| Wylie | e-texts produced with BDRC’s OCR application |
རྒྱུ་གར་གྱི་མཁན་པོ་དྷན་ཤཱི་ལ་དང་།བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།རྒྱ་གར་སྐད་དུ།རཱཛྙཱ་དྭེ་ཤ་ནཱ་མ་མ་ཧཱ་སྠཱན་སྱཱ་ཏྲ། ་བོད་སྐད་དུ།རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ ་དུས་གཅིག་ན།བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་བ་ར་ཎཱ་སི་ན་འཁོར་རྣམས་ལ་ཆོས་སྟོན་པ་ན།བད་ས་ལའི་རྒྱལ་པོ་འཆར་བྱེད་འདུལ་བའི་དུས་ལ་བབ་པར་གཟིགས་ནས་འཁོར ་དང་བཅས་པ་བད་ས་ལའི་ཡུལ་དུ་གཤེགས་པ་དང་།བད་ས་ལའི་རྒྱལ་པོ་འཆར་བྱེད་གྲོང་ཁྱེར་ཆེན་པོ་གསེར་ཅན་ཞེས་བྱ་བ་གཞོམ་པའི་ཕྱིར་དམག་བཞི་དང་ཆས་པ་དང་ཕྲད ་པས་རྒྱལ་པོ་འཆར་བྱེད་ཁྲོས་ཏེ།འདི་འདྲ་བའི་བཀྲ་མི་ཤིས་པ་དང་ཕྲད་པས་བསད་པར་རིགས་སོ་ཞེས་ནས་མདའ་སྟེའུ་ཁ་ཉ་རྔ་མ་བླངས་ཏེ།བཅོམ་ལྡན་འདས་ལ་འཕངས་སོ།།། ་དེ་ནས་མདའ་དེ་ནམ་མཁའ་ལ་འཁོར་ཞིང་འདི་སྐད་ཅེས་གླག་གོ།།ཞེ་སྡང་གིས་ནི་སྡུག་བསྔལ་བསྐྱེད།།འདིར་ཡང་ཤ་ཐང་འཐབ་དང་རྩོད།།ཕྱི་མར་དམྱལ་བའི་སྡུག་བསྔལ ་འབྱུང་།།དེས་ན་ཞེ་སྡང་འཐབ་རྩོད་སྤང་།།ཞེས་བྱ་བའི་ཚིག་དེ་རྒྱལ་པོ་འཆར་བྱེད་ཀྱིས་ཐོས་པོར་གྱུར་པ་དང་།བཅོམ་ལྡན་འདས་ལ་མོས་པར་གྱུར་ཏེ་ཕྱག་བཙལ་ནས་ཕྱོགས ་གཅིག་ཏུ་འཁོད་དོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་འཐབ་རྩོད་ནི་འདིར་ཤ་ཐང་ལ་ཕྱི་མར་དྲན་སོང་དུ་སྐྱེ་ན་ཅིའི་ཕྱིར་རྟག་ཏུ་འཐབ་རྩོད་འབའ་ཞིག་བྱེད།རྒྱལ། ་པོས་གསོལ་པ།གཽ་ཏ་མ་བདག་གིས་གང་དང་འཐབས་ཀྱང་ཕམ་མོ་མྱོང་སྟེ་རྒྱལ་བས་བདག་ནི་དམག་དང་འཐོབ་པ་ལ་མོས་པ་ལེགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ ་པོ་ཆེན་པོ་དགྲ་འདི་ནི་དགྲ་ཆུང་ངུ་ཡིན་ཏེ།རྒྱལ་པོ་ཆེན་པོ་འདི་མ་ཡིན་པའི་དགྲ་ཆེན་པོ་ཤར་གཉེར་བ་ཞིག་ཡོད་དོ།།རྒྱལ་པོས་གསོལ་པ་དགྲ་དེ་གང་ལགས།བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ།དགྲ་ཆེན་པོ་ཉོན་མོངས་པ་བདུག་ཏུ་འཛིན་པ་ཞེས་བྱ་བ་ཞིག་ཡོད་དོ།།རྒྱལ་པོས་གསོལ་པ།དགྲ་དེ་ཇི་ལྟ་བུ་ལགས་བཤད་དུ་གསོལ།བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ།རྣམ་རྟོག་བདག་ཏུ་འཛིན་པའི་དགྲ་ཆེན་པོ།།འདི་ནི་རྒྱུ་བཞིན་དངོས་པོ་མེད་བཞིན་དུ།།ཐོག་མ་མེད་ནས་བདག་ལ་གནས་ནས་ན།།བདག་གི་ཆོས་སུ་ཡིད ་བཞིན་རིན་ཆེན་དེ།།གཟོད་མའི་མུ་ནས་དགྲ་ཡིས་བརྐུས་ནས་སུ།།མཚན་མའི་ཚང་ཚང་གསེབ་ཏུ་སྦས་ནས་བདག།དཱ་རུང་འཆིང་ཞིང་འཁོར་བར་འཁྱམ་དུ་འཇུག།འཇིག ་རྟེན་དགྲས་ནི་བསད་ནས་ནོར་འཕྲོག་ཙམ།།དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས།།དགྲ་འདི་ཞི་བདེ་ཐར་པའི་སྲོག་ཀྱང་གཅོད།།དེ་བསྟན་བསོད་ནམས་འཁོར་བར ་འདམ་དུ་འཆིང་།།རྒྱལ་པོས་གསོལ་པ།དགྲ་ཆེན་པོ་དེ་དང་ཇི་ལྷོར་འཐབ་པར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།རྣམ་རྟོག་དགྲལ་རྒོལ ་བའི་ཤོ་མ་ར་ཡང་།།དད་པས་སྦྱིན་དང་ཚུལ་ཁྲིམས་མཁར་བརྩིགས་ཏེ།།དགེ་བའི་དཔུང་བྱས་བཟོད་པའི་གོ་གྱོན་ལ།།བརྩོན་འགྲུས་ལྷག་ཐོགས་བསམ་གཏན་གཞུ ་བརྡུངས་ཏེ།།བདག་མེད་སྟོང་པའི་མདའ་ཡིས་བདག་འཛིན་བསད།།རྒྱལ་པོས་གསོལ་པ་བདག་མེད་པ་ཞེས་པ་དེ་བཤད་དུ་གསོལ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ།གང་ཟག་བདག་མེད་རྒྱལ་པོ་མཉན་པར་གྱིས།།གང་ཟག་ལྔ་ཕུང་རྒྱུན་ཡིན་ཅི་ཕྱིར་ན།།རྒྱུ་ནི་ལས་དྲང་ཉོན་མོངས་པས་གང་ནས།།འབྲས་བུ་ཕུང་པོར་ཟག་སྟེ་དེ་ཡི་བདག ་བདག་ནི་སེམས་ཅན་སོ་སོའི་ལུས་འདི་ལ།།ང་དང་བདག་ཏུ་བཟུང་ནས་ཆགས་གྱུར་ཏོ།།བདག་ན་ནི་དང་ཤི་བཀྲེས་གྲང་གིས་དོགས།།བསྟོད་ན་དགའ་ཞིང་སྨད་ན་མི་དགའ་སྟེ།། ་དེ་ལ་དམིགས་ནས་མུ་སྟེགས་ལྔ་རྣམས་འཇུག།ང་འམ་བདག་དེ་ཡོད་པ་མ་ཡིན་ཏེ།།ཕུང་པོ་འདི་ལ་བརྟགས་ནས་འཁྲུལ་པ་ཡིན།།མིང་ནི་བདག་མ་ཡིན་ཏེ་བཏགས་པ་ཙམ།། ་ལུས་ནི་བདག་མ་ཡིན་ཏེ་ཤ་རུས་རྣམས།།འབྱུང་ཆེན་འདུས་པ་ཕྱི་རོལ་རྩིག་པ་འདྲ།།སེམས་ཀྱང་བདག་མ་ཡིན་ཏེ་དངོས་པོ་མེད།།ཆོས་ལ་བདག་མེད་རྒྱལ་པོ་མཉན ་པར་གྱིས།།ཆོས་ནི་གཟུགས་སོགས་དངོས་པོ་ཐམས་ཅད་ཡིན།།བྱེད་པ་མེད་ལ་མཚན་ཉིད་འཛིན་ཕྱིར་རོ།།དེ་དག་ལོག་རྟོག་མཚན་མར་བཅས་པ་དང་།།ལྷ་མི་མཐུན་པ་ཡིན།། ་ཏེ་དེ་མེད་དོ།།ཅི་ཕྱིར་ཞེ་ན་ཕྱི་ནང་ཆོས་འདི་ལ།།དངོས་ཡིད་སྤངས་ནས་སྟོང་ཉིད་མི་བཙལ་གྱིས།།སྣང་བ་ཉིད་ན་སྟོང་པ་ཉིད་ཡིན་ཕྱིར།།གཞིག་བཅོམ་མི་རྟག་ཙམ་ལ་སྟོང ་མིང་གདགས།།སྣང་ལ་རང་བཞིན་མེད་པར་ཅིས་མངོན་ནུ།།ཡོད་མེད་དབུས་དང་གསུམ་དུ་མི་གནས་ཏེ།།ཡོད་པར་གྲགས་པ་འཁོར་བ་མྱ་ངན་འདས།།འཁོར་བའི་རང ་བཞིན་ཡུལ་སེམས་རྣམ་གཉིས་ཏེ།།ཡུལ་འདི་དངོས་པོ་མེད་པར་འདི་ལྟར་བརྟག།རང་སྣང་རྡུལ་བཤིག་རྡུལ་ཡང་ཆས་གཞིགས་མེད།།དངོས་སྣང་ཐམས་ཅད་སེམས་ཡིན། ་རྨི་ལམ་བཞིན།།སེམས་ཀྱང་ཁ་དོག་དབྱིབས་སོགས་རྣམས་དང་བྲལ།།དེས་ན་འཁོར་བ་སྟོང་ཞིང་བདག་མེད་དོ།།འཁོར་བ་མེད་པས་མྱ་ངན་འདས་པའང་མེད།།ཡོད་པ་མ ་གྲུབ་པས་ན་མེད་པའང་མེད།།མཐའ་གཉིས་མེད་ཕྱིར་དབུས་ཀྱང་མེད་པ་ཡིན།།དེ་ལྟར་རྒྱལ་པོས་བདག་མེད་སྒོམ་བྱས་ན།།བདག་འཛིན་འཁོར་བརྩད་ནས་ཆོད་པར་འགྱུར།། ་རྒྱལ་པོས་གསོལ་པ།སྔ་གོང་ཡན་ཆད་དགྲ་མ་ཡིན་པ་ལ་དགྲར་བཟུང་སྟེ་བདག་ཞེ་སྡང་གིས་མནར་བར་གྱུར་ཏོ།།ད་ནི་བདག་གིས་ཡང་དག་པའི་དགྲ་ངོ་ཤེས་པས་དགྲ་དེ་དང ་འཐབ་པའི་ཕྱིར་བདག་མེད་པ་ལ་མོས་པར་གྱུར་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ་ཆེན་པོ་ལེགས་སོ།།བདག་ཏུ་འཛིན་པའི ་དགྲ་ཕམ་པར་བྱས་སོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།བད་སའི་རྒྱལ་པོ་འཆར་བྱེད་ལ་སོགས་པ་ཡི་རང་སྟེ།བཅོམ་ལྡན་འདས་ཀྱིས་གསུངས་པ ་ལ་མངོན་པར་བསྟོད་དོ།།བད་སཱ་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ ་དང་།བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།རྒྱ་གར་སྐད་དུ།ཨཱརྱ་ཨ་ཛཱ་ཏ་ཤཏྨ་ཀཽ་ཀྲྀདྦྷ་བི་ནོ་ད་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ ་