བྱ།ཀུན་ཆུབ་པར་བྱའོ།།བྱང་ཆུབ་སེམས་དཔའ་ཐོབས་ལ་མཁས་པ་དང་ལྡན་པས།སངས་རྒྱསྲ་དང་།བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག ་བར་བསྒྲུབ་པོའི་ཕྱིར།ཤེས་རབ་ཀྱི་ཕྱི་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་བརྩོན་པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང ་ལ་བསླབ་པར་བྱ་བ་དང་།རྣལ་འབྱོར་དུ་བྱ་བ་སངས་རྒྱས་དང་།བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ།།བླ་ན་མེད ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་པར་འདོད་པས་ཀྱང་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པ་ད།གཟུང་བ་དབྱ།བཅད་བུ་བྱུ་ན།། ་པར་བྱ།ཀུན་ཆུབ་པར་བྱའོ།།བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་ལྡན་པས།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར།ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྩོན་པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་དང་།རྣལ་འབྱོར ་དུ་བྱ་བ་སྤངས་རྒྱས་དང་།བྱང་ཆུབ་སེམས་དཔོའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱུ་ཆེར་བསྟན་པའི་ཕྱིར་རོ།།རབ་འབྱོར་དགེ་བའི་ཆོས་བྱང་ཆུབ ་ཕྱོགས་ཀྱི་ཆོས་རྣམས་དང་།ཉན་ཐོས་ཀྱི་ཆོས་རྣམས་དང་།སངས་རྒྱས་ཀྱི་ཆོས་རྣམས་དང་།བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་།སངས་རྒྱས་ཀྱི་ཆོས་རྣམས་གང་དག ་ཡིན་པ་དེ་དག་ཐམས་ཅད་ནི།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་།འདུས་ཏེའུ་བ་ལ་ཡང་དག་པར་གཞོལ་བ་ཡིན་ནོ།།རབ་འབྱོར་གྱིས་གསོལ་པ།བཅོམ་ལྡན་འདས་ཤེས་རབ་ཀྱི ་ཏུ་ཕྱིན་པ་ལ་བསླབ་པར་བྱ།རྣལ་འབྱོར་དུ་བྱ་སྟེ།ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད།རང་སངས་རྒྱས་ཀྱི་ས་ལ་སྨོད་པར་འདོད་པས།ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདི་ཉིད་དང་།སངས་རྒྱས ་ཀྱི་ཆོས་རྣམས་དང་།བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་མཉན་པར་བྱ།གཟུང་བར་བྱ།བཅང་བར་བྱ།།ཀླག་པར་བྱ།།སྤྱན་ཆུབ་པར་བྱའོ།།དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་།། ་ཉོན་ཐོས་ཀྱི་སྒོ་རྣམས་དང་།།རང་སངས་རྒྱས་ཀྱི་ཆོས་རྣམས་དང་།བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་།སངས་རྒྱས་ཀྱི་ཆོས་རྣམས།གང་དག་ཡིན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བའི་ནང་དུ་ཆུད་ཅིང་།འདུས་ཏེའུ་བ་ལྔ་ཡང་དག་པར་གཞོལ་པོ་ཡིན་ནོ།།ཞེས་བགྱི་བ་དེ་དག་གང་ལགས།བཙོམྦ་ལྡན་འདས་ཀྱིས་བཀའ་སྩལ་པ།རབ་འབྱོར་འདི་ལྟ་སྟེ།སྦྱིན་པོ་པ ་རོལ་ཏུ་ཕྱིན་པ་དང་།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་བྱིན་པ་དང་།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།བྱས་མ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།ནང་སྟོང་པ་ཉིད་དང་།ཕྱི་སྟོང་པ་ཉིད་དང་།ཕྱི་ནང་སྟོང་པ་ཉིད་དང་།སྟོང་པ་ཉིད་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་དང་།དོན་དམ་པ་སྟོང་པ་ཉིད་དང་།འདུས་བྱས་སྟོང ་ཉིད་དང་།འདུས་མ་བྱས་སྟོང་པ་ཉིད་དང་།མཎྜའ་ལས་འདྲེས་པ་སྟོང་པ་ཉིད་དང་།ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་།དོར་བ་མེད་པ་སྤྱོད་པ་ཉིད་དང་།རང་བཞིན་སྟོང་པ་ཉིད་དང་།ས ་ཆོས་ཐམས་ཅད་སྟོང་པ་ཉིད་དང་།རང་གི་མཚན་ཉིད་སྟོང་པ་ཉིད་དང་།མི་དམིགས་པ་སྟོང་པ་ཉིད་དང་།དངོས་པོ་མེད་པ་སྟོང་པ་ཉིད་དང་།ངོ་བོ་ཉིད་སྟོང་པ་ཉིད་དང་།དངོས་པོ་མེད་པའི་ངོ་ཉིད།། ་སྟོང་པ་ཉིད་དང་།དྲན་པ་ཉེ་བར་གཞག་པ་བཞི་དང་།ཡང་དག་པར་སྤོང་བ་བཞི་དང་།རྫུ་འཕྲུལ་གྱི་རྐང་པ་བཞི་དང་།དབང་པོ་ལྔ་དང་།སྟོབས་ལྔ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ་འཕཌ་པའི་ལཾ་ཡན་ལག་བརྒྱད་པ་དང་།འཕར་པའི་བདྲེན་པ་བཞི་དང་ཥས་གཏན་བཞི་དང་།ཚད་མེད་པ་བཞི་དང་།གཟུར་མེད་པ་སྙོམས་པར་འཇུག་པ་བཞི་དང་།རྣམ་པར་ཐར་པ་བརྒྱད་དང་།མཐར་གྱིས་གནས་པའི་སྙོམས ་པར་འཇུག་པ་དགུ་དང་།རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།མཚན་མ་མེད་པ་དང་།སྨོན་པ་མེད་པ་དང་།མངོན་པར་ཤེས་པ་རྣམས་དང་།ཏིང་ངེ་འཛིན་རྣམས་དང་།གཟུངས་ཀྱི་སྒོ་ཐམས་ཅད ་དང་།དེ་བཞིན་གཤེགས་པའི་སྟོབས་བཅུ་དང་།མི་འཇིགས་པ་བཞི་དང་།སོ་སོ་ཡང་དག་པར་རིག་པ་བཞི་དང་།བྱམས་པ་ཆེན་པོ་དང་།སྙིང་རྗེ་ཆེན་པོ་དང་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ ་བརྒྱད་དང་།རྒྱུན་དུ་ཞུགས་པའི་འབྲས་བུ་དང་།ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་།ཕྱིར་མི་འོང་བའི་འབྲས་བུ་དང་།དགྲ་བཅོམ་པ་ཉིད་དང་།རང་བྱང་ཆུབ་ཉིད་དང་།ཐམས་ཅད་ཤེས་པ ་ཉིད་དང་།ལྡེམ་གྱི་རྣམ་པ་ཤེས་པ་ཉིད་དང་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།།རབ་འབྱོར་དེ་དག་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རྗེ་རྣམས་དང་།།ཉན་ཐོས་ཀྱི་ཆོས་རྣམས་དང་།རང ་སངས་རྒྱས་ཀྱི་ཆོས་རྣམས་དང་།བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་།སངས་རྒྱས་ཀྱི་ཆོས་རྣམས་གང་དག་ལགས་པ་དེ་དག།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ།། ་ཡང་དག་པར་གཞོམ་པ་རྣམས་ཡིན་ནོ།།རབ་འབྱོར་གྱིས་གསོལ་པ།བཅོམ་ལྡན་འདས་འདི་ལྟར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་།ཉན་ཐོས་ཀྱི་ཆོས་རྣམས་དང་།རང་སངས་རྒྱས་ཀྱི། ་ཆོསརྣམས་དང་།བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་།སངས་རྒྱས་ཀྱི་ཆོས་རྣམས་གང་དག་ལགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུ་བ་ལ་ཡང་དག་པར་གཞོལ ་བཱ་ནི་བཅོམ་ལྡན་འདས་ཀྱི་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་ལག་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི ་ཕྱིར་རོ།།རབ་འབྱོར་གྱིས་གསོལ་པ།བཅོམ་ལྡན་འདས་ཀྱི་མོཾ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏིང་དཔག་དཀའ་བ་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རབ་འབྱོར ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ།།རབ་འབྱོར་གྱིས་གསོལ་པ།བཅོམ་ལྡན་འདས་ཀྱེ་མ་ཨེ་ལ་ལ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ན་མཁའ་དང་མཚུངས་པ་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ།རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོབ་ཏུ་ཕྱིན་པ་ནི་ནིམ་ཁཉྩ་ལྟ་བུ་ཡིན་ནོ།།ར ་འབྱོར་གྱིས་གསེལ་པ།བཅོམ་ལྡན་འདས་ཀྱི་མ་ཨ་ལ་ལ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བརྩོན་པས་རྟོགས་པར་དཀའ་བ་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འབྱར་དེ་དེ་བཞིན་ཏེ།དེ་དེ་བཞིན་ནོ།།ཇི་སྐད་སྨྲས་པ་དེ་བཞིན་ཏེ།ཤྲཱིས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མངོན་པར་མྱི་བརྩོན་པ་དང་།དགེ་བའི་རྩ་བ་ཆུང་བ་དང་། ་ཡིད་མི་བཞུངས་པ་དང་།དེན་དུ་མ་གཉེར་བ་དང་།ཐོས་པ་དང་མི་ལྡན་པ་དང་།ཤེས་རབ་ཆུང་བ་དང་།སྡིག་པའི་གྲོགས་པོས་ཟིན་པ་དང་།སྡིག་པའི་གྲོགས་པོ་དང་འདྲེ་བ་མང་བ་དང་།སྡིག་པོའི་གྲོགས ་བོས་འཛིན་དུ་བཅུག་པ་དང་།དད་པ་ཙམ་དང་ལྡན་པ་དང་།ལས་དང་པོ་པ་དང་།སྐལ་བ་མེད་པའི་ཚུལ་ཅན་དང་།ཡོངས་སུ་མི་འདྲི་བའི་ཚུལ་དང་།ཤེས་རབ་འཆལ་བར་གྱུར་པ་བྱས་པ་དང་། ་ལེ་ལོ་ཅན་དང་།བརྩོན་འགྲུས་ཆུང་བ་དང་།སྙིང་སྟོབས་ཆུང་བ་དང་།མོས་པ་ཆུང་བ་དང་།དགེ་བའི་ཆོས་དེ་དག་ལ་མངོན་པར་མི་བརྩོན་པས་མོས་པར་དཀའ་བ་སྟེ།རབ་འབྱོར་དེ་ལྟ་བས ་ན།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མོས་པར་དཀའ་བ་ཞེས་བྱའོ།།རབ་འབྱོར་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཏེ།། ་འཛིན་ཏམ།འཆང་ངན།ཀློག་གམ།ཀུན་ཆུབ་པར་བྱེད་དམ།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན།དེས་འདས་པ་དང་མ་བྱོན་པ་དང་།ད་ལྟར་བྱུང་བའི་སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བཟུང་བ་ཡིན་ནོ།།རབ་འབྱོར་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་མྱུར་དུ་བླ་ན་མེད་པ་ལྔ ་ག་པར་རྫོན་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱུ་བར་འདོད་པས་རྒྱུན་མིའི་ཆད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་བྱ།གཟུང་བར་བྱ།བཅང་བར་བྱ།ཀློག་པར་བྱ།ཀུན་ཆུང། ་པར་བྱ་སྟེ།དེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལོ་ནས།ཚེ་དང ་ལྡན་པ་རབ་འབྱོར་དང་།དགེ་སློང་དེ་དག་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུམ ་པ་ལ་མངོན་པར་བསྟོད་དོ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་རྫོགས་སྷོ།།།།རྒྱ་གཱ་ར་སྐད་དུ།བྷ་ག་ཝ་ཏི་པྲཛྙཱ་པཱ་ར་མི་ཏཱ་སརྦ་ཏ་ཐཱ་ག་ཏཱ་མཱ་ཏཾ་ཨེ་ཀ་ཨཀྵ་རི་ནཱ་མ།བོད་སྐད་དུ། ་