| Wylie | e-texts produced with BDRC’s OCR application |
རྒྱུ་གར་གྱི་མཁན་པོ་བིདྷ་ཀ་ར་པྲ་བྷ་དང་།ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོས་བསྒྱུར།ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།།།རྒྱ་གར་སྐད་དུ།ཨཱརྱ་ཏཱ་ཡ ་སྒྱིད་ཏཱ་རི་བརྟ་ནཱ་མ་མ་ཧཱ་ཡཱན་སཱུ་ཏྲ།བོད་སྐད་དུ།འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱེ་བ་ཐེག་པ་ཆེན་པོའི་མདོ།།བམ་པོ་དང་པོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ཤིང་ཡོངས་འདུའི་དྲུང་ན།ར་མོ་ནི་ག་ལྟ་བུའི་རྡོ་ལོབ་ལ་བཞུགས་ཏེ།སྐུ ་བསྐྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་ཕྱིར་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ།ཟག་པ་ཟད་པ།རྫུ་འཕྲུལ་ཚ་བ།དབང་ཆེ་བར་གྲགས་པ། ་མཐུ་ཆེན་པོ་ཤྭ་སྟག་དང་།བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས་མངོན་པར་ཤེས་པ།བཟོད་པ་ཐོབ་པ།སྤོབས་པ་ཐོགས ་པ་མེད་པ་ཕལ་ཆེར་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ་ཤ་སྟག་དང་ཐབས་ཅིག་ཏུ་དབྱར་གནས་པར་ཞལ་གྱིས་བཞེས་ནས།དེ་ན་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས ་།ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ།།དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་ཞེས་བྱ་བ་དང་།ཟླ་མཆོག་ཅེས་བྱ་བ་གཉིས་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུག་གོ།།དེ་ནས ་ལྷའི་བུ་ཟླ་བ་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས།བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།།གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན།བཅོམ་ལྡན་འདས་དེ་བཞིན་གཤེགས་པོ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཟླ་བ་ཁྱོད་སུའི་དོན་དུ་དེ་བཞིན་གཤེགས ་པ་ལ་ཞུ་བར་འདོད།དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་ཚིགསུ་བཅད་དེ་གསོལ་པ།གང་དགྲ་བདག་ལ་སྨན་དང་སེམས་ཅན་གཞན་ལ་སྨན་སླད་ཞུགས།།སེམས་ཅན་ཀུན་ལ་སྙིང་རྗེ་སྙིང་བརྩེ ་ལེགས་པར་བསྐྱེད་ནས་ནི།།བྱང་ཆུབ་རྡུལ་བྲལ་བདུད་རྩི་འཚལ་ཞིང་དོན་དུ་སྒྲུབ་བགྱིད་པ།།ཤཱཀྱ་སེང་གེ་བདག་ནི་དེ་དག་དོན་དུ་ཞུ་བ་ཞུ།།གང་དག་མ་ཞུམ་སེམས་ཀྱིས་བསྐལ་པ་བྱེ་བར་སྤྱོད ་བགྱིད་ཅིང་།།སྡུག་བསྔལ་སྤོང་ལ་འགྲོ་བ་ཐམས་ཅད་ཀྱང་ནི་གྲོལ་བར་བགྱིད།།གང་དག་སེམས་ཅན་ཀུན་ལ་སེམས་སྙོམས་སྦྱོར་བ་སྙོམས་པར་བགྱིད།།བདག་ནི་མི་འདྲེད་དེ་དག་དོན་དུ ་ས་ཙུག་གས།།ཀླུང་དག་སངས་རྒྱས་མཚན་མ་ཆག་སུས་ནརྒྱ་གནས་རྣགས་རྣ་།།སྒྲས་རྡུས་དང་བྲལ་བ་བད་ནམས་ན་ནས་ད་ཀྱུར་རས་ཛྫརཱདྷཱམ་ད ་རྣམས་དེ་དག་འདོད་བགྱིད་པ།།གཟི་བོརྗིད་ཆེན་པོ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།།གང་དག་རྟོག་ཏུ་སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར།།གཞན་དུ་བློ་གྲོས་མི་བསྐྱེད་གཞན་དུ་ས་པ ་པར་མི་བགྱིད་དང་།གང་དག་ཉན་ཐོས་རང་རྒྱལ་དག་ཏུ་བློ་གྲོས་མི་སྐྱེད་པ།།རྩལ་རབ་བརྟན་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།།གང་དག་རྙེད་དང་མ་རྙེད་གྲགས་དང་མ་གྲགས་མཉམ་པར་སེམས ་སྨད་དང་བསྔགས་དང་བདེ་དང་སྡུག་བསྔལ་དག་གིས་སྐྱེ་མི་འགྱུར།།འཇིག་རྟེན་ཆོས་རྣམས་ཟིལ་གྱིས་མནན་ཏེ་གནས་ཤིང་བསྐྱོད་མ་མཆིས།།འཇིགས་དང་བྲལ་བ་དེ་དག་དོན་དུ་བདག་ནི་ཞུ ་བ་ལགས།།གང་དག་བདག་པངས་མཚུངས་འདྲར་གཞན་དག་ལ་ཡང་ཕངས་པར་འཛིན།།སྲིད་པ་གསུམ་ན་ཐ་དད་འབྱེད་པ་མ་མཆིས་སྦྱོར་བ་མཉམ།།གང་དག་བྱམས་པར་སེམས་ཤིང་ཚུལ ་འཆོས་ཐ་བ་སྐྱོན་མ་མཆིས།།སྐྱེ་བོ་དེ་དག་རྣམས་ཀྱི་དོན་དུ་བདག་ནི་ཞུ་བ་ལགས།།གང་དག་རྟག་ཏུ་སྦྱིན་དང་ཚུལ་ཁྲིམས་དག་ཅིང་རྣམ་དག་སྤྱོད།།བདག་ཉིད་སྤོང་བར་བགྱིད་ཀྱི་ཚུལ ་ཁྲིམས་ཕུང་པོ་གཏོང་མི་བགྱིད།།གང་དག་རྟག་ཏུ་ལུས་དང་ངག་དང་ཡིད་རྣམས་ལེགས་པར་བསྡམ་སོ།།བདག་ནི་དྲི་མེད་དེ་དག་དོན་དུ་རྒྱས་ལོ་ཞུ་བ་ལགས།།གང་དག་བཟོད་པ་སྨྲ་ཞིང ་ལགས་པར་བསྡམས་པའི་ཤེས་དང་ལྡན།།སྡུག་བསྔལ་དང་ནི་བསད་དང་བཅིང་དང་བརྡེག་པ་རྣམས་ཀྱང་བཟོད།།ཀུན་གྱིས་དཀྲུགས་ཀྱང་ཁྲོ་བ་དང་ནི་བསྐྱེད་པར་མི ་བགྱིད་པ།།ངེས་པར་བགྱིས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།།གང་དག་མཐུ་དང་བརྩོན་འགྲུས་སྟོབས་གནས་དམ་པའི་དོན་དང་ལྡན།།འཇིག་རྟེན་དོན་གྱི་སླད་དུ་རྒྱུ་ཞིང་བདག ་གི་ཕྱིར་མ་ལགས།།དཀར་པོའི་སྤྱོད་པ་རྣམས་ཀྱིས་མི་ངོམས་རྒྱ་མཚོ་ཆབ་དང་འདྲ།།ཡོན་ཏན་རྒྱ་མཚོ་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས།།གང་དག་རྣམ་པར་རྟོག་པ་སྣ་ཚོགས་ཤེས ་ཆེར་མི་འཇུག་པ།།གང་དག་ཉོན་མོངས་སྣ་ཚོགས་ཕམ་བགྱིས་འཕགས་པའི་ཡེ་ཤེས་ལྡན།།གང་དག་བསམ་གཏན་མངོན་ཤེས་རྣམ་པརྣོན་རྫུ་འཕྲུལ་རྐང་པར་ལྡན།།བསམ་གཏན ་གནས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།།གང་དག་ཤེས་རབ་ཕ་རོལ་སོན་ཅིང་ཡེ་ཤེས་མཐའ་ཡས་ལྡན།།རྟོག་དང་ཀུན་རྟོག་བྲལ་ཞིང་སྤྲོས་པ་མ་མཆིས་ཞི་བར་གྱུར།།གང་གི ་ཆོས་འདི་དབེན་ཞིང་ཡཱ་མ་བཱརླར་ཡང་རྟོགས་གྱུར་པ།།གང་ཟག་ཆེན་པོ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།།གང་དག་རྫུ་འཕྲུལ་ཤེས་ལ་མཁས་ཤིང་ཤིན་དུ་རབ་ཞི་སྤྱོད།།ཞིང ་རྣམས་ཁྲག་ཁྲིག་མཆིལ་ཞིང་དུ་འཛིན་པའང་མ་མཆིས་དང་།།སངས་རྒྱས་ཁྲག་ཁྲིག་ཕྱག་འཚལ་སངས་རྒྱས་འཛིན་པ་འང་མ་མཆིས་པ།།མཐོང་ན་དགའ་བ་དེ་དག་དོན་དུ་རྒྱ ་ལ་ཞུ་བ་ལགས།།གང་དག་ཉོན་མོངས་བདུད་དང་བྲལ་ཞིང་ཕུང་པོའི་བདུད་བཅོམ་དང་།།གང་དག་འཆི་བདག་བདུད་དང་བྲལ་ཞིང་ལྷ་ཡི་བདུད་བཅོམ་དང་།།གང་དག་བདུད་ཀུན་དེ་སྔ་བཅོམ་ནས་ནི་བྱང་ཆུབ ་རེག་གྱུར་པ།།མུན་དང་བྲལ་བ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།།གང་དག་ནགས་དང་ཚལ་དུ་བཅས་པའི་ས་གཞི་བསྐྱོད་ནས་ཀྱང་།།བྱང་ཆུབ་རྡུལ་མེད་ཡེ་ཤེས་མཆོག་ནི་འཚང་རྒྱ་དང་།།གང་དག ་སེམས་གཅིག་ལ་ནི་ཤེས་པ་ཅི་མཆིས་འབྱུང་འགྱུར་བ།།རྡོ་རྗེ་ལྟ་བུ་དེ་དག་དོན་དུ་བདག་ནི་ཞུ་བ་ལེགས།།གང་དག་ཡེ་ཤོས་ཀུན་མཁས་གཟི་བརྗིད་ཆེན་པོས་གཟི་བསྐྱེད་དང་།།གང་དག་རྟག་ཏུ ་སངས་རྒྱས་གདུང་ཕྱིར་ཆོས་སྤྱོད་རབ་ཏུ་བརྟན།།གང་དག་འདྲེན་པ་དང་ནི་དགེ་འདུན་མཁས་རྣམས་དགྱེས་དགུར་སྦྱོར།།དེ་དག་དོན་དུ་སྲིད་གསུམ་དག་ན་བདག་གི་ཞུ་བོ་ལགས།།བཅོམ་ལྡན ་འདས་ཇི་ལྟར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི་ཁྱེད་པོར་དམ་པའི་ཕ་རོལ་དུ་སོན་པ་རྣམས་ལགས།།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངསུ་བསྔོ་བ་ཤེས་པ་དང་ལྡན་པ་རྣམས་ལགས།།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཚུལ་གཅིག་པ་དང་།རོ་གཅིག་པ་དང་།འཇུག་པ་གཅིག་པ་དང་།བསྟན་པ་གཅིག་པ་ཤེས་པ་རྗེ་སུ་འཐོབ་པ་རྣམས་ལགས།བཅོམ་ལྡན་འདས་ཇི་ལྟར ་ན་བྱང་ཆུབ་སེམས་དབུའ་ས་སུས་དང་འཆེན་པ་ཟབ་མའི་ཚུལ་ཁྲིམས་ལྡན་པག་མཆིས་པར་སྤྱོད་པ་དང་།བླན་མེད་པ་ཡང་དག་པར་རྫོགས་བྱའི་བྱུང་ཆུབ་མངོན་པར་རྫོགས་པང་། ་འཚང་རྒྱ་བར་འགྱུར་བ་རྣམས་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཟླ་བ་ལིག་སོ་ལེག་སོ།།ཟླ་བ་ཁྱོད་ཀྱིས་གོ་ཆ་ཆེན ་པོ་བགོས་པ་རྣམས་དང་།འཕྲོན་པ་ཕལ་པོ་ཆེ་སྒྲོལ་བར་འདོད་པ་རྣམས་དང་།ཆོས་ཀྱི་སྒྲོན་མ་ཆེན་པོ་སྤང་བར་འདོད་པ་རྣམས་དང་།ཆོས་ཀྱི་གྲུ་ཆེན་པོ་སྒྲོལ་བར་འདོད་པ་རྣམས་དང་། ་ཆོས་ཀྱི་འཁོར་ལོ་ཆེན་པོ་སྐོར་བར་འདོད་པ་རྣམས་དང་།ཆོས་ཀྱི་རྔ་བོ་ཆེ་ཆེན་པོ་རྡུང་བར་འདོད་པ་རྣམས་དང་།ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བར་འདོད་པ་རྣམས་དང་།ཆོས་ཀྱི་ཏོག ་ཆེན་པོ་གཟུང་བར་འདོད་པ་རྣམས་དང་།ཤེས་རབ་ཀྱི་སྣང་བ་ཆེན་པོ་བྱ་བར་འདོད་པ་རྣམས་དང་།ཡེ་ཤེས་ཆེན་པོའི་རྗེསུ་འགྲོ་བར་འདོད་པ་རྣམས་དང་།ཡེ་ཤེས་ཆེན་པོ་ཡོངསུ་རྫོགས་པར ་བྱེད་འདོད་པ་དེ་དག་དང་།དེ་ལྟ་བུར་ཡོན་ཏན་ཚད་མེད་པ་དང་ལྡན་པའི་སེམས་ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ཁྱོད་ལེགསསོ།།ལྷའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་བྱོས་ཤིག་དང་།ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན ་པ་ཡིན་པ་དང་།ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངསུ་བསྔོ་བ་ཤེས་པ་དང་ལྡན་པ་ཡིན་པ་དང་།ཇི་ལྟར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཚོན་པོ་རྣམས་ཆོས་ཐམས་ཅད་ཚུལ་གཅིག་པ་དང་།རོ་གཅིག་པ་དང་།འཇུག་པ་གཅིག་པ་དང་།བཤད་པ་གཅིག་པ་ཤེས་པ་རྗེསུ་འཐོབ་པ་ཡིན་པ་དང་།ཇི་ལྟར་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་སྦྱོར་བ་དང་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བོར ་འགྱུར་བ་ཡིན་པ་ངས་ཁྱོད་ལ་བསྟན་ཏོ།།བཅོམ་ལྡན་འདས་དེ་ལྟར་འཚལོ་ཞེས་གསོལ་ཏོ།ལྷའི་བུ་ཟླ་བས་བཅོམ་ལྡན་འདས་ཀྱིས་ལྟར་མཉན་པ་དང་།བཅོམ་ལྡན་འདས་ཀྱིས་དེ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ།།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ཏེ། ་བཞི་གང་ཞེ་ན།ལྷའི་བུ་འདི་ལ་བྱང་ཆུབ་སེམ་དཔའ་སེཾ་འ་ཆེན་པོ་ནི་ཆོས་ཐམས་ཅད་ཤེས་པ་ལ་འང་མཁས་ལ་ཆོས་ཐམས་ཅད་ལའང་མངོན་པར་ཞེན་པ་མེད་དོ།།དེ་ནི་ཆོས་ཐམས་ཅད ་ནམ་མཁའ་དང་མཉམ་པར་རིག་པ་དང་།ཤེས་པ་དང་།ཐོབ་པ་དང་།མངོན་སུམ་དུ་གྱུར་པའང་ཡིན་ལ་ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་མཐུན་པར་སྦྱོར་ཏེ།ཆོས་ཀྱི་དབྱིངས་ལ་མ ་།བཏོགས་པར་ཆོས་གཞན་ཅིའང་ཡང་དག་པར་མིམ་ཛད་།།རྒྱུའི་བུད་འཆོས་ཐམས་ཅད་ཚུལ་གཅིག་པ་གང་ཞེ་ན།རྒྱུན་གྱི་མཐའ་ཐམས་དྷཱད་ཇི་ལྟར་སྟོང་དུ་ན ་ཁོ་ན་བཞིན་དུ་ཕྱི་མའི་མཐའ་ཡང་སྟོང་ལ།ད་ལྟར་བྱུང་བ་གང་ཡིན་པ་དེའང་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ།ལྷའི་བུ་དེ་ལྟར་ན་དུས་གསུམ་སྟོང་པ་ཉིད་ལ་རྣམ་པར་མི་རྟོག་པ་གང་ཡིན་པ ་དེ་ནི་ཇི་ལྟ་བ་བཞིན་ཞེས་བྱའོ།།དེ་ལ་བྱེད་པ་དང་།ཤེས་པ་དང་།སྟོན་པ་དང་།འདོགས་པ་དང་།འགྲེལ་པ་དང་།རྣམ་པར་འབྱེད་པ་དང་།གསལ་བར་བྱེད་པ་དང་།འཆད་པ་འདི་ནི ་མཁས་པ་ཞེས་བྱའོ།།དེ་ལ་ཇི་ལྟར་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་ཅེ་ན།ལྷའི་བུ་ཆོས་ཐམས་ཅད་ནི་བདག་ཉིད་ཀྱི་ཀུན་ནས་སློང་བས་ཀུན་ནས་བསླང་བ་སྟེ།དེས་ཆོས ་ཐམས་ཅད་དྲན་པ་ཉེ་བར་བཞག་པས་ཀུན་ནས་བསླང་བར་རིག་ནས་བདག་ལ་མངོན་པར་ཞེན་པ་མེད་དོ།།དེ་བདག་ལ་མངོན་པར་ཞེན་པ་མེད་པས་ཆོས་གཞན་རྣམས་སྤོང་བར་མི་བྱེད ་དོ།།ཆོས་གང་ཡང་མི་ཤེས་ཤིང་མ་བསླངས་པས་ན།དེ་ལ་མངོན་པར་ཞེན་པར་མི་ནུས་སོ།།དེ་མངོན་པར་ཞེན་པ་མེད་པས་ན་ཆོས་རྣམ་པར་གཞག་པར་ཡང་བྱེད་ལ་ཆོས་གང་ལ ་འང་མངོན་པར་ཞེན་པར་མི་འགྱུརརོ།།ལྷའི་བུ་དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ན་མཁའ་དང་འདྲ་བར་ཤེས་ཤེ་ན།ལྷའི་བུ་ཁམས ་གསུམ་པ་ནི་སེམས་ཙམ་དུ་ཟད་ལ་སེམས་དེའང་གཟུགས་མེད་པ།བསྟོན་དུ་མེད་པར།ཐོགས་པ་མེད་པ།རྣམ་པར་རིག་པར་བྱེད་པ་མ་ཡིན་པ།སྒྱུ་མ་ལྟ་བུ་སྟེ།སེམས་དེའང་སེམས་ཀྱི་ཆོས་ཉིད ་ཀྱིས་ཡོངསུ་བཙལ་ཀྱང་མི་རྙེད་དོ།།སེམས་གང་གིས་སེམས་ཡོངསུ་བཙལ་བའི་སེམས་དེའང་མི་རྙེད་དོ།།དེ་སེམས་མི་དམིགས་པས་ཆོས་ཐམས་ཅད་མི་དམིག་སོ།།ཆོས་ཐམས་ཅད་མི ་དམིགས་པས་ཆོས་གང་ཡང་མཚན་མ་འམ་རྗེ་སུ་ཡང་དག་པར་མི་མཐོང་སྟེ།ཆོས་ཐམས་ཅད་ལ་ཆགས་པར་མི་འགྱུར།།ཆོས་ཐམས་ཅད་ཡོངསུ་མ་གྲུབ་པའི་ཕྱིར་ན་མཁའ་དང་འདྲ་བར་ཤེསོ།། ་ལྷའི་བུ་དཔེར་ན་ན་མཁའ་མ་སྐྱེས་ཤིང་ཡོངསུ་མ་གྲུབ་པ་དེ་བཞིན་དུ་དེས་ཆོས་ཐམས་ཅད་ཤེསོ།།ཇི་ལྟར་ན་མཁའ་ཞེས་བྱ་བ་དེའང་དབེན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིང ་ཙམ་དུ་ཟད་དེ་དག་ཀྱང་དབེན་པའོ།།ཇི་ལྟར་བྱང་ཆུབ་སེམས་དཔས་ཆོས་ཉིད་དང་འཐུན་པར་སྦྱོར་ཞེ་ན།ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལ་སོ་སོར་ཡང་དག་པར ་བསླབས་ན།ཆོས་འདི་དག་ཐམས་ཅད་གཅིག་གིས་གཅིག་མི་ཤེས་ཤིང་མི་མཐོང་སྟེ།མིག་གིས་ཀྱང་རྣ་བ་མི་ཤེས་ཤིང་མི་མཐོང་ལ།རྣ་བས་ཀྱང་མིག་མི་ཤེས་ཤིང་མི་མཐོང་ངོ་།། ་སྣས་ཀྱང་ལྕེ་མི་ཤེས་ཤིང་མི་མཐོང་ལ།ལྕེས་ཀྱང་སྣ་མི་ཤེས་ཤིང་མི་མཐོང་ངོ་།།ལུས་ཀྱིས་ཀྱང་ཡིད་མི་ཤེས་ཤིང་མི་མཐོང་ལ།ཡིད་ཀྱིས་ཀྱང་ལུས་མི་ཤེས་ཤིང་མི་མཐོང་ངོ་།།ཆོས ་འདི་དག་རྣམས་རྣམས་པ།སྤྱོད་པ་མེད་པ།བྱེད་པ་མེད་པའོ།།དེས་ད་ཆོས་ཀྱི་དབྱིངས་དང་འང་བར་ཤེས་ཏེ།དེ་ལྟ་བུའི་ཤེས་རཔ་དང་ལྡན་པ་དེ་ནི་ཡུལ་དྲུག་ལས། ་ཆོས་གང་སྣང་བར་གྱུར་པ་ན།དེ་འདི་སྙམ་དུ་སེམས་ཏེ།འདི་ལ་ནི་གང་ཕྱི་རོལ་རིག་པར་བྱེད་པའི་ནང་གི་ཆོས་གང་ཡང་མེད་དོ།།འདི་ལ་ནི་གང་ནང་རིག་པར་བྱེད་པའི་ཕ་རོལ་གྱི་ཆོས་གང ་ཡང་མེད་དོ་སྙམ་མོ།།དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་ཆོས་གང་གིའང་སྐྱེ་བ་འམ།འགག་པ་འམ།གནས་པ་ཡང་དག་པར་མི་མཐོང་ངོ་།།ལྷའི་བུ་གང་ལ་སྐྱེ་བ་འང་མེད། ་འགག་པའང་མེད།གནས་པའང་མེད་པ་དེ་ནི་ཆོས་ཀྱི་དབྱིངསོ།།ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ།ཆོས་ཐམས་ཅད་ནི་གནས་པ་སྟེ།གཏན་དུ་མི་སྐྱེ ་བར་གནས་པའི་ཕྱིར་རོ་སྙམ་མོ།།དེ་དེ་ལྟར་ཆོས་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང་ལྡན་པས་ན།ཆོས་ཉིད་ལམ་གཏོགས་པའི་ཆོས་གང་ཡང་མི་མཐོང་ལ ་ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་མཐུན་པར་སྦྱོར་ཏེ།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི ་ཁྱད་པར་དམ་པའི་ཕ་རོལ་དུ་སོན་པ་ཡིན་ནོ།།ལྷོའི་བུ་དེ་ལ་མངོན་པར་ཤེས་པ་གང་ཞེ་ན།ལྷའི་བུ་མངོན་པར་ཤེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་ཤེས ་པདང་བྱོན་པལ།།ཝཱན་བུས་ཤས་ཤེས་བྱ་བ་ན་ཆོས་ཐམས་ཅད་ལ་ག་སུ་མ་འབྱུང་བ་གང་ཡིན་པའོ།།ལྷའི་བུ་གཉིས་མེད་པ་ཞེས་བྱ་བ་ནི་གངྒཱལ་མྱིག་དང་གཟུགས་འདོགས་པར་མ་བྱེད།རྣ་བ་དང་། ་སྒྲ་འདོགས་པར་མི་བྱེད།སྣ་དང་དྲི་འདོགས་པར་མི་བྱེད།ལྕེ་དང་རོ་འདིགས་པར་མི་བྱེད།ལུས་དང་རེག་བྱ་འདོགས་པར་མི་བྱེད།ཡིད་དང་ཆོས་འདོགས་པར་མི་བྱེད་པའོ།།བྱང་ཆུབ་སེམས་དཔལ ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ།དེའང་བསམ་པོ་ཇི་ལྟ་བ་བཞིན་དུ་སྨོན་ལམ་ཡོང་སུ་རྫོགས་ནས་ཐོབ་པར་འགྱུརརོ།།ལྷའི་བུ་བྱང་ཆུབ་སེམས་དཔའ་ཡེ་ཤེས ་དེ་ལྟ་བུ་དང་ལྡན་པ་ནི་ལྕེའི་མིག་གིས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་མཐོང་ངོ་།།སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས ་ཀྱི་དགེ་འདུན་དང་བཅས་པ་གང་དག་བཞུགས་པ་དེ་དག་ཀྱང་མཐོང་ངོ་།།སངས་རྒྱས་བཅོམ་ལྡན་འདས་དེ་དག་ཆོས་བསྟན་པ་གང་དག་ཡིན་པ་དེ་དག་ཀྱང་ལྷའི་རྣ་བའི་ཁམས་ཀྱིས་ཐམས་ཅད་ཐོས་སོ།། ་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་རྣམས་ཀྱི་བསམ་པ་དང་སྤྱོད་པ་ཐ་མ་དང་།འབྲིང་དང་།རབ་དག་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེསོ།།སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུའང ་སྐད་ཅིག་དེ་ལ་འགྲོའོ།།དེ་བདག་ཉིད་ཀྱི་སྔོན་གྱི་གནས་ཤེས་པོ་མངོན་སུམ་དུ་བྱེད་པ་ལས་ཀྱང་བརྩམས་ནས་ཆོས་སྟོན་པར་བྱེད་དེ་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས ་དེ་ལྟ་བུ་དང་ལྡན་པ་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པ་ཡིན་ཏེ།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་ཡོངསུ ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།།ཐབས་ཤེས ་པ་ལ་མཁས་ཤིང་གསལ་བ་ནི།།མངོན་ཤེས་ཆེན་པོ་ཡོངསུ་རྫོགས་པར་བྱེད།།རྟག་ཏུ་ཆོས་ཀུན་ན་མཁའ་ལྟ་བུར་ཤེས།།དེ་ནི་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།།ཆོས་རྣམས་ཐམས་ཅད་ཇི ་བཞིན་ཤེས་པ་ཡི།།མཁས་པ་མངོན་པར་ཞེན་པ་མི་བྱེད་དེ།།རྟག་ཏུ་ཆོས་ཀུན་ན་མཁའ་ལྟ་བུ་དང་།།རྟག་ཏུ་སྟོང་པའི་བདག་མེད་ཤེས་པ་ཡིན།།ཆོས་དང་ཆོས་ཀྱི་དབྱིངས་ལ་མཐུན་པར་སྤྱོད། ་ཆོས་ཀྱི་དབྱིངས་ལ་མ་གཏོགས་མཐོང་བ་མེད།།གང་གིས་དེ་མཐོང་དེ་ཡང་ལྷག་པར་མཐོང་།།དེ་ལྟར་མངོན་པར་བརྩོན་པས་མངོན་ཤེས་འཐོབ།།སྔོན་གྱི་ཆོས་རྣམས་ཇི་ལྟར་སྟོང་པ་བཞིན།། ་མ་འོངས་པ་རྣམས་དེ་བཞིན་སྟོང་པ་དང་།།དེས་ནི་ད་ལྟར་བྱུང་བའང་དེ་བཞིན་མཐོང་།།དེ་དག་སྔན་ཆད་ཇི་བཞིན་བརྗོད་པ་ཡིན།།ཆོས་རྣམས་ཐམས་ཅད་རྟག་ཏུ་དུས་གསུམ་སྟོང་།།མཁས་པ་མི ་རྟོག་རྣམ་པར་རྟོག་མི་བྱེད།།མི་རྟོག་རྣམ་པར་རྟོག་པར་མི་བྱེད་ན།།ཇི་བཞིན་མཐོང་བ་ལ་ནི་འཇིགས་པ་མེད།།དེ་ཉིད་ཤེས་ལྡན་མཁས་ལ་གསལ་བ་སྟེ།།ཆོས་ཀྱང་སྟོན་ལ་ཆོས་ཀྱི་འདུ་ཤེས ་མེད།།རློམ་སེམས་མེད་པ་ལ་ནི་རྟེན་པའང་མེད།།རྟེན་པ་མེད་པ་ལ་ནི་གཡོ་བ་འང་མེད།།ཆོས་འདི་ཐམས་ཅད་བདག་ལས་བྱུང་བ་སྟེ།།དེ་ནི་བདག་མེད་རང་བཞིན་བདག་མེད་དོ།།ཆོས་འདི་ཐམས་ཅད་བདག་མེད ་རྟོགས་ནས་ཀྱང་།།མཁས་པ་ཆོས་གཞན་ཀུན་ནས་སློང་མི་བྱེད།།མ་སྐྱེས་གང་ཡིན་དེ་ནི་འབྱུང་མི་འགྱུར།།དེ་ནི་དེ་ལ་མངོན་པར་ཞེན་པ་མེད།།རྣམ་པར་གཞག་པས་ཆོས་ཀུན་སྟོན་པར་བྱེད།།ཆོས་རྣམས་སྟོན་ཀྱང ་བདག་ལ་སེམས་པ་མེད།།སྲིད་གསུམ་ཐམས་ཅད་སེམས་ལས་འགྲུབ་པར་འགྱུར།།སེམས་དེ་ཉིད་ཀྱང་རྟག་ཏུ་བསྟན་དུ་མེད།།གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ།།མཁས་པ་དེ་ནི་སེམས་ཀྱི་ཆོས ་ཉིད་ཚོལ།།དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན།།སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་མེད།།སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པ།།སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད།།དེ་ནི་ཆོས ་རྣམས་ཀུན་གྱིས་མི་གོས་ཏེ།།དེ་ཡི་མཚན་མ་འདོད་ཆགས་འཇུག་པ་མེད།།དེ་ནི་ཆོས་ཀུན་མ་གྲུབ་ཤེས་ནས་ཀྱང་།།དེ་ཡིས་རྟག་ཏུ་ན་མཁའ་ལྟ་བུར་ཤེས།།ཇི་ལྟར་ན་མཁའ་སྐྱེས་པར་མ་གྱུར་པ།། ་དེ་བཞིན་དེ་ཡིས་ཆོས་རྣམས་ཐམས་ཅད་ཤེས།།སྙིང་པོ་མེད་པ་ན་མཁའ་མིང་གིས་བྱས།།ཆོས་རྣམས་སྟོང་པ་མིག་གིས་རྣམ་པར་བརྗོད།།ནམས་ཀྱང་རྣ་བས་མིག་ནི་མཐོང་བ་མེད།།རྣ་བ་ཡིས ་ནི་ནམ་ཡང་མིག་མ་མཐོང་།།སྣས་ཀྱང་ལྕེ་མིན་ལྕེས་ཀྱང་སྣ་མ་ཡིན།།དེ་དག་གཅིག་ལ་གཅིག་ནི་མཐོང་བ་མེད།།ལུས་ཀྱིས་ནམས་ཀྱང་ཡིད་ནི་མཐོང་མི་འགྱུར།།ཡིད་ཀྱིས་ནམས་ཀྱང ་ལུས་ནི་མཐོང་བ་མེད།།འདི་དག་ཕན་ཚུན་འདོགས་པར་མི་བྱེད་དོ།།དེ་ཕྱིར་འདི་དག་རྟག་ཏུ་དབེན་པ་ཡིན།།སྤྱོད་མེད་བྱེད་པ་མེད་པ་བེམས་པོ་སྟེ།།ཆོས་ཀྱི་དབྱིངས། ་ལ་རྟག་ཏུ་མཚུངས་ཤིང་མཉམ།།ནང་ཡང་ཕྱི་རོལ་དག་གི་མི་ཤེས་ལ།།ཕྱི་རོལ་དག་ཀྱང་ནང་གིས་མི་ཤེསོ།།དེ་ཕྱིར་ཆོས་རྣམས་འདི་དག་རབ་ཤེས་པ།།རྟག་ཏུ་དེ་ཡེ་ཤེས་པ་མཧཱའི་ཡང ་ཡས།ཕྱོགས་བཅུར་སངས་རྒྱས་བྱེ་བ་ཉན་ཐོས་བཅས།།མཐོང་དུ་ཟིན་ཀྱང་རྟོག་པར་མི་བྱེད་དོ།།ཤེས་རབ་མཐའ་ཡས་ཚུལ་ཁྲིམས་རབ་དག་པ།།དེ་དག་ཆོས་རྣམས་སྟོན་པ་གང་ཡིན་པ།། ་ལེགས་པར་གསུངས་པ་དེ་དག་ཐམས་ཅད་ཐོས།།བཟུང་ནས་ཀྱང་ནི་ཡང་དག་འཛིན་པར་བྱེད།།དེས་ནི་སེམས་ཅན་ཀུན་གྱི་སེམས་ཀྱང་ཤེས།།རྫུ་འཕྲུལ་གྱིས་ནི་ཞིང་རྣམས་བྱེ་བྱེར་འགྲོ།། ་བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་པ།།གང་གཱའི་བྱེ་སྙེད་སྔོན་གྱི་གནས་ཀྱང་དྲན།།དེ་ཕྱིར་མངོན་ཤེས་ལྔ་པོ་འདི་བསྒོམས་ན།།བདེ་གཤེགས་ཡེ་ཤེས་དང་ཡང་ཉེ་བར་འགྱུར།།མཁས ་དེ་རྟག་ཏུ་སངས་རྒྱས་བྱེ་བས་གནས།།བྱང་ཆུབ་མ་ཐོབ་པར་ཡང་དོན་བྱེད་འགྱུར།།གང་ཞིག་འདི་འདྲའི་ཆོས་བསྟན་ཐོས་ནས་ཀྱང་།།དགའ་བ་རྒྱ་ཆེན་གཙོ་བོ་སྐྱེ་འགྱུར་བ།།དེ་ལ་བདུད ་ཀྱིས་ཚུགས་པར་མི་འགྱུར་ཏེ།།མྱུར་དུ་བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ།།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན།།བསམ་གྱིས་མི་ཁྱབ ་སྷོ་ཤེས་པ་ལ་མཁས་བསོན་པར་རིག་པར་བྷ།།བཞི་གང་ཞེ་ན།འི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐབས་ལ་མཁས་པ་ཡིན་ཏེ།དེ་དྷི་།ཛ་ལྟར་བདག་ཉིད་སྡུག་བསྔམ། ་བདང་།ཡིད་མི་བདེ་བདུང་།འཁྲུག་པ་རྣམས་ཀྱིས་གནོད་པར་གྱུར་པར་མཐོང་བ་དཱི་ཝཱརྡོ་ལྟར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ།ངེས་སེམས་ཅན་རྣམས ་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་ལ་ཆོས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོག་སོ།།དེ་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྱངས་པའི ་བསོད་ནམས་ཐམས་ཅད་ཀྱི་ཕུང་པོ་ལའང་རྗེ་སུ་ཡི་རང་བར་བྱེད་ལ་སངས་རྒྱས་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་རྗེ་སུ་ཡི་རང་བར་བྱེད་དེ།དགེ་བའི ་རྩ་བ་དེའང་སེམས་ཅན་དེ་དག་ཐམས་ཅད་ཉིད་ལ་འདོར་ཞིང་ཡོངསུ་གཏོང་བར་བྱེད་དེ།གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་མི་སྔོ་བའི་སེམས་བསྐྱེད་པའང་མེད་ལ་སེམས་ལ་མ་གཏོགས ་པའི་བྱང་ཆུབ་ཀྱང་ཡང་དག་པར་མ་མཐོང་ངོ་།།བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ་སེམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་པར་ཤེས་ནས་འདྲེ་བར་བྱེད་དོ།།སེམས་དང་བྱང་ཆུབ་ལ་འང་མངོན་པར ་ཞེན་པ་མེད་ལ་ཐབས་ཤེས་པས་དགེ་བའི་རྩ་བ་འདི་རྣམ་པར་འཕེལ་བར་བྱེད་དོ།།ངེས་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་དག་པར་ཡང་དག་པར་མི་མཐོང་ལ།བསམ་གྱིས་མི་ཁྱབ་པའི ་ནཆོས་རྣམས་རྟོགས་པས་དགེ་བནི་རྩ་བ་ཡང་དག་པར་སྒྲུབ་པ་ལ་བང་ཆག་མི་ཤེས།།སེམས་ནི་པསྣ་དང་།དགེ་བའི་སྙོམས་ལའང་མཆོག་ཏུ་འཛིན་པ་མྱེ་། ་སྦྱིན་པའང་སྦྱིན་པར་བྱེད་ལ་དེ་ལའང་རྣམ་པར་མི་རྟོག་གོ།ཚུལ་ཁྲིམས་ཀྱང་སྲུང་ལ་དེ་ལ་མཆོག་ཏུ་འཛིན་པའང་མེད་དོ།།བཟོད་པའང་སྒོམ་ལ་དེ་ལ་འང་མི་གནས་སོ།།བརྩོན་འགྲུས། ་ཀྱོང་རྩོམ་ལ་དེ་ལ་འང་དབེན་པར་ཤེས་སོ།།བསམ་གཏན་ལ་འང་སྙོམས་པར་འཇུག་ལ་དེ་ལའང་མི་རྟེན་ཏོ།།ཤེས་རབ་ལ་འདྲ་སྤྱོད་ལ་དེ་ལ་འང་ཀུན་ཏུ་མི་སྤྱོད་དོ།།སེམས་ཅན ་རྣམས་ཀྱང་ཡོང་སུ་སྨིན་པར་བྱེད་ལ་དེའང་མི་དམིགས་པར་སྤྱོད་དོ།།ཞིང་ཡང་ཡོངསུ་དག་པར་བྱེད་ལ་ཕན་གདགས་པའི་ཚུལ་གྱིས་བྱུང་ངོ་།།ཡེ་ཤེས་ཀྱང་ཡོངསུ་ཚོལ་ལ་དེ་འང ་ཡོངསུ་ཚོལ་བ་མེད་པའི་ཚུལ་གྱིས་བྱེད་དོ།།ཆོས་ཀྱང་སྐྱོན་ལ་དེའང་བརྗོད་དུ་མེད་པའི་ཚུལ་གྱིས་བྱེད་དེ།ལྷའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ནི་དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བ་འང་ཚད་མེད་པར་བྱེད་དོ།།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བའང་ཚད་མེད་པར་བྱེད ་ཅེ་ན།ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ལ་ཚད་མེད་པའི་འདུ་ཤེས་བསྐྱེད་པར་བྱེད་དེ།གང་ལ་མུར་ཐུག་པ་ཡོད་པ་དེ་ལྟ་བུའི ་ནི་གང་ཡདུ་མེད་དུ།། ཧྲཱི་ཞེན།ལྷའི་བུ་ཆོས་ཐམས་ཅད་ན་སྟོང་བ་དང་།མཚན་མ་མེད་པ་དང་།སྦྱིན་པ་མྱོ་པ་སྩལ་སྟོང་བ་གང་ཡིན་པ་དེ་ནི་ཚད་མེད་དེའི་ཕྱིར་རོ།།ཚད་མེད་པར ་པའི་སེམས་ཀྱིས་ཆོས་ཀྱི་ཕྱིར་སྦྱིན་པ་ཇི་ཙམ་དུ་ཆུང་བའང་ཐབས་ལ་མཁས་པས་ཚད་མེད་པར་བྱེད་དོ།།དེ་ཅིའི་ཕྱིར་ཞེ་ན།གང་དུ་བྱང་ཆུབ་ཀྱི་སེམས་དེ་ཡོངསུ་བསྔོ་བའི་བྱང་ཆུབ་དེ་ཆུད ་མེད་པའི་ཕྱིར།།དེས་ཚད་མེད་པའི་སྤྱོད་པས་འདི་ལྟ་སྟེ།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཚད་མོད་པའི་ཆོས་ཉིད་རྟོགས་པར་འགྱུར།།ལྷའི་བུ་གཞན་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་གྱི་སྤྱོད་པཱ་ལ་འཇུག་སྟེ།དེ་ཐབས་ལ་མཁས་པས་ཆོས་ཇི་ལྟ་བྲེ་ལ་མོས་པའི་སེམས་ཅན་རྣམས་ལ་དེ་སྟེ་བུའི་མྱོས་པས་གནས་ཏོ།།སྦྱིན་པ་འམ། ་རབ་ཏུ་སྦྱིན་པའམ།ཆོས་བསྟན་པས་གནས།།ལྷའི་བུ་གཞན་ཡང་སྦྱིན་པ་བྱིན་པའི་སྒོ་ནས་དེའི་རང་བཞིན་དུ་གནས་ཏེ།།ཚུལ་ཁྲིམས་ཀྱི་རང་བཞིན་དུ་མ་ཡིན།།བཟོད་པའི་རང་བཞིན་དུ་མ ་ཡིན།།བརྩོན་འགྲུས་ཀྱི་རང་བཞིན་དྷ་མཱ་ཡིན།།བཾསམ་གཏན་གྱི་རང་བཞིན་དུ་མ་ཡིན།།ཤེས་རབ་ཀྱི་རང་བཞིན་དུ་མ་ཡིན་ཁྱོད་ཀྱི།།འོན་ཀྱང་སྦྱིན་པའང་སྦྱིན་པར་བྱེད་ཅིང་ཚུལ་ཁྲིམས ་ཀྱང་སྲུང་ལ་དེས་ཀྱང་རློམ་སེམསུ་མི་བྱེད་དོ།།ཚུལ་ཁྲིམས་དང་ལྡན་ཞིང་བཟོད་པའང་ཕུན་སུམ་ཚོགས་ལ།གཞིན་དག་གིས་བྱས་པ་དང་མ་བྱིས་པ་རྣམས་ཀྱང་བཟོད་ངོ་དོ།།དཀར་པོ ་སྤྱོད་པ་ཐམས་ཅད་ལའང་བརྩོན་འགྲུས་རློམ་ལ་བསམ་གཏན་ལའང་བསམ་གཏན་བྱེད་ཅིང་།ཤེས་རབ་ཀྱིས་ལྷག་པར་མཐོང་བ་ལའང་མཁས་སོ།།ལྷའི ་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཤེས་པ་ལ་མཁས་པ་ནི་ཉན་ཐོས་རྣམས་དང་ལྷན་ཅིག་འཁོད་ནའང་དེ་དག་ལ་འདོད་པར་ཡང་མི་བྱེད་སྐུ་དྲོའི་སྙིང་པོ་གང་ཡིན་པ་དེས་ཀྱང ་ཉེ་བར་འཚོ་བར་བྱེད།།རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་བདག་དང་ལྷན་ཅིག་འཁོད་ནའང་དེ་དག་ལ་འདོད་པར་ཡང་མི་བྱེད་ལ།དེའི་སྙིང་པོ་གང་ཡིན་པ་དེས་ཀྱང་ཉེ་བར་འཚོ་བར ་བྱེད་དེ།ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པ་ཡིནོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད ་པ་འདི་དག་བཀའ་སྩལ་ཏོ།།བདག་ཉིད་དང་ནི་གཞན་དག་གི།གཉིས་ཀའི་སྡུག་བསྔལ་རབ་ཤེས་ནས།།བདག་གི་སྡུག་བསྔལ་ཞི་བྱེད་ཅིང་།།གཞན་གྱི་སྡུག་བསྔལ་ཀུན་ཞི་བྱེད།།སེམས ་ཅན་ཐམས་ཅད་བྱང་ཆུབ་སེམས།།སེམས་དེ་ལ་ནི་འདོགས་པར་བྱེད།།སེམས་ལ་ཆོས་རྣམས་ཐམས་ཅད་ཀྱང་།།དེ་ནི་གཅིག་ཏུ་ནི་འདོགས་པར་བྱེད།།སེམས་ཅན་ཀུན་གྱི་བསོད་ནམས ་གང་།།དུས་གསུམ་གྱིས་ན་བསྡུས་རྣམས་དང་།།སངས་རྒྱས་ཀུན་གྱི་བསོད་ནམས་གང་།།དེ་དག་ཀུན་གྱི་རྗེས་ཡི་རང་།།དགེ་བ་དེ་དག་ཐམས་ཅད་ཀྱང་།།སེམས་ཅན་ཀུན་ལ་སྦྱིན་པར ་ཁྱོད།།སངས་རྒྱས་གྱོན་ཡེ་ཤེས་ཕྱིར།།ལྷག་པའི་བསམ་པས་འཇུག་པར་བྱེད།།སེམས་ནི་སྐྱེས་པ་ཐམས་ཅད་ཀྱང་།།བྱང་ཆུབ་ཏུ་ནི་མང་སུ་བསྒོ།།ཆོས་ཉིད་མ་གཏོགས་སེམས་གཞན ་ནམ།།བྱང་ཆུབ་དག་ཀྱང་མཐོང་བ་མེད།།དེ་ནི་སེམས་དང་བྱང་ཆུབ་ཀྱང་།།རྣམ་པ་གཉིསུ་མི་མཐོང་སྟེ།།བྱང་ཆུབ་དེ་ཡི་མཚན་ཉིད་གང་།།སེམས་ཀྱང་དེ་ཡི་མཚན་ཉིད་ཡིན།།མཉམ ་པ་ཉིད་ཀྱི་ཆོས་རྣམས་མཉམ།།དེ་ནི་གནས་པ་ཡོད་མེད་དོ།།འཛངས་པས་ཐབས་ལ་མཁས་པ་ནི།།དཀར་པོའི་ཆོས་ཀྱིས་རྒྱས་པར་འགྱུར།།དབྱིངས་དེ་ལ་ནི་འཕེལ་བ་མེད།། ་ཆོས་ཀྱི་དབྱིངས་ནི་བས་མི་ཁྱབ།།སངས་རྒྱས་ཆོས་རྣམས་ཚོལ་བ་ལ།།རྟག་ཏུ་ཆོག་པ་འཛིན་པར་མེད།།བདག་ནི་དཀར་པོས་རྒྱས་སོ་སྙམ།།དེ་ནི་སེམས་ཀྱིས་བསམ་མི་བྱེད།།དེ་ནི་གང་དུ ་བསྔོ་བ་ཡི།།བྱང་ཆུབ་དེ་ལའང་མཆོག་མི་འཛིན།།སྦྱིན་པའི་མི་རྟོག་སྦྱིན་པར་བྱེད།།རློམ་སེམས་མེད་པར་ཚུལ་ཁྲིམས་སྲུང་།།རྟག་ཏུ་བཟོད་པ་སྒོམ་བྱེད་ལ།།སེམས་ཅན་ལ ་ཡང་གནས་པ་མེད།།སེམས་དང་ལུས་ནི་དབེན་པ་ཡིས།།རྟག་ཏུ་བརྩོན་འགྲུས་རྩོམ་པར་བྱེད།།རྟེན་མེད་བསམ་གཏན་ཕུན་སུམ་ཚོགས།།ཤེས་རབ་ཀྱི་ནི་ཕ་རོལ་སོན།།སེམས ་ཅན་རྣམས་ཀྱང་སྨིན་བྱེད་ལ།།དེ་ནི་དམིགས་པས་གནས་པ་མེད།།ཞིང་ཡང་ཡོངསུ་སྤྱོད་བྱེད་ལ།།ལྷག་པར་འཛིན་པའང་ཡོད་མ་ཡིན།།དེ་ནི་སངས་རྒྱས་ཡེ་ཤེས་ཚོལ།། ་ཡི་གེ་རྣམས་ལའང་ཆགས་པ་མེད།།དེ་ལྟར་སྤྱོད་པ་དེ་ལ་ནི།།བྱང་ཆུབ་རྙེད་པར་དཀའ་བ་མེད།།ཚད་མེད་བསྣམ་གྱིས་མི་ཁྱབ་པའི།།སྟོང་པ་ཉིད་དང་མཚན ་མེད་དང་།།སྨོན་པ་མེད་ལ་མིས་ན་ནི།།དེ་ལ་ཆོད་ཀྱང་མེད་པར་འགྱུར།།མོས་པ་ཇི་བཞིན་གཟུང་ཕྱིར་སེམས་ཅན་ལ།།སྦྱིན་པ་སྤྱོད་ཀྱང་དེ་བཞིན་གནས་པ་མེད།།སྦྱིན་པའང ་སྦྱིན་ཕྱེད་ཡང་ནི་ལེན་པར་བྱེད།།དེ་དང་འཐུན་པར་ཆོས་ཀྱང་སྟོན་པར་བྱེད།།སྦྱིན་པ་བྱས་ཀྱང་དྲི་ལ་ཆགས་པ་མེད།།ཚུལ་ཁྲིམས་མཆོག་མིན་བཟོད་ལ་ཆགས་པ་མེད།།བརྩོན ་འགྲུས་མཆོག་མིན་བསམ་གཏན་ཆགས་པ་མེད།།ཤེས་རབ་ཡེ་ཤེས་ལ་ནི་སོར་སྣ་མེད།།སྦྱིན་པ་སྦྱིན་ཡང་དེ་ནི་ཚུལ་ཁྲིམས་སྤྱོད།།བཟོད་པ་བསྒོམ་ཡང་རྟག་ཏུ་བརྩོན ་འགྲུས་ལྡན།།བསམ་གཏན་གྱིས་ནི་རྟག་ཏུ་གནས་པ་མེད།།སྦྱིན་བྱེད་དེ་ནི་ཤེས་པས་ངེས་པར་འབྱུང་།།རང་སངས་རྒྱས་དང་ཉན་ཐོས་དེ་དག་དང་།།རྟག་ཏུ་གནས་ཀྱང ་བྱང་ཆུབ་སེམས་དཔའ་ནི།།རྟག་ཏུ་སྙིང་པོ་ཅི་ཡོད་འཚོ་བྱེད་ཀྱང་།།འཇིགས་མེད་དེ་དག་ལ་ནི་འདོད་པ་མེད།།ཆོས་འདི་དག་གིས་གནས་པ་རྫོགས་པ་ཡི།།བྱང་ཆུབ་སེམས ་དཔའ་སླད་དུ་མེད་པ་རྣམས།།ཐབས་ཀྱིས་ཤེས་པ་བསམ་གྱིས་མི་ཁྱབ་སྟེ།།དེ་དག་སྦྱིན་པ་ཆུང་ངུའང་མཐའ་ཡས་འགྱུར།།ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང ་ལྡན་ན་ཆོས་ཐམས་ཅད་ཚུལ་ཅིག་པ་དང་།རོ་གཅིག་པ་དང་།འཇུག་པ་གཅིག་པུ་དང་།བསྟན་པ་གཅིག་པར་རབ་ཏུ་ཤེ་སོ།།བཞི་གང་ཞེ་ན།ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས ་ཀྱི་དབྱིངས་མ་འདྲེས་པའི་ཤེས་པ་ལ་མཁས་པ་དང་།ཆོས་ཐམས་ཅད་སྟོང་པའི་རྗེསུ་འགྲོ་བ་དང་།ཆོས་གང་ལ་དང་སྒྲོ་འདོགས་པར་མི་བྱེད་དེ།བདག་ཏུ་སྒྲོ་འདོགས་པ་འམ།གཞན་དུ་སྒྲ ་འདོགས་པར་མི་བྱེད་པ་དང་།དབེན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པ་སྟེ།།ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཆོས་ཐམས་ཅད་ཚུལ་གཅིག་པ་དང་། ་རོ་གཅིག་པ་དང་།འཇུག་པ་གཅིག་པ་དང་།བསྟན་པ་གཅིག་པར་རབ་ཏུ་ཤེས་སོ།།དེས་དེ་ལྟར་ཤེས་པས་འཇིག་རྟེན་པ་དང་།འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་རྣམ་པ་གཉིད ་མི་འཇུག་སྟེ།ཁ་ན་མ་ཐོ་བ་དང་བཅས་པ་དང་།ཁ་ན་མ་ཐོ་བ་མེད་པ་རྣམས་དང་།ཟག་པ་དང་བཅས་པ་དང་།ཟག་པ་མེད་པ་རྣམས་དང་།འདུས་བྱས་དང་།འདུས་མ་བྱས་ཀྱི་ཆོས་རྣམས ་ཀྱི་རྣམ་པ་གཉིས་མི་འཇུག་གོ།།དེས་ནི་ཆོས་གང་ལའང་མཆོག་གམ།ཐ་མར་ཡང་དག་པར་མི་མཐོང་ངོ་།།སོ་སོའི་སྐྱེ་བོའི་ཆོས་རྣམས་དང་།དགྲ་བཅོམ་པའི་ཆོས་རྣམས་ཐ་དད་པར་ཡང ་དག་པར་མི་མཐོང་སྟེ།སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་དགྲ་བཅོམ་པའི་ཆོས་རྣམས་ཀྱི་རང་བཞིན་ཡིན་ནོ།།འབྲིར་ཡང་མེད་ལ་བསྣན་དུ་ཡང་མེད་དོ།།ཚུལ་གཅིག་པ ་འང་ཤེས་ཏེ།འདི་ལྟ་སྟེ་དབེན་པའི་ཚུལ་ལོ།།ཆོས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་དང་སྟོན་ལ་ཆོས་ཀྱི་དབྱིངས་ཆུད་པར་ཡང་ཡང་དག་པར་མི་མཐོང་ངོ་།།བཟོད་པ་གཅིག་དང་། ་ཡང་ལྡན་ཏོ།།འདི་ལྟ་སྟེ།སྟོང་པ་ཉིད་ཀྱི་བཟོད་པའོ།།སྟོང་པ་ཉིད་དང་བཟོད་པའང་རྣམ་པ་གཉིསུ་མི་འབྱེད།།འཇུག་པ་གཅིག་གིས་ཆོས་ཐམས་ཅད་ལ་འཇུག་སྟེ།འདི་ལྟ་སྟེ།མི་སྐྱེ་བའི་འཇུག་པས ་སོ།།ལྷའི་བུ་བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་ཏེ།དེ་འདི་སྙམ་དུ་བདག་ཉེ་བར་གྱུར་ཏམ།འོན་ཏེ་ཉེ་བར་མ་གྱུར་ཅིག་གུ་སྙམ་དུའང་མི ་སེམསོ།།དེ་ཅིའི་ཕྱིར་ཞེ་ན།དེས་ཚུལ་གཅིག་པ་ལས་སེམས་ཅན་རྣམས་ཀྱང་གཞན་ལ་བྱང་ཆུབ་ཀྱང་གཞན་པར་ཡང་དག་པར་མི་མཐོང་བའི་ཕྱིར་རོ།།གཞན་ཡང་འདི་ལ་སེམས་ཅན ་མི་དམིགས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་ནོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཐུག་སུ་ཆུད་ནས་ཡང་རྒྱས་པར་དཔྱད་དེ།དེའི་ཚེ་ཚིག་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།།ཆོས ་ཀྱི་དབྱིངས་ནི་འབྱེད་པར་མི་བྱེད་དེ།།ཆོས་ཀྱི་དབྱིངས་ལ་ཡང་དག་དམིགས་པ་མེད།།ཆོས་དབྱིངས་ཇི་བཞིན་ཆོས་ཀུན་དེ་དང་འདྲ།།འཛིན་པ་མེད་ཅིང་རྫས་ཀྱང་ཅི་ཡང་མེད།།ཆོས་ཀུན་སྟོང་པ་ཉིད། ་ཀྱི་རྗེ་སུ་འགྲོ།།ནང་དང་ཕྱི་རོལ་འདུས་བྱས་གང་ཡིན་པའི།།ཆོས་ཀུན་ཡ་མ་བརླ་སྟེ་བྱེད་པ་མེད།།ཆོས་རྣམས་ཐམས་ཅད་ཚུལ་གཅིག་ཡིན་པར་ཤེས།།ཆོས་རྣམས་གང་ལ་འང་སྒྲོ་ནི་འདོགས ་མི་བྱེད།།བདག་གམ་གཞན་ལའང་རྟེན་པར་མི་བྱེད།།བདག་དང་བདག་གི་སྙམ་པ་བསལ་བྱས་པ།།དེ་ལ་རྣམས་ཀྱང་ཐ་དད་དབྱེ་བ་མེད།།དབེན་པ་སྤྱོད་ཅིང་རབ་ཏུ་དབེན་ལ་གུས།།ཆོས་ཀུན་སྟོང་པ་ཉིད་དུ་ལྟ་བར ་བྱེད།།དེ་ནི་ཆོས་རྣམས་ཀུན་ལ་ལྟ་བ་ན།།དབེན་པ་ལ་ཡང་རྟོག་པར་མི་བྱེད་དོ།།འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་བསྟན་ལ།།དེ་ནི་ཤས་ཚེར་གཉིསུ་མི་འཇུག་སྟེ།།ཁ་ན་མཐོ་ཁ་ནཾ་མ་ཐོ་མེད།།ཟག ་བཅས་ཟག་མེད་ཆོས་ལ་དེ་མི་རློམ།།འདུས་བྱས་རྣམས་དང་འདུས་མ་བྱས་རྣམས་ལ།།གཉི་སུ་མི་འབྱེད་རྟག་ཏུ་གཅིག་པར་ལྟ།།སོ་སོའི་སྐྱེ་བོ་འམ་དགྲ་བཅོམ་གང་ཡིན་པ།།ཕན་གདགས་ངོས་སུ ་གྱུར་པའི་ཆོས་མ་མཐོང་།།སོ་སོའི་སྐྱེ་བོའི་རང་བཞིན་གང་བསྟན་པ།།དེ་དག་ཉིད་ནི་དགྲ་བཅོམ་ཆོས་རྣམས་ཡིན།།དབྲིར་ཡང་མེད་ལ་བསྟན་དུའང་ཅི་ཡང་མེད།།དབེན་པའི་སྒོ་ནས་ཚུལ་གཅིག ་ཁང་དུ་ཚུད།།དེ་ནི་ཆོས་ཀུན་རབ་དབྱེ་ཤེས་མོད་ཀྱི།།ཆོས་ཀྱི་དབྱིངས་ལ་འབྱེད་པར་ཡོང་མི་བྱེད།།ཆོས་འདི་ཐམས་ཅད་སྟོང་པ་མ་གཏོགས་པ།།བཟོད་པའང་གཞན་ལ་འདོད་པའང་གཞན་མ ་ཡིན།།སྟོང་པ་ཉིད་ལ་མི་རློམ་སོམ་ཉི་མེད།།འདི་དག་སྐྱེ་མེད་རང་བཞིན་འབྱུང་བ་མེད།།དེས་ནི་འཇུག་པ་གཅིག་པར་ཐམས་ཅད་ཤེས།།དེ་ལྟར་སྤྱོད་པ་དེ་ལ་བྱང་ཆུབ་སླ།།བྱང་ཆུབ ་མཚུངས་མེད་ལ་ནི་ཉེ་བར་གྱུར།།བདག་དང་བྱང་ཆུབ་ལ་ཡང་སེམས་དཔའ་མེད།།ཆོས་རྣམས་འདི་དག་ཐམས་ཅད་བདག་ནི་དམིགས།།དེས་ནི་དམིགསུ་མེད་པར་བྱང་ཆུབ ་རྟོགས།།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེ་སྣ་བཞི་དང་ལྡན་ན་ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་གནས་པ་ཞེས་བྱའོ།།བཞི་གང་ཞེ་ན།ལྷའི་བུ ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཏེ།ཚུལ་ཁྲིམས་ཞེས་བྱ་བ་འདི་གང་ཡིན་སྙམ་མོ།།དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས ་ཏེ།ལུས་ཀྱི་ལེགས་པར་སྤྱོད་པ་དང་།ངག་གིས་ལེགས་པར་སྤྱོད་པ་དང་།ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཞེས་བྱ་བ་ཡིན་ནོ་སྙམ་མོ།།དེ་འདི་སྙམ་དུ་སེམས་ཏེ ་དེ་ལ་ལུས་ཀྱིས་ལེགས་པོར་སྤྱོད་པ་གང་ཞེ་ན།ལུས་ཀྱིས་སྲོག་གཅོད་པ་འམ།མ་བྱིན་པར་ལེན་པ་འམ།འདོད་པ་ལ་ལག་པར་གཡེམ་པའི་ལྷམ་བྱས་པ་གང་ཡིན་པ་དེ་ནི་ལུས་ཀྱི་ལེགས ་པབར་སྤྱོད་པ་ཡིན་ནོ།།དེ་ལ་ངག་གིས་ལེགས་པར་སྤྱོད་པ་གང་ཞེ་ན།ངག་གིས་རྫུན་དུ་སྨྲ་བ་འམ།ཕྲ་མ་འམ།ངག་ནུབ་པོ་འམ།ཚིག་ཀྱལ་པའི་ལོས་མ་བྱས་པ་གང་ཡིན་པའི་དེ་ནི་ངག ་གི་ལེགས་པར་སྤྱོད་པ་ཡིན་ནོ།།དེ་ལ་ཡིད་ཀྱི་ལེགས་པར་སྤྱོད་པ་གང་ཞེ་ན།ཡིད་ཀྱིས་བརྣབ་སེམས་སམ།གནོད་སེམས་སམ།ལོག་པར་ལྟ་བའི་ལས་མ་བྱས་པ་གང་ཡིན་པ་དེ ་ནི་ཡིད་ཀྱི་ལེགས་པར་སྤྱོད་པ་ཡིན་ནོ་སྙམ་མོ།།དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན་དེ་འདི་སྙམ་དུ་སེམས་ཏེ།ལུས་སམ།ངག་གམ།ཡིད་ཀྱི་ལས་བྱས་པ་གང་ཡིན་པ་དེ་ནི་སྔོན་པོ ་ཞེས་བྱ་བ་འམ།སེར་པོ་ཞེས་བྱ་བའམ།དམར་པོ་ཞེས་བྱ་བའམ།དཀར་པོ་ཞེས་བྱ་བའམ།བཙོད་ཀའམ།ཤོལ་གྱི་ཁ་དག་སྟ་བུ་ཞེས་བྱ་བར་གྲདགས་པར་མི་ནུས་ལ།དེ་ནི་མིག་གིས་རྣམ ་པར་ཤེས་པར་བྱ་བ་འམ།རྣ་བས་རྣམ་པར་ཤེས་པར་བྱ་བ་འམ།སྣས་རྣམ་པར་ཤེས་པར་བྱ་བ་འམ།ལྕེས་རྣམ་པར་ཤེས་པར་བྱ་བ་འམ།ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འམ།ཡིད་ཀྱིས ་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་དེ་ནི་མ་སྐྱེས་པ་དང་།མི་བསྐྱེད་པ་དང་།མ་བསྐྲུན་པ་དང་།མ་བཀག་པའི་ཕྱིར་རོ།།གང་མ་སྐྱེས་པ་དང་།མ་བསྐྱེད་པ་དང་།། ་མ་བསྐྲུན་པ་དང་།མ་བཀག་པ་དེ་ནི་ཆོས་གང་གིས་ཀྱང་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རོ་སྙམ་མོ།།དྲི་འདི་སྙམ་དུ་སེམས་ཏེ།གང་འདུས་མ་བྱས་པ་དེ་ནི་ཚུལ་ཁྲིམས་ཡིན ་ཏེ།།དེ་ལ་ནི་གདགས་པ་ཅིའང་མེད་དོ།།གང་གདགསུ་མེད་པ་དེ་ལ་ནི་བདག་གིས་ཀྱང་མངོན་པར་ཞེན་པར་བྱར་མེད་དོ་སྙམ་སྟེ།དེ་དེ་ལྟར་སྤྱོད་པ་ནི་ཚུལ་ཁྲིམས་དེ་ཡང་དག་པར་མི་མཐོང་ངོ་།། ་གང་དུ་ཚུལ་ཁྲིམས་དེ་ཡོངསུ་བསྔོས་པ་དེ་ཡང་དག་པར་མ་མཐོང་སྟེ།དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ།།ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ནི་འཇིག་ཚིགས་ལ་ལྟ་བ་ཡོངསུ་ཤེས་པའི་ཤེས་པ་དང་ལྡན་པ་ཡིན་ཏེ།ལྟ་བ་གང་གིས་ཚུལ་ཁྲིམས་དང་ལྡན་པ་འམ།ཚུལ་ཁྲིམས་འཚལ་པ་ཞེས་སྤྲོས་པར ་འགྱུར་བའི་འཇིག་ཚོགས་ལ་ལྟ་བ་སློང་བར་མི་བྱེད་དོ།།ལྟང་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཟབ་མོའི་ཚུལ་ལ་ཞུགས་པ་ཡིན་ཏེ།དེ་ནི་ལུས ་དང་ངག་གི་སྤྱོད་པ་དང་།སྤྱོད་ཡུལ་ཤེས་པ་བཞིན་དུ་སྤྱོད་པས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ།།དྲི་དང་བདག་ལ་དམིགས་པ་དང་།གཞན་ལ་དམིགས་པར་སྤྱོད་པར་མི་བྱེད་དེ།དེས་ན ་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ།།ལྷའི་བུ་གཞོན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་མ་ཉམས་པ་དང་།ཚུལ་ཁྲིམས་མོ་ཞིག་པ་ཡིན་ནོ།།ལྷའི ་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་མ་ཉམས་པ་དང་།ཚུལ་ཁྲིམས་མ་ཞིག་པ་ཡིན་ཞེ་ན།ལྷའི་བུ་བདག་ལ་དམིགས་པ་ནི་ཚུལ་ཁྲིམས་ལ་དམིགས ་པར་འགྱུརརོ།།ལྷའི་བུ་གང་དག་བདག་ལ་མི་དམིགས་པ་དེ་ནི་ཚུལ་ཁྲིམས་ལ་མི་དམིགས་སོ།།གང་ཚུལ་ཁྲིམས་ལ་མི་དམིགས་པ་དེ་ནི་ཚུལ་ཁྲིམས་ཉམ་པར་མི་བྱེད་ཅིང་།དེ་ནི ་ཚུལ་ཁྲིམས་འཇིག་པར་མི་བྱེད་དོ།།ཅིའི་ཕྱིར་ཉམས་པར་མི་བྱེད།འཇིག་པར་མི་བྱེད་ཅེ་ན།དེ་ནི་གཞན་ལས་ཆོས་ཐམས་ཅད་ཤེས་པ་ཡིན་ཏེ།གང་གཞན་ལས་འགྱུར་པ་དེ་ལ་ནི ་བདག་ཀྱང་མེད།།བདག་གི་བའང་མེདདོ།།གང་ལ་བདག་མེད་པ་དེ་ལ་ནི་འཇིག་པར་འགྱུར་བ་ཅིའང་མེད་དེ།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག ་དང་ལྡན་ན་ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་གནས་པ་ཞེས་བྱའོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།།ལུས་དག་ངག་དག་ཡིད་ཀྱང་དག་པ ་གང་།།དེ་ནི་རྟག་ཏུ་དག་པར་སྤྱོད་པ་སྟེ།།རྟག་ཏུ་ལེགས་པར་བསྡམས་ཤིང་གནས་པ་དེ།།བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན་ཞེས་བྱ།།ལས་ལམ་བཅུ་པོ་རབ་དག་འདི་དག ་རྣམས།།བྱང་ཆུབ་སེམས་དཔའ་མཁས་པ་གང་སྲུང་ཞིང་།།ལུས་དང་ངག་དང་ཡིད་ཀྱིས་གང་བྱས་པ།།དེ་ནི་མཁས་རྣམས་ཚུལ་ཁྲིམས་ཡིན་ཞེས་བརྗོད།།མ་བྱས་མ་བསྐྱེད་མ་སྐྱེས ་གང་ཡིན་པ།།དེ་ལ་བསྔགས་པ་མེད་ཅིང་གནས་པ་འང་མེད།།གང་ལ་བསྔགས་པ་མེད་ཅིང་གནས་པའང་མེད།།དེ་ལ་ནམས་ཀྱང་གདགས་པ་རྙེད་མི་འགྱུར།།རྟག་ཏུ་ཚུལ་ཁྲིམས་མ ་ཉམས་མ་ཞིག་གང་།།དེ་ནི་མིག་གིས་ཤེས་པར་མི་ནུས་ལ།།རྣ་བས་མི་ཤེས་སྣ་དང་ལྕེས་མ་ཡིན།།ལུས་དང་ཡིད་ཀྱིས་རྣམ་པར་མི་ཤེསོ།།དབང་པོ་དྲུག་གིས་མི་ཤེས་གང ་ཡིན་པ།།དེ་ལ་གནས་པར་བྱ་བར་མི་ནུས་ཏེ།།དེ་ཉིད་ཚུལ་ཁྲིམས་ཡོངསུ་དག་པར་མཐོང་།།ནམ་ཡང་ཚུལ་ཁྲིམས་དམིགས་ཏེ་གནས་པ་མེད།།དེ་ནི་ཚུལ་ཁྲིམས་ཙམ་ངེས ་རློམ་པ་མེད།།དེ་ནི་བདག་ཏུ་འདུ་ཤེས་ཁྲིམས་མི་སྲུང་།།ཚུལ་ཁྲིམས་སྲུང་ཡང་ཚུལ་ཁྲིམས་འདུ་ཤེས་མེད།།དྲན་ལྡན་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།།འཇིག་ཚོགས་ལྟ ་བ་རྣམ་པར་གསལ་བྱས་པ།།དེ་ལ་ལྟ་བར་བྱས་པས་འབྱུང་མི་འགྱུར།།གཱང་ལ་ལྟ་མེད་ལྟ་བའི་གནས་མེད་པ།།དེ་ནི་ཚུལ་ཁྲིམས་ཚུལ་ཁྲིམས་འཆལ་མི་རློམ།།ཟབ ་མོའི་ཆོས་ཀྱི་ཚུལ་ལ་ཞུགས་པ་སྟེ།།དེ་ཡི་ཚི་ག་བརྟགས་པ་མ་ཡིན་ལ།།ཤིན་ཏུ་ཤེས་བཞིན་ལྡན་ཞིང་ལེགས་པར་གསུངས།།ཚུལ་ཁྲིམས་སྒོ་ནས་གཞན་གྱིས་བརྙས་མི་འགྱུར།། ་བདག་ཏུ་དམིགས་པས་ཚུལ་ཁྲིམས་དམིགས་པར་འགྱུར།།གང་ལ་བདག་མེད་དེ་ལ་ཚུལ་ཁྲིམས་མེད།།བདག་གམ་ཡང་ན་ཚུལ་ཁྲིམས་རློམ་པ་དེ།།མཐའ་ཞེས་བྱ་སྟེ་གཉིས་ཀ། ་འཇིགས་མ་ཡིན།།བདག་མེད་སྨྲ་བ་ཚུལ་ཁྲིམས་རློམ་པ་མེད།།བདག་མེད་སྨྲ་བ་ཚུལ་ཁྲིམས་རྟེན་པ་མེད།།བདག་མེད་སྨྲ་ལ་ཚུལ་ཁྲིམས་རློམ་པ་མེད།།བདག་མེད་སྨྲ་ལ་ཚུལ་ཁྲིམས། ་སེམས་དཔའ་མེད།།ཚུལ་ཁྲིམས་མ་ཉམས་ཚུལ་ཁྲིམས་མ་རྨོངས་པ།།བདག་ནི་ཚུལ་ཁྲིམས་ལྡན་ཞེས་བདག་མི་རློམ།།གང་ལ་བདག་དང་ཚུལ་ཁྲིམས་འདུ་ཤེས་མེད།།དེ་འདྲ་འདི ་ནི་ཟབ་པ་ཞེས་ཀྱང་བརྗོད།།གང་གི་ཚུལ་ཁྲིམས་དེ་འདྲར་འཇིགས་མེད་པ།།དེ་ལ་ནམས་ཀྱང་འཆལ་པའི་ཁྲིམས་མི་འབྱུང་།།ཆོས་ཀུན་དམིགསུ་མེད་པ་གང་ཡིན་པ།།དེ་འདྲའི་ཚུལ ་ཁྲིམས་འཕགས་པ་རྣམས་ཀྱིས་བསྔགས།།བྱིས་པ།གང་དག་བདག་ཏུ་ལྟ་ལ་གནས།།ཚུལ་ཁྲིམས་སྲུང་ཞིང་བདག་ནི་ཁྲིམས་ལྡན་སྙམ།།ཚུལ་ཁྲིམས་བདེ་བ་མ་ལུས་ཟད་གྱུར ་ནས།།དེ་དག་ངན་འགྲོ་གསུམ་ལས་ཐར་མི་འགྱུར།།གང་དག་བདག་ཏུ་ལྟ་བ་མཐའ་དག་བསལ།།དེ་དག་འདིར་ནི་བདག་དང་བདག་གི་མེད།།བདག་ཏུ་ལྟ་མེད་གང་དེ་ཚུལ་ཁྲིམས་ལྡན།།དེ་ལ ་ཕྱིན་ཆད་ལོག་པར་ལྟུང་འཇིགས་མེད།།གང་ཞིག་ཚུལ་ཁྲིམས་རྣམ་པ་འདི་འདྲར་ཤེས།།དེ་ལ་འཆལ་པའི་ཚུལ་ཁྲིམས་ལྟ་མི་ནུས།།བདུག་དང་དེ་བཞིན་རྣམ་གསུམ་མི་མཐོང་ན།།ཚུལ ་ཁྲིམས་ཚུལ་ཁྲིམས་འཆལ་ལྟ་ཅི་ཞིག་སྨོས།།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཇི་ཙམ་དུ་ཟབ་པ་ནི་ངོ་མཚར་ལགསོ།།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་མི ་གནས་པ་དང་།ལེན་པ་མ་མཆིས་པས་ཆོས་ཇི་ལྟ་བ་བཞིན་དུ་གནས་ལ།རྣམ་པར་རྟོག་པ་ཐམས་ཅད་ཡང་དག་པར་ཆད་པ་དང་།བདག་ཏུ་འདུ་ཤེས་པ་དང་བྲལ་བ་དང་།བསྐལ་པ ་གྲངས་མ་མཆིས་པར་ཡང་སྤྱོད་པ་དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངསུ་མ་རྫོགས་ཀྱི་བར་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡང་མི་ལྷུང་ལ་བར་མ་དོར་རྣམ་པར་བྱང་བར ་ཡང་མི་འགྱུར་བའང་ངོ་མཚར་ཆེ་ལག་སོ།།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་ཆོས་ཟབ་མོ་རྣམས་ལའང་སྤྱོད་ལ།ཡང་དག་པའི ་མཐའ་ཡང་མངོན་སུམ་དུ་མི་བགྱིད་ལགས།།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ལྷའི་དུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ལྷའི་བུ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཆོས་ཟབ་མོ་རྣམས་ལའང་སྤྱོད་ལ།ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ།།བཞི་གང་ཞེ་ན།ལྷའི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར་དམ་བཅས་པ་ལ་བརྟུན་པས་སྙིང་པོ་ལ་གནས་པ་དང་།སེམས་ཅན་ཐམས་ཅད་ཡོངསུ་མི་གཏོང ་བར་གནས་པའི་ཕྱིར་ཞུམ་པ་མེད་པའི་བརྩོན་འགྲུས་དང་ལྡན་པ་དང་།སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་ལ་ཞུགས་པའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་།དགེ་བའི་རྩ་བ ་ཐམས་ཅད་ཡོངསུ་བསྔོ་བ་ལ་མཁས་པའི་ཕྱིར་ཐབས་ལ་མཁས་པ་སྟེ།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཆོས་ཟབ་མོ་རྣམས་ལའང ་སྤྱོད་ལ།བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུའང་མི་བྱེད་དོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།།མཁས་པ་རྟག་ཏུ ་ཡི་དམ་བཅས་ལ་བརྟན།།སྔོན་ཆད་ཡི་དམ་བཅས་པ་སྤོང་མི་བྱེད།།དཔའ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིར།།ཐེག་པ་གཞན་ལ་འདོད་པ་སྐྱེད་མི་བྱེད།།རྟག་ཏུ་བག ་དང་ལྡན་ཞིང་བརྩོན་འགྲུས་རྩོམ།།ཞུམ་པ་མེད་པའི་སེམས་ཀྱིས་རྟག་ཏུ་སྤྱོད།།དེ་ཡིས་སེམས་ཅན་གང་ཡང་གཏང་བ་མེད།།དེ་ཡི་སེམས་ནི་སེམས་ཅན་ཀུན་ལ་སྙོམས།།འཇིག་རྟེན་འདི་དག་ཀུན ་ལ་སྙིང་རྗེ་བས།།སྡུག་བསྔལ་བཟོད་ཅིང་སེམས་ཀྱང་ཞུམ་པ་མེད།།ཅི་ནིས་སངས་རྒྱས་གདུང་ནི་མི་འཆད་པ།།དེ་ཕྱིར་དཀོན་མཆོག་མང་པོ་འབྱུང་བར་བྱེད།།མཁས་རྣམས་ཐབས་ཤེས་པ ་ལ་ལེགས་པར་བསླབས།།ལེ་ལོ་མེད་པར་དགེ་བ་ཡོངསུ་བསྔོ།།འཁོར་བའི་ཆུ་བོ་ལ་ནི་ཕན་ཕྱིར་བརྩོན།།བར་མ་དོར་ནི་ཟག་རྣམས་ཟད་མི་བྱེད།།བྱང་ཆུབ་སེམས་དཔའ་འཇིགས་མེད་གང་དག ་གིས།།ཆོས་རྣམས་འདི་དག་ལེགས་པར་བསྡུས་པར་གྱུར།།དེ་དག་ཟབ་མོའི་ཆོས་རྣམས་སྤྱོད་པ་སྟེ།།ནམས་ཀྱང་ཡང་དག་མཐའ་ལ་རེག་མི་འགྱུར།།དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ལྷའི ་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སོ་སོའི་སྐྱེ་བོའི་ཆོས་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངསུ་བསྒྲུབ་པའང་ཡོངསུ ་ཚོལ་བར་མི་བྱེད་ལ།སོ་སོའི་སྐྱེ་བོའི་ཆོས་རྣམས་གསལ་བར་ཡང་མི་བྱེད།།སངས་རྒྱས་ཀྱི་ཆོས་ཀྱང་རྣམ་པར་དོག་པར་མི་མཐོང་སྟེ།སོ་སོའི་སྐྱེ་བོའི་ཆོས་མ་གཏོགས་པར་སངས་རྒྱས ་ཀྱི་ས་འཐོབ་པ་ཡོངསུ་མི་ཚུལ་ལོ།།ས་པའི་སྐྱེ་བོའི་ཆོས་རྣམས་ཀྱང་གཞན་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནོ་ཞེས་དེ་ལྟར་མི་སྤྱོད་དོ།།སོ་སོའི་སྐྱེ་བོའི་ཆོས ་རྣམས་ནི་ཆུང་ལ་སངས་རྒྱས་ཀྱི་ཆོས་རྣམས་ནི་རྒྱ་ཆེའོ་ཞེས་དེ་ལྟར་མི་སྤྱོད་དོ།།སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཟག་པ་དང་བཅས་པ་ཡིན་ལ་སངས་རྒྱས་ཀྱི་ཆོས་རྣམས་ནི་ཟག་པོ་མེད་པའོ། ་ཞེས་དེ་ལྟར་མི་སྤྱོད་དོ།།གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ།སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་རྣམས་དང་།སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་རྣམས་ནི་ཤེས་པ་འམ།མཐོང ་བ་འམ།ཉེ་བར་བརྟག་པར་མི་ནུས་སོ།།དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་དེ་དག་ནི་སྟོང་པ་ཡིན་ལ་སྟོང་པ་ཉིད་ལ་ནི་ཤེས་པ་འམ།མཐོང་བ་འམ།ཉེ་བར་རྟོག་པ་མེད་དེ།འདི་ལྟ་སྟེ།རང ་བཞིན་གྱིས་བེམས་པོ་ཡིན་པའི་ཕྱིར་རོ་སྙམ་མོ།།ལྷའི་བུ་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་དང་།ཆོས་ཀྱི་ངོ་བོ་ཉིད་དང་།ཆོས་གནས་པ་ཉིད་དང་།ཆོས་ཇི་ལྟ་བ་བཞིན་པ་གང་ཡིན ་པ་དེ་ལ་ནི་གཉིས་པོ་གང་གིས་སོ་སོའི་སྐྱེ་བོ་ཞེས་བྱ་བ་འམ།ཉན་ཐོས་ཞེས་བྱ་བ་འམ།སངས་རྒྱས་ཞེས་བྱ་བ་འམ།ཡང་དག་པར་རྫོགས་པར་སངས་རྒྱས་ཞེས་བྱ་བར་གཉི་སུ་དབྱེ་བའི ་གཉིས་པ་ཅིའང་མེད་དོ།།ལྷའི་བུ་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་གང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་དེ་ལྟ་བུའི་ཆོས་གང་ཡང་མེད་དོ།།དེ་ཅིའི་ཕྱིར་ཞེ་ན།ལྷའི ་བུ་ཆོས་རྣམས་ཀྱི་ཆོས་སྨྲ་བར་བྱ་བ་གང་ཡིན་པ་དེ་ནི་སླར་མེད་པའོ།།སླར་མེད་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པའོ།།བརྗོད་དུ་མེད་པ་གང་ཡིན་པ་དེ་ལ་ནི་ཡོད་པ་མེད་དོ།།གང་ལ་ཡོད་པ་མེད་པ་དེ་ལ་ནི ་འབྱུང་བ་མེད་དོ།།གང་ལ་འབྱུང་བ་མེད་པ་དེ་ལ་ནི་དངོས་པོའི་རྣམ་པར་རིག་པ་མེད་དོ།།ལྷའི་བུ་ཆོས་ཐམས་ཅད་ནི་དངོས་པོ་རྙེད་པ་འདྲ་ཡིན་ཏེ།གང་ན་ཆོས་ཐམས་ཅད་ཀྱི་བགྲང་བ་དེ་ལས་གྲོལ་བ ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ཏེ།ལྷའི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའི་སྤྱོད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ནོ་ཞེས་དེ་ལྟར་རིག་པར ་བྱའོ།།གང་རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ལ་ནི་གཉི་སུ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ཡོད་དེ།།དེ་དག་ནི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལ་སྤྱོད་པའོ།།གང་དག་སངས་རྒྱས་ཀྱི་ཆོས ་ཟག་པ་མེད་པ་གང་དག་ཡིན་པ་དེ་དག་ལའང་རྟོག་ལ།དེ་དག་ལ་བརྟགས་ནས་ཀྱང་ཟག་པ་རྣམས་སློང་བར་བྱེད་པ་དེ་དག་གིས་ནི་ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པའམ།རྣམ་པར ་བྱང་བ་མེད་པར་མི་ཤེསོ།།ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་གང་ཡིན་པ་དེ་དག་ནི་ཆོས་གང་ལ་འོང་ཀུན་ནས་ཉོན་མོངས་པའི་ཆོས་སམ།རྣམ་པར་བྱང་བའི་ཆོས་སུ་འཛིན་པ ་འང་མེད་ན།ཀུན་ནས་ཉོན་མོངས་པའི་ཆོས་སམ།རྣམ་པར་བྱང་བའི་ཆོས་སུ་དམིགས་པ་ལྟ་ག་ལ་ཡོད་དེ།དེ་ནི་གནས་མེད་དོ།།ལྷའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ཡིན་ཏེ།གླང་སངས་རྒྱས་ཀྱི་རློས་མ་ཡིན་པའི་ཆོ་སྣ་གང་ཡང་མེད་པར་མཐོང་ལ།གང་གིས་མཐོང་བ་དེ་འདུ་ལྷག་པར་མཐོང་བ་དང་།ཇི་ལྟར་མི་མཐོན། ་བདེ་ལྟ་བུར་མཐོང་སྟེ།དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཚུག་སོ།།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས ་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འདི་ལྟ་བུའི་ཆོས་རྣམས་ལའང་ཉེ་བར་རྟོག་ལ་སྐྱེ་བ་འང་རྩོམ་པར་བགྱིད་དེ།སྐྱེ་བ་དང་།འགུམ་པ་དང་། ་གུམ་ནས་ཀྱང་སྐྱེ་བར་འགྱུར་བ་ནི་ངོ་མཚར་ལགསོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ལྷའི་བུ་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པ་ནི་འོང་བ་དང་།འགྲོ་བ་དང་།འདུག་པ་དང་།ཉལ་བ་དང་། ་སྨྲ་བར་ཡང་བྱེད་ལ།དེའང་རྣམ་པར་མི་རྟོག་པ་དེ་བཞིན་དུ།ལྷའི་བུ་གང་གིསྣ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུརོ་ཤེས་པ་དེ་ནི་འགྲོ་བ་དང་སྐྱེ་བ་ཐམས་ཅད་ཀྱང་སྟོན་ལ་དེའང་རྣམ་པར་མི་རྟོག་གོ།། ་དྷིའི་བུ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང་།འབྱུང་བའང་རློམ་སེམས་སུ་མི་བྱེད་ལ་སྔོན་གྱི་བྱིན་གྱིས་བརླབས་ཀྱིས་སྐྱེ་བར་འགྱུརརོ།།དེ་སྐད་ཅེས་བཀའ་སྩལ་པ་དང་།བཅོམ་ལྡན ་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་སྐྱོ་བ་དང་།འབྱུང་བའང་རློམ་སེམསུ་མི་བྱེད་ཅེས་བཀའ་སྩལ་པ་དེ ་ལ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ལྷ་མོ་སྒྱུ་འཕྲུལ་ལས་འཁྲུངས་ཏེ།སྐུ་སྐྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་དབྱར་གནས་པར་ཞལ་གྱིས་བཞེས ་ན།ཇི་ལྟར་དེ་བཞིན་གཤེགས་པ་རློམ་སེམསུ་མི་མཛད་ལགས།བཀའ་སྩལ་པ།ལྷའི་བུ་དེ་བཞིན་གཤེགས་པ་ནི་ལྷ་མོ་སྒྱུ་འཕྲུལ་ལས་མ་སྐྱེསོ།།གསོལ་པ།འོ་ན་དེ་བཞིན་གཤེགས་པ་གང ་ལས་འཁྲུངས་ལགས།བཀའ་སྩལ་པ།ལྷའི་བུ་དེ་བཞིན་གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཏེ།ལྷོའི་བུ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་བཅོམ ་ལྡན་འདས་རྣམས་སྐྱེད་པའི་ཡུམ་ཡིན་ནོ་ཞེས་སྨྲ་བ་ནི་ཡང་དག་པར་སྨྲ་བ་ཡིནོ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ནི་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན ་འདས་རྣམས་སྐྱེད་པའི་ཡུམ་ཡིན་ནོ་ཞེས་སྨྲ་བ་ནཱི་ཡང་དག་པར་སྨྲ་བ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ལྷ་མོ་སྒྱུ་འཕྲུལ་ལས་སྐྱེ་བ་མ་ཡིན་གྱི།། ་ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩི་གཉིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལིཾ་བསླབས་པས་མངོན་པར་གྲུབ་པ་ཡི་ནོ།།ལྷའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་ནི ་ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱི།དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་འགྲུབ་པ་ཡིནོ།།ལྷའི་བུ་དེ་བཞིན་གཤེགས་པཱི། ་མི་འཇིགས་པ་བཞི་བློ་འདི་དག་ནི་གྷུམྦོ་སྒྱུ་འཕྲུལ་ལས་སྐྱེས་པདྨའོ།།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་དང་བྱམས་པ་ཆེན་པོ་དང་།སྙིང་རྗེ་ཆེན་པོ་དང་།དགའ ་བ་ཆེན་པོ་དང་།བཏང་སྙོམས་ཆེན་པོ་དང་།སྤྱི་གཙུག་བལྟར་མི་མཐོང་བ་དང་།གཤེགས་པ་ཡོད་དོན་ཡོད་པ་དང་།སངས་རྒྱས་ཀྱི་སྤྱན་དང་།སངས་རྒྱས་ཀྱི་ཡེ་ཤེས་དང་།སངས་རྒྱས་ཀྱི ་སོ་སོ་ཡང་དག་པར་རིག་པ་དང་།ཕ་རོལ་གྱི་སེམས་ཤེས་པ་དང་།ལྷའི་བུ་མདོར་བསྡུ་ན་གང་དག་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངསུ་འགྲོ་བའི་སངས་རྒྱས ་ཀྱི་ཆོས་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ནི་ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་ཏེ།ལྕེའི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གང་དག་གིས་དེ་བཞིན ་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གླེངསུ་འགྲོ་བ་དེ་ལྟ་བུ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་གྲུབ་པ ་ཡིན་ཏེ།ལྷའི་བུ་ཁྱོད་ཀྱིས་རྣམ་གྲངས་འདས་ཀྱང་ཅི་ནས་དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཀྱི།།ལྷ་མོ་སྒྱུ་འཕྲུལ་ལས་མ་ཡིན་པ་དེ་ལྟར་རིག་པར་བྱའོ།།། ་བམ་པོ་གཉིས་པ།།དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་གིའང་བསྐྱེད་པ་མ ་ལྗགས།སྐྲུན་པ་མ་ལགས།འགག་པར་བགྱིད་པ་མ་ལགས་ན།བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པསྐྲུན་པ་ལགས།བཀའ་སྩལ་པ།ལྷའི་བུ་ཆོས་གང་དྲུག ་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངསྐྱེ་འགྲོ་བའི་ཆོས་དེ་དག་ནི་སྐྱེ་བ་འང་མེད།འཆི་འཕྲོ་བ་འང་མེད།འབྱུང་བའང་མེདོ།།ལྷའི་བུ་གང་སྐྱེ་བའང་མེད། ་འཕོ་བ་འང་མེད།འབྱུང་བའང་མེད་པ་དེ་ལྟ་བུའི་ཡེ་ཤེས་དེ་བསྐྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་གྲང་སྐྱེ་བ་མེད་པ་དང་།འཆི་འཕོ་བ་མེད་པ་དང་། ་འབྱུང་བ་མེད་པའི་དེ་བཞིན་གཤེགས་པ་སྐྱེས།།ལྷའི་བུ་གང་ལ་སྐྱེ་བའང་མེད།འཆི་འཕོ་བའང་མེད།འབྱུང་བའང་མེད་བྱེ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་ལས་ཡང་དག ་པར་ངེས་པར་འབྱུང་བ་ཡོད་མོད་ཀྱི།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ལས་ནི་ངེས་པར་འབྱུང་བ་མེད་དོ།།གསོལ་པ།བཅོམ་ལྡན་འདས་དེ་ལྟར་ཤེས་རབ་མཆིས་ན་ངེས་པར་འབྱུང་བ ་མཆིས་པ་ལགས་ན་ཅི་ཤེས་རབ་ལ་སེམས་པ་འམ།འཚལ་བ་མ་མཆིས་སམ།བཀའ་སྩལ་པ།ལྷའི་བུ་ཤེས་རབ་ལ་ནཱི་སེམས་དཔའ་འམ་ཤེས་པ་འང་མེད་དོ།།ལྷའི་བུ་གལ་ཏེ་ཤེས ་རབ་སེམས་དཔའ་འམ།ཤེས་པ་ཞིག་ཡིན་པར་གྱུར་ན་ཤེས་རབ་ལ་རྟག་ཏུ་ངེས་པར་འབྱུང་བ་མེད་པར་འགྱུརརོ།།དེ་ཅིའི་ཕྱིར་ཞེ་ན།ལྷའི་བུ་གང་ལ་སེམས་སམ་ཚོར་བ་ཡོད་ན་དེ་ལ་ངེས ་པར་འབྱུང་བ་ཅུའང་མེད་པའི་ཕྱིར།།དྷཱའི་བུ་གླང་གཱི་དྷཱའི་ཤྭས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སེམས་དཔའ་མེད་ཅིང་ཤེས་པ་མེད་པ་དེའི་ཕྱིར་ཤེས་རབ་རྟག་ཏུ ་པར་འབྱུང་བ་ཡིན།།གསོལ་པ།བཅོམ་ལྡན་འདས་ངེས་པར་འབྱུང་བ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགེས་ལགས།བཀའ་སྩལ་པ།ལྷའི་བུ་སྤྲོས་པ་མེད་པའི་ཚིག་བླ་དགསོ།། ་གསོལ་པ།བཅོམ་ལྡན་འདས་སྤྲོས་པ་མ་མཆིས་པས་ཅི་ཞིག་ངེས་པར་འབྱིན་པར་བགྱིད་ལགས།བཀའ་སྩལ་པ།ལྷའི་བུ་གང་དག་སྤྲོས་པ་ལ་སྤྱོད་པ་དེ་དག་ནི་ཁམས་གསུམ་དུ་སྐྱེ་བ ་མི་འདོར་རོ།།གང་དགེ་སྤྲོས་པར་མི་བྱེད་པ་དེ་དག་ནི་ཁམས་གསུམ་དུ་སྐྱེ་བ་འདོར་བར་བྱེད་དོ།།ལྷའི་བུ་དེ་ལྟ་བས་ན་གང་ཁྱོད་སྤྲོས་པ་མེད་པར་ངེས་པར་འབྱུང་བས་ཅི་ཞིག་ངེས་པོར ་འབྱིན་ཅེས་ཟེར་བ་ནི་ཁམས་གསུམ་དུ་སྐྱེ་བས་ངེས་པར་འབྱིན་པར་བྱེད་དོ།།གསོལ་པ།བཅོམ་ལྡན་འདས་ཀྱིས་ཁམས་གསུམ་ལས་ཡང་དག་པར་འདའ་བར་བགྱི་བའི་སླད་དུ་ཉན ་ཐོས་རྣམས་ལ་ཆོས་བསྟན་ལགས་ས་མོ།བཀའ་སྩལ་པ།ལྷའི་བུ་ང་ནི་འདོད་པའི་ཁམས་ལས་ཀྱང་བརྩམས་ཏེ་ཉན་ཐོས་རྣམས་ལ་ཆོས་སྟོན་ལ།།དེ་བཞིན་གཤེགས་པས ་འདོད་པའི་ཁམས་ཀྱང་མ་དམིག་སོ།།ལྷའི་བུ་ངན་གཟུགས་ཀྱི་ཁམས་ལས་ཀྱང་བརྩམས་ཏེ་ཉན་ཐོས་རྣམས་ལ་ཆོས་སྟོན་ལ།དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས ་ཀྱང་མ་དམིགས།།ལྷའི་བུ་ནི་གཟུགས་མེད་པའི་ཁམས་ལས་ཀྱང་བརྩམས་ཏེ་ཉན་ཐོས་རྣམས་ལ་ཆོས་སྟོན་ལ།དེ་བཞིན་གཤེགས་པ་གཟུགས་མེད་པའི་ཁམས་ཀྱང་མ་དམིགསོ།།ལྷའི་བུ ་ང་ནི་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་ལ།དེ་བཞིན་གཤེགས་པས་གང་ཡང་དག་པར་འདའ་བའི་ཆོས་དེ་ཡང་དག་པར་མ་མཐོང་ངོ་།།ལྷའི་བུ་ངའི་ཉན་ཐོས་རྣམས་ནི་འདོད་པའི་ཁམས་ལ ་དམིགས་ནས་འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ།།ངའི་ཉན་ཐོས་རྣམས་ནི་གཟུགས་ཀྱི་ཁམས་ལ་དམིགས་ནས་གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བར་མི ་བྱེད་དོ།།ངའི་ཉན་ཐོས་རྣམས་ནི་གཟུགས་མེད་པའི་ཁམས་ལ་དམིགས་ནས་གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ།།ལྷའི་བུ་གཞན་ཡང་ངའི་ཉན་ཐོས་རྣམས ་ནི་ཁམས་གསུམ་པ་མི་དམིགས་པས་ཁམས་གསུམ་པ་ལ་མི་རྟེན་ཏེ།ཆོས་རྣམས་སྟོང་པ་ཉིད་དུ་དམིགས་པས་འདོད་པའི་ཁམསུ་སྨོན་ལམ་མི་འདེབསོ།།གཟུགས་ཀྱི་ཁམསུ་སྨོན་ལམ་མི ་འདེབསོ།།གཟུགས་མེད་པའི་ཁམསུ་སྨོན་ལམ་མི་འདེབ་སོ།།ཁམས་གསུམ་པར་སྨོན་ལམ་མི་འདེབས་པས་ན་ཁམས་གསུམ་པར་མི་སྐྱེའོ།།མ་སྐྱེས་པ་དེ་དག་གི་འགྲོ་བ་ནི་གདག་སུ་མེ།། ་ཀྱེ་ལྷའི་བུ་འོན་ཀྱང་འཕགས་པ་རྣམས་ནི་ཡང་དག་པར་འདའ་བ་ཞེས་དེ་སྐད་བརྗོད་པར་མཛད་དོ།།འོན་ཀྱང་དོན་དམ་པར་ན་འདི་ལ་སུ་ཡང་དག་པར་འདའ་བའང་མེད་འོང་བའང་མེད་དོ།། ་དེ་ཅིའི་ཕྱིར་ཞེ་ན།ལྷའི་བུ་ཆོས་ཐམས་ཅད་ནི་ཡང་དག་པར་འདའ་བར་མེད་པ་ལས་བལྟ་བར་བྱའོ།།ལྷའི་བུ་དཔེར་ན།ན་མཁའ་ནི་མ་སྐྱེས་པ།མ་བྱས་པ།མངོན་པར་མ་གྲུབ་པ།། ་འཕོ་བ་མེད་པ།འོང་བ་མེད་པ་སྟེ།ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་ལྟ་བར་བྱའོ།།གཏམ་འདི་བསྟན་པ་ན་ལྷའི་འཁོར་དེའི་ནང་ནས་ལྷའི་བུ་བདུན་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས།།སྔོན་དགེ་བའི་རྩ་བ་བསྐྱེད་པའི་ལྷའི་བུ་ཁྲི་དྲུག་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེསོ།།དགེ་བའི་རྩ་བ་ཡོངསསུ་སྨིན་པའི་བྱང ་ཆུབ་སེམས་དཔའ་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེསོ།།དེ་དག་གི་ལག་ཏུ་བཅོམ་ལྡན་འདས་ཀྱི་མཐུས་སྔོན་མ་མཐོང་བའི་མེ་ཏོག་གི་སྣོད་བྱུང་བར་གྱུར་ཏེ།མེ་ཏོག་གི་སྣོད ་དེ་དག་ནས་དེ་བཞིན་གཤེགས་པ་ལ་གཏོར་ཏོ།།མེ་ཏོག་དེ་དག་གིས་ཀྱང་སུམ་ཅུ་རྩ་གསུམ་པའི་གནས་ཁོ་ར་ཁོར་ཡུག་ཏུ་ཁེབས་པར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང ་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལྷའི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མེ་ཏོག་གཏོར་བ་གང་དག་ལགས་པ་འདི་དག་ནི་སྔོན་མ་མཐོང་ལགསསོ།། ་དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲསོ།།ཀཽ་ཤི་ཀ་ད་ལྟར་གང་ལ་མེ་ཏོག་དག་གིས་གཏོར་བའི་དེ་བཞིན་གཤེགས་པ་འདིའང་སྔོན་མེ་མཐོང་ངོ་།།དེ་ཅིའི ་ཕྱིར་ཞེ་ན།ཀཽ་ཤི་ཀ་སེམས་གང་གིས་དེ་བཞིན་གཤེགས་པ་མཐོང་བའི་སེམས་དེ་ནི་འགགས་ཤིང་མེད་པར་གྱུར་ཏེ་མཐོང་བར་མི་ནུསོ།།ཀཽ་ཤི་ཀ་དེ་བས་ན་གང་ཅི་མཐོང་ཡང་རུང་སྟེ།དེ་དག་ཐམས་ཅད་ནི ་སྔོན་མ་མཐོང་བའོ།།གང་ཅི་ཐོས་ཀྱང་རུང་སྟེ།དེ་དག་ཐམས་ཅད་ནི་སྔོན་མ་ཐོས་པའོ།།སྨྲས་པ།ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ།སྨྲས་པ།ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས ་པ་གཟུགས་ཞེས་བྱ་བ་ཡིན་ན་ནི།བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་།།ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པ ་ཞེས་བྱ་བ་ཡིན་ན་ནི་བདག་གིས་དེ་བཞིན་གཤེགས་པ་མཐོང་ན།ཀཽ་ཤི་ཀ་དེ་བཞིན་གཤེགས་པ་ནི་གཟུགས་ཞེས་བྱ་བ་འམ།ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ ་པར་ཤེས་པ་ཞེས་བྱ་བ་མ་ཡིན་ནོ།།ཀཽ་ཤི་ཀ་དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔའི་ཆོས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ཏེ་དེ་ནི་མཐོང་བར་སླ་བ་མ་ཡིནོ།།ཀཽ་ཤི་ཀ་གཞན་ཡང་གང་ཁྱོད་འདི ་སྐད་དུ་ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ་ཞེས་ཟེར་བ་ནི་ཇི་ལྟར་དེ་བཞིན་གཤེགས་པས་བདག་གཟིགས་པ་དེ་བཞིན་དུ་བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་།། ་སྨྲས་པ་ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་ལྟར་མཐོང་།།སྨྲས་པ།ཀཽ་ཤི་ཀ་དེ་བཞིན་གཤེགས་པ་མདུན་ན་བཞུགས་པ་འདི་ལ་ཞུས་ཤིག།དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང ་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལྷའི་བུ་ཟླ་བ་ཇི་ལྟར་གཟིགས་པ་ལྕགས།བཀའ་སྩལ་པ།ཀཽ་ཤཾ་ཀ་གཟུགསུ་མི་མཐོང་ངོ་།། ་ཚོར་བ་དང་།འདུ་ཤེས་དང་།འདུ་བྱེད་རྣམས་དང་།རྣམ་པར་ཤེས་པར་མི་མཐོང་ངོ་།།སྔོན་གྱིས་མཐའ་དང་།ཕྱི་མའི་མཐའ་དང་།ད་ལྟར་བྱུང་བར་མི་མཐོང་ངོ་།།ལངས་པ་དང་། ་འདུག་པ་དང་།འགྲོ་བ་དང་།འོང་བ་དང་།རྒྱབ་དང་།བློ་དང་།མདུན་དང་།ཆོས་ལ་མ་གཏོགས་པར་མི་མཐོང་ངོ་།།སློབ་པར་མི་མཐོང་ངོ་།།མི་སློབ་པར་མི་མཐོང་ངོ་།།མི་སློབ་པའི ་ཆོས་དང་ལྡན་པར་མི་མཐོང་ངོ་།།དགྲ་བཅོམ་པར་མི་མཐོང་ངོ་།།དགྲ་བཅོམ་པའི་ཆོས་དང་ལྡན་པར་མི་མཐོང་ངོ་།།ཉན་ཐོས་ཀྱི་ས་དང་།རང་སངས་རྒྱས་ཀྱི་ས་དང་།སངས་རྒྱས་ཀྱི་སྔར ་མི་མཐོང་སྟེ།ཀྲྀ་ཤི་ཀ་དེ་ལྟར་མཐོང་ངོ་།།ཀཽ་ཤི་ཀ་སུས་དེ་ལྟར་མཐོང་བ་དེས་ནི་ཡང་དག་པར་མཐོང་སྟེ།ལོག་པ་དེ་མཐོང་བ་མ་ཡིན་ནོ།།སུ་ཡང་དག་པ་མཐོང་བ་དེས་ནི་ཅིའང་མི ་མཐོང་ངོ་།།སུ་ཅི་འང་མི་མཐོང་བ་དེས་ནི་མཉམ་པར་མཐོང་སྟེ་མི་མཉམ་པར་མི་མཐོང་ངོ་།།ཀཽ་ཤི་ཀ་དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པ་ནི་ཐམས་ཅད་གཟིགས་པ་ཞེས ་བྱའོ།།ཀཽ་ཤི་ཀ་དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ།འོན་ཀྱང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་འདྲེས་པར་ཡང་མི་མཛད་དོ།། ་ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས།དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པས་ཅི་ཞིག་གཟིགས་པར་འགྱུར།གསོལ་པ།བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ནི་མིང་གཟིགས་པ་མ ་ལགས།གཟུགས་གཟིགས་པ་མ་ལགས་ཏེ།བཅོམ་ལྡན་འདས་འདི་ལ་ནི་ཆོས་འགའ་ཙམ་ཡང་གྲངསུ་བགྱིས་པ་མ་མཆིས་སོ།།བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པས་ཇི་ལྟར་གཟིགས ་པ་དེ་བཞིན་དུ་ལྷའི་བུ་ཟླ་བས་ཀྱང་དེ་ལྟར་མཐོང་ལགས་སམ།བཀའ་སྩལ་པ།ཀཽ་ཤི་ཀ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུ་འང་རུང་བ་དེ་དག་ཐམས་ཅད་ཀྱིས་ནི་ཆོས ་ཀྱི་དབྱིངས་ཀྱི་ལུས་ཀྱིས་ཆོས་འགའ་ཙམ་ཡང་གཟུང་བའི་ཕྱིར་ཆོས་གང་ཡང་མི་མཐོང་ངོ་།།གསོལ་པ།བཅོམ་ལྡན་འདས་ཅི་ལྷའི་བུ་ཟླ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལགས་སམ།བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀཽ་ཤི་ཀ་ཁྱོད་ཀྱིས་ལྷའི་བུ་ཟླ་བ་འདི་ཉིད་ལ་དྲིས་ཤིག་དང་།འདི་ཉིད་ཁྱོད་ལ་ལན་ལྡོན་ནོ།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས ་སྨྲསོ།།ལྷའི་བུ་ཁྱོད་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སམ།སྨྲས་པ།ཀཽ་ཤི་ཀ་ཅི་མི་སྐྱེ་བ་སྐྱེ་འམ།སྨྲས་པ།ལྷའི་བུ་དེ་ནི་མ་ཡིན་ནོ།།སྨྲས་པ།ཀཽ་ཤི་ཀ་གལ་ཏེ་མི་སྐྱེ་བ་སྐྱེ་བར ་གྱུར་པ་ན་མི་སྐྱེ་བའི་ཆོས་རྣམས་ལ་སུའི་བཟོད་པ་སྐྱེ་བར་འགྱུར།།ཀཽ་ཤི་ཀ་མི་སྐྱེ་བ་ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ།།ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ལ་ནི་སྐྱོ་བ་འོམ ་འགག་པ་མི་དམིགས།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ།ལྷའི་བུ་འདིའི་བསྟན་པ་དེ་འདྲ་བ་ལས་ན།ཀྱེ་མ་ལྷའི་བུ་འདི་ནི་བཟོད་པ་ཐོབ་པ་ཡིན་ཏེ།བླ་ན་མེད་པ་ཡང་དག། ་པབར་རྫོགས་པའི་བྱང་ཆུབ་དང་ཉེའོ་སྙམ་མོ།།དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི་ཡོངསུ་རྟོག་པ་སེམས་ཀྱིས་ཤེས་ནས།ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲསོ།།ཀཾ ་ཤི་ཀ་བཟོད་པ་ཐོབ་པོ་གང་དག་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བ་མ་ཡིན་ནོ།།སྨྲས་པ།ལྷའི་བུ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་ཟེར།སྨྲས་པ།ཀཽ་ཤི་ཀ་ཐོབ་ཅེས་བྱ་བ་དེ་ནི ་དམིགས་པའི་ཚིག་བླ་དགས་ཡིན་ལ་དམིགས་པས་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ།།མི་སྐྱེ་བའི་བཟོད་པ་ཞེས་བྱ་བ་དེ་ནི་མི་སྐྱེ་བའི་ཚིག་བླ་དག་སོ།།མི་སྐྱེ་བོ་གང་ཡིན ་བ་དེ་ཉིད་ནི་བྱང་ཆུབ་བོ།།སྨྲས་པ།ལྷའི་བུ་ཟླ་བ་བྱང་ཆུབ་ཉིད་གང་ལས་བཙལ་བར་བྱ།སྨྲས་པ།ཀཽ་ཤི་ཀ་བྱང་ཆུབ་ནི་བདག་གི་ངོ་བོ་ཉིད་ལས་བཙལ་བར་བྱའོ།།སྨྲས་པོ།བདག་གི་ངོ། ་བོ་ཉིད་གང་ལས་བཙལ་བར་བྱ།སྨྲས་པ།ཆོས་གང་མ་སྐྱེས།མི་སྐྱེ།སྐྱེ་བར་མི་འགྱུར་བ་དེ་ལས་བཙལ་བར་བྱའོ།།ཅི་ནས་ཀྱང་ཚོལ་བ་ན་གང་བཙལ་བ་དང་།གང་གིས་བཙལ་བ་དེའང ་སློང་བར་མི་བྱེད་པ་དེ་ལྟར་བཙལ་བར་བྱའོ།།དེ་ནས་བཅོམ་ལྡན་འདས་ལ་ལྷོའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་དེ་ལྟར་ཟབ་མོའི ་ཤེས་རབ་དང་ལྡན་པ་ངོ་མཚར་ལགསོ།།བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་ལགས།དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས།།ཀཽ་ཤི ་ཀ་སྒྱུ་མ་མཁན་གྱིས་སྐྱེས་པ་འམ།བུད་མེད་སྤྲུལ་པ་གང་ཡིན་པ་དེ་གང་ནས་ཤི་འཕོས་ཏེ་འདིར་འོངས།འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར།སྨྲས་པ།ལྷའི་བུ་སྒྱུ་མ་སྤྲུལ་པ་ལ་ནི་ཤི་འཕོ ་འམ་སྐྱེ་བ་མེད་དོ།།དེ་ཅིའི་ཕྱིར་ཞེ་ན།དེ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།།སྨྲས་པ།ཀཽ་ཤི་ཀ་ཁྱོད་འདི་སྐད་དུ་སྤྲུལ་པ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས།འདི་ནས་ཤིའི་ཕོས་ནས་གང་དུ ་འགྲོ་བར་འགྱུར་ཞེས་ཟེར་བ་དེ་ཅི་མཁས་པ་རྣམས་ཀྱིས་སྨད་པར་མི་འགྱུར་རམ།སྨྲས་པ།ལྷའི་བུ་དེ་དེ་བཞིན་ནོ།།སྨྲས་པ།ཀཽ་ཤི་ཀ་བདག་ནི་ཁྱོད་ཀྱི་དྲི་བ་དེ་ལ་འདི་སྙམ་དུ་བྱེད་དེ།གང་ཁྱོད་ཀྱིས ་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས།འདི་ནས་ཤི་འཕོས་ནས་གར་སྐྱེ་བར་འགྱུར་ཞེས་ཞུས་པ་ནི་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་དེ་སྐད་འདྲི་བར་ཟད་དོ་སྙམ་མོ།།ཀཽ་ཤི་ཀ་འདི་ཇི་སྙམ ་དུ་སེམས།དེ་བཞིན་གཤེགས་པས་སྤྲུལ་པ་སྤྲུལ་པར་མཛད་པ་གང་ཡིན་པ་དེ་འོང་ངམ།འཆི་འཕོ་འམ།སྐྱེ་འམ།སྨྲས་པ།ལྷའི་བུ་དེ་ནི་མ་ཡིན་ནོ།།སྨྲས་པ།ཅི་བྱ་བ་གང་གི ་ཕྱིར།སྤྲུལ་པའི་བྱ་བ་དེ་བྱེད་དམ།སྨྲས་པ།ལྷའི་བུ་བྱེད་དོ།།སྨྲས་པ།ཀཽ་ཤི་ཀ་དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་སྒྱུ་མ་ལྟ་བུའི་རྟོགས་པ་དེ་ནི་འགྲོ་བ་དང་།འོང་བ ་རྨྱན་ན་ན་ང་ས་སྨན་རྒྱུ་ན་ད་ན་ས་སྨོན་དུ།ནས ་སྒྲརློམ་པ་།དྲི་སྣུམ་པའམ། མྱང་བ་མྦུ།རེག་ཀྱི་དག་པ་འམ།རྒྱུས་རྣམ་པར་ཤེས་པ་དེ་དག་པ་དོན་ཅི་འང་སྤྱོད་དམ།སྨྲས་པ།འི་བུ་དོ་ནི་མེད།།ས་པ། ་ཤིན་དུ་གང་གིས་ཆོས་ཐམས་ཅད་རྨི་ལམ་བོ་ཉིད་དུ་རྟོགས་པ་དེ་ནི་མཐོང་བ་དང་།ཟློས་པ་དང་།དྲན་པ་དང་།བྱེ་བྲག་བྱེད་པ་དང་།རྣམ་པ་ཤེས་པའི་ཆོས་རྣམས་ལ་ཆགས ་།རྗེས་ཆག་པར་འགྱུར། ཟླ་བར་མི་རྒྱུ།།མེང་པ་དང་།ཐོས་པ་ད་རྒྱུན་།ཙྪཿབྷཱུ་དྷི་ངྒེ་བྱེ་། པ་ཤེས་པ་གན ་བསྡུད་པར་ད་།རྗོད་པ་དེལ་བྱུད་མ་ན་རྟེན་པ་མེད་དོ།།དེ་ནས་པ་མི་ལྡན་ད་དི་རྗེས་པས་ཏོ།།མ་འཛུས ་བའདི་སྐྱེ་བའོང་མི་དམིགས་འཆི་འབྲོའང་མི་དམིགས་ལགས་ན།བཅོམ་ལྡན་འདས་འདིས་ཇི་ལྟར་སེམས་ཅན་རྣམས་ཡོ་སུ་སྦྱིན་པར་བགྱི་བརྟོགས་ཤིང་བགྱིད་པ་འགྱུར་མི་ནོ།། ་གངས་སྐྱོ་བའང་མ་མཆིས་འཆི་འཕོའང་མ་མཆིས་པ་དེ་ནི་ཉན་ཐོས་ཀྱིས་ལེགས་ཏེ།དེ་ནི་བྱང་ཆུབ་སེམས་དཔའི་ས་མ་ལེགས།།བཅོམ་ལྡན་འདས་བྱང་ཆུབ་སེམས་པ ་བསྐལ་པ་སྟོང་ཕྲག་མང་པོར་འཁོར་བར་བགྱི་འཚལ་ཕྲག་སོ།།དེ་སྐད་ཅེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཀཽ་ཤི་ཀ་བྱང་ཆུབ་སེམས ་དཔའ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་པ་ནི་སུ་འང་རུང་སྟེ།དེ་ནི་སྐྱེ་བ་ལའང་རློམ་སེམས་མེད་ལ་འཆི་འཕོ་ལ་འང་རློ་མི་སེམས་མེད་དེ།དེ་ནི་དགྲ་བཅོམ་པ་ཡོངསུ་མྱ་ངན་ལས་འདས་ནས། ་ལོ་བརྒྱ་ལོན་པ་ཇི་ལྟ་བ་དེ་བཞིན་དུ་གཟུང་པོར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།དེ་ལ་ནི་བདག་ཏུ་འདུ་ཤེས་དང་གཞན་དུ་འདུ་ཤེས་མི་འཇུག་པའི་ཕྱིར་རོ།།ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་གང ་གཏན་དུ་ཡོངསུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ།དེ་ལྟར་སྐྱེ་བ་ལའང་རློམ་སེམས་མི་བྱེད།འཆི་འཕོ་ལའང་རློམ་སེམས་མི་བྱེད་པ་དང་།བདག་ཏུ་འདུ་ཤེས་པར་ཡང་མི་བྱེད།གཞན་དུ ་འདུ་ཤེས་པར་ཡང་མི་བྱེད་ལ་སེམས་ཅན་གང་ཆོས་ཀྱི་ཚུལ་གྱི་བཟོད་པ་འདི་མི་ཤེས་པ་དེ་དག་ལ་བརྡ་སྤྲད་པའི་ཕྱིར་སྙིང་རྗེ་ཆེན་པོས་ཆེད་དུ་བསྐལ་པ་བྱེ་བ་འབུམ་ཕྲག་གྲངས་མེད་པར་འཁོར ་ཡང་སྐྱོ་བ་མེད་པ་ནི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ནོ།།ཀཽ་ཤི་ཀ་དཔེར་ན་མི་ལ་ལ་ཞིག་མེ་མདུག་གི་དོང་དུ་ལྷུང་ནས་ཚིག་ཅིང་འདུག་པ་དེ་ལུ་མི་སྙིང་རྗེ་ཆེན་པོ་དང་ལྡན་པ་འགའ་ཞིག་གིས ་ལུས་དང་སྲོག་ལའང་མ་བལྟས་ཏེ།འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་འདུག་པ་ལས།དགའ་ཞིང་རྩེ་བ་བོར་ནས་མེའི་ཕུང་པོ་དེའི་ནང་ནས་མི་དེ་ཕྱུང་སྟེ།བདག་ཉིད་ཚིག་པ་ནི་དང་དུ་བླངས་ན། ་ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས།མི་དེ་དཀའ་བ་བྱེད་པ་ཡིན་ནམ།གསོལ་པ།བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལགས།།བཀའ་སྩལ་པ།ཀྲྀ་ཤི་ཀ་བྱང་ཆུབ ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་ལ་སྲིད་པ་ལེན་པར་བྱེད་པ་ནི་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ།།ཀཽ་ཤི་ཀ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར ་རིག་པར་བྱ་སྟེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཅིནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་གྱིས་མནན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།།ཀཽ་ཤི་ཀ་ཁྱོད་འདི་སྐད་དུ་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས་ཤེས་ཟེར་བ་དེ་ངས་བཤད་ཀྱིས་ཉོན་ཅིག།ཀཽ་ཤི་ཀ་སངས་རྒྱས་ཀྱི་ཞིང ་འདི་ནས་ཤར་ཕྱོགསུ་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་འབུམ་ཕྲག་བདུན་བཅུ་རྩ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་ཞེས་བྱ་བ་ཞིག་ཡོད་དེ།འཇིགས ་རྟེན་གྱི་ཁམས་དེ་ནི་རིན་པོ་ཆེ་དུ་མས་བརྒྱན་པའི་ཤིང་ལྗོན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་རྒྱས་པ་དག་དང་འཆགས་སའི་སྐྱེད་མོས་ཚལ་གྱི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས ་སྤྲས་པའི་ཟམ་པ་དང་ལྡན་པ་དག་ཡོད་དོ།།ས་གཞི་ཆེན་པོ་དེའང་བཻ་ཌཱུརྱ་ལས་གྲུབ་པ་སྟེ།རིན་པོ་ཆེ་འབུམ་ཕྲག་མང་པོས་སྨྲས་སོ།།ཀཽ་ཤི་ཀ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཕུང་པོ ་བཀྲམ་བདེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ཆོས་སྟོན།།།དོན་ཐེག་པ་གཉིས་པོ ་འདི་ལྟ་སྟེ།ཉན་ཐོས་ཀྱི་ཐེག་པ་འམ།རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞོག་པ་མེད་དེ།སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གིས་ཡོངསུ་གང་ངོ་།།། ་ཀཽ་ཤི་ཀ་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས ་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་གྱུར་ཏེ།བཟོད་པ་ཐོབ་པའི་མོད་ལ་བྱང་ཆུབ་སེམས་དཔའ་དེ་དག་ཏ་ལ་བདུན་སྲིད་ཙམ་གྱི་ན་མཁའ་ལ་འཕགས་ནས་སངས ་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པར་བྱས་ཏེ།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་པད་མ་འདབ་མ་འབུམ་ཡོད་པ་ཤ་སྟག་གིས་པུས་མོ་ནུབ ་ཙམ་དུ་ཁེབས་པར་བྱས་ནས་དེ་ལྟར་འཁོད་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དག་ལ་བལྟ་བ་དང་།ཕྱག་འཚལ་བ་དང་།བསྙེན་བཀུར་བྱ་བ་དང་།ཆོས་མཉན་པོའི ་ཕྱིར་བར་སྣང་ལས་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འདོང་བར་བྱེད་དོ།།ཀཽ་ཤི་ཀ་སངས་རྒྱས་ཀྱི་ཞིང་དེར་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུ་འང་མི་གནས་ཏེ།བཟོད་པ་ཐོབ ་པར་མད་ལ་སངས་རྒྱས་ཀྱི་ཞིང་གཞན་དུ་འདོ་ང་།།ཀ་ཤ~ཾ་ཀ་དེ་བཞིན་གཤེགས་པ་དེ་བྱུང་ནས་བསྒྲལ་པ་བཅུ་གཉིས་ཀྱི་བར་དུ་ཉིན་གག་དུནན་དུ ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཆོས་བསྟན་པ་འབྱུང་སྟེ།ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲིག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་བཟོད་པ་ཐོབ་པ ་འགྱུར་ཏེ།བཟོད་པ་ཐོབ་པའི་མོད་ལ་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འདོང་ངོ་།།ཀཽ་ཤི་ཀཽ་བྱང་ཆུབ་སེམས་དཔའ་ཇི་སྙེད་བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་གཞན་དུ་འདོང་བ ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ཏེ།ཀཽ་ཤི་ཀ་དེ་ལྟ་བུའི་ཚུལ་གྱིས་སངས་རྒྱས་ཀྱི ་ཞིང་དེ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་མི་སྟོང་སོ།།ཀཽ་ཤཱི་ཀ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་དེ་ནས་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ནི་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཐང་ནས་ལྷའི་བུ་ཟླ་བ་འདི་མི་སྣང ་བར་གྱུར་ཏེ།ང་ལ་བལྟ་བ་དང་།ཕྱག་འཚལ་བ་དང་།བསྙེན་བཀུར་བྱ་བ་དང་།ཞུ་བ་དང་།དྲི་བར་བྱ་བ་དང་།ཆོས་ཀྱི་རྣམ་གྲངས་འདིའང་སྐྱེ་བོ་མང་པོ་ལ་རྒྱས་པར་བྱ་བ་དང་། ་བྱང་ཆུབ་སེམས་དཔའ་གཞན་དག་གི་འང་ཆོས་ཀྱི་བཟོད་པ་འདི་ཡོངསསུ་རྫོགས་པར་བྱ་བའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་གནས་འདྲར་གནས་པར་གྱུར་ཏོ།།ཀཽ་ཤི་ཀ་ལྷའི་བུ་ཟླ་བ་འདི་ནི་དེའི་ཚེ ་མཐས་གཏུགས་པའི་བར་དུ་དམ་པའི་ཆོས་ཡོངསུ་བཟུང་ནས་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱི་མའི་ཚེ་ཕྱི་མའི་དུས་དམ་པའི་ཆོས་ནུབ་པའི་དུས་ལ་བབ་པ་ན། ་འདི་ནས་ཤི་འཕོས་ནས་ཛམྦུའི་གླིང་དུ་མི་རྣམས་དང་།སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ།འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ཟབ་མོ་ཟབ་པར་སྣང་བ་འདི་དག་ཡོངསུ་འཛིན་པ་ལ་བརྩོན ་པར་འགྱུརརོ།།སེམས་ཅན་འབུམ་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་བཟོད་པ་འདི་ལ་འདོད་པ་བསྐྱེད་པར་འགྱུརརོ།།དེ་ཕྱི་མའི་ཚེ་ཕྱི་མའི་དུས་དམ་པའི་ཆོས་ནུབ་པ་ན་མིའི་འཇིག་རྟེན་ནས་ཤི ་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ།དགའ་ལྡན་གྱི་གནས་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འདི་འཛིན་དུ་འཇུག་པར་འགྱུརརོ།།ལྷའི་བུ་འབུམ་ཕྲག་དཔག་ཏུ་མེད་པ་སྔོན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ཀྱང་བསྐྱེད་དུ་འཇུག་པར་འགྱུརརོ།།གྲང ་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་ནི་ལྷའི་བུ་འདི ་ཛཱམྦུའི་གླིང་འདིར་གནས་ནས་ལོ་བཅུའི་བར་དུ་ཁྱིམ་པར་འདུག་ཅིང་དེ་བཞིན་གཤེགས་པ་བྱམས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་བྱེད།ཟླ ་མར་བྱེད་པར་འགྱུརརོ།།དེ་དེའི་འོག་ཏུ་མི་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་ཏེ།རབ་ཏུ་བྱུང་ནས་ཀྱང་དེ་བཞིན་གཤེགས་པ་བྱམས་པའི་ཚེའི་། ་མཐས་གཏུགས་པའི་བར་དུ་དམ་པའི་ཆོས་ཡོངསུ་འཛིན་པར་འགྱུརརོ།།ཡོངསུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་དམ་པའི་ཆོས་ཡོངསུ་འཛིན་པར་འགྱུརརོ།། ་བསྐལ་པ་བཟང་པོའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་མཉེས་པར་བྱེད་པར་འགྱུརརོ།།མཉེས་པར་བྱས་ནས་ཀྱང་བཀུར་སྟི ་བྱེད་པར་འགྱུར་ཏེ།སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཐད་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ།།དེ་དེའི་འོག་ཏུ་བསྐལ་པ་གང་གཱའི་ཀླུང་བདུན་བཅུའི་བྱེ་མ་སྙེད ་འདས་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུརརོ།།དེ་ནས་ལྷའི་བུ་ཟླ་བ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲསོ།།ལྷའི་བུ་ཁྱོད་བཅོམ་ལྡན ་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནོ།།ཅི་ཁྱོད་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་དང་།དད་པ་དང་།གུས་པ་སྐྱེ་བ་འམ།དེ་སྐད་ཅེས་སྨྲས་པ ་དང་།ལྷའི་བུ་ཟླ་བས་ལྷའི་བུ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས།།ལྷའི་བུ་དེ་བཞིན་གཤེགས་པ་ནི་འདུན་པའི་དབང་དུ་འགྲོ་འམ།འཇིགས་པའི་དབོང་དུ་འགྲོ་བས་ལུང་སྟོན་པ་ཅུང ་ཟད་ཀྱང་མེད་དེ།ལྷའི་བུ་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་ལུང་སྟོན་པར་ཟད་ན།བདག་གིས་དེ་བཞིན་གཤེགས་པ ་ལ་ལྷག་པར་དགའ་བ་འམ།དད་པ་འམ།གུས་པ་བསྐྱོད་ཏུ་ཅི་ཞིག་ཡོད།སྨྲས་པ།ལྷའི་བུ་དང་བ་གང་ལས་ཡོངསུ་བཙལ་བར་བྱ།སྨྲས་པ།དང་བ་སེམས་ལས་ཡོངསུ་བཙལ་བར་བྱའོ།།། ་སྨྲས་པ།གང་སེམས་ལ་སེམསུ་འདུ་ཤེས་པ་དེས་དད་པ་གང་ལས་བཙལ་བར་བྱ།སྨྲས་པ།གང་ལ་འཛིན་པ་མེད་པ་དེ་ལ་དང་པོ་ཡོད།།སྨྲས་པ།གང་ལ་འཛིན་པ་མེད་པ་དེ་ལ་མཆོག ་ཏུ་དང་བ་ཡོད་དམ།སྨྲས་པ།ལྷའི་བུ་དེ་ནི་དང་བ་ཡིན་ཏེ།གང་ལ་སྡང་བ་འང་མེད།རབ་ཏུ་སྡང་བའང་མེད།དང་བའང་མེད་པ་དང་།གང་ལ་སོ་སོའི་སྐྱེ་བོའི་དང་བ་མེད་པ་དེ་ལ་ནི་དང་བ ་ཡོད་དོ།།དེ་ལྟར་དང་བར་གྱུར་པས་དེ་ལ་རང་བཞིན་གྱིས་དང་བའང་མེད་ལ་དེ་ནི་དེ་ཕྱིན་ཆད་ཀྱང་སྡང་བར་མི་འགྱུརརོ།།ལྷའི་བུ་དེ་ལྟ་བས་ན་དང་པ་ཐོབ་པར་འདོད་པས་མྱུར་དུ་ཆོས་ལྔ ་ལབྷྱོ་ཤཱ་དྷ་རྒྱུ་སྦྱིནས་སྒྱུར་བའང་མེད་འདུལ་བ་འང་མེད་པངྒེ་ལྟར་སྦྱོར་བར་བྱག།།འཕྱིར་ནན།ནས་སྣོད་མ་པར་མྱུར་བར་ཡང་མེད།འབྲལ ་འང་མེད་པའི་ཕྱིར་རོ།།དེ་ནས་ལྷའི་བུ་ཟླ་མཆོག་གིསོ་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས།།ལྷའི་བུ་བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་བྱ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་བསླབ་པ་རྣམས་གང་ཡིན།སྨྲས་པ།ལྷའི་བུ་གླང་ལ་ལུས་ཀྱང་མེད།ལུས་ཀྱི་སྡོམ་པ་འང་མེད།ངག་ཀྱང་མེད།ངག་གི་སྡོམ་པ་འང་མེད།ཡིད་ཀྱང་མེད།ཡིད་ཀྱི་སྡོམ་པ་འང་མེད ་བདེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པའི་མཆོག་ཡིན།།གང་ལ་ཡིད་ཀྱང་མེད།འཛིན་པ་འང་མེད།སོགས་པ་འང་མེད།འབྲི་བའང་མེད་པ་དེ་ནི་ལྷའི་བུ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བསླབ་པ་ཡིན་ནོ།།དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདྲི་སྐད་ཅེས་སྨྲསོ།།ལྷའི་བུ་ཁྱོད་བསླབ་པ་འདྲི་ལ་བསླབས་པས་དེ་བཞིན་གཤེགས་པས ་ལུང་བསྟན་ཏམ།སྨྲས་པ།ལྷའི་བུ་བདག་ནི་བསླབ་པ་འདི་ལ་བསླབས་པས་དེ་བཞིན་གཤེགས་པས་ལུང་བསྟན་ཏོ།།དེ་ཅིའི་ཕྱིར་ཞེ་ན།ལྷའི་བུ་བསླབ་པ་འདི་ལ་ནི་བྲང ་གིས་ཤེས་པར་འགྱུར་བའི་བདག་གམ།བདག་གི་ཞེས་བྱ་བ་འམ།བདག་གི་སློབ་བོ་སྙམ་དུ་འཛིན་པ་མེད་དེ།ཡང་དག་པར་ཞུགས་པ་དེ་ནི་བདག་སློབ་བོ་སྙམ་དུ་དེ་ལྟར་མི་སེམས།། ་སྨྲས་པ།ཇི་ཙམ་གྱིས་ནི་ཡང་དག་པར་ཞུགས་པར་འགྱུར།སྨྲས་པ།གང་མཉམ་པ་ཉིད་ལ་སྣརོན་པར་ཡང་མི་བྱེད།འབྲི་བར་ཡང་མི་བྱེད།ལེན་པར་ཡང་མི་བྱེད།འདོར་བར་ཡང་མི་བྱེད་པ་དང་།གང ་མཉམ་པ་ཉིད་ལ་ཆོས་འདི་དག་ནི་མཆོག་གོ།ཆོས་འདི་དག་ནི་ངན་པའོ་ཞེས་གཉིསུ་མི་འབྱེད་ཅིང་ཆོས་འདི་ལ་ཡང་དག་པར་སོ་སོར་ཤེས་ཏེ།དེ་ལྟར་ཞུགས་པ་གང་ཡིན་པ་དེ་ནི་ཡང་དག་པར ་ཞུགས་པ་ཞེས་བྱའོ།།དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲསོ།།ལྷའི་བུ་ཁྱོད་ཀྱིས་ཆོས་གང་དག་ཐོབ་པ་དང་།ཆོས་གང་དག་སྤངས་པའི་ཕྱིར་དེ་བཞིན་གཤེགས ་པས་ལུང་བསྟན།སྨྲས་པ།ལྷའི་བུ་བདག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སྤངས་པ་དང་།སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་བསྟན་པ་མ་ཡིན་གྱི།ལྷའི ་བུ་བདག་ནི་ཆོས་འདི་དག་མ་སྤངས་མ་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་བསྟན་ཏོ།།སྨྲས་པ།དེ་ལྟ་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ལུང་བསྟན་པར་འགྱུར་རོ།།དེ་ཅིའི་ཕྱིར་ཞེ་ན། ་སོ་སོའི་སྐྱེ་བོ་རྣམས་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མ་སྤངས་ལ།སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་ཐོབ་པའི་ཕྱིར་རོ།།སྨོས་པ།ལྷའི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱིས་ཅི་ཞིག ་སྤྲོས་པར་བྱེད།སྨྲས་པ།སྟོང་པ་ཉིད་དང་།ཆོས་ཉིད་སྤྲོས་པར་བྱེད་དོ།།སྨྲས་པ།སངས་རྒྱས་ཀྱི་ཆོས་དེ་དག་གིས་ཅི་ཞིག་སྤྲོས་པར་བྱེད།སྨྲས་པ།དེ་བཞིན་ཉིད་དང་།ཡང་དག་པའི ་མཐའ་སྤྲོས་པར་བྱེད་དོ།།སྨྲས་པ།སྟོང་པ་ཉིད་དང་།ཆོས་ཉིད་སྤྲོས་པར་ནུས་སམ།སྨྲས་པ།ལྷའི་བུ་དེ་ནི་མ་ཡིན།།སྨྲས་པ།དེ་བཞིན་ཉིད་དང་།ཡང་དག་པའི་མཐའ་སྤྲོས ་པར་ནུས་སམ།སྨྲས་པ།དེ་ནི་མ་ཡིན།།སྨྲས་པ།ལྷའི་བུ་བདག་གིས་དེ་ལས་བསམས་ཏེ།སོ་སོའི་སྐྱེ་བའི་ཆོས་རྣམས་མ་སྤངས་པ་དང་།སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པའི་ཕྱིར་དེ་བཞིན ་གཤེགས་པས་བདག་ལུང་བསྟན་ཏོ་ཞེས་སྨྲའོ།།སྨྲས་པ།ཅི་སྟོང་པ་ཉིད་དང་།ཆོས་ཀྱི་དབྱིངས་དང་།དེ་བཞིན་ཉིད་དང་།ཡང་དག་པའི་མཐའ་བྱང་ཆུབ་ཏུ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཁྱོད ་དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ལུང་བསྟན་ཏམ།སྨྲས་པ།བདག་ནི་སྟོང་པ་ཉིད་དང་།ཆོས་ཀྱི་དབྱིངས་དང་།དེ་བཞིན་ཉིད་དང་།ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་དུ་ལུང་བསྟན་ཏོ།། ་ལྷའི་བུ་ཆོས་འདི་དག་གི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ལུང་བསྟན་པའང་དེ་བཞིན་ཏེ།གང་ལུང་བསྟན་ཟིན་པ་འང་དེ་བཞི་ནོ།།གང་ལུང་སྟོན་པའང་དེ་བཞི་ནོ།།གང་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་བ་འམ།མངོན་པར་རྫོགས་པར་འཚང་རྒྱ་བའང་དེ་བཞིནོ།།དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན ་འདས་ལྷའི་བུ་ཟླ་བ་འདི་ནི་ཟབ་མོའི་ཤེས་རབ་དང་ལྡན་པ་ལག་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ལྷའི་བུ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད ་ནི་དེ་ཡིན་ཏེ།ལན་ཙ་དང་ཅི་འདེབས་པ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་ཁོ་ནས་འདེབས་ལ་ཆོས་ཀྱི་དབྱིངས་ནི་བསྟན་པ་འམ།ལན་གདབ་པ་འམ།བརྗོད་པར་ཡང་མི་ནུས།།དེ་ཅིའི་ཕྱིར་ཞེ་ན།ཆོས་ཀྱི་དབྱིང ་ནི་བརྗོད་དུ་མེད་ཅིང་བསྙད་དུ་མེད་པའི་ཕྱིར་རོ།།ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་དེ་དང་འདྲའོ།།སེམས་ཅན་གྱི་ཁམས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཡུལ་ཡང་དེ་དང་འདྲའོ།།། ་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།།ལྷའི་བུ་བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་རྗེ་སུ་འགྲོ་བ་དེ་དག་ནི་གཞན་གྱི་དྲིང་མི་འཇོག་པ་ཞེས་བྱའོ།།གཏམ་འདི་བརྗོད་པ་ན་ཚེ་དང་ལྡན་པ ་མཽདྒལ་གྱི་བུ་ཆེན་པོ་ཁང་བཟང་རྣམ་པར་རྒྱལ་བྱེད་ན་འདུག་སྟེ།འཁོར་ཆེན་པོ་ལས་ཆོས་སྟོན་ཅིང་འདུག་གོ།།དེ་ནས་ཚེ་དང་ལྡན་པ་མཽདྒལ་གྱི་བུ་ཆེན་པོ་སྟན་ལས་ལངས་ཏེ་འཆག་པར་བྱེད་དོ།།དེ་ནས་ཚེ ་དང་ལྡན་པ་མོདྒལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ།ཀྱེ་མ་ཛམྦུའི་གླིང་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོང་སོ།།སེམས་ཅན་དགེ་བའི ་བསམ་པ་ཅན་དག་ཀྱང་མང་ན།དེ་དག་ཆོས་མི་ཐོས་པས་ཡོངསུ་ཉམས་པར་འགྱུར་རོ་སྙམ་མོ།།དེ་ནས་ཚེ་དང་ལྡན་པ་མཽདྒལ་གྱི་བུ་ཆེན་པོས་དེ་ཉིད་ཀྱི་ཕྱིར་ལྷའི་མིག་གིས་ཛམྦུ་གླིང་འདིར་རྣམ་པར ་བལྟས་ན།དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ ་ཀྱི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁང་པ་ན་བཤོས་གསོལ་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ།འདི་ན་བདག་དང་འདྲ་བའི་དགེ་སློང་འགའ་ལྟ ་ཡོད་དམ་སྙམ་པ་དང་།དེས་བདག་དང་འདྲ་བའི་དགེ་སློང་ཞིག་བཅོམ་ལྡན་འདས་ཀྱི་གཡོན་ལོགས་ན།ཟན་ཟ་ཞིང་འདུག་པ་མཐོང་ནས་དེས་བདག་གི་ལུས་ལ་བརྟགསོ།།དེ་བརྟགས་ན་དེ ་དེ་ལ་ཅུང་ཟད་ཀྱང་ཐ་དད་པར་མ་མཐོང་སྟེ།བདག་ཉིད་ཀྱི་ཆུ་ཞེང་ཅི་འདྲ་བ་དེའི་ཆུ་ཞེང་ཡང་དེ་ཁོ་ན་དང་འདྲ་ལ་ལྷག་ཆད་མེད་ཏེ།ཁ་དོག་དེ་དང་།རྟགས་དེ་དང་།དབྱིབས་དེ་ཐ་དད་པ་མེད་པར ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ།དེ་བཞིན་གཤེགས་པ་ཛམྦུའི་གླིང་དུ་མ་གཤེགས་སམ་སྙམ་མོ།།ངེས་ཤིང་ཡོངས་འདུའི་དྲུང་དུ་བལྟས་ན་དེ་ནའང་དེ་བཞིན་གཤེགས་པ་ལྷའི ་ཚོགས་ཀྱིས་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་ལ་ཤཱ་རིའི་བུའང་གཡས་ལོགས་ན་འདུག་པ་དང་།མཽདྒལ་གྱི་བུ་འདྲ་བའི་དགེ་སློང་ཡང་གཡོན་ལོགས་ན་འདུག་པ་དང་།དེ་མ་ཡིན་པའི ་ཉན་ཐོས་ཆེན་པོ་དག་ཀྱང་དེ་ན་འཁོད་པར་མཐོང་ངོ་།།དེ་ནས་ཚེ་དང་ལྡན་པ་མཽ་དྒལ་གྱི་བུ་ཆེན་པོ་འདི་ལྟར་ངོ་མཚར་ཆེ་བར་གྱུར་ཏེ།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་མཚར ་ཆེའོ།།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྫུ་འཕྲུལ་ཆེའོ།།ཆེ་བར་ཡང་གྲགསོ།།མཐུ་འང་ཆེ་སྟེ།འདི་ལྟར་ཛམྦུའི་གླིང་ནའང་ཆོས་སྟོན་པའི་རྒྱུན་མི་འཆང་ལ།དུམ་ཅུ་རྩ ་གསུམ་གྱི་གནས་ནའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་ཏོ་སྙ་མོ།།དེ་ནས་ཚེ་དང་ལྡན་པ་མེདྒལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་ཛམྦུའི་གླིང་དུ་རྣམ་པར་བལྟས་ན་དེས་དེ ་བཞིན་གཤེགས་པ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་འཁོར་འབུམ་ཕྲག་དུ་མས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ་།། ་དེ་ནའང་བདག་ཁོ་ན་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་འདྲ།རྟོགས་ཀྱང་དེ་དང་འདྲ།དབྱིབས་ཀྱང་དེ་དང་འདྲ་བ་ཞིག་མཐོང་ངོ་།།ཤཱ་རིའི་བུ་དང་།འོད་སྲུང་ཆེན་པོ་དང་།ཀ་ཏྱའི་བུ་ཆེན་པོ་དང་།། ་གང་པོ་དང་།རབ་འབྱོར་དང་།ནམ་གྲུ་དང་།རྟ་ཐུལ་དང་།ཀ་པི་ན་དང་།ཉན་ཐོས་ཆེན་པོ་ཐམས་ཅད་ཀྱང་ཆུ་ཞེང་དེ་ཁོ་ན་བཞིན་དུ་མཐོང་ངོ་།།རྒྱལ་པོའི་ཁབ་ན་ཇི་ལྟ་བ་བཞིན་དུ་རྒྱལ་བུ་རྒྱལ་བྱེད ་ཀྱི་ཚལ་ནའང་དེ་དང་འདྲའོ།།རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་གནས་ནའང་དེ་དང་འདྲའོ།།དེ་ནས་ཚེ་དང་ལྡན་པ་མཽདྒལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ ་གྱུར་ནས་ཛམྦུའི་གླིང་དུ་རྣམ་པར་བལྟས་ན།དེས་བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པ་དང་།སེར་སྐྱའི་གྲོང་ཁྱེར་ཆེན་པོ་ན ་བསོད་སྙོམས་ལ་གཤེགས་པ་མཐོང་སྟེ།དེར་ཡང་མོདྒལ་གྱི་བུ་དང་འདྲ་བའི་དགེ་སློང་དང་།ངོ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།།དེ་བཞིན་དུ་དེ་བཞིན་གཤེགས་པ་ཡངས་པའི ་གྲོང་ཁྱེར་ཆེན་པོ་ན་ལིཙྪ་བི་གཞོན་ནུ་དྲི་མ་མེད་པའི་ཟླ་བའི་ཁྱིམ་ན་བཤེས་གསོལ་ཞིང་བཞུགས་པ་མཐོང་སྟེ།དེར་ཡང་བདུག་ལྗོ་ན་དང་འདྲ་བའི་དགེ་སློང་ཁ་དོགུ་དེ་འདྲ་བ་དང་།རྟགས ་དེ་འདྲ་བ་དང་།དབྱིབས་དེ་འདྲ་བ་དང་།དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།།དེ་ནས་ཚེ་དང་ལྡན་པ་མཽདྒལ་གྱི་བུ་ཆེན་པོས་དེ་བཞིན་གཤེགས་པ་བ་ར་ཎཱ་སིའི་གྲོང་ཁྱེར་ཆེན་པོར་བསྐྱོད ་སྙོམས་ལ་གཤེགས་ནས་སླར་གཤེགས་པ་མཐོང་སྟེ།དེར་ཡང་བདག་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་འདྲ།རྟགས་ཀྱང་དེ་འདྲ།དབྱིབས་ཀྱང་དེ་འདྲ་བ་དང་།དེ་མ་ཡིན་པའི་ཉན་ཐོས་ཆེན་པོ ་དག་ཀྱང་མཐོང་ངོ་།།དེ་ནས་ཚེ་དང་ལྡན་པ་མཽཏྤལ་གྱི་བུ་ཆེན་པོས་ཛམྦུའི་གླིང་འདིར་རྣམ་པར་བལྟས་ན།དེ་བཞིན་གཤེགས་པ་བཞུགས་བཞུགས་པ་གང་ཡང་རུང་སྟེ།གཙུག་ལག་ཁང་ངམ། ་འཆག་ས་འམ།ཤིང་དྲུང་འམ།རྡོ་ལེབ་བམ།ས་ཕྱོགས་གང་ཡང་རུང་བའི་ས་ཕྱོགས་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངསུ་བསྐོར་ཅིང་འདུན ་གྱིས་བལྟས་པ་སྤྱོད་ལམ་སྣ་ཚོགས་ཀྱིས་བཞུགས་པ་མཐོང་ངོ་།།དེ་ནས་ཚེ་དང་ལྡན་པ་མོདྒལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་བྱང་གི་སྒྲ་མི་སྤྱན་གྱི་གླིང་དུ་རྣམ་པར་བལྟས་ནི ་དེནའང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བྱང་གི་སྒྲ་མི་སྙན་གྱི་གླིང་ན་བསོད་སྙོམས་ལ་གཤེགས་པ་དང་།བསོད་སྙོམས་བཞེས་ནས་བཤོས ་གསོལ་ཞིང་བཞུགས་པ་མཐོང་སྟེ།དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་དང་།དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།།དེ་ནས་ཚེ་དང་ལྡན་པ་མེདྒལ་གྱི་བུ་ཆེན་པོས་ཤར་གྱི་ལུས ་འཕགས་ཀྱི་གླིང་དུ་རྣམ་པར་བལྟས་ན།དེས་དེར་ཡང་དེ་བཞིན་གཤེགས་པ་སྐྱེ་བོའི་ཚོགས་ཆེན་པོའི་དབུས་ན་ཆོས་སྟོན་ཅིང་བཞུགས་པ་མཐོང་སྟེ།དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་དང་།། ་དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།།དེ་བཞིན་དུ་ནུབ་ཀྱི་བ་ལོང་སྤྱོད་ཀྱི་གླིང་ནའང་དེ་བཞིན་གཤེགས་པ་བསམ་གཏན་ནང་དུ་ཡང་དག་འཇོག་ལ་བཞུགས་ཏེ།སྲོག་ཆགས ་སྟོང་ཕྲག་དུ་མ་ཕྱག་འཚལ་ཞིང་འདུག་པ་དང་།ཉན་ཐོས་ཆེན་པོ་ཐམས་ཅད་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དག་ཀྱང་མཐོང་སྟེ།དེ་ནའང་བདག་ཉིད་དང་འདྲ་བའི་དགེ ་སློང་ཞིག་མཐོང་ངོ་།།དེ་ནས་ཚེ་དང་ལྡན་པ་མཽཏྤལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་ས་བླའི་ལྷ་རྣམས་ཀྱི་གནསུ་རྣམ་པར་བལྟས་ན།དེ་ནའང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ ་འདུན་དང་ཐབས་ཅིག་ཏུ་ཆོས་སྟོན་པ་མཐོང་སྟེ།དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་དང་།དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།།དེ་བཞིན་དུ་བར་སྣང་གི་ལྷ་རྣམས་ཀྱི ་གནསུ་རྣམ་པར་བལྟས་ན།དོན་འང་དེ་བཞིན་གཤེགས་པ་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་སྟེ།དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་དང་།དེ་མ་ཡིན་པའི་ཉན་ཐོས ་ཆེན་པོ་དག་ཀྱང་མཐོང་ངོ་།།དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་།སུམ་ཅུ་རྩ་གསུམ་པ་དང་།འཐབ་བྲལ་དང་།དགའ་ལྡན་དང་།འཕྲུལ་དགའ་དང་། ་གཞན་འཕྲུལ་དབང་བྱེད་རྣམས་སུའང་དེ་དང་འདྲའོ།།དེ་ནས་ཚེ་དང་ལྡན་པ་མོདྒལ་གྱི་བུ་ཆེན་པོས་ཚངས་པའི་འཇིག་རྟེན་གྱི་བར་དུ་རྣམ་པར་བལྟས་ན་ཚངས་པའི་འཇིག་རྟེན་ནའང་དེ་བཞིན ་གཤེགས་པ་ཚངས་པ་འབུམ་ཕྲག་དུ་མས་ཡོང་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་སྟེ།དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་འདྲ།རྟགས ་ཀྱང་དེ་འདྲ།དབྱིབས་ཀྱང་དེ་འདྲ།ཆུ་ཞིང་ཡང་དེ་ཁོ་ན་དང་འདྲ་བ་མཐོང་ངོ་།།མཽདྒལ་གྱི་བུ་འདྲ་བའི་དགེ་སློང་དེ་དག་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཆོས་སྟོན་ཏེ།ཐམས ་ཅད་ཀྱང་མོལ་གྱི་བུ་ཞེས་བྱ་བར་ཤེས་སོ།།ཤཱ་རིའི་བུ་འདྲ་བའི་དགེ་སློང་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་སྣང་བ་ཆེན་པོས་འཁོར་གྱི་མདུན་ན་སེང་གེའི་སྒྲ་སྒྲོགས་ཏེ།དེ་དག ་ཐམས་ཅད་ཀྱང་ཤཱ་རིའི་བུ་ཞེས་གྲགས་ཏེ།དེ་ལྟར་ཉན་ཐོས་ཆེན་པོ་དེ་དག་རང་རང་གི་སྟོབས་བསྐྱེད་པས་ཆོས་སྟོན་ཏོ།།དེ་ནས་མཽདྒལ་གྱི་བུ་ཆེན་པོ་དགའ་ཞིང་མགུ་ལ་སྤུ་ཟིང་ཞེས ་བྱེད་ནས་ངོ་མཚར་དུ་གྱུར་ཏེ།དགའ་བོ་དང་།མཆོག་ཏུ་དགའ་བ་སྐྱེས་ནས།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་མཚར་ཏོ།།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི ་མཆོག་ཏུ་ངོ་མཚར་ཏོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།།དེ་ནས་མཽདྒལ་གྱི་བུ་ཆེན་པོ་སངས་རྒྱས་རྣམས་ལ་ཕྱག་འཚལོ།།སངས་རྒྱས་རྣམས་ལ་ཕྱག་འཚལ་ཞེས་ཚིག་ཏུ་སྨྲ ་ཞིང་དང་བཟང་རྣམ་པར་རྒྱལ་བྱེད་ནས་ཤུགས་ཆེན་པོས་ཡན་ལག་ལྔས་ཕྱག་བྱསོ།།དེའི་ཚེ་ཅ་ཅོའི་སྒྲ་ཆེན་པོ་འཇིག་རྟེན་དུ་གྲགས་ཏེ།སུམ་ཅུ་རྩ་གསུམ་པའི་གནས་ཐམས་ཅད་གཡོས་སོ།། ་དེ་ནས་ལྷའི་བུ་འབུམ་ཕྲག་དུ་མ་མི་དགའ་བར་གྱུར་ཏེ།བཅོམ་ལྡན་འདས་ལ་ཞུས་པ།བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་ཅ་ཅོའི་སྒྲ་ཆེན་པོ་དང་།ས་ཆེན་པོ་གཡོ་བ་འཇིག་རྟེན་དུ་བྱུང ་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ལྷའི་བུ་དག་དགེ་སློང་མོདྒལ་གྱི་བུ་འདི་སངས་རྒྱས་ལ་གཅེས་པར་འཛིན ་པའི་ཕྱིར་ས་ཆེན་པོའི་སྟེང་དུ་ཕྱག་བྱས་ཏེ།འདི་ནི་དེའི་མཐུ་ཡིན།།གསོལ་པ།བཅོམ་ལྡན་འདས་ཅིའི་སླད་དུ་དགེ་སློང་མོདྒལ་གྱི་བུ་ཆེན་པོ་ས་ཆེན་པོའི་སྟེང་དུ་ཕྱག་འཚལ་ལགས།བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།ལྷའི་བུ་དག་དགེ་སློང་མོདྒལ་གྱི་བུ་དེ་འོང་གིས་དེ་ལ་དྲིས་ཤིག།དེ་ནས་གནས་བརྟན་མཽདྒལ་གྱི་བུ་ཆེན་པོ་ཁང་བཟང་རྣམ་པར་རྒྱལ་བྱེད་ནས་ལངས་ཏེ་ཤིན་ཏུ ་མྱུར་བ་དང་།ཤིན་ཏུ་རིང་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས ་།ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྷོ།སོར་མོ་བཌཱུརཱ་ཐལ་མ་སྦྱར་ནས་བཅོམ་ལྡན་འདས་ལ་ཚིགསུ་བཅད་པ་དག་གིས་བསྟོད་པ།།མགོན་པོ་མཚུངས་མོད ་མི་ཡི་དབང་པོ་ཁྱད་པར་བརྙེས།།དྲི་མ་གསུམ་གྱི་ཐོ་མ་སྤངས་པ་སེམས་དུལ་བ།།མི་མཆོག་ལྷོ་དང་མི་ཡི་མཆོད་པའི་གནས་གྱུར་པ།།རྒྱལ་བའི་བློ་ཡི་སྤྱོད་པ་བསམ་གྱིས་ཡོང་མི་ཁྱབ། ་ཉི་མ་འབུམ་ཕྲག་མང་པོ་དག་ནི་ཤར་བ་ན།།སེམས་ཅན་ལོང་བ་ཀུན་གྱིས་མཐོང་བར་མི་འགྱུར་བ།།དེ་བཞིན་སྟོབས་བཅུ་མངའ་བ་ཀུན་ཏུ་འོད་ཟེར་ལྡན།།ཉན་ཐོས་ཀུན་གྱིས་ཤོས ་པར་སྨྲ་བ་མ་ལེག་སོ།།ཉན་ཐོས་འདི་དག་ཐམས་ཅད་དམུས་ལིང་འདྲ་བ་སྟེ།།སངས་རྒྱས་ཐེག་པ་ཞེས་ནི་འཛིན་པར་ཡོང་མི་བགྱིད།།དེ་བཞིན་གཤེགས་པཱ་ལི་ནི་དད་པས་མཆི ་མོད་ཀྱི།།རྒྱལ་བ་དག་གིས་ཆོས་ཉིད་ཀྱང་ནི་ཡོད་མ་འཚལ།།རྒྱ་མཚོ་ཆེན་པོའི་དྲུང་ན་བོ་རྗེས་ལྟ་བུ་དང་།།རི་རབ་རྒྱལ་པོ་དང་ནཱི་ཡུངས་འབྲུ་གཅིག་པུ་དང་།།ཉི་མའི་འོད་དང་སྦྱིན ་བུ་མེ་ཁྱེར་འདྲ་བ་སྟེ།།སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོད་རྣམས་དེ་དང་འདྲ།།ལྷུན་པོ་རྣམས་ཀྱང་ཡུངས་འབྲུ་དག་ལ་འདོད་མི་བགྱིད།།མཁའ་ལ་ཉི་མ་གནས་པ་མེ་ཁྱེར་འདོད ་མི་བགྱིད།།རྒྱ་མཚོ་ཆེན་པོ་པ་རྗེས་ཚུ་ལ་འདོད་མི་བགྱིད།།བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་ལ་འདོད་མི་བགྱིད།།དམུས་ལོང་མི་དང་ལྷ་ཡི་མིག་ལྡན་ཅི་འདྲ་དང་། ་ཕལ་པའི་མིད་དུ་འཁོར་ལོས་རྒྱུར་བ་ནི་འདྲ་དང་།།ཟླ་བའི་འོད་ཀྱིས་སྐར་མ་རྣམས་ནི་ཟིལ་གནོན་པ།།སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོར་རྣམས་དེ་དང་འདྲ།།བྷཱུ་མུསྱཱ་འཕྲུལ་ལན ་ཐུགས་བརྗེ་ན་སླད་དུ།།ལྷུན་པོའི་རྩེ་མོ་འདི་ནི་རྒྱལ་བུ་བཞུགས་པ་ནི།།སངས་རྒྱས་དང་ནི་དགེ་སློང་དགེ་འདུན་མི་ཞུགས་པས།།བདག་ནི་ཇི་མྦུའི་གླི་དེ་འདི་སྟེ་ས་མ་ཡིད་ལ་བགྱིད། ་ལྡན་བདག་ནི་རྣམ་པར་རྒྱལ་བྷྲིད་ནང་ན་མཆིས།། ཡི་བུ་མོ་རྣམས་ལ་ཆེས་ནི་སྟོན་པ་ན།།བདག་གིས་ལྷ་ཡི་མིག་གིས་ཛམྦྷའི་གླིང་དུ་བསྡུས།།གྲོང་ཁྱེར་དང་ནི་ཚང་འདུས་བརྒྱ་ཕྲག་བརྟག ་པབགྱིད།།བརྟགས་པའི་རྐྱེན་བདག་གིས་དེར་ནི་རྟུལ་བ་མཐོང་།།རྒྱལ་པོའི་ཁབ་དང་མཐུ་ཆེན་གཟུགས་ཅན་སྙིང་པོའི་འང་།།གྲོང་རྡལ་མི་དང་འཁོར་གྱིས་མདུན་གྱིས་བལྟས་པ ་ཉན་ཐོས་རྣམས་དང་ཐབས་ཅིག་ཏུ་ནི་བཤོས་ཀྱང་གསོལ།།གཡོན་ལོགས་ན་ནི་བདག་གི་ཁ་དོག་འདྲ་བ་ཡི།།མཏྤལ་གྱི་ནི་བུ་མཆིས་པ་ཡང་བདག་གིས་མཐོང་།།གཡས་ལོགས ་ནཱིནཱི་ཤཱ་རིའི་བུ་མཆིས་གཞན་དག་ཀྱང་།།རྒྱལ་བ་ཡི་ནི་ཉན་ཐོས་ཐམས་ཅད་འཁོད་པ་མཐོང་།།སྒྲེན་པོ་ཡི་ནི་སྟེང་དུ་རྒྱལ་བ་གཤེགས་སྙམ་བགྱིད།།བདག་གིས་བརྟགས་ན ་སྤྲིན་པོའི་ཟམ་ན་བཞུགས་པ་མཐོང་།།བདག་ཉིད་ཀྱང་ནི་རྒྱལ་པོའི་ཁབ་ན་མཆིས་པ་དང་།།སྤྱན་པོའི་རྩེ་མེ་དེ་ཉིད་ན་ཡིང་མཆིས་པ་མཐོང་།།གྲོང་ཁྱེར་མཉན་ཡོད་ན་ཡང་འཇོག་རྟེན ་མགོན་པོ་ནི།།སྲོག་ཆགས་བྱེ་བ་མང་པོ་དག་ལ་ཆོས་སྟོན་མཐོང་།།དེ་དག་ན་ཡང་དག་དང་ཤཱ་རིའི་བུ་དང་ནི།།ཉན་ཐོས་གཞན་རྣམས་གྲང་ལགས་དེ་དག་མཐོང ་བར་གྱུར།།ཤཱཀྱ་དག་གི་ནང་དུ་བསོད་སྙོམས་གཤེགས་པ་མཐོང་།།ཡངས་པ་ནས་ནི་སླར་གཤེགས་པའང་མཐོང་བར་གྱུར།བ་ར་ཎཱ་སིར་ཡང་ནི་དེ་བཞིན་མཐོང་བར་གྱུར།། ་ཐམས་ཅད་དུ་ཡང་བདག་ཉིད་ཀྱི་ནི་ལུས་ཀྱང་མཐོང་།།བྱང་གི་སྒྲ་མི་སྙན་གྱི་གླིང་ན་དེ་བཞིན་དུ།།ཚོགས་དང་ལྷན་ཅིག་བསོད་སྙོམས་དག་ལ་རྒྱུ་བ་མཐོང་།།མ་དྲོས་མཚོ་ཡི་ནང་དགན ་ཡང་ཉན་ཐོས་བཅས།།བསོད་སྙོམས་ཞལ་ཟས་གསོལ་བ་བདག་གིས་མཐོང་བར་གྱུར།།དེ་བཞིན་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དག་ན།།སེམས་ཅན་བྱེ་བ་ཁྲག་ཁྲིག་མང་པོའི་དོན་མཛད ་མཐོང་།ཐམས་ཅད་དུ་ནི་མོདྒལ་བུ་ཡང་རྫུ་འཕྲུལ་གྱི།།སྟོབས་ཀྱི་འགྲོ་བ་རྣམས་ནི་འདུལ་བར་བགྱིད་པ་མཐོང་།།དེ་བཞིན་དུ་ཡང་ཤར་གྱི་ལུས་འཕགས་གླིང་དག་ན།།མི་རྣམས ་ལ་ནི་ཆོས་རྣམས་སྣ་ཚོགས་སྟོན་པ་མཐོང་།།དེ་ན་ཡང་ནི་བདག་དང་ཤཱ་རིའི་བུ་དག་དང་།།གཞན་ཡང་ཉན་ཐོས་གང་ལགས་དེ་དག་བདག་གིས་མཐོང་།།དེ་བཞིན་ས་བླ་བ་ཡི་ལྷའི ་གནས་རྣམས་དང་།།བར་སྣང་དག་ན་ཆོས་ནི་སྟོན་ཅིང་བཞུགས་པ་མཐོང་།།ཆོས་ཀྱི་མངའ་བདག་དམ་པ་ཁྱོད་ནི་འཇིག་རྟེན་སྐྱོང་།།བཞི་པོ་དག་ལ་ཆོས་རྣམས་སྟོན་ཅིང་བཞུགས་པ ་དན་དུ་འང་རྣམས་ནང་དུམུན་དུ།།དོནས་ཤཱ་སོང་གདག་ཝཱན་ག་ཛང་།།རབ་འཕྲུལ་དག་དང་གཞན་འཕྲུལ་དབང་བྱུང་དགན་ཡང་།།མནན་པ་ཏན་ནས ་རྣམས་དང་བཅས་པ་བདག་གིས་མཐོང་།།ཚངས་པའི་འཇིག་རྟེན་དགན་ཚངས་པ་བྱེ་བ་ལ།།ཆོས་རྣམས་སྟོན་ཅིང་བཞུགས་པ་བདག་གིས་མཐོང་བར་སྤྱོར།།ཐམས་ཅད་དུ་ཡང་བདག་གི་ལུས་དང་། ་དེ་བཞིན་དུ།།གཞན་ཡང་རྒྱལ་བའི་ཉན་ཐོས་རྣམས་ནི་བདག་གིས་མཐོང་།།གཙུག་ལགོ་ཁང་དང་འཆག་ས་ཤིང་གི་གནས་རྣམས་དང་།།ཕུག་རྣམས་གངན་སྔོན་ཆད་སངས་རྒྱས་བཞུགས་བཞུགས་པ།། ་ཐམས་ཅད་དུའང་ཤཱུཿསང་གི་ཅི་འདྲག།།དེ་འདྲའི་ཆོས་ཀྱི་རྒྱལ་པོ་བདག་གིས་མཐོང་བར་གྱུར།།དཔའ་བོ་ཁྱོད་ཀྱི་ཆོས་ཉིད་འདི་ནི་བདག་གིས་སུ།།མཐོང་ནས་བདུག་ནི་ང་མཆོར་རྨད་དུ་འཛིན་པར་གྱུར།། ་སངས་རྒྱས་འོད་མཇེད་དེ་དག་རྣམས་ཀྱི་རྫུ་འཕྲུལ་མཆོག།འདི་འདྲ་དེ་དག་ངོ་མཚར་རབ་ཏུ་ཆེ་བ་ལགས།།རྣམ་འདྲེན་སུམ་ཅུ་གསུམ་ན་བཞུགས་པར་མ་བས་ཀྱི།།ཛམྦུའི་གླིང་ན་ཐམས་ཅད་དུའང ་སྨྱུང་ཞིང་བཞུགས།།གྲོང་རྣམས་དང་ནི་ཡུལ་འཁོར་གྲོང་ཁྱེར་དག་ན་ཡང་།།ཁ་དོག་འཐུན་པ་ཡིས་ནི་ཆོས་རྣམས་སྟོན་ཅིང་བཞུགས།།འཇིག་རྟེན་མགོན་པོ་ཁྱོད་ནི་ཇི་ལྟར་མཐོང་བ་བཞིན།། ་སྙིད་ཀྱི་ནི་ཤཱ་རིའི་བུ་དང་གསུས་པ་ཆེ།།ཀ་བི་ན་དང་ནོམོ་གླུ་ཀཱ་ཏྱཱ་ནའི་བུ།།གང་པོ་དང་ནི་རབ་འབྱོར་འོད་སྲུང་མཐོང་བར་གྱུར།།ཐོས་པ་རྒྱ་མཚོ་ལྟ་བུའི་དགེ་བ་ཀུན་དགའ་གོ།།ཀུན་ཏུ་སངས ་རྒྱས་རྣམས་ལ་ཞུ་བ་བདག་གིས་མཐོང་།།ཐམས་ཅད་དུ་ཡང་བདག་གི་ལུས་ནི་མདོག་དང་རྟགས།།མཚུངས་ཤིང་ལྷག་པ་མ་མཆིས་བདག་གིས་མཐོང་བར་གྱུར།།སངས ་རྒྱས་བསམ་གྱིས་མི་ཁྱབ་རྣམས་ལ་ཕྱག་འཚལ་ཞེས།།བདག་གིས་ལྷུན་པོའི་ཟོམ་ལ་ཚད་དུ་བརྗོད་པ་བརྗོད།།བདག་གི་སྤུ་ཡང་ཟིང་ཞེས་བགྱིད་དེ་གུས་པས་གནས།།ཡན་ལག་ལྔ་པོ་རྣམས་ཀྱིས ་ཀྱང་ནི་ཕྱག་བགྱིས་ལགས།།སྒྲ་སྐད་ཆེན་པོ་དག་ཀྱང་ཡོངསུ་གྲགས་པར་གྱུར།།སྟོང་གསུམས་གཞི་དག་ཀྱང་རབ་ཏུ་གཡས་པར་གྱུར།།ལྷུན་པོའི་རྩེ་མོ་འདི་ཡང་ཀུན་དུ་སྣང་བར་གྱུར།།རྒྱལ་བ ་དེས་པ་དག་གི་མཐུ་ནི་མཐོང་གྱུར་ནས།།ད་ལྟར་བདག་ནི་ཤིན་དུ་རིངས་པའི་ཚུལ་གྱིས་སུ།།མི་མཆོག་ག་ལ་བཞུགས་པ་དེར་ནི་བདག་མཆིས་ཏེ།།ཆོས་ཀྱི་རྣམ་པར་དབྱེ་བ་མཁས་པ་ཁྱོད་ལ་ཞུ།། ་རྒྱལ་བ་དེ་བཞིན་གཤེགས་རྣམས་ཇི་ལྟར་རྣམ་པར་འཕྲུལ།།ཛམྦུའི་གླིང་དང་ལྷ་ཡི་འཇིག་རྟེན་དག་དང་ནི།།ལྷོ་ཕྱོགས་དང་ནི་ཤར་ཕྱོགས་བྱུང་གི་ཕྱོགས་རྣམས་དང་།།ཚངས་པའི་འཇིག་རྟེན ་དང་ནི་བར་སྣང་གནས་བཞུགས་པ།།རྒྱལ་བ་རྣམས་ཀྱི་དེ་ཉིད་གང་ལགས་བདག་ལ་གསུངས།།སྟོན་པ་ཆེན་པོ་རྫུ་འཕྲུལ་ཆེ་བ་འདི་མཐོང་བས།།དེང་ནི་བདག་གིས་རྙེད་པ་ལེགས་པར་རྙེད ་པར་གྱུར།།དེ་ཡི་འོག་ཏུ་སངས་རྒྱས་ཐེག་པ་འདི་དག་ལགས།།བདག་ཉིད་དམན་པར་གྱུར་པ་དེང་དུ་མྱ་ངན་བགྱིད།།གལ་ཏེ་བདག་སེམས་རྣམ་པར་གྲོལ་བར་མ་གྱུར་ན།།བྱང་ཆུབ་ཏུ་ནི ་ད་ལྟར་སེམས་ཀྱང་བསྐྱེད་པ་ཞིག།བཅོམ་ལྡན་བདག་གི་ཟག་པ་ཟད་པས་བགྱིར་མ་མཆིས།།བདག་ནི་སངས་རྒྱས་ཡེ་ཤེས་འདི་ཡི་སྣོད་མ་ལགས།།ཇི་ལྟར་རྒྱ་མཚོར་རིན་ཆེན་དོན་དུ་སོང་སོང་ན།།ཀྱི་ཧུད་ནོར་བུ ་རིན་ཆེན་པོར་ཏེ་མཆིང་བུ་བླངས།།བྱང་ཆུབ་བོར་ནས་ཉན་ཐོས་གྱུར་པ་གང་ལགས་པའི།།སེམས་ཅན་རྣམས་ཀྱང་ང་ནི་དེ་འདྲར་མཁྱེན་པར་མཛོད།།སེམས་ཅན་དམན་པ་ངན་པའི་ལྟ་བ་ཅན་དག་ནི།།རྒྱ་ཆེན ་བྱང་ཆུབ་ཏུ་ནི་སེམས་ཀྱང་སྐྱེ་མི་འགྱུར།།བརྩོན་འགྲུས་ལྡན་ཞིང་མཐུ་རྣལ་བརྟན་པ་གང་ལེགས་པ།།དེ་དག་སངས་རྒྱས་ཡེ་ཤེས་ལྔ་ནི་འདུན་པ་སྐྱེད།།མགོན་པོ་བདག་ནི་ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི།། ་ཡེ་ཤེས་མཆོག་ཞུགས་གང་ལགས་པ་ལ་ཕྱག་ཀྱང་འཚལ།།ཤཱཀྱ་སེང་གེ་བཞིན་དུ་དེ་དག་རྣམ་པར་འཕྲུལ།།བདག་ནི་འདི་ལ་ཡིད་གཉིས་མི་འཆེལ་དོགས་མ་མཆིས།།དེ་ནས་བཅོམ་ལྡན་འདས ་ཀྱིས་ཚེ་དང་ལྡན་པ་མཽདྒལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ།མཽདྒལ་གྱི་བུ་ཁྱོད་ཀྱི་ཡུལ་ཇི་ལྟ་བ་དེ་བཞིན་དུ་ཁྱོད་ཀྱིས་མཐོང་ཞིང་ལྟ་བར་ཟད་ཀྱི།མཽདྒལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་གང་ཡིན་པ་ནི་སེམས་ཅན་ཐམས་ཅད་རང་སངས་རྒྱསུ་གྱུར་པས་ཀྱང་ཀུན་ཤེས་པ་འམ།རྣམ་པར་ཤེས་པར་མི་ནུས་ན་ཉན་ཐོས་ཕྱོགས་གཅིག་པ་ལ ་སྤྱོད་ཅིང་ཕྱོགས་གཅིག་གི་ཤེས་པ་དང་ལྡན་པ་ཁྱོད་ཀྱིས་ལྟ་ག་ལ་ཤེས།མཽདྒལ་གྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫུ་འཕྲུལ་གྱིས ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བང་ཆོས་ཀྱི་རྣམ་གྲངས་ཀུན་གྱིས་དེའི་བར་དུ་འཁར་མ་འོངས་པ་རྣམས་ནི་འདུས་ཤིག།འཁོར་འདུས་པ་རྣམས་ན ་འཁོད་དུ་ཆུག་ཤིག།བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ།ཚེ་དང་ལྡན་པ་མོདྒལ་གྱི་བ་ཆེན་པོས་བཅོམ་ལྡན་འདས་ཀྱིས་ལྟར་མཉན་ནས་ལུས་འབར་ཞིང་འོད་ཟེར་དག་འགྱེད ་བཞིན་དུ་དེའི་ཚེཚངས་པའི་འཇིག་རྟེན་དུ་འདུག་ནས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་བྷྱོ་ཁམས་སྐད་ཀྱིས་ཇིསྒྲ་སྟེ་དེའི་ཚེ་ཚོག་སུ་བཅད་པ་འདི་དག་སྨྲས།།བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམས ་ཡང་།ནི་དེ་བཞིན་གཤེགས་རྣམསའི་བྱུང་བ་ཤིན་དུ་དཀོན།།ུ་དུམྦ་རའི་མེ་ཏོག་ཇི་ལྟ་བ།།འདྲེན་པ་རྣམས་མཐོང་བ་ཡིད་དེ་དང་འདྲ།།འཁར་ལོས་སྒྱུར་བའི་རྒྱལ་བ་རྫུ་འགྱུ ་།བསོད་རྣམས་སྐྱབས་དང་ལྡན་ཞིང་བུ་སྤྱོད་དང་།།རིན་རྟེན་བདུན་ལྡན་འདོད་པ་གང་ཡིན་པ།།དྲི་ན་མེད་ལ་སངས་རྒྱས་ཆོས་ཉན་ཅིག།བརྒྱ་བྱིན་ཚངས་པར་འགྱུར་བར་སུ་ད ་དང་།འདིར་ནི་ལྷ་མིའི་བདེ་བ་གཞན་དག་གིས།།དགའ་ཞིང་རྩེ་ལི་རྟག་ཏུ་བདེ་ལྡན་འདོད།།དེ་ནི་ཆོས་ཀྱི་རྒྱལ་པོ་ལྷུར་སོང་ཤིག།ཉོན་མོངས་ཀུན་སྐམས་ཞི་བ་མྱ་ངན་འདས།། ་བདུད་རྩི་རེག་དང་རྫུ་འཕྲུལ་སྟོབས་གནས་ནས།།རྣམ་པར་འཕྲུལ་པར་འདིད་པ་གང་ཡིན་པ།།དེ་ནི་སོང་ལོ་རྒྱལ་བའི་ཆོས་ཉོན་ཅིག།རང་སངས་རྒྱས་སམ་ཉན་ཐོས་འགྱུར ་བྱམ།ཤཱ་ཡང་ན་སྟོབས་བཅུས་དཔུང་བཅས་བདུད་བཏུལ་ནས།།སངས་རྒྱས་རྐང་གཉིས་མཆོག་འགྱུར་འདོད་པ་གང་།།དེ་ནི་ཆོས་ཀྱི་མངའ་བདག་ལྟར་སོང་ཤོག།དེ་ནས་གནས་བརྟན ་མཽདྒལ་གྱི་བུས་བསྐུལ་བའི་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་།འདོད་པ་ན་སྤྱོད་པ་དང་།གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་མྱུར་དུ་མྱུར་བར་ཤིན་དུ་རིངས་པར་མེ་ཏོག་དང་། ་མེ་ཏོག་ཕྲེང་དང་།སྤོས་དང་།ཕྱེ་མ་ཁྱེར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ།ལྷགས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ།།དེ་ནས་ཚེ་དང་ལྡན་པ་མོདྒལ་གྱི་བུས་རྫུ་འཕྲུལ་དེ་བཏང་ནས་བཅོམ་ལྡན་འདས་ག་ལོ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི ་སྤྱན་སྔར་འདུག་གོ།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽདྒལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ།མཽདྒལ་གྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་།དེ ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་སྩལ་བའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངས་བཤད་དོ།།བཅོམ་ལྡན་འདས་དེ་ལྟར་འཚལོ་ཞེས་གསོལ ་ཏེ།ཚེ་དང་ལྡན་པ་མཽདྒལ་གྱི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་།བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།།མཽདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་འདི་ནི་ཟླ་བ་བྱེ་བ་ཕྲག་བརྒྱ་དང་།ཉི་མ་བྱེ་བ་ཕྲག་བརྒྱ་དང་།རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་།རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་།གླིང་ཆེན་པོ་བཞི ་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡིན་ནོ།།མཽདྒལ་གྱི་བུ་འདི་ཇི་སྙམ་དུ ་སེམས།གླིང་ཆེན་པོ་བཞི་པ་འདི་འབའ་ཞིག་ཏུ་ང་མངོན་པར་རྫོགས་པར་སངས་རྒྱས་ཀྱི་གླིང་གཞན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་ན།མོདྒལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་སྟེ།གླིང ་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཇི་ལྟར་ཡོངསུ་སྨིན་པ་བཞིན་དུ་ང་ཆོས་སྟོན་ཏེ།ཁ་ཅིག་ཏུ་ནི་མངོན་པར་རྫོགས་པར་སངས་རྒྱས།།ཁ་ཅིག ་ཏུ་ནི་ད་དུང་མའི་མངལ་ན་གནས།།ཁ་ཅིག་ཏུ་ནི་དགའ་ལྡན་གྱི་གནས་ན་འདུག།ཁ་ཅིག་ཏུ་ནི་ཡོངསུ་མྱ་ངན་ལས་འདས་པར་ངས་ཡང་དག་པར་ཤེས་སོ།།།།བམ་པོ ་གསུམ་པ་སྐྱེ་ཐ་མ།།མཽདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་ཤར་ཕྱོགསུ་གླིང ་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲོ་ཉིས་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་མེད་ཅེས་བྱ་བ་ཞིག་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏོ།།མཽདྒལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་སེམས་ཅན་དེ་དག་ནི་འདོད་ཆགས། ་ཆུང་བ་དང་།ཞེ་སྡང་ཆུང་བ་དང་།གཏི་མུག་ཆུང་བ་དང་།བྱད་བཟང་བ་དང་།ལེགས་པར་ཤད་ཀྱིས་བྱང་བར་བྱེད་པ་ཡིནོ།།དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་ནི་ཉུང་བ་སྟེ།ཕལ་ཆེར་ཉན་ཐོས ་ཀྱི་ཐེག་པ་པ་ཡིན།།མཽདྒལ་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་དེས་ཆོས་བསྟན་པ་རེ་རེ་ལ་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ ་དགུ་དགུ་འདུལ་བར་བྱེད་དེ།ད་ལྟར་འདི་ན་རྒྱུན་དུ་ཞུགས་པ་ཞེས་བྱ་བ་དང་།ལན་གཅིག་ཕྱིར་འོང་བ་ཞེས་བྱ་བ་དང་།ཕྱིར་མི་འོང་བ་ཞེས་བྱ་བ་བསྟན་པ་དེ་ལྟ་བུའི་དགེ་སྦྱོང་གི་ཚུལ་གྱི ་འབྲས་བུ་བཞི་རྣམ་པོར་གཞག་པ་ནི་དེ་ན་མེད་ཀྱི་དེ་དག་ཐམས་ཅད་ནི་སྟན་གཅིག་ལ་འདུག་པ་ཤ་སྟག་སྟེ།ཁ་ཅིག་ནི་མངོན་སུམ་དུ་བྱེད་ཅིང་རྣམ་པར་ཐར་པ་བརྒྱད་རྗེ་སུ་འཐོབ་པ ་དང་།ཡེ་ཤེས་ཆེན་པོ་ཐོབ་ནས་ཏ་ལ་བདུན་སྲིད་ནྟེ་མ་གྣི་ན་མཁའ་ལ་མངོན་པར་འཕགས་ནས་རང་གི་མེའི་ཁམས་ཀྱི་རང་གི་ལུས་མེས་སྲེག་པར་བྱེད་དེ།ཡོངསུ་མྱ་ངན་ལས་འདས་པ ་དེ་དག་གི་ཐལ་བའི་བག་ཙམ་ཡང་མེད་དོ།།མོདྒལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་ང་རྒྱུན་མི་འཆད་པར་ཆོས་སྟོན་ཅིང་སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱེད་ལ་རྒྱུན་མི ་འཆད་པར་ཉན་ཐོས་རྣམས་ཡོངསུ་མྱ་ངན་ལས་ཟློ་བར་བྱེད་དོ།།དེ་ན་སྦྱིན་པའང་མེད།ལེན་པའང་མེད་དོ།།བཟའ་བ་དང་།བཏུང་བ་དང་།གོས་རྣམས་བསམས་པ ་ཙམ་གྱིས་འབྱུང་བར་འགྱུར་ཏེ།དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དང་འདྲའོ།།དེ་ན་སེམས་ཅན་རྣམས་མངལ་ན་གནས་པ་མེད་དེ་རྫུས་ཏེ་སྐྱེའོ།།ས་གཞི་ཆེན་པོ་དེའང ་གསེར་ལས་གྲུབ་པ་ཡིན་ནོ།།མཽ་ཏྤལ་གྱི་བུ་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་དེའི་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་གི་ཚེའི་ཚད་ནི་ལོ་ལྔ་བརྒྱ་ཐུབ་སྟེ།བར་མ་དོར་འཆི་བ ་མེད་དོ།།མཽཏྤལ་གྱི་བུ་འདི་ཇི་སྙམ་དུ་སེམས།འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན།། ་མཽདྒལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།།དེ་ཅིའི་ཕྱིར་ཞེ་ན།ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།།མཽདྒལ་གྱི་བུ་འདིའང་སངས་རྒྱས་ཀྱི་རྫུ་འཕྲུལ ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ།དེ་ལ་ནི་ཉན་ཐོས་དང་།རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུསོ།།མཽདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་འདི་ཉིད་ན་ལྷོ་ཕྱོགསུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲི་བརྒྱད་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རིན་ཆེན་འབྱུང་ཞེས་བྱ་བ་རིན ་པཆེ་སྣ་བ་ནི་འདི་ལྟ་སྟེ།གསེར་དང་།དངུལ་དང་།ཤེལ་དང་།རྡོའི་སྙིང་པོ་ལས་གྲུབ་པ་ཞིག་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཕུང་པོ ་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ།མོདྒལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཤས་ཆེར་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལས་བརྩམས་ནས་ཆོས་སྟོན་ཏེ།དེ་ན་ནི་ཉན་ཐོས་ཀྱི་ཐེག་པ་པ་དག་ཀྱང ་ཉུང་ངོ་།།བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་ཀྱང་ཉུང་ངོ་།།རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་གང་དག་ཡིན་པ་དེ་དག་འཇིག་རྟེན་གྱི་ཁམས་དེ་ནས་ཤི་འཕོས་ནས་འཇིག་རྟེན་གྱི ་ཁམས་གཞན་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་སྐྱེ་བར་འགྱུར་ཏེ།དེ་དག་རྐྱེན་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུརརོ།།མདུལ་གྱི་བུ་འདི་ཇི་སྙམ་དུ་སེམས།འཇིག་རྟེན་གྱི་ཁམས ་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ནི།མཽཏྤལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།།དེ་ཅིའི་ཕྱིར་ཞེ་ན།ང་ཉིད་འཇིག ་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།།མོདྒལ་གྱི་བུ་འདིའང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ།དེ་ལ་ནི་ཉན་ཐོས་དང་།རང ་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུསོ།།མཽདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་ནུབ་ཕྱོགསུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི ་ཁམས་ཉི་ཁྲི་ཉིས་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རིན་ཆེན་སྣ་ཚོགས་ཅན་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གསོར་དང་།དངུལ་དང་།ནྡྷ ་དང་།ཤེལ་དང་།རྡོའི་སྙིང་པོ་དང་།མུ་ཏིག་དམར་པོ་དང་།སྨུག་ལས་གྲུབ་པ་ཞིག་ཡོད་དེ།མཽཏྤལ་གྱི་བུ་འཇིག་རྟེན་གྱི་ཁམས་དེ་ན་རིན་པོ་ཆེ་ལས་བྱས་པའི་འཆག་ས་དག་དང་།རིན ་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་པ་དག་དང་།རིན་པོ་ཆེའི་སྟེགས་བུས་བརྒྱན་པའི་རྫིང་བུ་དག་ཀྱང་ཡོད་དོ།།བཟའ་བ་དང་།བཏུང་བ་དང་།གོས་ཀྱང་བསམས་པ་ཙམ་གྱིས་འབྱུང་བར ་འགྱུར་ཏེ།དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉེ་བར་སྤྱོད་པ་དང་།ལོངས་སྤྱོད་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་མི་དེ་དག་གི་ཉེ་བར་སྤྱོད་པ་དང་།ལོངས་སྤྱོད ་ཀྱང་དེ་དང་འདྲའོ།།དེ་ན་བུད་མེད་ཀྱི་མིང་ཡང་མི་བྲག་གོ།དེ་ན་བུད་མེད་སྐྱེ་བའང་མེད་དོ།།དེ་ན་སེམས་ཅན་དེ་དག་འཁྲིགས་པའི་ཆོས་ཀུན་ཏུ་སྤྱོད་པའང་མེད་དོ།།སེམས་ཅན་དེ ་དག་འདོད་པའི་རྟོག་པའང་མི་བྱེད།།གནོད་སེམས་ཀྱི་རྟོག་པའང་མི་བྱེད།རྣམ་པར་འཚེ་བའི་རྟོག་པའང་མི་བྱེད་དོ།།དེ་ན་སུའང་མངལ་ན་གནས་པ་མེད་དེ་སེམས་ཅན་དེ་དག་རྫུས ་ཏེ་སྐྱེ་ཞིང་དཀྱིལ་མོ་དཀྲུང་བཅས་བཞིན་དུ་འབྱུང་ངོ་།།མཽདྒལ་གྱི་བུ་རིན་ཆེན་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ཀྱི་རྡོ་རྗེའི་ཚིག་འཁོར་གསུམ་ཡོངསུ་ཆད་པའི་ཕ་རོལ། ་ཏུཕྱིན་པ་དྲུག་དང་ལྡན་པ་མ་གཏོགས་པར་གཏམ་གཞན་མི་གསུང་ངོ་།།དེ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར ་བྱེད་དོ།།སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ།།སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ལུང་སྟོན་ཏོ།།དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ།ཉན་ཐོས་ཀྱི་ཐེག་པ་དང་།རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་ཡང་མེད་དེ།བྱང་ཆུབ་སེམས་དཔའ་ཉེས་པའི་དྲིང་བ ་མེད་ཅིང་འཁྲིག་པ་དང་བྲལ་བ་འབའ་ཤིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡོངསུ་གང་ངོ་།།དེ་བཞིན་གཤེགས་པ་དེའི་ཚེ་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་བོ།། ་མི་དག་ནི་བར་མདོར་འཆི་འཕོ་བ་ཡོད་དེ།སེམས་ཅན་སུའང་དེ་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་འམ།དུད་འགྲོའི་སྐྱེ་གནས་སམ།གཤིན་རྗེའི་འཇིག་རྟེན་ནམ།མི ་ཁོམ་པ་རྣམསུ་སྐྱེ་བ་མེད་དོ།།བྱང་ཆུབ་སེམས་དཔའ་དེ་དག་ཕལ་ཆེར་དེ་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ཡོང་སུ་དགེ་པོ་གཞན་དག་ཏུ་སྐྱེ་བར་འགྱུར་ཏེ།དེ་བཞིན་གཤེགས ་པ་རྣམས་མངོན་སུམ་དུ་འགྱུརརོ།།གླིང་དེ་དག་ན་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་འཁོད་པ་གང་དྲུག་ཡིན་ཡིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ།ཐམས ་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བློ་གྲོསུ་བློ་གྲོས་གཅིག་གོ།།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དེ་དག་སངས་རྒྱས་ཀྱི་ཆོས་ལ་དགའ་བ་མ་གཏོགས་པར་གཞན་ལ་དགའ་བ ་མི་སྐྱེད་དོ།།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།མི་དེ་དག་ཀྱང་ལྷ་ཞེས་བྱ་བ་འམ།ཀླུ་ཞེས་བྱ་བ་འམ།དྲི་ཟ་ཞེས་བྱ་བ་འམ།མི་ཞེས་བྱ་བར་མིང་དུ་གདགས་པ་ཙམ་ཡོད་པ ་མ་གཏོགས་པར་ཐ་དད་དུ་དབྱེར་མེད་དོ།།མཽདལ་གྱི་བུ་འདི་ཇི་སྙམ་དུ་སེམས།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་འཇིག་རྟེན ་གྱི་ཁམས་དེ་ན་ཆོས་སྟོན་པ་གང་ཡིན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན།མཽདྒལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།།དེ་ཅིའི་ཕྱིར་ཞེ་ན།ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང ་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།།མོདྒལ་གྱི་བུ་འདིའང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ།དེ་ནི་ཉན་ཐོས་དང་།རང་སངས་རྒྱས་ཐམས ་ཅད་ཀྱིས་ཀུན་ཤེས་པར་སླ་བ་མ་ཡིན།།མོདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་བྱང་ཕྱོགསུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས ་སུམ་ཁཱ་དྲུག་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འཇིགས་མེད་ཅེས་བྱ་བ་རིན་པོ་ཆེ་སྣ་གཉིས་ཏེ་གསེར་དང་།དངུལ་ལས་གྲུབ་པ་ཞིག་ཡོད་དེ།དེ་ན་སེམས་ཅན་དམྱལ ་བའི་འཇིགས་པའང་མེད།།དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པའང་མེད།གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པའང་མེད།མི་ཁོམ་པའི་འཇིགས་པའང་མེད།ངན་འགྲོའི་འཇིགས་པ ་འང་མེད་དོ།།དེ་ན་སེམས་ཅན་སུའང་ཚུལ་ཁྲིམས་ཉམས་པ་འམ།ལྟ་བ་ཉམས་པ་འམ།ཆོ་ག་ཉམས་པ་མེད་དོ།།དེ་ན་གཞན་དུ་མུ་སྟེགས་ཅན་སྤྱོད་པ་དང་།ཀུན་ཏུ་རྒྱུ་རྣམས་ཀྱི་མིང་དུ ་གདགས་པ་ཡང་མེད་དོ།།མཽདྒལ་གྱི་བུ་འཇིག་རྟེན་གྱི་ཁམས་འཇིག་མེད་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་མེད་སྦྱིན་ཞེས་བྱ་བ་དེ་ལྟར། ་ཆོས་སྟོན་ཏེ།མཽདྒལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་འདི་ལྟ་སྟེ།ཉན་ཐོས་སུ་འགྱུར་བ་དང་།རང་སངས་རྒྱསུ་འགྱུར་བ་དང་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱ་སུ་འགྱུར་བའི་ཐེག་པ་གསུམ་ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།།མཽདྒལ་གྱི་བུ་དེ་བཞིན་གཤེགས་པ་དེ་གང་གི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི ་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་འདོད་པ་དང་།བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དེ་ལ་བདུད་བློ་གྲོས་བཟང་པོ་ཞེས་བྱ་བ་ལ་སོགས་པ་བདུད་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་འོང་བར ་འགྱུརརོ།།དེའི་ཚེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པ་ད་དུང་ཐམས་ཅད་མཁྱེན་པ་མ་ཐོབ་པ་དེས་བདུད་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་ཀྱི་ཤིང ་སྤྲུལ་པར་བྱེད་དོ།།བྱང་ཆུབ་ཀྱི་ཤིང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རང་རང་གི་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དག་སྤྲུལ་ཏེ།དེར་བདུད་དེ་དག་ངོ་མཚར་དུ་གྱུར་ནས་ཡང ་དགེ་པའི་བྱང་ཆུབ་སེམས་དཔའ་འདི་གང་ཡིན།བདག་ཅག་གིས་གང་གི་བར་ཆད་བྱ་སྙམ་མོ།།དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་དེ་དག་ལ་འདི་སྐད་ཅེས ་སྨྲསོ།།གྲོགས་པོ་དག་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་ཡིན་ན་འདི་ཇི་ལྟར་ཁྱོད་ཀྱིས་བར་ཆད་བྱ།།གཞན་ཡང་ཁྱེད་ཀུན་གྱིས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་པ་འམ།གང་ཡང་དག་པར་འཛུད་པ་དེའི་བསོད་ནམས་ཇི་སྙེད་འཕེལ་བར་འགྱུར་བ་ཤེས་སམ།ཁྱོད་ཀྱིས་ནི་དེའང་མི་རྟོག་སོ།།གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས ་དཔའི་ཐེག་པ་ལ་ཞུགས་པའི་བར་ཆད་བྱེད་པའི་བསོད་ནམས་མ་ཡིན་པ་ཇི་སྙེད་འཕེལ་བར་འགྱུར་བ་ཤེས་ན་ནི་ཁྱེད་བར་ཆད་བྱེད་པའི་ཕྱིར་བརྟུལ་བར་མ་བྱེད་ཅིག།དེ་ནས་བདུད ་རྣམས་ཀྱིས་སྨྲས་པ།གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ།གང་གཞན་ལ་ཁོང་དུ་ཆུད་པར་བགྱིས་ཏེ་ཡང་དག་པར་འཛིན་དུ་འཇུག་པ ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་བགྱིད།སྨྲས་པ།གྲོགས་པོ་དག་གང་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེས་ཡོངསུ་བཀང་སྟེ་སྦྱིན་པ་བྱིན་པ་བས།གང་གིས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན།དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ།།གྲོགས་པོ་དག་གང་གིས་སངས་རྒྱས་ཀྱི་ཞིང་གང་གཱའི ་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་འབུམ་གྱི་བར་དུ་བཀུར་སྟི་བྱས་པ་བས།གང་གིས་གཞན་ལ་ཁོང་དུ་ཆུད་པར་བྱས་ཏེ་ཡང་དག ་པར་འཛིན་དུ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུརརོ།།དེ་དག་གིས་སྨྲས་པ།གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས ་དཔའི་བར་ཆད་བགྱིས་ནཱ་དེ་བསོད་ནམས་མ་ལགས་པ་ཇི་སྐད་ཅིག་སྐྱེད་པར་འགྱུར།སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ།སེམས་ཅན་དེ་དག་གི་མིག་ཕྱུང་ན་དེ ་བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་སྐྱེས་པར་འགྱུར།དེ་དག་གིས་སྨྲས་པ་མང་ངོ་།།སྨྲས་པ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའི་བར་ཆད ་བྱས་པ་དེ་དེ་བས་ཆེས་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་པར་འགྱུར་རོ།།དེ་ནས་བདུད་མང་པོ་དེ་དག་གདམས་ངག་འདི་དག་བསྟན་པ་དང་།ཆོ་འཕྲུལ་འདི་ལྟ་བུ་མཐོང་ནས་ཐམས ་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།།སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལའང་ལྷའི་མེ་ཏོག་དང་།མེ་ཏོག ་ཕྲེང་དང་།བྱུག་པ་རྣམས་ཀྱིས་མངོན་པར་གཏོར་ཏོ།།སིལ་སྙན་བརྒྱ་སྟོང་དག་ཀྱང་ཀུན་ཏུ་དཀྲོལ་ཏེ།ཚིག་འདི་སྐད་དུ་དེད་དཔོན་ཆེན་པོ་ཁྱོད་མྱུར་བ་མྱུར་བར་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་ལ་དགོད་ཏུ་གསོལ་ཞེས་ཀྱང་འཛེར་ཏོ།།དེར་ལྷ་གཞན་དག་གིས་ཀྱང་སྒྲ་ཕྱུང་སྟེ།ཀྱེ་མ ་བདུད་འདི་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་འདི་རྣམས་ནི་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རབ་ཏུ་གྲོལ་ལྷོ།།ཀྱེ་མ་དེ་བཞིན ་གཤེགས་པ་འདི་ནི་འཇིགས་པ་མེད་པ་སྦྱིན་པ་སྟེ།དེ་བས་ན་དེ་བཞིན་གཤེགས་པ་འདིའི་མཚན་ནི་འཇིགས་མེད་སྦྱིན་འཇིགས་མེད་སྦྱིན་ཞེས་བྱའོ་ཞེས་འཛེར་ཏོ།།མཽདྒལ་གྱི་བུ་འདི་ཇི ་སྙམ་དུ་སེམས།འཇིག་རྟེན་གྱི་ཁམས་དྲི་ན་སེམས་ཅནྡ་དེ་དག་ལ་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན།མཽཏྤལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། ་དེ་ཅིའི་ཕྱིར་ཞེ་ན།ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།།མདྒལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ ་ཡིན་ཏེ།།དེའི་ནི་ཉན་ཐོས་དང་།རང་སྲངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུ་སོ།།མོད་ལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ཤར་དང་མྱོའི་ཕྱོགས ་མཚམ་སུ་བློང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་བཞི་སྟོང་འདུས་པ་ན་གླེང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྣ་ཚོགས་ཅན་ཞེས་བྱ་བ་ཞིག་ཡོད་དེ།དོན་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བ་ཆོས་སྟོན་ཏོ།།མོདྒལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡང་བཀྲ་ཞིང་ལྟ ་ན་སྡུག་ལ་མིག་མངས་རིས་སུ་འདུག་ཅིང་རིན་པོ་ཆེའི་དྲ་བས་ཁེབས་ལ།ཀཱ་ཙི་ལིནྡི་ཀ་ལྟར་རེག་ན་བདེ་བའི་རྩཝ་སྔོན་པོ་ཁྲུན་དུ་སོར་བཞི་ཙམ་གྱིས་ཀུན་ཏུ་ཁྱབ་པར་འདུག་གོ།ས་ཆེན་པོ་དེ ་ཡང་རྐང་པ་བཏེག་ན་ནི་པར་ཅེས་བྱེད་ལ་རྐང་པ་བཞག་ན་ནི་ནེམས་ཞེས་བྱེད་དེ།ས་ཆེན་པོ་དེ་ལག་མཐིལ་ལྟར་མཉམ་པར་འདུག་གོ།མཽཏྤལ་གྱི་བུ་ཀུན་ནས་སྣ་ཚོགས་ཅན་གྱི་འཇིག་རྟེན ་གྱི་ཁམས་དེ་ན་གྲོང་ཁྱེར་ཆེན་པོ་བཟང་མཆོག་ཅེས་བྱ་བ་འབྱོར་ཅིང་རྒྱས་ལ་བདེ་བ་དང་ལོ་ལེགས་པ་དང་།ཉམས་དགའ་བ་དང་།སྐྱེ་བོ་དང་།མི་མང་པོས་གང་བ་ཞིག་ཡོད་དེ།གྲོང ་ཁྱེར་དེའི་ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་ཆུར་ནི་དཔག་ཚད་སུམ་ཅུ་རྩ་གཉིས་ཡོད་དོ།།ལྷོ་ཕྱོགས་ནས་བྱང་ཕྱོགས་ཀྱི་ཞེང་དུ་ནི་དཔག་ཚད་བཅུ་གཉིས་ཡོད་དོ།།མོདྒལ་གྱི་བུ་གྲོང ་།ཁྱེད་ཆེན་པོ་བཟུང་མཆོག་དེའི་ནང་ན་སེམས་ཅན་ཆོས་མང་པོ་དག་གནས་ཀྱི།ཡུལ་ཨངྒ་དང་།མ་ག་དྷཱ་དང་།ཀུ་རུ་འདི་དག་ན་ནི་དེ་ལྟ་མ་ཡིན་ནོ།།མོརྣལ་གྱི་བ ་ལྟར་ན་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ཅན་ནི་གྲོང་ཁྱེར་ཆེན་པོ་བཟང་མཆོག་ན་གནས་ཤིང་བཞུགས་ཏེ།དེའི་ཆོས་བསྟན་པ་གཅིག་གིས་སེམས་ཅན་ཁྲག་ཁྲིག་ཕྲག་སུམ་ཅུ་ནི་དགྲ ་བཅོམ་པ་ཉིད་དུ་བཏུལ་ཏོ།།ཁྲག་ཁྲིག་ཕྲག་སུམ་ཅུ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་བཏུལ་ཏོ།།ཁྲག་ཁྲིག་ཕྲག་སུམ་ཅུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཏུལ་ཏོ།།ཁྲག་ཁྲིག ་བྲགྲག་སུམ་ཅུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཏུལ་ཏོ།།ཁྲག་ཁྲིག་ཕྲག་སུམ་ཅུ་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངསུ་སྨིན་པར་བྱསོ།།དེའི་ཉིས་འགྱུར་ནི་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།།གཞན་ཡང་སེམས་ཅན་དཔག་ཏུ་མེད་པ་དག་གི་དགེ་བའི་རྩ་བ་ཡོངསུ་སྨིན་པར་བྱས་སོ།།མོདྒལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི ་ཁམས་དེ་ན་སྦྲང་རྩི་འབྱུང་ཞེས་བྱ་བའི་ཤིང་ལྗོན་པ་རྟག་ཏུ་མེ་ཏོག་དང་ལྡན་པ་དང་།རྟག་ཏུ་འབྲས་བུ་དང་ལྡན་པ་དག་ཡོད་དེ།མེ་ཏོག་དང་།འབྲས་བུ་དེ་དག་གི་རོ་ནི་དཔེར་ན་རོ་བརྒྱ་དང ་སྦྱར་བའི་འབྲས་ཅན་དང་འདྲ་སྟེ།དེ་ལས་སྐྱེས་པ་འམ།བུད་མེད་དག་གིས་མེ་ཏོག་གཅིག་གམ།འབྲས་བུ་གཅིག་ཟོས་ན་དེ་ཉིན་མཚན་བདུན་གྱི་བར་དུ་ངེས་འཚོ་བར་འགྱུར་ཏེ།། ་བ་དང་མདོག་ཀྱང་ཉམས་པར་མི་འགྱུར་ལ།ལུསྭཱ་གཟི་དྷན་ད་པ་དོག་དང་ལྡན་པར་ཡང་ཉམ་སུ་ཚོར་བར་འགྱུར་བ་དང་།ཟོ་མདོག་ཡང་བར་འགྱུར།།ཟོས་ནས་ཀྱང་ཕྱིས་དང་གཙུ་བ་མེད་ལ། ་ངར་སྣབས་དང་སྣབས་ཀྱང་མེད་དོ།།འཇིག་རྟེན་གྱི་ཁམས་དེ་ན་ཞིང་རྨོད་པའང་མེད།ཚེད་བྱེད་པའང་མེད།རྩིས་བྱེད་པ་འང་མེད།ལས་སུ་བྱ་བ་བང་མེད།སེམས་ཅན་དེ་དག་ནི་མེ་ཏོག་དང ་འབྲས་བུ་ཟའོ།།དེ་ན་ཕྱུག་པོའང་མེད།དབུལ་པོའང་མེད་དེ།སེམས་ཅན་དེ་དག་ལོངས་སྤྱོད་མཉམ་མོ།།མཽདྒལ་གྱི་བུ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་འབུམ་ཕྲག ་དགུ་བཅུ་རྩ་དྲུག་ཡོད་དོ།།དེ་བཞིན་གཤེགས་པ་དེའང་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་དེ་ན་བཞུགས་ཏེ།བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར ་བཞུགས་ནས་གདུགས་ཚོད་ལ་བབ་པ་ན་ཤིང་ལྗོན་པ་རྣམས་དེར་འདུད་པར་འགྱུར་ཏེ།མེ་ཏོག་དང་འབྲས་བུ་དེ་དག་བཅོམ་ལྡན་འདས་དང་།དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འབྲུལ ་བར་འགྱུར་ལ།བཤོས་གསོལ་ཟིན་པར་རིག་ནས་ཤིང་ལྗོན་པ་དེ་དག་ཕྱིར་རངས་ཏེ་སྔ་མ་ཁོ་བཞིན་དུ་འདུག་གོ།མོདྒལ་གྱི་བུ་འཇིག་རྟེན་གྱི་ཁམས་དེའི་ཡོན་ཏན་ནི་དེ་དག་ཡིན་ཏེ།དེ ་བས་ཀྱང་ལྷག་པར་ཡོད་དོ།།མཽདྒལ་གྱི་བུ་འདི་ཇི་སྙམ་དུ་སེམས།དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལ་ཆོས་སྟོན་པ་དེ་གཞན་ཞིག་ཡིན་པར ་ཁྱོད་སོམ་ཉི་འམ།ཡིད་གཉིས་སམ།ཐེ་ཚོམ་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།།དེ་ཅིའི་ཕྱིར་ཞེ་ན།ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བའི ་མིང་གིས་ཆོས་སྟོན་ཏོ།།མོདྒལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ།དེ་ལ་ནི་ཉན་ཐོས་དང་།རང་སངས་རྒྱས་ཐམས་ཅད་ཀྱིས ་འཇུག་པར་མི་ནུས།།མཽཏྤལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ལྷོ་དང་ནུབ་ཀྱི་ཕྱོགས་མཚམསུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བདུན་ཁྲི ་འདས་པ་ན།གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་ཞེས་བྱ་བ་ཞིག་ཡོད་དེ།དེ་ན་གླིང་གཅིག་ལའང་གྲོང་ཁྱེར་བརྒྱང་ཁྲི་དང་།ཚོང་འདུས་བརྒྱད ་ཁྲི་ཡོད་དོ།།གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།ཡུལ་འཁོར་དང་།ཚོང་འདུས་དེ་དག་ཐམས་ཅད་ནའང་མི་བྱེ་བ་ཕྲག་འབུམ་དག་གིས་ཡོངསུ་གང་ངོ་།།རྒྱལ་པོ་དེ་དག ་ཐམས་ཅད་ཀྱང་རང་རང་གི་རྒྱལ་སྲིད་ཀྱི་ཆོག་པར་འཛིན་ཏོ།།རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པའི་རྒྱལ་པོ་སྟེ་ཆོས་མ་ཡིན་པ་སྤངས་པ་ཤ་སྟག་གོ།རྒྱལ་པོ་དེ་དག ་ཐམས་ཅད་ལའང་བཙུན་མོ་བུད་མེད་བརྒྱད་ཁྲི་བཞི་སྟོང་བརྒྱད་ཁྲི་བཞི་སྟོང་ལོང་བུད་མེད་དེ་དག་ཐཾད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་གོ།རྒྱལ་པོ་རེ་རེ་ལ་འང་བུ་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ།། ་རྒྱལ་པོ་རེ་རེ་ལ་འང་བུ་མོ་ཁྲ་ཉས་སྟོང་ཉིས་སྟོང་ཡོད་དེ།དེ་དག་ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤྲ་སྟག་གོ།རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆད་པ་མེད་པ་དང་།མཚོན་ཆ་མེད་པར་རང ་རང་གི་འོག་ཏུ་གཏོགས་པ་འདུལ་བར་བྱེད་དོ།།མཽཏྤལ་གྱི་བུ་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བ་ཆོས་སྟོན་ཏེ།མཽདྒལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས ་ནས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེར་ཏཱ་ལ་བདུན་སྲིད་ཙམ་གྱི་ན་མཁའ་ལ་མངོན་པར་འཕགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ།སྐྱིལ་མོ་ཀྲུང་གཅིག་གིས་གླིང་ཆེན་པོ ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས་བོད་ཟེར་དག་རབ་ཏུ་འགྱེད་པ་དང་།མེ་ཏོག་གི་ཆར་འབེབས་པོ་དང་།སིལ་སྙན་བརྒྱ་སྟོང་དག་དཀྲོལ་བཞིན་དུ་ས་ཆེན་པོ་རྣམ ་པ་དྲུག་ཏུ་རབ་ཏུ་བསྐྱོད་ནས།ཚངས་པའི་སྒྲ་སྐད་ལྟ་བུ་དགེ་བའི་རྩ་བ་འབུམ་ཕྲག་དུ་མས་ཡང་དག་པར་བསྒྲུབས་པའི་གསུང་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ།འདི་ལྟ་སྟེ། ་ཉོན་མོངས་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་རྡུལ་མེད་པ་མྱ་ངན་ལས་འདས་པ་ཡང་དག་པར་སྟོན་ཏེ།བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་ཆོས་སྟོན་ཏོ།།དེས་དེ ་ལྟ་དེ་ལྟར་ཆོས་བསྟན་པས་གླིང་བཞི་པའི་རྒྱལ་པོ་བརྒྱད་ཁྲི་བུ་དང་བཅས།ཆུང་མ་དང་བཅས།བུ་མོ་དང་བཅས་པ་དེ་དག་མ་གཏོགས་པའི་སྐྱེས་པ་དང་།བུད་རྟེན་དང ་ཁྱེའུ་དང་།བུ་མོ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།།རྒྱལ་པོ་དེ་དག་བུ་དང་བཅས།ཆུང་མ་དང་བཅས།བུ་མོ་དང་བཅས་པས ་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཐམས་ཅད་ཀྱིས་ཚིག་མཐུན་པར་དེ་བཞིན་གཤེགས་པ་ལ་རབ་ཏུ་འབྱུང་བར་གསོལ་བ་འདབ་སོ།།དེ་དག ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་དགེ་སློང་ཚུར་ཤོག་ཅེས་གསུངས་པས་རབ་ཏུ་བྱུང་ངོ་།།དེ་ལྟར་ཐམས་ཅད་རབ་ཏུ་བྱུང་ནས་སོ་སོའི་གྲོང་ཁྱེར་དང་།གྲོང་རྡལ་དང་།ཡུལ ་འཁོར་དང་ཚོང་འདུས་དང་།རྒྱལ་པོའི་ཕོ་བྲང་དག་ཏུ་གནས་པའི་ལོངས་སྤྱོད་ཀྱིས་གནས་སོ།།མརྨོ་ས་མ་བཏབ་པའི་འབྲས་སཱ་ལུའང་བྱུང་ངོ་།།ལྷ་རྣམས་ཀྱང་དེ་དག་ལ ་བསྙེན་བཀུར་བྱེད་དོ།།དེ་ནས་དེ་བཞིན་གཤེགས་པ་དེའི་ཆོས་བསྟན་པ་གཉིས་པ་ལ་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ནི་ལན་ཅིག་བྱིར་འོང་བའི་འབྲས་བུ་ལ་བཀོད་དོ།།བྱུང ་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི་ཆོས་རྣམས་མི་སྐྱེ་བ་དང་མཐུན་པའི་བཟོད་པ་ལ་འགོད་དོ།།ཆོས་བསྟན་པ་གསུམ་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་ཕྱིར་མི་འོང ་བའི་འབྲས་བུ་འགོད་དོ།།བྱང་ཆུང་སུན་སད་པའི་ཐོག་པདྨ་རྣམས་ནི་མངོན་པར་ཤེས་པ་ལྔ་འཐོབ་པོ།།ཆོས་བསྟན་པ་བཞི་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ནི་དགྲ་བཅོམ་པ་ཉིད་ལ ་འབྲོད་དོ།།བྱང་ཆུབ་སེམས་དཔེའི་ཐེག་པ་པ་རྣམས་ནི་ཆོས་རྣམས་ལ་མི་སྐྱེ་བར་བཟོང་བ་འཐོབ་བོ།།རྒྱལ་པོའི་བཙུན་མོ་དེ་དག་དང་།སྲས་དེ་དག་དང་།རྒྱལ་པོའི་བུ་མོ་དེ་དག་ནི་ལུས ་དེ་ཉིད་ཀྱིས་བུད་མེད་ཀྱི་ལུས་ལས་འགྱུར་ཏེ།སྐྱེས་པའི་ལུས་ཐོབ་པར་གྱུར་ནས་དེ་དག་ཐམས་ནད་ཀྱང་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགསྨྲ་པའི་བྱང་ཆུབ ་ཏུ་ལུང་བསྟན་ཏོ།།མཽཏྤལ་གྱི་བུ་འདི་ཇི་སྙམ་དུ་སེམས།འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན།མདྒལ་གྱི་བུ་ཁྱོད་ཀྱིས ་དེ་ལྟར་མི་བལྟའོ།།དེ་ཅིའི་ཕྱིར་ཞེ་ན།དེ་ཉིད་འཇིག་རྟེན་གྱི་ཁམས་དེན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།།མཽདྒལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ ་པའི་ཆོ་འཕྲུལ་ཡིན་ཏེ།དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས།།མདལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན ་ནུབ་དང་བྱང་གི་ཕྱོགས་མཚམ་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་ཁྲི་ལྔ་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ་བ་ཞིག ་ཡོད་དེ།ཙནྡ་སྦྲུལ་གྱི་སྙིང་པོ་འབའ་ཞིག་ཡོད་ལ་སྤོས་དེ་སྲང་གཅིག་ལ་ནི་ཛམྦུ་གླིང་འདི་རཱིའོ།།དེ་ན་ཤིང་ལྗོན་པ་སྤོས་ཀྱི་ངད་ཀུན་ནས་ལྡང་བ་ཞེས་བྱ་བ་དག་ཀྱང ་ཡོད་དེ་ཤིང་གཅིག་ལས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུར་སྤོས་ཀྱི་ངད་ལྡང་ངོ་།།དེ་ནས་ཆེན་པོ་ལས་པདྨ་ཤིང་རྟའི་ཕང་ལོ་ཙམ་ལ་འདབ་མ་འབུམ་ཕྲག་དུ་མ་དང་།ཁ་དོག་འབུམ ་ཕྲག་དུ་མ་དང་ལྡན་པ།འཇམ་ཞིང་ཀ་ཙ་ལིནྡི་ཀཱ་ལྟར་རེག་ན་བདེ་བ་འཕང་དུ་ཁྲུ་བཅུ་པ་ཙམ་དག་སྐྱེས་ཏྭ།པདྨ་རེ་རེའི་དྲིས་ཀྱང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་དྲི་བསུང ་ཞིམ་པར་བྱེད་དོ།།གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་ཙནྡ་གྱི་ཁང་པོ་བརྩེགས་པ་དང་།ཙོནྡན་གྱི་འཆག་ས་པདྨ་དང་མེ་ཏོག་གིས་གང་བར་འདུག་གོ།།ཁྱང་པ་བརྩེགས ་པཱ་ཤ་སྟག་འབུམ་ཕྲག་དུ་མས་འཇིག་རྟེན་གྱི་ཁམས་དེ་ཁྱབ་པར་འདུག་གོ།དེ་ན་གྲོང་དྲང་གྲོང་ཁྱེར་གྱི་ཡོངསུ་འཛིན་པ་མེད་དེ།དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས ་ཀྱི་ཉེ་བར་སྤྱད་པ་དང་།།ལོངས་སྤྱོད་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་གི་ཉེ་བར་སྤྱད་པ་དང་ལོངས་སྤྱོད་ཀྱང་དེ་དང་འདྲའོ།།མཽདྒལ་གྱི་བུ་འཇིག་རྟེན་གྱི་ཁམས ་སྤོས་ལྡན་དེ་ན་དེ་བཞིན་གཤེགས་པ་སྤོས་འགྱེད་འོད་ཟེར་ཅན་ཞེས་བྱ་བ་དེ་ལྟར་ཆོས་སྟོན་ཏེ།དེ་བཞིན་གཤེགས་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་ཡོངསུ ་སྤངས་པ་བྱང་ཆུབ་སེམས་དཔའི་གཏམ་འབའ་ཞིག་གསུང་ངོ་།།གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དོན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་རྫུ་འཕྲུལ་ཐོབ ་པ་ཤ་སྟག་གིས་ཡོངསུ་གང་ངོ་།།བྱང་ཆུབ་སེམས་དཔའི་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་བསམ་གྱིས་མི་ཁྱབ་པའི་འཇུག ་པ་དང་ལྡན་པ།བཟོད་པ་གཉིས་པ་ཐོབ་པ།མངོན་པར་ཤེས་པ་རྣམས་ལ་མཁས་པ།སྤོབས་པས་རྟོགས་པར་ཁོང་དུ་ཆུད་པ།སངས་རྒྱས་འབུམ་ཕྲག་དུ་མ་མང་པོ་ལ་བསྙེན་བཀུར་བྱས་པ ་འདུག་སྟེ།མཽདྒལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་དེ་བཞིན་གཤེགས་པ་དེས་བསྐུལ་ཏེ་སྐབས་ཕྱེ་ནས་ཆོས་སྟོན་ཏེ།བཅོམ་ལྡན་འདས ་དེའི་སྤྱན་སྔར་སྟན་ལས་ལངས་ནས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་བཙལ་ཏེ།དེ་བཞིན་གཤེགས་པ་ལ་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་མངོན་པར་འཕགས ་ཏེ་སྐྱིལ་མོ་ཀྲུང་གིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུར་ཁྱབ་པར་བྱས་ནས་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་དག་བཀྱེ་སྟེ།འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་བྱས ་ནསོ་མེ་ཏོག་ཁ་དོག་སྣ་ཚོགས་འབུམ་དང་ལྡན་པ།ཤིང་རྟའི་ཕང་ལོ་ཙམ་དག་གིས་ས་ཆེན་པོ་དེ་དག་ལ་མི་འགྲེང་ཙམ་དུ་བཀྲམ་སྟེ།འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྷ་དང་མིའི ་སིལ་སྙན་དག་གི་སྒྲ་འབྱིན་ཏོ།།སེལ་སྙན་དེ་དག་ལས་ཀྱང་ཆོས་ཀྱི་ཕྱག་རྒྱའི་སྒྲ་བརྒྱད་བརྒྱ་འབྱུང་ང་།།ཆོས་ཀྱི་ཕྱག་རྒྱ་རེ་རེ་ལའང་མདོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི ་བསྡུས་སོ།།མདོ་རེ་རེ་འང་ཚིག་སུ་བཅད་པ་བདུན་ཁྲི་ཉིས་སྟོང་གིས་བརྗོད་དོ།།དེས་སྐྱིལ་མོ་ཀྲུང་དེ་ལས་མ་ལངས་པར་སེམས་ཅན་བྱེ་བོ་ཁྲག་ཁྲིག་འབུམ་ཕྲག་དགུ་ཅུ་རྩ་དྲུག་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕྱིར་མི་ལྡོག་པ་ལ་བཀོད་དེ་ཐམས་ཅད་ཀྱང་ཆོས་རྣམས་མི་སྐྱེ་བར་བཟོད་པ་ཐོབ་པར་བྱའོ།།མཽདྒལ་གྱི་བུ་འཇིག་རྟེན་གྱི་ཁམས་དེ་དེ་ལྟ་བུའི་བྱང་ཆུབ ་སེམས་དཔའ་དག་གིས་ཡོངས་གང་ངོ་།།དེ་ནི་སེམས་ཅན་ཞང་བ་འམ།ཐེང་པོ་འམ།གྱོལ་པོ་འམ།འོན་པའམ།དབུལ་པོ་འམ།མདོག་དྲན་པ་འགའ་ཡང་མེད་དེ།སེམས་ཅན་དྲི ་དག་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ།།སེམས་ཅན་དེ་དག་ནི་ཆོས་ཀྱི་དགའ་བའི་དགའ་བ་མ་གཏོགས་པར ་གཞན་ཅི་ལའང་དགའ་བ་མེད་དོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ནི་བསམ་གཏན་གྱི་དགའ་བའི་ཟས་མ་གཏོགས་པར་ཟས་གཞན་ཅི་འང་མེད་དོ།།དེ་ན་མི ་ཁོམ་པར་ལྟུང་ཞིང་སྐྱེ་བ་འང་མེད་དོ།།དེ་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པའི་འགྲོ་བ་མ་གཏོགས་པར་འགྲོ་བ་གཞན་དུ་འགྲོ་བ་མེད་དོ།།མདལ་གྱི་བུ་འདི་ཇི་སྙམ ་དུ་སེམས།འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྤོས་འགྱེད་འོད་ཟེར་ཅན་ཞེས་བྱ་བ་དེ་གཞན་ཞག་ཡན་སྙམ་དུ་སེམས་ན་མོདྒལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། ་དེ་ཅིའི་ཕྱིར་ཞེ་ན།ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་འདི་སྐད་ཅེས་བྱ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།།མདྒལ་གྱི་བུ་འདི་འང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི ་ཆོ་འཕྲུལ་ཡིན་ཏེ།དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་འཇུག་པར་མི་ནུསོ།།མཽདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་བྱང་དང ་ཤར་གྱི་ཕྱོགས་མཚམ་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཞི་ཁྲི་ཉེས་སྟོང་འདས་པ་ན།གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱིས་འཇོམས་པ་ཞེས་བྱ་བ ་ཞིག་ཡོད་དེ།དེ་ན་སེམས་ཅན་འཁོད་པ་རྣམས་ནི་འདོད་ཆགས་ཀྱིས་ཆགས་པ་དང་།ཞེ་སྡང་གིས་སྡང་བ་དང་།གཏི་མུག་གིས་རྨོངས་པ་དང་།བརྐམ་པ་དང་།བརླང་བ་དང་།རྒོད་པ ་དང་།མུ་ཅོར་སྨྲ་བ་དང་།དབང་པོ་ཞན་པ་དང་།སེར་སྣ་ཅན་དང་།ཚུལ་ཁྲིམས་འཆལ་པ་དང་།གནོད་སེམས་ཆེ་བ་དང་།ལེ་ལོ་ཅན་དང་།སྙོམ་ལས་ཅན་དང་།བརྗེད་ངས་པ་དང་།། ་ཤེས་བཞིན་མེད་པ་དང་།བདག་ཏུ་ལྟ་བ་དང་།སེམས་ཅན་དང་།སྲོག་དང་།གང་ཟག་ཏུ་ལྟ་བ་དང་།ཤེས་རབ་འཆལ་པ་དང་།ལུག་ལྟར་ལྐུག་པ་དང་།ངོ་ཚ་མི་ཤེས་པ་དང་། ་ཁྲེལ་མེད་པ་དང་།གུས་པ་མེད་པ་དང་།སེམས་འཁྲུལ་པ་ཤ་སྟགོ།།སེམས་ཅན་དེ་དག་ནི་ཁ་དོག་ངན་པ་དང་།ཆུང་བར་གྲགས་པ་དང་།བྱང་དྲན་པ་དང་། ་དཀའ་བས་འཚོ་བ་དང་།གཅིག་ལ་གཅིག་འདྲིད་པས་གནས་པ་ཤ་སྟག་གོ།དེན་ཟླ་བ་དྲུག་ཏུ་ཆར་མི་འབབ་སྟེ།ལོ་ཏོག་ལེགས་པར་མི་སྨིན་ཏོ།།ས་ཆེན་པོ་དེ་ནི་རྩུབ་པ་དང་། ་མཁྲང་བ་དང་།ཚེར་མ་སྣ་ཚོགས་ཅན་དང་།གཡང་ས་དང་།རི་བྲག་གིས་གང་ངོ་།།འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་གི་ཆུ་ནི་འབྲུ་མར་གྱི་སྙིགས་མ་དང་དྲི་མ་དང་འདྲའོ།། ་སེམས་ཅན་དེ་དག་ནི་གོས་དང་།ཆོས་གོས་དང་།ལོངས་སྤྱོད་དག་གིས་དབུལ་བ་དང་།བཀྲེན་པ་དང་།གཞན་གྱི་ནོར་འཕྲོག་པ་ཤ་སྟག་གོ།འཇིག་རྟེན་གྱི་ཁམས་དེ་ན་རྒྱལ་པོ་སྡང ་ཆགས་ཞེས་བྱ་བ་ཞིག་ཡོད་དེ།སེམས་ཅན་དེ་དག་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དེ་སེམས་ཅན་དེ་དག་གི་ནོར་དང་འབྲུ་བྱུང་ངོ་ཅོག་རྒྱལ་པོའི་མཛོད་དུ་འབྲུབ་པར་བྱེད་དོ།། ་སེམས་ཅན་དེ་དག་ནི་ཆང་པ་དང་འཇིག་པ་འབའ་ཞིག་གིས་གཟིར་བ་ཤུ་སྟག་གོ།།མདྒལ་གྱི་བུ་དེ་དག་ནི་འཇིག་རྟེན་གྱི་ཁམས་དེན་དེའི་སྡུག་བསྔལ་ཡིན།།གང་འཆི་བ་དེ་དག ་ཀྱང་ཤེ་ནས་ཕལ་ཆེར་སེམས་ཅན་དམྱལ་བ་རྣམས་དང་།དུད་འགྲོའི་སྐྱེ་གནས་རྣམས་དང་།གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུརརོ།མདྲིལ་གྱི་བུ་གླིང་ཆེན་པོ་བཞི་པ ་འཇོག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་བརྩེ་བ་དང་སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་ཆོས་སྟོན་ཏེ།མཽངྒལ ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་ཀྱིས་ཆོས་སྟོན་ཏོ།།དེས་ལོ་བདུན་བརྒྱའི་བར་དུ་ཆོས་བསྟན་ཀྱང་སེམས་ཅན་གཅིག་གིས་ཀྱང་ཆོས་མངོན་པར་རྟོགས་པར ་མ་གྱུར་ལ།དེ་བཞིན་གཤེགས་པ་དེའང་སྐྱོ་བ་མེད་པའི་སྟེང་དུ་སྙིང་རྗེ་ཆེན་པོས་ཆོས་ཀྱང་སྟོན་ཏོ།།མོདྒལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དེ་གྲོང་ངམ།གྲོང་ཁྱེར་རམ།གློང ་རྡུལ་དུ་གནས་ཤིང་བཞུགས་ལ་སེམས་ཅན་དེ་དག་གིས་སྤྱོས་ཤིང་བརྒྱད་བཀག་སྟེ།སྨོད་ཅིང་གཤུང་བར་བྱེད་ཀྱང་དེར་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོས ་དེ་དག་བཟོད་པར་མཛད་དོ།།མཽདྒལ་གྱི་བུ་དེ་བཞིན་གཤེགས་པ་དེས་ལོ་བདུན་བརྒྱ་བས་ཀྱང་ལྷག་པས་སེམས་ཅན་ཁ་ཅིག་ཡོངསུ་སྨིན་པར་མཛད་དེ་ཆོས་བསྟན་པ་ལན་ཅིག་ལ།། ་སེམས་ཅན་ཁྲུག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི་དགྲ་བཅོམ་པ་ཉིད་ཐོབ་བོ།།ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ།།ཁྲག་ཁྲིག་ཕྲག་བརྒྱད ་ཅུ་རྩ་བཞིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ།།ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ།དེ་དག་ཀྱང་ཉི་མ་གཅིག་ལ་རབ་ཏུ་བྱུང་བ ་།བསྙེན་པར་རྫོག་སྷོ།།སློབ་པ་དང་མི་སློབ་པ་དེ་དག་ཐམས་ཅད་ཀྱང་གཅིག་ལ་གཅིག་ལུང་བསྟན་པས་ཉི་མ་གཅིག་གིས་ཡོངསུ་མྱ་ངན་ལས་འདས་སོ།།དེ་བཞིན་གཤོ ་པ་དེ་ནི་བྱང་ཆུབ་སེམས་དཔའ་ལྔ་ལས་ཀྱི་སྒྲིབ་པས་དེར་སྐྱེས་ཏེ།སྡུག་བསྔལ་གྱི་ཚོར་བ་ཉམ་སུ་མྱོང་བ་དེ་དག་ཡོངསུ་སྨིན་པར་མཛད་པའི་ཕྱིར་ད་རུང་ཡང་བཞུག་སོ།།དེ་སྐད་ཅེས་བཀྲའ ་སྩལ་པ་དང་།བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽདྒལོ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་གང་གིས་ན་བྱང་ཆུབ་སེམས་དཔའ་རྣམས་རེ་ཞིག ་འཇིག་རྟེན་གྱི་ཁམས་ཉོན་མོངས་པར་སྐྱེ་བར་འགྱུར་ལགས།བཀྲའ་སྩལ་པ།མཽདྒལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རེ་ཞིག་སྐྱེ་བ་ངན་པ་ལེན་པར་འགྱུརརོ།།བཞི་གང ་ཞེ་ན།མཽདྒལ་གྱི་བུ་བྱང་ཆུབ་སེམས་དཔོའ་བྱང་ཆུབ་སེམས་དཔའི་མིང་གིས་རྙེད་པས་འཚོ་བར་བྱེད་ལ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་སློབ་པ་དང་།མོདྒལ་གྱི་བུ་གཞན་ཡང ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་སྤོང་བ་ཡུལ་བར་འདོར་ཞིང་ཟློག་པར་མི་བྱེད་པ་དང་།མཽདྒལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་གཞན ་དག་གི་རྙེད་པའི་བར་ཆད་བྱེད་ཅིང་བསྔགས་པ་མ་ཡིན་པ་བརྗོད་པ་དང་།མོདྒལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ཀྱི་ལས་དང་།ངག་གི་ལས་དང་།ཡིད་ཀྱི་ལས་མ ་བསྲུངས་པ་དང་ལྡན་པ་སྟེ།མཽཏྤལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་རེ་ཞིག་འགྲོ་བ་ངན་པར་འགྲོ་བར་འགྱུར།།མདྒལ་གྱི་བུ་འདི་ཇི་སྙམ་དུ་སེམས།འཇིག་རྟེན་གྱི་ཁམས ་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྙིང་བརྩེ་བ་དང་སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན།མཽདྒལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།།དེ་ཅིའི་ཕྱིར ་ཞེ་ན།ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།།མོདལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུསོ།།མངལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ ་སངས་རྒྱས་ཀྱི་ཕྲིན་ལས་མཛད་དེ།དེ་ལ་ནི་སྟོན་པས་མ་བསྟན་པའི་བར་དུ་ཁྱེད་ཉན་ཐོས་རྣམས་ཀྱིས་འཇུག་པར་མི་ནུསོ།།མོདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་འདི་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ།དེ་ནི་དེ་བཞིན་གཤེགས་པ་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།།མོཏྤལ་གྱི་བུ་སྟོང་གསུམ ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནི་གླིང་ཆེན་པོ་བནི་བའི་འཇིག་རྟེན་གྱི་ཁམས་གང་ནང་ཚངས་པའི་གཟུགས་ཀྱིས་ཆོས་སྟོན་ཏེ།དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བ ་དང་།གོས་ངུར་སྨྲིག་མི་སྟོན་པའང་ཡོད་དོ།།དེ་བཞིན་དུ་བརྒྱ་བྱིན་གྱི་གཟུགས་ཀྱིས་ཀྱང་ང་ཆོས་སྟོན་ཏོ།།དེ་བཞིན་དུ་སྐྱེ་བ་ཐམས་ཅད་ཀྱིས་ཀྱང་ང་ཆོས་སྟོན་ཏོ།། ་མཽདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན་ཇི་ལྟ་བུར་མོས་པའི་སེམས་ཅན་རྣམས་ལ་ཇི་ལྟར་མོས་པ་བཞིན་དུ་ང་ཆོས་སྟོན་ཏོ།།སངས་རྒྱས་ཀྱི ་ཞིང་ཚད་མེད་པ་གཞན་དང་གཞན་དག་ཏུའང་ང་ཆོས་སྟོན་ཏེ།དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུསོ།།མཽདྒལ་གྱི་བུ་དཔེར་ན་ཟླ་བའི་དཀྱིལ་འཁོར་རམ།། ་ཉི་མའི་དཀྱིལ་འཁོར་ནི་གཞལ་མེད་ཁང་ནས་ཀྱང་མི་གཡོ་ལ་གྲོང་དང་།གྲོང་ཁྱེར་དང་།གྲོང་རྡལ་དང་།ཡུལ་འཁོར་དང་།རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་ཡང་དག་པར་སྣང་ངོ་།།མཽ ་གྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རང་གི་སངས་རྒྱས་ཀྱི་ཞིང་ལས་ཀྱང་མ་གཡོས་ལ་སངས་རྒྱས་ཀྱི་ཞིང་དཔག་ཏུ ་མེད་པ་དག་ཏུ་ཡང་དག་པར་སྣང་སྟེ།སེམས་ཅན་ཇི་ལྟར་ཡོངསུ་སྨིན་པར་གྱུར་པ་རྣམས་ལ་ཆོས་སྟོན་ཏོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽདྒལ་གྱི་བུ་ཆེན་པོས་འདི ་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་གང་སུམ་ཅུ་རྩ་གསུམ་དག་ན་བཞུགས་པ་དང་།ཛམྦུའི་གླིང་དང་།ལྷའི་གནས་རྣམས་དང་།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་འདི་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་ཆོས་སྟོན་ཅིང་བཞུགས་པ་ལ་དེ་བཞིན་གཤེགས་པ་ཡང་དག་པ་གང་ལགས།གང་ལ་ཡོན་ཕུལ་ན ་མཐུ་ཆེ་བར་འགྱུར་བའི་དེ་བཞིན་གཤེགས་པ་ཡང་དག་པ་ནི་འདི་ལགསོ་སྙམ་དུ་བདག་གིས་ཇི་ལྟར་འཚལ་བར་བགྱི།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན ་པ་མལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།མཽཏྤལ་གྱི་བུ་དེའི་ཕྱིར་ཁྱོད་ཉིད་ལ་ཕྱིར་དྲི་བར་བྱས།ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཅིག།མཽདྒལ་གྱི་བུ་འདི་ཇི་སྙམ་དུ ་སེམས།སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པ་འམ།བུད་མེད་གང་ཡིན་པ་དེ་ལ་ཡང་དག་པ་གང་ཡིན།གསོལ་པ།བཅོམ་ལྡན་འདས་དེ་ལ་ནི་ཡང་དག་པ་ཅིའང་མ་མཆི་སོ།།དེ་ཅིའི་སླད ་དུ་ཞེ་ན།སྒྱུ་མ་མཁན་གྱིས་གསང་སྔགས་དང་།རིག་སྔགས་ཀྱི་སྟོབས་བསྐྱེད་ཏེ་སྤྲུལ་པ་སྤྲུལ་པར་བྱས་པས་ན་དེ་དག་ལ་ནི་ཁྱད་པར་མ་མཆིསོ།།བཀའ་སྩལ་པ།མཽདྒལ་གྱི་བུ ་ཅི་གང་གི་ཕྱིར་སྤྲུལ་པ་དེའི་བྱ་བ་བྱེད་དམ།གསོལ་པ།བཅོམ་ལྡན་འདས་བགྱིད་ལགས་སོ།།བཀའ་སྩལ་པ།མཽདྒལ་གྱི་བུ་དེ་བཞིན་དུ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་ན་ཁྱད་པར ་རམ་ཐ་དད་པ་དབྱི་བ་མེད་དོ།།མཽདྒལ་གྱི་བུ་ཇི་ལྟར་སྒྱུ་མ་མཁན་གྱི་གསང་སྔགས་དང་།རིག་སྔགས་ཀྱི་སྟོབས་ཀྱིས་སྤྲུལ་པ་མང་པོ་སྤྲུལ་ལ།དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད ་པ་བཞིན་དུ་ནི་རྣལ་གྱི་བུ་དེ་བཞིན་གཤེགས་པའི་ཤེས་རབ་དང་།རིག་པ་དང་།ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྟོན་པར་མཛད་ལ།དེ་དག་ཀྱང་མཉམ། ་ཞིང་ཁྱད་པར་མེད་པ་འདི་ལྟ་སྟེ།སངས་རྒྱས་ཀྱི་ཕྲིན་ལས་ཀྱི་བྱ་བ་བྱེད་དེ་དེ་ལ་ཡོན་ཕུལ་བ་གང་ཡིན་པ་དེ་དག་གི་རྣམ་པར་སྨིན་པའང་མཉམ་པར་འགྱུར་རོ།།མཽདྒལ་གྱི་བུ་སངས་རྒྱས ་བཅོམ་ལྡན་འདས་རྣམས་ནི་ཅུང་ཟད་ཀྱང་ཐ་དད་དུ་དབྱེར་མེད་དོ།།མོདྒལ་གྱི་བུ་དེ་ལྟ་བས་ན་ཡང་དག་པ་མ་ཡིན་པ་དང་།སྒྱུ་མ་ལྟ་བུར་གྱུར་པའི་ཆོས་ཐམས་ཅུད་ནི་ཆོས་ཀྱི་དབྱིངས ་ཁྱད་པར་རམ་ཐ་དད་དུ་དབྱེར་མེད་དོ།།མོདྒལ་གྱི་བུ་དེ་བཞིན་གཤེགས་པ་ནི་བཞེད་ན་འཇིག་རྟེན་གྱི་ཁམས་གཅིག་ཏུའང་མ་ཚུན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པ ་དེའི་རང་བཞིན་དང་ཆུ་ཞིང་དང་ལྡན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་སྤྲུལ་པར་མཛད་དེ།དེ་དག་ཀྱང་རྣམ་པ་དྲུག་ཅུ་དང་ལྡན་པའི་ངག་གི་ལས་ཀྱིས་སྟོན་ཏོ།།དེ་བཞིན་གཤེགས་པ་དེ་དག་ཐམས ་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཏོ།།དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་མོས་པའི་སེམས་ཅན་རྣམས་ལ་མོས་པ་དང་།དབང ་པོ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་བསྐྱེད་པའི་ཕྱིར་ཆོས་སྟོན་ཏོ།།དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཆོས་བསྟན་པས་སེམས་ཅན་སྣ་ཚོགས་ངེས་པར་འབྱུང་བར ་འགྱུར་ཏོ།།དེ་ལྟར་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཆོ་འཕྲུལ་རྣམ་པ་བཞིས་ཆོས་སྟོན་ཏོ།།དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ།།མོདྒལ་གྱི་བུ་འདི་ཇི་སྙམ་དུ་སེམས།དེ་དག་ལ་ཆེས་ཁྱད་པར་དུ་འཕགས་པ་འམ།ཆེས་གཟུགས་དང་ལྡན་པ་འམ།ཆེས ་ཁ་དོག་དང་ལྡན་པའམ།ཆེས་སྤོབས་པ་དང་ལྡན་པ་འམ།ཆེས་ཡེ་ཤེས་དང་ལྡན་པ་འམ།ཆེས་རྫུ་འཕྲུལ་དང་ལྡན་པ་འམ།ཆེས་ཆོས་སྟོན་པ་དང་ལྡན་པ་འམ།ཆེས་སེམས་ཅན ་ཡོངསུ་དགྲོལ་བ་དང་ལྡན་པ་གང་ཡིན།གསོལ་པ།བཅོམ་ལྡན་འདས་དེ་ལ་ནི་ཐེ་དད་པར་བསྟན་པར་མི་ནུས་ལགསོ།།བཀའ་སྩལ་པ།མཽདྒལ་གྱི་བུ་དེ་ལྟ་བས་ན་རྣམ་གྲངས ་འདིས་ཀྱང་ཆོས་ཐམས་ཅད་ནི་སྤྲུལ་པའི་ངོ་བོ་ཉིད་དེ།ཁྱད་པར་ཡང་མེད།ཐ་དད་དུ་དབྱེར་ཡང་མེད་པ་དེ་ལྟར་རིག་པར་བྱའོ།།མཽདྒལ་གྱི་བུ་ཆོས་ཐམས་ཅད་སྤྲུལ་པའི་རྡོ་ཟ ་ཉིད་དུ་ཤེས་པ་གང་ཡིན་པ་དེ་དག་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཐ་དད་པར་དབྱེ་བར་མི་འདོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟ་ཅི་སྨོས།དེ་ཅིའི་ཕྱིར་ཞེ་ན།མོདྒལ་གྱི་བུ ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ།ཀུན་ཏུ་བརྟགས་པ་དང་།ཡོངསུ་བརྟགས་པ་ལས་བྱུང་བ་སྟེ།དེ་དག་ལ་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་སྒྲུབ་མོད་ཀྱི།། ་ཆོས་ཀྱི་དབྱིངས་ནི་སྐྱེ་བ་འང་མེད་འཇིག་པའང་མེད་དོ།།མོདྒལ་གྱི་བུ་ཆོས་ཀྱི་དབྱིངས་དེ་ནི་དེ་བཞིན་གཤེགས་པས་དེ་བཞིན་དུ་ཐུགས་ཆུད་དོ།།དེ་ཐུག་སུ་ཆུང ་བའི་ཕྱིར་དེ་བཞིན་གཤེགས་པས་སྤུའི་ཁྱོང་བུ་གཅིག་ནས་ཛམྦུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐེ་ནས ་པབ་ཡང་དག་པར་སྟོན་ལ།དེ་དག་ཀྱང་གཅིག་གིས་གཅིག་མི་ཤྲཱིསོ།།མཽདྒལ་གྱི་བུ་ཛམྦུའི་གླིང་ལྟ་ཞོག་གི།གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྷ་འམ། ་མི་འམ་དེ་མ་ཡིན་པའི་སྐྱེ་བའི་གནས་ན་གནས་པ་ཇི་སྙེད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་དེ་བཞིན་གཤེགས་པ ་དགེ་སློང་གི་དགེ་འདུན་དྲོང་བཅས་པ་ཡང་དག་པར་སྟོན་ལ།དེ་དག་ཀྱང་གཅིག་གིས་གཅིག་མི་ཤི་སྔོ།།མཽདྒལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས ་ཅན་རྣམས་ལྟ་ཞོག་གི།མཽདྒཏྤལ་གྱི་བུ་ནན་གྱིས་དཔེར་བྱ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དུ་བསྡུ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས ་ཅད་སྡེ་ཕྱི་མེད་པ་མིའི་ལུས་ཐོབ་པར་གྱུར་ལ།མོདྒལ་གྱི་བུ་སེམས་ཅན་མིར་གྱུར་པ་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་དེ་བཞིན ་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་པར་མཛད་ལ།དེ་དག་ཀྱང་གཅིག་གིས་གཅིག་མི་ཤེསོ།།མཽདྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག་གི།མཽདྒལ་གྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས ་ཅན་གྱི་ཁམས་ནི་ཆེས་མང་གི་སའི་ཁམས་ནི་དེ་ལྟ་མ་ཡིནོ།།དེ་བཞིན་དུ་ལྷོ་དང་།ནུབ་དང་།བྱང་གི་ཕྱོགས་དང་།ཕྱོགས་མཚམས་དང་།འོག་དང་སྟེང་གི་ཕྱོགས་བཅུའི་ཁོ་ར་ཁོར ་ཡུག་ཏུ་ཕྱོགས་རེ་རེ་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི།སའི་ཁམས་ནི་དེ་ལྟ་མ ་ཡིན་ཏེ།མཽདྒལ་གྱི་བུ་ནན་གྱིས་དཔེར་བྱ་ན།སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཀྱང་།མཽདྒལ་གྱི་བུ་སེམས་ཅན་དེ་དག་ཐམས་ཅད་ལ་ཡང་དེ། ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེའི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ་སེམས་ཅན་དེ་དག་ཀྱང་གཅིག་གིས ་གཅིག་མི་ཤེསོ།།མཽཏྤལ་གྱི་བུ་ཕྱོགས་བཅུར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དུག་ན་སེམས་ཅན་འཁོད་པ་རྣམས་ལྟ་ཞོག་གི།མཽདྒལ་གྱི་བུ་དེ་བཞིན་གཤེགས ་པ་ནི་གདན་འདི་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང་།ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་རྣམས་གཟིགས་ཏེ།དེ་དག་ན་ངས ་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་ཉམས་པས་བསྐལ་པ་འབུམ་དུའང་དཔེར་བླང་བ་འགྲངས་པའི་ཚུལ་གྱིས་བསྟན་པར་སླ་བ་མ་ཡིན་ཏེ།སངས་རྒྱས་ཀྱི་ཞིང་དེ་དག་ནི་དེ་ཙམ་དུ་དཔག་ཏུ་མེདོ།།། ་ངས་གདན་འདི་ལ་བཞུགས་བཞིན་དུ་གང་གཟིགས་པ་དང་།དེ་བཞིན་གཤེགས་པས་དཔེར་བླང་བ་འགྲངས་པ་དག་གིས་བསྟན་པ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་རང ་སངས་རྒྱས་དང་འདྲ་བར་གྱུར་པས་ཀྱང་ཤེས་པ་འམ།གཞལ་བ་འམ།བརྟག་པར་སླ་བ་མ་ཡིན་ན་ཉན་ཐོས་རྣམས་ཀྱིས་ལྟ་ཅི་སྨོས་ཏེ།དེ་བཞིན་གཤེགས་པས་འབའ་ཞིག་གིས ་སངས་རྒྱས་ཀྱི་ཞིང་དེ་དག་བརྒྱ་ཕྲག་ཇི་སྙེད་ཡོད་པ་དང་།སྟོང་ཕྲག་ཇི་སྙེད་ཡོད་པ་དང་།འབུམ་ཕྲག་ཇི་སྙེད་ཡོད་པ་དང་།བྱེ་བ་འབུམ་ཕྲག་ཇི་སྙེད་ཡོད་པ་དང་།གཏམས་ཕྲག་ཇི ་སྙེད་ཡོད་པ་དང་།དཀྲིགས་ཕྲག་ཇི་སྙེད་ཡོད་པ་དང་།མི་འཁྲུགས་ཕྲག་ཇི་སྙེད་ཡོད་པ་དང་།གྲངས་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་།དཔག་ཏུ་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་། ་གངྒཱདྷཱའི་ཀླུང་གི་བྱེ་མ་སྙེད་ཕྲག་ཇི་སྙེད་ཡོད་པ་དང་།སྟོང་གསུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཡོངསུ་གང་བ་ཇི་སྙེད་ཡོད་པ་མཁྱེན་ཏོ།།མོདྒལ་གྱི་བུ་ངས་སངས་རྒྱས་ཀྱི་སྤྱན་སྒྲུབ་པ ་མེད་པ་དང་།ཐགས་པ་མེད་པས་སངས་རྒྱས་ཀྱི་ཞིང་དུ་སྐད་མཐོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་སེམས་ཅན་དུ་བསྡུ་བས་བསྡུས་ཤིང་སྨོས་པའི་སེམས་ཅན་གྱི་ཁམས ་རྣམས་ནི་ཆེས་མང་གི།སའི་ཁམས་ནི་དེ་ལྟ་མ་ཡིན་ཏེ།སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ་ཐོབ་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ། ་པོར་གྱུར་ཏེ།འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་ལའང་དེ་སྙེད་ཀྱི་འཁོར་ཡོད་པར་གྱུར་ཀྱང་།མོདྒལ་གྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ལ་དེ་བཞིན ་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེའི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ་གཅིག་གིས་གཅིག་ཀྱང་མི་ཤེས་ཏེ་རང་རང་གི ་དེ་བཞིན་གཤེགས་པ་མཐོང་ངོ་།།དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ཀྱང་དེ་བཞིན་གཤེགས ་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་བརྒྱའི་ཆ་འམ།སྟོང་གི་ཆ་འམ།འབུམ་གྱི་ཆ་འམ།བྱེ་བ་ཕྲག་འབུམ་གྱི་ཆ་འམ།གྲངས་སམ།ཆ་འམ།བགྲང་བ་འམ།དཔེ ་འམ།རྒྱུ་ཙམ་ཡང་ཡང་དག་པར་བསྟན་པར་མི་འགྱུར་ཏེ་མོ་དྒལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྫུ་འཕྲུལ་དང་ཡེ་ཤེས ་དཔག་ཏུ་མེད་པ་དང་ལྡནོ།།མོདལ་གྱི་བུ་འདི་ཇི་སྙམ་དུ་སེམས།སེམས་ཅན་འཁོར་ལོས་བསྒྱུར་བར་གྱུར་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་གང་གི་འཁོར་ལོས ་སྦྱར་བའི་རྒྱལ་སྲིད་དང་།རིན་པོ་ཆེ་སྣ་བདུན་ཐོབ་པའི་བསོད་ནམས་ཀྱི་ཕུང་པོ་མང་ངམ།གསོལ་པ།བཅོམ་ལྡན་འདས་མང་ལགསོ།།བདེ་བར་གཤེགས་པ་དཔག་ཏུ་མ་མཆིསོ།། ་བཀའ་སྩལ་པ།མཽད་གལ་གྱི་བུ་ཁྱོད་མོས་པར་བྱའོ།།ཁོང་དུ་ཆུད་པར་བྱའོ།།སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་གྱུར་པ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས ་མང་བའི་བསོད་ནམས་ཀྱི་ཕུང་པོས་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་ཡོངསུ་འགྲུབ་པར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོདྒལ་གྱི་བུ་ཆེན་པོས་འདི་སྐད ་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་གི་སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ་དང་།འདི་ལྟར་ཆེ་བར་གྲགས་པ་དང་།འདི་ལྟར་མཐུ་ཆེ་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་ལགསསོ།། ་དེ་ལྟ་ལགས་ཀྱིས་ཀྱང་བདག་ནི་རྒྱུའི་རྗེ་སུ་འགྲོ་བའི་ཆོས་ཐམས་ཅད་ལ་ཐོགས་པ་མ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་ལས་དམན་པར་གྱུར་པ་ལགསོ།།བཅོམ་ལྡན་འདས་དེ ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས་ལན་ཅིག་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ ་ལགས་ན།གང་དག་མོས་པར་བགྱིད་ལ་མོས་ཤིང་ཡིད་ཆོས་ནས་ཀྱང་རྫུ་འཕྲུལ་དང་ཡེ་ཤེས་འདི་ལྟ་བུ་ཡོང་སུ་རྫོགས་པར་བགྱི་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ།སེམས་ཅན་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བགྱི་བའི་གནས་ལག་སོ།།བཀའ་སྩལ་པ།མོདྒལ་གྱི་བུ་དེ་ནི་དེ་བཞིན་ཏེ།ཁྱོད་ཇི་སྐད་ཟེར ་བ་བཞིན་དུ་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ཡིད་ཆེས་པ་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་དོ།།དེ་དག་ནི་ལོག་པར་ལྟུང་བར་དོགས་པ་མེད་པར་ཤེས་པར་བྱའོ།། ་དེ་ནས་ལྷ་དེ་དག་དང་།ཀླུ་དེ་དག་དང་།བརྒྱ་བྱིན་དེ་དག་དང་།ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས་ཚིག ་མཐུན་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚའོ།།ཕྱག་འཚལོ།།སེམས་ཅན་གང་དག་གིས་ཡེ་ཤེས་འདི་ལྟ་བུ་ཡོང་སུ་རྫོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་འམ།སྐྱེས ་པར་འགྱུར་བ་དེ་དག་ལ་ཡང་ཕྱགའིའཚལོ།།ཇི་ལྟར་ང་ལྟ་ན་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་དེ་བཞིན་དུ་དེ་དག་ཀྱང་རྣམ་པར་འཕྲུལ་པར་འགྱུར་ཏེ།དེ་བས་ན་བདག་ཅག་གིས་འདི་ལ ་སོམ་ཉིའམ།ཡིད་གཉིས་སམ།ཐེ་ཚོམ་ཟ་བར་མི་བྱའོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ།།དེ་ནས་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟད་དེ་དག་དང་།བརྒྱ་བྱིན་དེ་དག་དང་།ཚངས་པ ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང་།ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བྱ་བའི་ཕྱིར་སིམ་སྤྱན་འབུམ་སྐུ་བྱུང་ངོ་།།རྩཝའི་མེ་ཏོག་ཨུཏྤ་ལ་དང་།བ ་དང་།ཀུ་མུ་ད་དང་།པདྨ་དཀར་པོ་དག་གིས་སུམ་ཅུ་རྩ་གསུམ་གྱི་གནས་ཐམས་ཅད་ལ་མངོན་པར་གཏོར་ཏོ།།ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱིང ་ཆུབ་ཏུ་སེམས་མ་བསྐྱེད་པའི་ལྷ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་སེམས་བསྐྱེད་དེ།ཚིག་འདི་སྐད་དུ་ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་པ་དེ་བཞིན་དུ་བདག ་ཅོག་ཀྱང་མ་འོང་སྔོ་པའི་དུས་ན་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་བླ་ན་མོད་པའི་སེང་གེའི་སྒྲ་སྒྲོགས་པར་གྱུར་ཅིག་ཅེས་སྨྲ་སྷོ།།དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བ་དང་།ཟླ ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་།འཆང་བ་དང་།ཀློག་པ་དང་།ཀུན་ཆུབ ་པར་བགྱིད་པ་དང་།གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་བསོད་ནམས་ཇི་ཙམ་སྐྱེད་པར་འགྱུར་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ལྷ ་བུ་ཟླ་བ་དང་།ཟླ་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ལྷའི་བུ་དག་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་བདག་ཉིད་ཀྱང་འཆིང་ལ་གཞན་དག་ལ ་འང་སྟོན་པ་དེ་ནི་དཀོན་མཆོག་གསུམ་རྒྱུན་མ་གཅད་པའི་ཕྱིར་ཞུགས་པ་ཡིན།།དེ་ཅིའི་ཕྱིར་ཞེ་ན།ལྷའི་བུ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདྲ་ཐོས་ན་ཉན་ཐོས་ཀྱི་སེམས་སམ།རང་སངས་རྒྱས་ཀྱི།། ་སེམས་སྐྱེད་པར་མི་འགྱུར་ཏེ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་སེམས་སྐྱེད་པར་འགྱུར་བའི་ཕྱིར།།དེ་ཅིའི་ཕྱིར་ཞེ་ན།ལྷའི་བུ་རྒྱ་ཆེན་པོ་ལ་མོས་པ་དབང་པོ་རྣོན་པོ་སྔོན། ་གྱི་རྒྱལ་པོ་ལ་ལྷག་པར་བྱ་བ་བྱས་པ་རྣམས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་སྐྱེ་བར་འགྱུར་གྱི།ཆུང་ངུ་ལ་མོས་པ་རྣམས་ནི་དེ་ལྟ་མ་ཡིན།།ལྷའི་བུ་རྣམ་གྲངས་འདིས་ན་གང་དག ་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་།ཀློག་པ་རྣམས་ནི་ཅི་ནས་དཀོན་མཆོག་གསུམ་གྱི་རྒྱུན་མི་གཅད་པའི་ཕྱིར་གནས་པ་ཡིན་པར་དེ་ལྟར་རིག་པར་བྱའོ།།ལྷའི་བུ་འདི་ཇི་སྙམ་དུ་སེམས།། ་གང་དཀོན་མཆོག་གསུམ་རྒྱུན་མི་གཅད་པའི་ཕྱིར་གནས་པ་དེའི་བསྔགས་པའི་མཐའ་འམ།བསོད་ནམས་ཀྱི་མཐའ་སངས་རྒྱས་འབུམ་སྐུ་ཚེའི་ཚད་བསྐལ་པར་ཞུགས་པས་ཀྱང ་བསྟན་པ་འམ།བཤད་པར་སྤྱོད་དམ།གསོལ་པ།བཅོམ་ལྡན་འདས་དེ་ནི་མ་ལགསོ།།བཀའ་སྩལ་པ།ལྷའི་བུ་རྣམ་གྲངས་འདིས་ཀྱང་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་འམ ་གཞན་དག་ལ་སྟོན་པ་དེ་བསོད་ནམས་ཚད་མེད་པ་སྐྱེད་པར་འགྱུར་བར་མཁས་པས་དེ་ལྟར་རིག་པར་བྱའོ།།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས ་།གསལ་ཏོ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མང་ཅི་ལགས།འདི་ཇི་ལྟར་གཟུང་བར་བརྒྱ།བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ།བྱམས་པ། ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བར་གཟུང་ཞིག།སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བར་ཡང ་གཟུང་ཞིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ལྷའི་བུ་ཟླ་བཱ་དང་།ཟླ་མཆོག་དང་།བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་བྱམས་པ་དང་།ཚེ་དང་ལྡན ་པ་མོཏྤལ་གྱི་བུ་ཆེན་པོ་དང་།ཚུངས་པ་དེ་དག་དང་།བརྒྱ་བྱིན་དེ་དག་དང་།ལྷ་དང་མི་དང་།ལྷ་མ་ཡིན་དང་།དྲི་ཟླར་བཅས་པའི་འཇིག་རྟེན་ཡི་རང་སྟེ།བཅོམ་ལྡན་འདས་ཀྱིས ་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོག་སོ།།།རྒྱ་གར་གྱི་མཁན་པོ་པྲདྡྷཱ ་བརྨི་དང་།ཞུ་ཆེན་གྱི་ལོ་ཙཱ་བ~ཾ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས།།བསྒྱུར་ཅིང་ཞུས་ཏོགཏན་ལ་ཕབ་པ།།རྒྱ་གར་སྐད་དུ།ཨཱརྱ་སྠིར་ཨཱ་དྷྱ་ཤ ་