CLOSE WINDOW

N199: rgyal po la gdams pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

གཤེགས་པ་བློན་པོ་ཟླ་བ་བཟང་པོས་མཐོང་ནས་རྒྱལ་པོ་ལ་སྨྲས་པ།ལྷ་ལགས་སངས་རྒྱས་འཁོར་དང་བཅས་པའོ་སྐོལ་གྱི་ཡུལ་དུ་བྱོན་པས་གྲོང་ཁྱེར་བརྒྱན་པ་དང་བསྙེན་བཀུར་བྱ་བར་རིགས ་སོ།།རྒྱལ་པོས་སྨྲས་པ།ཛམྦུའི་གླིང་ན་ང་ལས་ཆེ་བ་མེད་པར་སུ་ལ་བསྙེན་བཀུར་བྱེད་ཅེས་སླར་ཉིད་དུ་དྲེགས་པར་གྱུར་ཏོ།།དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་གི་སྒོར་གདན ་བཤམས་པ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་སོ།།དེ་ལྟར་བཞུགས་པར་ཤེས་ནས་རྒྱལ་པོས་གྱད་ཆེན་པོའི་འདེགས་ཞེས་བྱ་བ་རྦད་དེ་རྡོ་ཤིན་ཏུ་ཆེ་བ་བཅོམ་ལྡན་འདས ་ལ་འཕངས་སོ།།རྡོ་དེ་ནམ་མཁའ་ལ་ལྡིང་ཞིང་དེ་ལས་སྒྲ་འདི་སྐད་ཅེས་གྲག་གོ།ཀྱེ་མ་འདུས་བྱས་རྟག་པ་མེད།།སྐྱེ་ཞིང་འགོག་པའི་ཆོས་ཅན་ཡིན།།སྐྱེ་བ་ཡོད་ན་འཆི་བ་ཡོད།། ་འདུ་བ་ཡོད་ན་འབྲལ་བ་ཡོད།།བསགས་པ་ཡོད་ན་འཛད་པ་ཡོད།།ལང་ཚེའི་མདོག་ཀྱང་ནད་ཀྱིས་འཕྲོག།འཚོ་བའི་ཚེ་ཡང་འཆི་བས་འཕྲོག།ཆགས་པར་གྱུར་ན་སྡུག་བསྔལ་འཕེལ།།། ་སྐྱོ་བར་བྱས་ན་ཐར་པར་འགྱུར།།ཞེས་པ་དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཐོས་པས་མོས་པར་གྱུར་ཏེ་ཐད་དུ་སོང་ནས་ཐལ་མོ་སྦྱར་ཏེ་འཁོད་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རྒྱལ་པོ་ཆེན་པོ་ཆོས་ལ་མོས་པར་བྱ།ཁོང་དུ་ཆུད་པར་བྱ།བསྒོ་བར་བྱ་ཡིད་འབྱུང་བར་བྱའོ།།རྒྱལ་པོས་གསོལ་པ།བཅོམ་ལྡན་འདས་གང་ལ་སྐྱོ་བར་བགྱི།ཡིད་འབྱུང་བར་བགྱི། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཁོར་བ་ལས་རྒྱོ་ཞིང་ཡིད་འབྱུང་བར་བྱའོ།།རྒྱལ་པོས་གསོལ་པ།ཅིའི་ཕྱིར་འཁོར་བ་ལས་སྐྱོ་ཞིང་ཡིད་འབྱུང ་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀྲའ་སྩལ་པ།འཁོར་བ་འདི་མི་རྟག་པ་དང་།སྡུག་བསྔལ་བའི་ཕྱིར་རོ།།རྒྱལ་པོས་གསོལ་པ།བཅོམ་ལྡན་འདས་འཁོར་བ་འདི་ཇི་སྐད ་མི་རྟག་པ་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།སྣོད་ཀྱི་འཇིག་རྟེན་འདི་ཡང་མི་རྟག་ལྔ།།བཅུད་ཀྱི་སེམས་ཅན་ཡང་ནི་མི་རྟག་གོ།རྒྱལ་པོས་གསོལ་པ།སྣོད་ཀྱི ་འཇིག་རྟེན་ཇི་ལྟར་མི་རྟག་པ་ལེགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།སྣོད་ཀྱི་འཇིག་རྟེན་རི་རབ་གླིང་ཁམས་ཀྱང་།།འཇིག་པའི་དུས་ཚེ་བསྐལ་པའི་མེ་བྱུང་ནས།།ཐལ ་བའི་ལྷག་མ་ཙམ་ཡང་མཱ་ལུས་སོ།།ཆུ་དང་རླུང་གིས་འཇིག་པ་དེ་བཞིན་ནོ།།གཞན་ཡང་དབྱར་དྲོད་སྐྱེ་ལ་དགུན་གྲང་བསྐུམ།།ལོ་ལེགས་ལོ་ཉེས་ཐན་ཞོད་ངེས་པ་མེད།།ལོ ་ཟླ་འདས་ཤིང་འཇིག་པའི་དུས་དང་ཉེ།།དེ་ལ་སོགས་ཏེ་མི་རྟག་མངོན་སུམ་ནི།།རྟག་པ་ཡིན་ནུ་ཅི་ཕྱིར་འགྱུར་ཞིང་འགྲོ།རྒྱལ་པོས་གསོལ་པ།བཅུད་ཀྱི་སེམས་ཅན་ཇི ་ལྟར་མི་རྟག་པ་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།བཅུད་ཀྱི་སེམས་ཅན་ཚེ་འདི་ཉིད་ལ་ཡང་།།ཉིན་ཞག་ལོ་ཟླ་རིམ་གྱིས་གཅོད་བྱེད་པས།།ཉིན་ཞག་འདས ་ཤིང་འཆི་དང་ཕྲར་ཕར་ཉེ།།མི་ཤིར་འདོད་ཀྱང་རང་ལ་རང་དབང་མེད།།སྐྱེ་རྒ་ན་འཆི་རང་ཐག་རི་མོ་འདྲ།།འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ།།འཆི་བའི་རྐྱེན་ནི་བསམ་གྱིས་མི ་ཁྱབ་སྟེ།།འཆི་རྐྱེན་མ་སོང་དངོས་པོ་གང་ཡང་མེད།།ལུས་འདི་ཟས་ཀྱིས་འཚོ་ཡང་བརྣངས་ནས་འཆི།།འཇིག་རྟེན་འདི་ན་ཆེ་ཆུང་ཕྲུག་དབུལ་ཀུན།།འཆི་བདྲག་དབང་དུ་མི་འགྱུར་གང ་ཡང་མེད།།སྔ་མ་ཤི་བླའི་མི་རྣམས་ཀུན་གྱིས་ཀྱང་།།རྟག་ཏུ་རེ་ནས་བུ་དང་ནོར་བསགས་ཀྱང་།།བུ་ནོར་ཕྱིར་ལུས་བདག་ལ་ཕན་པ་མེད།།རུང་གི་དྲགེ་སྡིག་གཉིས་དང་འགྲོགས། ་ཏེ་འཆི།།དྲ་ལྟར་རང་གི་གནས་པའི་རིང་འདི་ལའང་།།དགའ་བཤེས་གཉེན་འདུན་མཛའ་དང་མི་མཛའ་དང་།།ན་ཚོད་མཐུན་དང་རྒན་གཞོན་ཇི་སྙེད་ཅིག།ཤི་བ་མཐོང་ཞིང ་ཐོས་པ་མ་ཡིན་ནམ།།ས་སྟེང་གནས་པའི་སེམས་ཅན་འདི་ཀུན་ཀྱང་།།ལོ་བརྒྱ་ཚུན་ཆད་སྡོད་ཀྱང་མ་ལུས་འཆི།།དེ་བསུ་རང་རིའང་འཆི་བའི་ཆོས་ཅན་ཡིན།།དེང་འཆི་སང་འཆི་སུས ་ཀྱང་མི་ཤེས་ཏེ།།ཚོད་འཛིན་པ་ཡང་མི་འཇིགས་སྦྱིན་མེད་པས།།སང་ཕོད་དེང་སང་བདག་ཉིད་ཇི་ལྟར་འགྱུར།།འཆི་བའི་ཚེ་ན་ཕ་མ་བུ་ཚ་དང་།།ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར ་ཀུན་ཀྱང་།།བདག་ཉིད་འཆི་བའི་ཕྱི་ན་འོད་མེད་པས།།སྡུག་བསྔལ་སྐལ་ལེན་འགའ་ཡང་ཡོད་མ་ཡིན།།དེ་བས་སྐྱེས་ཀྱང་བདག་ཉིད་གཅིག་པུ་སྐྱེས།།ཐ་མ་འཆི་ཡང་བདག་ཉིད ་གཅིག་པུ་འཆི།།སྐད་ཅིག་ཚེ་ལུས་མཐུན་པ་ཉེ་གཞི་རྣམས།།འགྲོན་པོ་གནས་མཐུན་ཙམ་སྟེ་སོ་སོར་འགྲོ།སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི།།གཉེན ་དྲང་ནོར་རྫས་ཡུལ་མཁར་ཀུན་བྱོར་ནས།།བདག་ཉིད་གཅིག་པུ་འཇིགས་པའི་ལམ་དུ་འགྲོ།།ཛི་ཙཱམྦ་སྡིག་དང་བསྔོས་ནས་ནོར་བསགས་ཀྱང་།།སྡིག་པའི་རྣམ་སྨིན་རྨོངས་པ་བདག ་ཉིད་འཁུར།།བསགས་པའི་ནོར་ནི་ཁོང་དག་བུ་ཆོས་འཁྱེར།།དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན།།བདག་ལཱ་ཤིན་ཏུ་ཕངས་པའི་ལུས་འདི་ཡང་།།ཤི་བའི་དུས་སུ ་རྗེ་ཞིག་བཞིན་དུ་འབོར།།ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་ཀྱང་དབྱེ།།དབང་མེད་བདག་ཉིད་གཅིག་པུ་འཁྱམས་ནས་ནི།།ལས་ཀྱི་དབང་གིས་གང་དུ་སྐྱེས་གྱུར་ན།།དྲི་བས ་ལུས་ཀྱི་ཕྱིར་ནི་སྡིག་མི་བྱ།།ལུས་འདི་ས་གཏིང་འགྲོ་སྟེ་ཆོག་མི་ཤེས།།མི་གཙང་ལས་བྱུང་མི་གཙང་ཕུང་པོ་ཡིན།།ན་རྒ་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས།།ཤི་ན་ས། ་ལུས་བོར་ས་ཡི་ཕྱོགས་ཙམ་བཙོག།བྱ་དང་ཁྱི་སྤྱང་ལ་སོགས་རྣམས་ཀྱིས་ཟ།།བསྙེན་བཀུར་འབད་ཀྱང་འཆི་བདག་སྲིན་པོས་འཕྲོག།མཁས་པས་སྨོད་ཅིང་བླུན་པོ་ཆགས་པའི ་གནས།།དེ་བས་མཁས་པ་ལུས་ལ་སུ་ཞིག་ཆགས།།ལུས་ཀྱི་ཕྱིར་ནི་ཡ་ངར་འཇུག་མི་བྱ།།འདི་ལ་གླ་རྔན་གོས་ཟས་བྱིན་ནས་སུ།།ཡུན་གྱི་ཕན་ཕྱིར་བསོད་ནམས་སོག་ཏུ ་གཞུག།བདག་གི་གྲོགས་ནི་དགེ་སྡིག་གཉིས་ལས་མེད།།དེ་ཡང་དགེ་བ་མཐོ་རིས་ཐར་པའི་རྒྱུ།།སྡིག་པ་ངན་སོང་སྡུག་བསྔལ་འབྱུང་བའི་རྒྱུ།།མ་ཤི་བར་དུའང་ལུས་ནི་མི་རྟག་སྟེ།།བུ། ་ཆུང་བྱིས་པ་གཞོན་ནུ་ཉིད་དུ་འགྱུར།དེ་ནས་དར་ལ་བབ་དང་དར་ཡོལ་དང་།།རྒས་པར་གྱུར་ཏེ་ལུས་འདི་རྟག་ན་ནི།།གནས་སྐབས་དེ་སྙེད་ཅིག་ནི་ཅིས་ཏེ་འགྱུར།།ལོངས་སྤྱོད་བདེ། ་སྡུག་རྣམས་ཀྱང་མི་རྟག་སྟེ།།བཙན་ཕྱུག་འཛོམ་པ་སྡུག་ཕོངས་ཅན་དུ་འགྱུར།།སྡུག་ཕོངས་ཅན་ཡང་བཙན་ཕྱུག་འཛོམ་པར་འགྱུར།།ལང་ཚོ་ལོངས་སྤྱོད་ན་རྒ་འཆི་བས་འཇོམས།།འཇིག། ་རྟེན་ཆོས་འདི་ཐམས་ཅད་མི་རྟག་གོ།རྒྱལ་པོ་གཟུགས་ཅན་སྙིང་པོས་གསོལ་པ།བཅོམ་ལྡན་འདས་འཁོར་བ་པ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལགས།བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ།འཁོར་བ་པ་ལ་ནམ་ཡང་བདྲེ་བ་མེད།།བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ།།སྡུག་བསྔལ་གཙོ་བོ་སྐྱེ་རྒན་འཆི་ཡིནི།།དམྱལ་བར་སྐྱེས་ན་སྡུག་བསྔལ་འདི་འདྲའོ།།དམྱལ་སྲུང ་དང་ནི་དམྱལ་བའི་མེ་མཐོང་ནས།།ཤིན་ཏུ་སྐྲག་དངོངས་ཆོ་ངེས་ཆེར་འདྲབས་ཤིང་།།རིང་ལ་རྔན་འགྲང་སྔོན་གྱི་སྡིག་པ་ལ།།ཤིན་ཏུ་འགྱོད་ཀྱང་ཕན་པ་ཅི་ཡང་མེད།།ལུས་འདི་ཤིན་ཏུ ་ཆེ་ལ་གཞོན་ཤ་ཅན།།ཚོར་བ་ཆེ་ཞིང་དྲག་པོའི་ལུས་ཐོབ་ནས།།ཁ་ཅིག་རང་ལུས་མེ་ཡི་ཕུང་པོར་འབར།།ཁ་ཅིག་ལྕགས་མཁར་ཁང་པ་སྦྲུམ་མར་རྡུང་།།འགྲེ་ལྡོག་བྱེད་ཅིང་ཕྱོགས་ནི ་ཀུན་ནས་སྲེག།ཁ་ཅིག་ལྕགས་ལས་བྱས་པའི་སྣོད་ཆེན་དུ།།སྤྱི་ཚུགས་འབྲུ་ཉུངས་ཆུ་ཁོལ་ཐུག་བཞིན་འཚེད།།ཁཱ་ཅིག་སྲོག་ལེས་འདྲ་ཞིང་གཏུན་ལ་བརྡུང་།། ་ཁ་ཅིག་གནས་དང་ཁང་པརརྭ་བསྲུང་ཞིང་བསྲེག།མེ་མར་མུར་དང་ཐུལ་ཚིན་ཆུ་ལ་སོགས།།སྡུག་བསྔལ་མང་པོ་བསམ་གྱིས་མི་ཁྱབ་བོ།།མི་ཡི་ལོ་ནི་འབུམ་དང་བརྒྱད་ཁྲི་ལ།།དམྱལ ་པ་ཁ་ཅིག་ན་ནི་ཉིན་ཞག་གཅིག།དེ་ལས་སོགས་པ་བསྐལ་པའི་བར་དུ་གནས།།ཤི་བར་དགའ་ཡང་འཆིར་ནི་མི་བཏུབ་བྲོ།།ལས་མ་ཟད་པ་ཁ་ཅིག་འཇིག་ཆགས་ཚེ།།འཇིག་རྟེན ་བརྒྱུད་ཅིང་འཇིག་ཆགས་མེད་པར་སྐྱེ།།ཡི་དྭགས་སྐྱེས་པ་བཀྲེས་དང་སྐོམ་པས་གདུངས།མགོ་བོ་རི་ཙམ་ཁ་ནི་ཁབ་མིག་ཙམ།།སྐེ་རྩ་རབ་ཕྲ་གསུས་པ་ཡུལ་ལྗོངས་ཙམ།།བཟའ ་བཏུང་མཐོང་ཡང་གཞན་གྱིས་བསྲུངས་པ་དང་།།རྣག་ཁྲག་ངན་སྐྱུགས་ལ་སོགས་གཞན་དུ་མཐོང་།།ཁ་ཅིག་ཟོས་ཀྱང་ཁྲོ་ཆུ་ཁོལ་མར་འགྲོ།བྱོལ་སོང་སྐྱེས་ན་གཅིག་ལ་གཅིག ་ཟ་དང་།།རང་ལ་དབང་མེད་བཀོལ་བཏགས་བརྡེག་འཆོག་དང་།།གཞན་གྱིས་གསོད་སོགས་གཏི་མུག་རྨོངས་པས་སྡུག།མིར་སྐྱེས་ནུ་ཡང་མངལ་ན་གནས་པའི་ཚེ།།མ་ནི ་འགྲངས་ཚེ་བྲག་པར་བཙིར་བ་འདྲ།།བཀྲེས་པའི་ཚེ་ན་དཔྱང་ལ་བཏང་བ་སྙམ།།དྲག་ཤུལ་བྱེད་ཚེ་གཏུན་ལ་རྡུང་བ་སྙམ།།བཙས་པའི་ཚེ་ན་པགས་པ་བཤུས་ནས་ནི།།རྩིག་པའི།། ་ལོགས་ལ་དྲུད་པ་བྱས་ཀྱང་རྔུག།།ཆུ་འབྲུམ་བཀྲེས་སྒྲོམ་རྐང་ལག་ན་ནས་སྡུག།ཆེར་སྐྱེས་ན་ཡང་སོ་ནམ་བྲེལ་ཕོངས་དང་།།ཉེ་དུ་བྲལ་དྲང་དགྲས་བཅོམ་བུ་ལོན་དང་།།བཀྲེས་རློམ ་ཚ་གྲང་དོན་ལ་སོགས་པས་སྡུག།ཕོངས་པ་རྣམས་ནི་བཙལ་ཐབས་མེད་ནས་སྡུག།ཡོད་པ་རྣམས་ཀྱང་འཚོ་སྐྱོང་མ་ལ་ཚེས་སྡུག།ཞིང་རྨོ་ཚད་བྱེད་འདུ་བྱེད་ལས་ཀྱིས་སྡུག། ་ལ་སོགས་པའི་སྡུག་བསྔལ་བསམ་མི་ཁྱབ།།སྡུག་བསྔལ་གཞི་ནི་ཕལ་ཆེར་ལྷོ་རྒྱབ་གཉིས།།འཇིག་རྟེན་འདྲི་ཡི་བདེ་བའི་ལོངས་སྤྱོད་ཀྱང་།།ཕལ་ཆེར་ཕྱི་མའི་ངན་སོང་སྡུག་བསྔལ་རྒྱུ།།། ་ལྷ་མིན་སྐྱེས་ན་ང་རྒྱལ་ཕྲག་དོག་དང་།།ཁྲོ་གཏུམ་འཐབ་རྩོད་ལ་སོགས་དབང་གིས་སྡུག།ལྷར་སྐྱེས་ཀྱང་ནི་འཆི་འཕོ་ལྟུང་བ་དང་།།འཆི་ལྟས་ལྔ་དང་འདུ་བྱེད་དབང་གིས་སྡུག ་རྒས་པ་ཡང་ནི་འདི་ལྟར་སྡུག་བསྔལ་ཏེ།།མགོ་དཀར་གཉེར་འདུས་གཞན་གྱིས་མཐོང་མི་མོས།།ཁ་སྣ་ཆུ་འཛག་རྐང་ལག་ཀུན་ཀྱང་འདར།།སེམས་ཀྱིས་དྲན་ཡང་ལུས་ལ་ཉམས ་སྟོབས་མེད།།བུ་ཚ་ཀུན་ཀྱང་ཤིན་རུང་སྙམ་སེམས།།ཞལ་ཏ་བྱས་ཀྱང་མི་ཉན་དབང་ཡང་ཤོར།།ཁ་ཅིག་སྲིན་རྒུན་ཤི་འཕྱིས་ཞེས་ཀྱང་ཟེར།།ཁ་ཅིག་བེར་དབྱུག་ཐོགས་ནས ་རྡུང་བར་བྱེད།།དེ་ལྟར་མཐོང་ཐོས་ཤིང་འདོང་ཤིར་མ་བཏུབ།།ན་བ་རྣམས་ནི་འདི་ལྟར་སྡུག་བསྔལ་ཏེ།།ལུས་ཀྱི་འབྱུང་ཚོན་བཞི་ནི་མ་སྙོམས་པས།།རླུང་མཁྲིས་བད་ཀན་འདུས ་བས་ལུས་གདུངས་ཏེ།།ལོངས་སྤྱོད་མཐོང་ཡང་འདི་ལ་འདོད་པ་མེད།།ལུས་ཀྱི་ཉམས་སྟོབས་ཤོར་བས་ལྡང་མི་ནུས།།མཛེས་པའི་གཟི་མདངས་ཤོར་བས་རྨ ་དྭགས་འདྲ།།འཆི་བ་རྣམས་ཀྱང་འདི་ལྟར་སྡུག་བསྣོལ་ཏེ།།གཉེན་བཤེས་ཚོགས་ཀྱིས་ཆོ་དེ་འདེབས་བྱེད་ཀྱང་།།དེ་ལ་ཉན་ལྟ་བུས་མཐའི་ཡུལ་མེད་དེ།།གནད་གཅོད་པ་ནི ་མཚོན་ཆས་གཏུབ་པ་འདྲ།།མཛའ་དང་མི་མཛའི་དོན་དུ་སྔར་བྱས་པའི།།དགེ་སྡིག་ལས་ནི་རྨི་ལམ་ཡུལ་བཞིན་སྣང་།།གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་པས་བསྐོར།།བྲེད ་ཤཐོན་ནས་ཀུན་ཏུ་བལྟས་བྱས་ཀྱང་།།མགོན་སྐྱབས་བྱེང་པ་སུ་ཡང་མ་མཐོང་ནས།།ཤིན་ཏུ་འཇིགས་བཞིན་ཀུན་ཏུ་ཡི་མུག་སྟེ།།བདག་ཉིད་གར་འགྲོ་གར་རྡོལ་མེད་པར ་འབྱུང་།།མི་རྟག་སྡུག་བསྔལ་མི་ཟད་ཡུན་རིང་འདི།།ཐོག་མ་མེད་ནས་ད་ལྟའི་བར་དུ་ཡང་།།འཕགས་ལམ་མ་ཐོབ་བར་དུ་རྟག་ཏུ་གདུང་།།རྒྱལ་པོས་གསོལ་པ།བཅོམ་ལྡན ་འདས་འཁོར་བ་འདི་ཤིན་ཏུ་སྡུག་བསྔལ་བ་ལ་གས་ན་བདེ་ལེགས་དང་ལྡན་པ་གང་ལགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།མྱ་ངན་ལས་འདས་པ་ནི་བདེ་ལེགས་ཕུན་སུམ ་ཚོགས་པ་ཡིན་ནོ།།རྒྱལ་པོས་གསོལ་པ།ཇི་ལྟར་བདེ་ལེགས་ཕུན་སུམ་ཚོགས་པ་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།མྱ་ངན་འདས་པ་ཞི་བ་བདེ་བའི་མཆོག ་རྣམ་རྟོག་བདག་ཏུ་འཛིན་དང་ཉོན་མོངས་མེད།།ངན་སྟོང་གསུམ་སོགས་བཀྲེས་སྐོམ་གྲང་དྲོ་དང་།།སྐྱེ་རྒན་འཆི་ལ་སོགས་སྡུག་བསྔལ་མེད།།འཁོར་བ་མི་རྟག་སྡུག་བསྔལ་གཏན ་ཟད་ནས།།ལས་སུ་གཞན་དོན་འབའ་ཞིག་སྤྱོད་བྱེད་ཅིང་།།མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་བོ།།དེ་སྐད་ཅེས་བཀའ་སྩལ་པ་དང་།རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བ ་ལས་ཡིད་བྱུང་ནས་རྒྱལ་སྐྱིང་མཆིལ་མའི་ཐལོ་བཱ་ལྟར་བོར་ཏེ།མྱ་ངན་ལས་འདས་པ་བསྒྲུབ་པ་ལ་གཞོལ་བར་གྱུར་ཏོ།།དེ་ལྟར་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རྒྱལ་པོ ་ཆེན་པོ་ལེགས་སོ་ལོགས་སོ།།རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་གོ།།མེ་ཏོག་རྣམས་ཀྱི་ནང་ན་པདྨ་དཀར་པོ་མཆོག་གོ།འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པའི ་འདུ་ཤེས་མཆོག་གོ།བསམ་པ་རྣམས་ཀྱི་ནང་ན་འཁོར་བ་ལུས་ཡིད་བྱུང་བ་མཆོག་གོ།།རྒྱལ་པོ་ཆེན་པོ་འཁོར་བ་ལས་ཡིད་བྱུང་བ་ལེགས་སོ།།སྐྱོ་བ་སྐྱེས་པ་ལེགས་སོ།།ཆགས ་ན་འཁོར་བ་ཡིན་ནོ།།མ་ཆགས་ན་མྱ་ངན་ལས་འདས་པ་ཡིན་ནོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཐམས་ཅད་ཡི ་རང་སྟེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།། ་རྒྱུ་གར་གྱི་མཁན་པོ་དྷན་ཤཱི་ལ་དང་།བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།རྒྱ་གར་སྐད་དུ།རཱཛྙཱ་དྭེ་ཤ་ནཱ་མ་མ་ཧཱ་སྠཱན་སྱཱ་ཏྲ། ་